མི་གསོན་པོས།
ཉེ་ཆར་ཨ་རིའི་གྲགས་ཅན་ཚགས་པར་ཝ་ཤིང་ཊོན་ཕའོ་སེ་(Washington Post)ཞེས་པའི་ནང་དུ་ཁམས་སྡེ་དགེ་མདན་མ་སྟོད་རྩེ་མདའ་ནས་ཡིན་པའི་གླུ་བ་འཇམ་དཔལ་ལགས་ཀྱིས་གཏོང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཞེས་པའི་མེ་བསྲེགས་གནང་མཁན་ལ་རྗེས་དྲན་བསྟོད་གླུ་ཞིག་འགྲེམ་སྤེལ་གནང་འདུག
མི་སྣ་སྟོང་ཕྲག་མང་པོས་དེའི་ཐོག་ཏུ་དོ་སྣང་གནང་བཞིན་ཡོད་པ་མ་ཟད་ངོ་དེབ་སོགས་དྲ་ལམ་མང་པོ་ནང་དུའང་བརྒྱུད་འགོད་བྱེད་བཞིན་འདུག གླུ་ཚིག་ཀྱང་ཧ་ཅང་གོ་བདེ་ལ་དོན་འདུས་པ་རང་བསྲེགས་མཆོད་འབུལ་མཁན་དག་གི་དམིགས་ཡུལ་དང་དེའི་བྱུང་རིམ་སོགས་ལ་གཙོ་འདོན་གནང་སྟེ་ཚིག་གི་སྦྱོར་བ་དང་དབྱངས་ཀྱི་སྙན་འགྱུར་སོགས་ཚོར་སྣང་འདྲེན་ཐུབ་པའི་གླུ་གཞས་ཤིག་འདུག་པས་དྲ་ལམ་འདི་ནས་གཟིགས་འབུལ་ཞུས་ཡོད།།
རྒྱལ་གཅེས་དཔའ་བོ་དཔའ་མོ། འདིར་སྣུན་ནས་གཟིགས་རོགས།
ཚ་ཞང་མདན་མའི་ཡུལ་ནས།
མདན་མའི་མདན་མའི་ཕྲུག་བསླེབས་བྱུང་།
ཐལ་ལ་དྲུག་འགྱུར་བླངས་བྱུང་།
དཔའ་བོའི་དྲུག་འགྱུར་བླངས་བྱུང་།
སྨར་ཁམས་གླིང་གི་ཡུལ་གྱི།
དཔའ་བོའི་བུ་ལ་བསྟོད་བྱུང་།
བསྟོད་ས་ནོར་ཡང་མི་འདུག
བསྟོད་ལུགས་ནོར་ཡང་མི་འདུག
མདན་ཕྲུག་བསམ་པའི་དོན་འགྲུབ།
ལམ་འགྲོ་ཡོང་བར་སྨོན་ཡོད།།
མདན་མ་ཡིན་ནམ། ཡང་ན། འདན་མ་ཡིན། ཁམས་པའི་མི་ལ། ཡིག་ནོར་མང་། ཡི་གེ་ནོར་དུས། ནོར་བ་བདེན་པར་རློམ་ཞིང་། འཁྲུལ་བ་ངོས་མི་ལེན་ཞིང་། རང་ངོ་ན་དག་པ། དག་པར་ཁས་ཆེ་བར་ཟད། ཚིག་ཉུང་གིས་བཤད་ན། མདན་མ་དང་འདན་མ། གང་འགྲིག་གི་གོ་ཐག་ཆོད་དགོས་གལ།
གོང་དུ་ནེ་གི་རབ་དགའ་ནས་དགོང་ཚུལ་གསུངས་པ་ལ་དགའ་བསུ་ཞུ། མིང་དེ་འབྲི་ཚུལ་མི་འདྲ་བ་གསུམ་འདུག ལྡན་མ་དང་། འདན་མ། མདན་མ་ཟེར་བ་བཅས་གསུམ་ཀ་བེད་སྤྱོད་གནང་འདུག་ཀྱང་ཡོངས་གྲགས་སུ་འདན་མ་ཟེར་བ་འདི་ཉིད་དར་སྲོལ་ཆེ་བར་མངོན། དེས་ན་ཁྱེད་ཀྱིས་གསུངས་པ་ལྟར་གོང་དེ་ཡིག་ནོར་རུ་བརྩིས་ཀྱང་ཆོག འོན་ཏེ་བཀའ་བཀྱོན་བདག་ཁོ་ནས་ཁུར་འོས་པ་ལས་ཁམས་པའི་མི་ཟེར་ནས་རྒྱུགས་པ་ལེབ་འདུར་མ་མཛད་ན་མཛེས་སྙམ།
