གླུ་མ་ཚེ་དབང་ལྷ་མོ་དང་གླུ་མ་སྐྱིད་བྱམས། དེ་བཞིན་གླུ་པ་སྤེན་ཚེ་སོགས་གཟའ་སྤེན་པའི་དགོངས་མོར། བོད་ཀྱི་སྐད་ཡིག་ལ་དོ་སྣང་ཡོང་བའི་ཆེད་དུ་དམིགས་པའི་གླུ་གཞས་མཚན་ཚོགས་ལ་ཞུགས་རྒྱུ་རེད་འདུག
ཁ་བྲོ།
གླུ་མ་ཚེ་དབང་ལྷ་མོ་དང་གླུ་མ་སྐྱིད་བྱམས། དེ་བཞིན་གླུ་པ་སྤེན་ཚེ་སོགས་གཟའ་སྤེན་པའི་དགོངས་མོར། བོད་ཀྱི་སྐད་ཡིག་ལ་དོ་སྣང་ཡོང་བའི་ཆེད་དུ་དམིགས་པའི་གླུ་གཞས་མཚན་ཚོགས་ལ་ཞུགས་རྒྱུ་རེད་འདུག
ཁ་བྲོ།
བྲག་འགོ་བའི་གླུ་མ་གཉིས་ཨ་རིར་ཕེབས་པར་རྟེན་འབྲེལ་ཞུ།
བྲག་འགོའི་གླུ་མ་མ་རེད། བོད་ཀྱི་གླུ་མ་རེད། ཧ་གོ་ཨེ་ཐལ།
ཡང་གངས་ལྷ་མེ་ཏོག་གིས་རང་ཉིད་ཀྱི་མི་གཤིས་ངན་པ་ཕྱི་ལ་སྟོན་འདུག
བོད་ཀྱི་གླུ་མ་རེད།
གླུ་བ་གླུ་མ་ཚོར་བསྔགས་བརྗོད་དང་དགའ་བསུ་གྲགས་མེད་ཞུ།
ངོ་མ་ཁོང་ཚོ་དངོས་སུ་མཇལ་ན་ཅི་མ་རུང་།
སང་ཉིན་ཨ་རིར་མཐོང་མཆན་ཞུས་ནས་འགྲོ་དགོས་ས་རེད།
བྲག་འདི་བོད་ཁོངས་ཚུད་ཤག་གིས་བྲིས་པས་དོན་ལོག་སོང་ན་དགོངས་འགལ་མེད་མཁྱེེན།
གླུ་མ་ཡོང་ལ་ཡོད་ཀི།
གླུག་པ་ལག་ལ་བཟུང་ཡོད།
གླུ་སྐད་གོ་ལ་ཡོད་ཀི།
གླུག་སྒྱོ་ཆག་པས་བཀང་ཡོད།
གླུ་མ་ཚེ་དབང་ལྷ་མོ་ཞེས་པ་དེ་བོད་ཀྱི་གཞས་གཏོང་མཁན་ཚེ་དབང་ལྷ་མོ་ཡིན་ན་གཞན་དེ་མ་ཡིན་པ་ཞིག་ཡིན་ཤེས་འདོད་ཆེ་བས་གསུང་རོགས་གནང་།
གངས་ལྷ་མེ་ཏོག་ལགས། སྐྱིད་བྱམས་བྲག་མགོ་ནས་ཨེ་ཡིན་ནའ།
གྲོགས་པོ་ཚོ་ངས་འདིར་བོད་རིགས་ན་གཞོན་གླུ་མ་ཚེ་དབང་ལྷ་མོའི་ལོ་སྙིང་བསྡུས་ཞིག་མཚོ་སྔོན་པོའི་དྲྭ་བ་ནས་ཕབ་ཤུས་བྱེད་ཡོད།
