༊གཟི་མིག
གཡང་མཚོར་བཟའ་ཟླ་མེད་པའི་གཏམ་བཟང་འདིས།།
བོད་ཁམས་ས་གཞི་དུ་མར་གཡོ་འགུལ་བཏང་།།
སྟག་ཤར་ང་ཡིན་ཟེར་བཤད་མི་ལྡོམ་འགས།།
གཡང་མཚོ་གནའ་མ་ལེན་རྒྱུའི་སྟོང་བསམ་བཅངས།།
གཡང་མཚོའི་སྐད་ངག་སྙན་མོའི་འགྱུར་ཁུགས་དང་།།
མཚར་ལྡན་འོད་སྟོང་འབར་བའི་སྐུ་ལུས་ལ།།
ལང་ཚོ་སེར་བས་བཅོམ་པའི་རྒན་པོ་ཡང་།།
མ་འོངས་འཆར་གཞི་གསར་བའི་འོད་སྣང་བསྩལ།།
རྨད་བྱུང་ཁྱིམ་བདག་རྒན་མོ་རིགས་བཟང་ཚོགས།།
དུས་རྒྱུན་རང་གི་བཟའ་ཟླ་མ་སྲུང་ན།།
སྐྱེས་ཕོས་གཡང་འཚོ་དེད་པའི་གསང་གཏམ་དག།
ཡ་ཆུང་སེམས་པ་འདི་ཡི་ན་ཟུག་ཉིད།།
ཤེས་བྱའི་རོ་བཅུད་འཚོལ་བའི་སློབ་མ་ཚོ།།
སེམས་པར་ཨ་ཅེ་གཡང་མཚོ་མ་སྒོམ་པར།།
རང་དགོས་ཤེས་བྱའི་གནས་ལ་འབད་འབུངས་ཀྱིས།།
མ་འོངས་ཕུགས་འདུན་གསར་བའི་ལས་ལ་བརྩོན།།
ཉིན་ལྟར་མེ་ལོང་འཐམ་པའི་ཡག་མ་ཚོ།།
མཛེས་མ་གཡང་མཚོར་འགྲན་སེམས་མ་བཅངས་པར།།
དྲིན་ཆེན་ཕ་མ་བཟང་པོའི་བཀའ་གསུང་འོག།
བདེ་སྐྱིད་གཞིས་ཁྱིམ་གསར་བའི་བྱ་བར་རེམ།།
རྒྱ་ཁྲོམ་གྲོང་མཐར་ཉུལ་བའི་གསར་རུ་ཚོ།།
གླུ་མ་གཡང་མཚོ་སེམས་ནས་དོར་ཐབས་ལས།།
མགོ་དཀར་དྲིན་ཆེན་ཕ་མར་གཅེས་སྐྱོང་དང་།།
ཕ་ཤུལ་རྒྱུན་འཛིན་བྱེད་དགོས་ཤེས་པར་གྱིས།།
ང་དང་གླུ་མ་གཡང་ཕྱུག་མཚོ་མོ་ནི།།
ཐོག་མའི་ལྟེ་ཁྲག་དམར་རྗེན་འཕོ་ས་ནས།།
ཆུང་ཆུང་མེ་ཏོག་སེར་ཆེན་འཐུ་རོགས་དང་།།
བྱིས་དུས་རྩེད་རྭ་གཅིག་གི་རྩེད་གྲོགས་ཡིན།།
བར་དུ་ལང་ཚོའི་གཉོམ་ལག་རྒྱས་པའི་དུས།།
ཁ་ཕྱོགས་ངེས་མེད་འཕུར་བའི་བྱེའུ་ཆུང་ང་།།
ཁོ་མོའི་དམར་ཆུང་སེམས་པས་འཁོར་ས་དང་།།
ཁྲ་ཆུང་མིག་ལམ་མཆིས་པའི་མེ་ཏོག་ཡིན།།
སྦྲ་ནག་གྲུ་བཞི་ཕུབ་པའི་ལྷས་འདབས་ནས།།
གྲང་རེག་ནམ་ཟླ་བཙན་པོའི་སྡུག་རྩུབ་དང་།།
ཁ་བའི་རྡུལ་གྱིས་རི་བོ་བརྩེགས་ན་ཡང་།།
ཁོ་མོས་ང་རང་སྒུག་པའི་གཏམ་རྒྱུད་ཡོད།།
ང་རང་ས་མཐར་འཁྱམས་པའི་ཉིན་མོ་ནས།།