བོད་རྒྱལ་གཅེས་དཔའ་བོ་དཔའ་མོ་ཞེས་གླུ་སྐད་མཐོ་རུ་བཏེགས་ཡོད་པས། ཕྱོགས་གཅིག་ནས་བོད་ནང་གི་བོད་མིས་བོད་དེ་བཞིན་རྒྱལ་ཁབ་ཅིག་ཡིན་པ་དང་མེར་མཆོད་དཔའ་བོ་དཔའ་མོ་རྣམས་དེའི་སླར་གསོའི་ཆེད་ཡིན་པ་འཛམ་གླིང་ལ་གླུ་སྐད་ཀྱི་ལམ་ནས་གསལ་སྟོན་གནང་བ་ཞིག་ཡིན་པས། ཕྱི་ལོགས་སུ་ཡོད་པའི་བོད་པ་ཚོས་ངེས་པར་དུ་ཐོས་འོས་པ་དང་ཐོས་པ་ནང་བཞིན་མི་རིགས་གཞན་ལ་སྨྲ་སྤོབས་པ་ཞིག་གནང་དགོས་ཀྱི་འདུག ཕྱོགས་གཞན་གཅིག་ནས་ཁོང་མི་འགྱངས་པར་བཙོན་དུ་ཚུད་ངེས་པ་ནི་བཤད་མ་དགོས་པ་ཞིག་ཡིན་པས། ཚང་མས་ཁྱབ་བསྒྲགས་ཐད་ཕྱར་གྲུ་མཉམ་འདེགས་ཡོང་བར་ཕྱོགས་རུས་སྤང་འོས་པའང་བཤད་མ་དགོས་པ་ཞིག་རེད།
ཡུལ་འདིའི་མིང་ལ་ཐོག་མར་ལྡན་མ་ཟེར་བ་འདྲ། དེ་ནས་འདན་ཞེས་པར་འགྱུར་འདུག འདན་ཁོགས་ཟེར། འདི་ནི་བསྟན་པ་སྔ་དར་གྱི་དུས་ནས་བོད་ཀྱི་ཆོས་རིག་གི་ལྟེ་གནས་ཆེན་པོ་ཞིག་ཡིན་བཟོ་འདུག མདན་མ་ཟེར་བ་ཡིག་ནོར་རེད།
གླིང་གི་མདན་མ་དང་མདན་མ་བྱུང་སའི་ཡུལ་དེའི་མིང་ལ་མདན་མ་ཞེས་པ་འདི་དག་པ་ཡོད། གླིང་སྒྲུང་མང་པོའི་ནང་དུ་མདན་མ་ཞེས་བྲིས་ཡོད། འདན་ཞེས་པའི་ཚིག་འདི་དག་ཡིག་གསར་བསྒྲགས་ནང་དུ་མེད། མདན་ཞེས་པ་འདི་དག་ཡིག་གསར་བསྒྲགས་ནང་དུ་ཡོད། འདན་ཞེས་པའི་ཚིག་འདིའི་འགྲེལ་བཤད་གང་རེད་དམ།
འདན་མ་དག་པའི་དག་སྟངས་ཤིག་དང་མདན་མ་ཞེས་པ་འདི་མ་དག་སྟངས་ཤིག་འགྲེལ་བཤད་རྒྱབ་རོགས་བྱོས། དེ་མིན་ཁས་ལེན་གྱི་མིན།
རེད་རེད་་ཁམས་མིས་ཡིག་ནོར་བྲིས་བྲིས་ཀྱིས་བཀའ་བསྟན་འགྱུར་ཤིང་དཔར་བརྒྱབ་སྟངས་ཚང་མ་ཡིག་ནོར་རེད་བ། སྙིང་རྗེ་་་སྐད་ཆ་བཤད་སྟངས་འདི་འདྲ། སྤྱིའི་ཆ་ནས་ཡ་ལན་བྱས་རིན་མི་འདུག་ཀྱང་སྤོབས་པས་ཀྱང་མདན་མ་ཞེས་པ་འདི་མ་དག་མདོག་མདོག་བཤད་འོང་དུས་ཚིག་གཅིག་ཤོར་སོང་། ཁམས་པའི་བྲིས་ཚོད་ཡིག་ནོར་ཡིན་མདོག་བྱས་ན་ཅང་འགྲིག་པའི་སྐད་ཆ་མ་རེད། ཁམས་པ་མེད་ན་བོད་ཡིག་ཟེར་བ་ཞིག་འཛམ་གླིང་ཐོག་ཏུ་ཅང་ལྷག་ཡོད་ཀྱི་མ་རེད་བསམས་ཀྱི་འདུག་གོ