རིགས་རུས་གདོང་དམར་བོད་ཀྱི་དུམ་བུ་ལས་ཆད་ཅིང་ལྟེ་ཁྲག་ཁམས་པ་བྲག་འགོ་ནས་འཐོར་བའི་ན་གཞོན་གླུ་མ་ཚེ་དབང་ལྷ་མོ་ནི། གཞན་དང་མི་མཚུངས་གང་དང་མི་མཉམ་པའི་ཕྲ་ལ་གསེང་མཐོ་ཞིང་སྙན་ལ་ཡིད་འགུག་པའི་གླུ་སྐད་དེ་དང་། བལྟས་ན་ཚིམ་པ་མེད་ཅིང་བཅར་ན་ངོ་གནོང་དགོས་པའི་སྐྱེས་གཟུགས་དེ་ཡིས་བསྒྲགས་པ་མིན་རུང་དོན་གྱིས་གྲགས་ཤིང་སྦར་བ་མིན་རུང་ངང་གིས་འབར་ཏེ་དེང་རབས་བོད་ཀྱི་ན་གཞོན་ཁག་ན་རིམ་པར་གྲགས་སྙན་གྱི་མེ་ལྕེ་མཆེད་བཞིན་ཡོད། ཡིན་ནའང་ཁོ་མོའི་ལོ་རྒྱུས་གཙང་མ་ཞིག་ཕ་ཡིག་ཕ་སྐད་ཀྱི་ལམ་ནས་ད་བར་ཅི་ཡང་འགོད་མ་ཐུབ་པས་དོན་གཉེར་བ་ལ་ལས་བལྟ་འདོད་ཀྱི་མིག་རྡོ་རིག་རིག་བྱས་ཤིང་ཤེས་འདོད་ཀྱི་འགྲམ་ཆུ་ལྷོག་ལྷོག་ལྡང་གིན་ཡོད་པ་རེད།
མོ་ལོ་དྲུག་ལ་བུད་ནས་རང་ཡུལ་གྱི་སློབ་ཆུང་གི་སྒོ་ཐེམ་འགྲིམས་ཤིང་ཤེས་རིག་ཡོན་ཏན་སོགས་འཛམ་གླིང་ཧྲིལ་བོར་བལྟ་བའི་མིག་མདུན་གྱི་ཡོལ་རས་ཐོག་མ་ཡང་དེ་ནས་ཕྱེས། སྙན་ལ་འགྱུར་ཁུག་ཚང་ཞིང་སྦོམ་ལ་ལྷོད་ཆ་དོད་པའི་གླུ་སྐད་ཅིག་སྟེ་ནམ་རྒྱུན་ཟུར་དང་གཞོགས་ནས་དབྱངས་རྟ་ངེས་པ་མེད་པའི་ཕུ་བོ་“པད་མའི་”གླུ་སྒྲ་དེ་ནི་མོ་རང་གི་འཇིག་རྟེན་འཚོ་བའི་གདམ་གསེས་ལ་ལམ་སྟོན་ཞིག་གམ། གླུ་གར་རིག་གནས་ལ་སེམས་ཁ་ཕྱོགས་པའི་བག་ཆགས་འཐུག་པོ་འདིང་བྱེད་ཡིན་ཞེས་བཤད། རེད་དེ་ད་དུང་ལུས་འདུག་པ་ནི་བགྲང་ན་ཡན་ལག་བརྒྱད་པོ་ཚང་བ་ཞིམ་མངར་རོ་བྲོ་ལྡན་པའི་གངས་ཆབ་བསིལ་མ་དང་། མར་རྩམ་ཐུད་ཆུར་སོགས་གདོང་དམར་བོད་ཀྱི་ཁྱད་ལྡན་ཟས་རིགས་རྣམས་ནི་ཚངས་སྲས་བུ་མོའི་མགྲིན་ལ་འཕྱ་ཞེས་རྒན་པས་བསྟོད་ན་རུང་ཞིང་སྨྱུག་མ་གླིང་བུའི་གདངས་ལ་འགྲན་ཞེས་གཞོན་པས་བསྔགས་ན་རིན་པའི་བུ་མོ་འདིའི་གླུ་སྐད་སྙན་མོ་གྲུབ་པའི་ཆ་རྐྱེན་གལ་ཆེན་ཞིག་ལོས་ཡིན།
རིམ་པར་གླུ་གར་རིག་གནས་ཀྱི་ཐེམ་རྐས་བརྒྱུད་དེ2007ལོར“ལྷ་སའི་རི་བོ་ཐང་ལྷའི་”གླུ་གར་ཁང་དུ་གླུ་གར་སྒྱུ་རྩལ་ལ་བྱང་ཆ་དང་གོམས་འདྲིས་ཡོད་པའི་དགེ་རྒན་འགའ་བསྟེན་ཏེ་ཉེ་རབས་དང་དེང་རབས་ཀྱི་གླུ་གར་སྒྱུ་རྩལ་དང་ཟློས་གར་རིག་གནས་རྣམས་ལ་ཅི་ནུས་གང་ལྕོགས་ཀྱིས་འབད་འབུངས་བགྱིས། གཞུང་དྲང་གི་གཤིས་རྒྱུད་འཇམ་པོ་དེ་དང་མཛེས་ཡག་གི་ལུས་གཟུགས་ངག་གདངས་དག་གིས་གླུ་ཁང་དེའི་ཕྱོགས་ཡོངས་ཀྱི་སྐུ་མགྲོན་ཚོའི་དགའ་བསུ་དང་བསྟོད་ར་མངོན་དང་ཤུགས་ནས་ཐོབ་པས་བུ་མོ་ཁོ་ལ་མཚོན་ན་མི་ཚེའི་གདམ་གསེས་ཀྱི་མདུན་ལམ་ཡངས་པོར་ཕྱེ་བའི་གྲུབ་ཆ་གཙོ་བོ་ཞིག་ཀྱང་གྱུར་ཡོད། ཡིན་ནའང་དཀའ་སྡུག་གི་རིམ་པ་གཏན་ནས་མ་བརྒྱུད་པར་ཁད་ཀྱིས་བདེ་མོ་གོ་གནས་དེ་རུ་བུད་སོང་བ་ཞིག་ག་ལ་ཡིན་ཏེ། དེའི་བར་དུ་འཚོ་བ་དང་གནས་མལ་སོགས་ཕྱོགས་མང་པོ་ཞིག་ནས་དཀའ་ཁག་གི་ཁུར་བོ་ཐོད་ཀྱིས་བསུས་ཤིང་སྐྱོ་གདུང་གི་འགག་འཕྲང་རྐང་པས་བསྒྲོད་དེ་འབད་བརྩོན་གྱི་ལམ་བུ་ཨུ་ཚུགས་ཀྱིས་བསྙེགས་ཡོང་ནས་དེ་རིང་གི་ལམ་ཁ་འདིར་ཐོན་འདུག
ཉིན་མཚན་གྱི་རེས་མོ་ཡུན་གྱིས་བཞུད་ནས2008ལོ་ཐོན་དུས་“རྒྱ་ནག་ཁྲུང་ཆེན་ལྷོ་ནུབ་སློབ་གྲྭ་ཆེན་མོའི་རོལ་དབྱངས་སྡེ་ཁག་”ཏུ་ཞུགས་ནས་བཙན་གྱིས་བསྒྲིགས་ཤིང་ཧོབ་ཀྱིས་བཀུག་པའི་གླུ་དང་དབྱངས་རྟ་རྣམས་རྒྱབ་ཏུ་བཞག་ཅིང་གཡས་སུ་འཕངས་ཏེ་གོ་རིམ་ཅན་གྱི་གླུ་དབྱངས་རིག་གནས་ལ་ཕྱོགས་མགོ་བརྩམས། དེའི་སྐབས་སུ་“ཁྲུང་ཆེན་ན་གཞོན་གླུ་གར་སྒྱུ་རྩལ་འགྲན་ཚོགས་”སུ་ཞུགས་ཤིང་ངོ་བསྟོད་ལྐོག་རྫོངས་མི་ཕོག་ཅིང་རང་གི་གཉུག་གཤིས་ཀྱི་ཁྱད་ནུས་ལས་ཨང་རིམ་གྱི་རྟགས་ཐམ་ཐོབ་པའི་སྟེགས་བུ་མཚར་དུ་སྡུག་པ་དེ་ནས་ཨང་གཉིས་པའི་བྱ་དགའ་ཐོབ། ཞིབ་མོར་བསམས་ན་ནོར་གནག་དང་ནས་གྲོའི་གྲིབ་མ་འགྲོགས་ནས་ལག་ཆགས་པའི་བོད་མོ་གཤའ་མ་ཞིག་མི་རིགས་དང་གོམ་གཤིས་མི་གཅིག་པའི་ཡུལ་ཁག་གང་ཞིག་ཏུ། ན་གཞོན་སྟོང་ཕྲག་མང་པོའི་འཚུབ་ཁའི་བར་ནས། མིག་རྡོ་འབུམ་ཁྲག་ས་ཡའི་གཤིབ་སྡུར་དཀྱིལ་ནས། གོ་ལ་ཧྲིལ་བོའི་འཕྲིན་ལམ་ཡངས་པོར་ཨང་རིམ་གཉིས་པའི་བྱ་དགའ་ཞིག་བླངས་སོང་བ་འདི་སུ་ཚང་གི་གཟི་བརྗིད་ཅིག་དང་གང་ཚང་གི་ང་རྒྱལ་ཞིག་ཀྱང་བརྩི་ལོས་ཆོག་སྙམ་བྱུང་།