ཁོ་མོའི་ང་ལ་བཅངས་པའི་བརྩེ་དུང་ཆེད།།
ཁོ་མོ་གཞན་དང་གཏན་ནས་མི་འགྲོགས་པར།།
བུ་ང་རེ་སྒུག་བྱས་པའི་དམ་བཅའ་བཞག།
དེ་རིང་སྐལ་བ་བཟང་པོའི་ཉིན་མོ་འདིར།།
གངས་ལྗོངས་ཁ་བའི་ཡུལ་གྱི་གླུ་མ་དང་།།
ཡུན་རིང་ས་མཐར་འཁྱམས་པའི་མི་སྡང་ང་།།
སླར་ཡང་ལྷན་འཛོམས་བྱུང་བས་སྤྲོ་བ་བརྟས།།
༢༠༡༨/༡/ ༢༦ལ་བྲིས།
གླུ་མ་གཡང་ཕྱུག་མཚོའི་རང་གི་མ་འོངས་པའི་བཟའ་ཟླ་བོད་པ་ཞིག་ལེན་ངེས་ཡིན་ཞེས་གར་སྟེགས་ནས་སྐད་ཆ་བཤད་བཞིན་པའི་བརྙན་ཐུང་ཞིག་ལ་བལྟས་རྗེས་ཀུ་རེའི་ཚུལ་དུ་བྲིས་སོ།
བོད་ལྗོངས་གླུ་མ་གཡང་ཕྱུག་མཚོའི་དགའ་རོགས་ཞེས་་གཟི་མིག་གིས་བྲིས་པའི་
རྩོམ་ཡིག་དེ་སྙན་ཞིང་ང་ཡང་གཡང་ཕྱུག་མཚོའི་ལེན་པའི་གཞས་རྣམས་ཡང་ཡང་
རྗེས་ལེན་བྱེད་ཀྱི་ལགས།
གཡང་ཕྱུག་མཚོ་ལ་བཀྲིས་བདེ་ལེགས་ཡོད།
ཚེ་འདི་ལ་མ་མཇལ་ཡང་ཚེ་རྗེས་མ་མཇལ་ཡོང།
མ་འོངས་འཆར་གཞི་གསར་བའི་འོད་སྣང་བསྩལ།། འདིའི་ནང་གི བསྩལ ཞེས་པ་དེ། སེལ་གྱི་འདས་ཚིག་ཏུ། སྡེ་དགེ་བཀའ་བསྟན་ན་ཡོད་འདུག སྩོལ་ གྱི་འདས་ཚིག་ལ། སྩལ། བྲིས་པ་ཐ་ན། དྷ་སའི་ཞལ་འདོན་གཅེས་བཏུས་གྲས་ཤེས་རབ་སྙིང་པོའི་ཤོག་གྲངས་༤༦༨་བལྟས་ན་ཤེས་ཐུབ། བོད་རྒྱ་ཚིག་མཛོད་དུ་སྩོལ་གྱི་འདས་ཚིག བསྩལ་དག་པར་བསམས་ཏེ བོད་ཀྱི་མཁས་པ་དག་གིས། བསྩལ་འབྲི་ན། བོད་པ་དག་གི་སྐལ་བ་དམན་པ་ཞིག་མ་ཡིན་ནམ། རྣམ་དཔྱོད་ཀྱིས་ཡི་གེ་དག་པར་འབྲི་བར་མཛོད་ཅིག་ཞུའོ།
་
ཡི་གེ་འབྲི་ན་དག་པོ་འབྲི་དགོས།
དེ་མིན་མ་འབྲི་ན་ལེགས།
ཞེས་རང་རེའི་རྣམ་འདྲེན་མཆོག་གིས་གསུངས་པ་ཐོས་སོ།
ཟུར་མཁན་སྤེལ་མཁན་ཚོ། བཀའ་དྲིན་ཆེ་ལགས།
ཟུར་མཆན་སྤེལ་མཁན་ཚོ། བཀའ་དྲིན་ཆེ།
ལམ་སྟོན་ལ་བཀའ་དྲིན་ཆེ།
མི་རིགས་གཞན་གྱིས། བོད་གཞས་བཏང་བ།
https://www.facebook.com/lithangchoephel/videos/1869832436369805/?hc_ref=ARSxv7GBoXPfzXwYVkhSYNcfc4gWTa74QnFLLZkSOTaXDYzjyddI86BnmEozWQwFuIc
གཡང་མཚོ་གཡང་མཚོ་མ་ཟེར།།
གཡང་མཚོ་དྲན་ནས་མ་ཀི།
གཡང་མཚོ་མཛེས་རབས་བཤད་ན།།
གཡང་མཚོར་དགའ་བའི་རྟགས་ཡིན།།
གཡང་མཚོ་གཡང་གི་མཛོད་ཡིན།།
དགའ་རོགས་སྟོང་གི་འགྲན་ཡིན།།
གཡང་མཚོའི་མགྲིན་པའི་ངག་ན།།
ང་ལ་ཆགས་པའི་གདངས་ཡོད།།
གཟི་མིག་ཁྱོད་ལ་ཅི་ཁག
ཕ་ཡུལ་ཁ་བ་ཅན།
༄༅། གངས་ཏི་སེའི་འདབས་ན་མཚོ་ཞིགས་འཁྱིལ།
མཚོ་དེ་ནི་ཡར་འབྲོག་གཡུ་མཚོ་རེད།
ངས་ཕ་ཡུལ་རྔ་རིས་སྐོར་གསུམ་རེད།
བོད་ཁ་བ་ཅན་གྱི་སྟོད་པ་ཡིན།
ཡུལ་ཁ་བ་ཅན་ལ་བཀྲིས་ཤོག།
གྲགས་ཆེན་པོ་བོད་ལ་ཆུ་ཞིག་ཡོད། ཆུ་དེ་ནི་རྨ་འབྲི་རྗ་གསུམ་ཡིན་
ངའི་ཕ་ཡུལ་དབུས་གཙང་རུ་བཞི་ཡིན། ཡུལ་ཁ་བ་ཅན་གྱི་དབུས་པ་ཡིན།
ཡུལ་ཁ་བ་ཅན་ལ་བཀྲིས་ཤོག།
གངས་ཏི་སིའི་འདབས་ན་མཚོ་ཞིག་འཁྱིལ་།
མཚོ་དེ་ལ་མ་ཕམ་གཡུ་མཚོ་ཟེར་།
ངའི་ཕ་ཡུལ་གཞུང་པ་མ་ཚན་རེད་།
ལས་བསོད་ནམས་བསགས་ནས་གངས་མཚོ་སྐོར་།
གངས་ཏིའི་སིའི་འོག་ནས་ཆུ་བཞི་རྒྱུགས་།
ཆུ་རྒྱུགས་ཆུ་རེ་ལ་མིང་རེད་ཡོད་།
སེང་གེ་ཁ་བབས་གླང་ཆེན་ཁ་བབས་དང་།
རྨ་བྱ་ཁ་བབས་རྟ་མཆོག་ཁ་བབས་ཟེར་།
གངས་རི་ཏི་སེ་མ་ཕམ་མཚོ། །
བདེ་མཆོག་ཡབ་ཡུམ་གནས་ཞེས་གྲགས། །
སེང་གེ་གླང་ཆེན་རྨ་བྱ་རྟའི། །
མིང་ཅན་ཁ་བབས་གཙང་པོ་བཞི། །
་
ཏི་སེ་བོན་དང་རྟག་ཞི་བས། །
བདེ་མཆོག་གནས་ཞེས་དད་པས་ན། །
བོན་ཧིན་སངས་རྒྱས་ཆོས་གསུམ་གྱི། །
གནས་ཆེན་མངའ་རིས་སྟོད་ཀྱི་རི། །
་
སྤྲེའུ་བྲག་སྲིན་དབུས་ནས་མཆེད། །
མངའ་རིས་སྐོར་གསུམ་ཞང་གཞུང་ཡུལ། །
མདོ་ཁམས་གཉིས་ཀྱང་དེ་ནས་མཆེད། །
ཆོལ་གསུམ་ཤ་ཁྲག་གཅིག་སྟངས་རེད། །
་
མི་སྤྲེལ་དང་པོ་ཨཕ་རི་ཀ །
ཨ་ཤིའི་མི་རིགས་དང་པོ་བོད། །
དེ་ནི་ཌར་ཝིན་ཤོད་ཚུལ་ཙམ། །
བོད་རིགས་བོད་ནང་ས་སྐྱེས་རྡོ། །
ཀརྡོས།
ངས་རྒྱ་སྐད་མི་ཤེས་ཀྱང་། ཁོང་བོད་རིགས་ཤིག ཡིན་བཟོ་འདུག་པས་་་་
https://www.facebook.com/CTATIBETTV/videos/10155072198470382/