ཡུལ་འདིའི་མིང་ལ་ཐོག་མར་སྟོང་ཐང་དང་། ཀློང་ཐང་། ལྡན་མ། འདན་མ། འདན་ཁོགས་སོགས་བྲིས་འདུག ཡུལ་གྱི་མིང་ནི་འབྲི་སྲོལ་སྔོན་ནས་ཡོད་པ་དེ་ག་རང་དག་པར་བརྩི་བ་མ་གཏོགས་རྒྱུ་མཚན་གཞན་ཞིག་མེད། མདན་མ་ཞེས་བྲིས་ཡོད་པ་དེ་སྔོན་མཐོང་མ་མྱོང་། མདན་མ་ཞེས་བྲིས་པ་ཡིག་ཆའི་ཁུངས་ཤིག་སྟོན་ཤོག་དང་བསྐྱར་ཞིབ་བྱེད། འདན་མའི་ཡུལ་འདི་ནི་བསྟན་པ་སྔ་དར་གྱི་དུས་ནས་ཆོས་རིག་གི་ལྟེ་བ་ཆེན་པོ་ཞིག་ཡིན་པ་འདྲ་བས་དེ་ལ་ཞིབ་འཇུག་བྱེད་འདོད་ཡོད།
ཁམས་སྡེ་དགེའི་ཡུལ་གྱི་བཀའ་བསྟན་འགྱུར་གྱི་དཔར་ཤིང་རིན་ཐང་བྲལ་བ་དེ་ཚོའི་དག་ཆ་ཞིབ་དག་བཏང་མཁན་ཁྱོད་ཚོ་ཡིན་ནམ། ཁམས་པས་ནི་བོད་ཡིག་དག་ཆ་མི་ཤེས། ་་ཧཧཧ་་་ཧམ་པ་ཨ།
སྡེ་དགེ་བཀའ་འགྱུར་བསྟན་འགྱུར་ནང་ན་མདན་མ་ཟེར་བ་ཞིག་བྲིས་འདུག་གམ། སྟོན་དང་།
7.ཨ་ཕྱིའི་དཀོར་མཛོད་ཆེན་མོ་ཞེས་པའི་རྟེན་ཁང་འདི་ནི་ཀ་བ་བཅུ་དྲུག་ཐིག་ཁང་དང་བཅས་ཀ་བ་སུམ་ཅུ་སོ་གཉིས་ཀྱི་རྒྱ་ཁྱོན་པན་བད་དང་ཐུག་གིས་བརྒྱན་པ། ནང་དུ་རྗེ་སྐྱོབ་པ་ཉིད་ཀྱིས་བཞེངས་པའི་ཙནྡ་ལས་གྲུབ་པའི་ཨ་ཕྱི་ཆོས་སྒྲོལ་གྱི་སྐུ་བརྙན་དང་། གཅུང་རིན་པོ་ཆེས་བཞེངས་པའི་སྨན་འཇིམ་ལས་གྲུབ་པའི་ཨ་ཕྱིའི་སྐུ། རིག་འཛིན་ཆོས་གྲགས་ཀྱིས་བཞེངས་པའི་ཨ་ཕྱིའི་སྐུ་བཅས་དང་། གཞན་ཡང་སྐྱུ་རའི་ནོར་རྫས་རྒེའུ་དཀར་མོའི་ལྤགས་པ། གཡུ་འབྲུག་སྔོན་མོའི་ཟེ་བ། སེང་གེའི་པགས་པ་དང་། གླིང་གི་ནོར་རྫས་འབྲུག་མོའི་གཡུ་སྦྲ་མཐིང་མདོག་གི་ལྷུ་ཚལ། འབྲུག་མོའི་གྱོན་ཆས་རྨ་བྱའི་སྒྲོ་བསྟར་བ། བློན་ཆེན་མདན་མའི་ཨ་ལོང་། དཔའ་ལའི་རལ་གྲི། དཔའ་བོ་ལུ་གུའི་འཁྲབ་རྨོག་འཁོར་གསུམ་དང་། ཁྱུང་རྭ་དང་ཁྱུང་སྡེར་གཞུ་འདོམས་གང་ཙམ་ཡོད་པ་། གཞན་ཡང་སྟག་གཟིག་དོམ་དྲེད་སོགས་ཀྱི་གཡང་གཞིའི་བླ་བྲེས་དང་མདའ། གྲི། མདུང་སོགས་མཚོན་ཆ་སྣ་ཚོགས་ཀྱིས་རབ་ཏུ་བལྟམས་པ་ཡོད། ད་དུང་འདིའི་ནང་སྔར་རྒྱ་ནག་གོང་མས་ཀརྨ་པཀྵིར་ཕུལ་བའི་མི་ཕམ་མགོན་པོའི་གོས་སྐུ་ལྷུ་ལག་བཅུ་གཅིག་ཡོད་པ་བོད་ཙམ་ན་ཆེ་བ་ཞིག་ཡོད་པ་དེ་དང་། གཞན་ཡང་གོང་མའི་བཀའ་རྟེན། ཐམ་ཀ་སོགས་ཀྱང་མང་དུ་མཆིས་སོ།