གཞན་ད་དུང་ལོ་དེ་ལ་ལྷ་སར་བསྡུས་པའི་བུན་ཁྲོན་ས་འགུལ་རོགས་སྐྱོར་གླུ་དབྱངས་དགོང་ཚོགས་དང2009ལོའི་མཚོ་སྔོན་ཇོ་མོ་གླང་མའི་གཟི་འོད་དང་ལོ་སར་དགུང་ཚོགས། 2010ལོའི་སི་ཁྲོན་ཁྲིན་ཏུར་བསྡུས་པའི་ཡུལ་ཤུལ་ས་འགུལ་རོགས་སྐྱོར་གླུ་དབྱངས་ཚོགས་པ་སོགས་སུ་ཞུགས་ནས་སྙན་ལ་མཐོ་བའི་གླུ་ངག་གིས་སྐྱོ་བའི་མགོ་མནན་ཞིང་ཕྲ་ལ་འཇེབས་ཀྱི་འགྱུར་ཁུག་གིས་སྡུག་གི་སེམས་གསོས་པ་སོགས་ལྟོས་བཅས་ཀྱིས་བཤད་ན་ཡོད་དང་ཡོད་ངེས་པ་རེད།
“ནག་ཆུ་སྐོར་བྲོ་”ཞེས་པའི་ཟེར་སྡེར་དེ་ནི་ཁོ་མོས་མི་ཡུལ་ལ་བཞག་པའི་ཆེས་ཐོག་མའི་ལེགས་སྐྱེས་ཡིན་གཤིས་ཁོ་མོར་མཚོན་ན་མིའི་གྲལ་ནས་མགོ་བོ་བཀྱགས་པའི་ནམ་ལངས་སྐར་མ་རེད་ཅེས་བརྗོད་ཆོག དེའི་འཕྲོས་ནས་“གནས་མཆོག་ལྷ་ས། སྐལ་བཟང་མེ་ཏོག དྲན་གླུ་”སོགས་ཆེད་བསྒྲིགས་གླུ་སྡེར་འགའ་དང་། བོད་ཁུལ་གྱི་གླུ་ཡི་ཟེར་སྡེར་མང་པོར་གླུ་ངག་གི་འགྱུར་ཁུག་མངོན་མྱོང་ཞིང་མགྲིན་སྒྲ་ཡི་གདངས་དབྱངས་སྤེལ་མྱོང་བས་ཁ་མིན་དོན་གྱི་གྲགས་པ་ཁད་ཀྱིས་རྒྱས་དང་རྒྱས་བཞིན་པའི་སྒང་ཡིན། དེང་སྐབས་ཕ་སྐད་གཙང་མའི་གླུ་དབྱངས་ཆེད་སྒྲིག་བརྙན་འཁོར་གསར་བ་ཞིག་གྲ་སྒྲིག་བྱས་ཤིང་ད་ལོའི་ཟླ་བཞི་པར་ཚོང་རར་འགྲེམ་སྤེལ་བྱེད་རྩིས་ཡོད་པས་ལྷག་ཏུ་ན་གཞོན་གྱི་སྡེ་ནས་དགའ་བསུ་དང་བརྡབ་བསིག་གིས་བཞག་པའི་ཁེ་ཕན་འཐོབ་རྒྱུར་ཡིད་ཆེས་ཡོད།