ཅོ་རི། གོང་གི་རྩོམ་དུམ་འདི་སྡེ་དགེ་བཀའ་འགྱུར་བསྟན་འགྱུར་ནང་ནས་རེད་དམ
མ་རེད། སྤོབས་པ་ལགས། དཔལ་འབྲི་གུང་བཀའ་བརྒྱུད་ཀྱི་གདན་ས་ཐོག་མ་འབྲི་ཐེལ་བྱང་ཆུབ་གླིང་གི་ལོ་རྒྱུས།་ནང་དུ་འདུག
གླིང་གི་མདན་མ་ཞེས་པའི་མདན་དང་མདན་ཁོགས་ཅེས་པའི་མདན་ནི་མདན་འདི་དག་པ་ཡོད་པར་འདོད། འདན་ཞེས་པ་འདི་ནི་དག་གསར་བསྒྲགས་ནང་དུ་མི་འདུག ཁྱེད་ཀྱིས་འདིར་དག་སྟངས་ག་འདྲ་གསུང་གི་ཡིན་ནམ།་་་་ཧཧཧ
རྗེས་དྲན་སེམས་ཀྱི་སྐྱོ་བ།།
སྙན་མོའི་ངག་ལ་དྲངས་ཏེ།།
འཛམ་གླིང་སད་དུ་འཇུག་པ།།
མདན་ཕྲུག་དཔའ་བོའི་རྒྱན་རེད།།
འདན་དང་མདན་གང་ཞིག་དག་ཀྱང་ཆོག གལ་ཆེ་ཤོས་དེ་གླུ་བ་ཁོང་གི་སྙིང་སྟོབས་དང་བློས་བཏང་ཆོད་སེམས། ད་དུང་མི་རིགས་ཀྱི་ཆེད་དུ་ཚེ་སྲོག་གི་མཆོད་མེ་བསྒྲོན་པའི་གཞིས་བྱེས་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གིས་དམིགས་ཡུལ་དང་རེ་འདུན་སོགས་རྒྱལ་སྤྱིའི་གར་སྟེགས་སུ་སྒྲོག་པའི་གླུ་དབྱངས་འདི་ལ་ང་ཚོས་གལ་ཆེན་འཛིན་དགོས།
མིའི་ཕྲུག་ལགས་ཀྱི་གསུངས་ལུགས་འདི། རྣམ་པ་མཛེས་ཤིང་། ཐུགས་གཤིས་ལྷོད་པ། དགག་སྒྲུབ་ལ་བྱང་བར་མངོན་པས། ཕྲན་སྐྱེངས་པར་བྱས་ཤིང་། འགྱོད་པར་སྐྲད། བཤགས་པར་བགྱིས་སོ།
ཡུལ་འདི་ལ། མདན་མར་བྲིས་ཉེས་ཤོར་བ། ཁམས་དང་། ཨ་མདོ། ལ་དགས། སྤྲི་དྲི། ལ་སྩོགས་པའི། བོད་ཡིག་གིས་ཁྱབ་པའི་ས་ཕྱོགས་མང་པོ་ན། འདན་མ་སྟེ། འ་ཡི་སྔོན་འཇུག་གི་སྒྲ་ཐོན་གྱི།(a-dhan-ma) མདན་ཞེས། མ་་ད་་ན་་ (m-dhan-ma)གྱི་སྒྲ་མི་ཐོན་པ་དེར་ཟད་དོ།
གླུ་པ་འཇམ་དཔལ་ལགས་ཀྱིས། གདེངས་ཆེན་པོས་བོད་ཀྱི་དཔའ་བོ་དཔའ་མོར་གླུ་མཆོད་ཕུལ་ཞིང་། བོད་མི་ཚོར། གླུ་ཡིས་སྐུལ་བ་འདི། ང་ཚོས་སེམས་སུ་འཛིན་གྱི། དེ་ལྡོག་གི་བྱ་བར་རྩོམ་པར་མི་བྱ།
སྡེ་དགེ་པར་ཁང་ན་བཞུགས་པ་དག བོད་ཀྱི་མཁས་པས་བརྩམས་ཤིང་ལོ་ཙཱ་བགྱིས་པ་དག པར་ཤིང་ལག་བཟོ་པས་བརྐོས་པ་ལགས། ཐུགས་སུ་ཡང་བདོག་པར་རིགས་སོ།
དྲ་གྲོགས་ཅོ་རི་ལགས་འདན་མ་ཞེས་པའི་ཡི་གེ་འབྲི་སྲོལ་དེ་གླིང་སྒྲུང་སོགས་ནས་མ་མཐོང། བོན་གྱི་རྒྱལ་རབས་ལོ་རྒྱུས་ཆེས་རྙིང་གྲས་ཡིན་པ། འདུལ་བ་གླིང་སྒྲགས་ཞེས་པ་ལས་འདི་ལྟར་འདུག འདུལ་བསྟན་ཕྱི་དར་གྱི་ཆུ་བོ་མུ་ཟི་གསལ་ཟངས་གི་སློབ་བུ་སོག་སྟོན་ཁྲི་འབར་ཚུལ་ཁྲིམས་སམ་སོག་པོ་སྤྲེལ་སླག་ཅན་གྱི་སློབ་བུ། དྲང་སྲོང་རྒྱལ་བའི་རྣམ་སྤྲུལ་ནི། འདན་མ་དཔལ་འབར་གྱི་བུ། འདན་མའི་རི་བཟུང་ནས། གཡག་བཙས་པས་གཡག་སླག་མཁན་དུ་མིང་ཐོགས། ཞེས་གསུངས་འདུག་པས། བོན་གྱི་འདུལ་བརྒྱད་ལས་འདན་མ་གཡག་སླག་ཅན་ཞེས་བརྗོད་འདུག ལོ་རྒྱུས་ཀྱི་དཔེ་འདི་ནི་དེང་རབས་བོད་རིག་པའི་ཞིབ་འཇུག་པ་མང་པོས་ཚད་འཛིན་བྱེད་སའི་ལོ་རྒྱུས་ཞིག་རེད་འདུག དེ་ནི་ཧ་ཅང་གི་སྔ་རབས་ཀྱི་དཔེ་ཞིག་ཡིན་ཅིང་་ཡི་གེ་མ་དག་པ་དང་བརྡ་སྤྲོད་ཀྱི་འགྲོས་ལས་སོགས་ད་ལྟའི་འབྲི་ཚུལ་དང་མི་མཐུན་པ་མང་པོ་ཡོད་མཁན་ཞིག་རེད།
དྲ་གྲོགས་བན་དེ་བ་ལགས། ཐུགས་རྗེ་ཆེ། བློ་སྐྱེད་གསར་པ་ཞིག་རེག་བྱུང་། མདན་མ་ཞེས་པ་འདིར་ནོར་བསྡད་ཡོད་པ་ཡིན་པར་ཆ་བཞག་གི་ཡིན་ལགས། རྩོད་རྒྱབ་ཀྱི་མིན། མདན་དང་འདན་གཉིས་ཀྱི་ཐོག་ཏུ་རྩོད་ན་ཕས་བཤད་ན་ཕ་བདེན་པ་དང་བུས་བཤད་ན་བུ་བདེན་པ་རེད་འདུག་པས་མི་བརྩད།
ཨོ་ཙི་དྲ་གྲོགས་བློ་གཅིག་སེམས་གཅིག་གི་གྲོགས་པོ་ལགས་གཅིག་ཞིབ་འཇུག་ཅིག་གནང་དང་ད་དུང། ངས་མཐོང་བ་དེ་རེད། འོན་ཀྱང་ད་དུང་ས་མིང་ཡུལ་མིང་དེ་ཚོ་ལ་གོ་རྒྱུ་ཆེན་པོ་དང་དགོས་པ་རྒྱུ་མཚན་སོགས་ཏན་ཏན་ཡོད་ཀྱི་རེད། ལྷག་པར་དུ་ད་ལྟའི་ཁམས་སྡེ་གེའི་ཕྱོགས་སུ་ཡོད་པའི་ཡུལ་འདན་མ་ཞེས་པ་དེ་དང་འདི་གཉིས་གཅིག་པ་ཡིན་པའི་ངེས་པ་མེད། ངས་ཁྱེད་ཀྱི་དགོངས་ཚུལ་ལ་དགག་པ་བྱེད་ཀྱི་མེད་ཐུགས་འཇག་གནང་རོགས།