ཤེས་གསལ་ལྟར་ན། གླུ་ངག་གི་རིན་ཐང་ལས་བོད་ཁ་བ་ཅན་གྱི་རི་ཆུ་ནགས་གསུམ་དང་། ཁྱད་ཐོན་བླ་རུ་འཕགས་པ་རྣམས་སྒྲ་ཡིས་བཀུག་ཅིང་དབྱངས་ཀྱིས་བླངས་ཏེ་ཅི་ནུས་གང་ལྕོགས་ཀྱིས་ཞབས་འདེགས་སྒྲུབ་བཞིན་གླུ་རུ་ལེན་འདོད་པར་མ་ཟད། ཕ་ཡུལ་ཞིང་འབྲོག་དམངས་ཚོགས་ཀྱི་སྐྱ་ཆད་སྔོ་སྡུག་གི་གནས་བབ་དེ་ལ་སང་ཉིན་གྱི་གཟི་བྱིན་འབར་བའི་ཉི་མ་ཞིག་ཏུ་རེ་ནས་བྱིས་པ་སློབ་གྲྭར་ཞུགས་མ་ནུས་པ་དག་ལ་རྒྱབ་སྐྱོར་གང་ལྕོགས་སྒྲུབ་རྒྱུའི་འདུན་མ་དུང་དུང་བ་ཞིག་ཡོད་འདུག ཁོ་མོས“རང་ལ་མི་ལུས་ཀྱི་རྟེན་བཟང་བྱིན་པའི་དྲིན་ཕ་མ་གཉིས་ཀྱི་གཙོས་མི་ཚེ་འདིའི་མགོ་མཇུག་བར་གསུམ་ཀུན་ཏུ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བ་དག་ལ་སྙིང་ཁུང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུས་པ་ཡིན”ཞེས་བཤད་པ་རེད།
http://www.amdotibet.cn/html/rw/2011-02/10309.html འདིར་གནོན་རོགས།
དགེ་ལེགས་རྒྱལ་མཚན་ཁྱེད་ལ་ཐུགས་རྗེ་གྲངས་མེད་ཞུ་བཞིན་ཡོད། ང་ལ་མཚོན་ན་གླུ་མ་ཚེ་དབང་ལྷ་མོ་ལགས་ནས་གཏང་གནང་བའི་གཞས་དེ་དག་ཉན་རྒྱུར་ཧ་ཅང་དགའ་བོ་ཡོད་ལ་ཁོ་མོའི་ལོ་རྒྱུས་ཀྱང་དེ་བས་ཤེས་འདོད་ཆེ། འོན་ཀྱང་ཁྱེད་ཀྱིས་ཁོ་མོའི་ལོ་རྒྱུས་རགས་བསྡུས་ཞིག་བཀོད་འདུག་པ་དེ་ནས་ངས་ཁོ་མོའི་སྙིང་ཁོང་གི་མདུན་པ་གང་ཞིག་ཡིན་པ་རག་ཙམ་ཤེས་ཐུབ་སོང་ལ་ལྷག་པར་དུ་ཁོ་མོས་ཆོལ་གསུམ་བོད་རིགས་ཡོངས་ལ་བཅང་པའི་བརྩེ་སེམས་ཀྱི་སེམས་འཕྲིན་ཐམས་ཅད་གླུ་དབྱངས་ཀྱི་ལམ་ནས་བླངས་ཏེ་བོད་གཞིས་བྱེས་གཉིས་ཀྱི་བོད་རིགས་སྤུན་ཟླ་ཡོངས་ལ་བསྐུར་བ་ནི་དེ་བས་གཟི་བརྗིད་ཀྱི་དཔལ་དུ་འབར་བས་ང་ངོ་མ་གླུ་མ་ཚེ་དབང་ལྷ་མོ་ལགས་ལྟ་བུར་དགའ་མགུ་ཡིད་རངས་ལྷད་མེད་ཞུ་འདོད་ཆེ། ངས་ད་བར་གླུ་མ་ཁོང་ཉིད་ཀྱིས་གཏང་གནང་བའི་གླུ་གཞས་ཕལ་ཆེ་བ་ཞིག་ཉན་ཟིན་པ་ཡིན་ལ་ད་དུང་ཁོ་མོའི་ཉེ་ཆེར་གྱི་འཁོར་ཐག་གློག་བརྙན་དེ་དག་ཞིབ་པར་བལྟས་ཟིན། ངོ་མ་རང་མི་རིགས་ཀྱི་ལ་ཞེན་ཡོད་པའི་གླུ་མ་ཞིག་རེད་འདུག། ད་དུང་ཡིན་ནའང་ཁོ་མོའི་གླུ་དབྱངས་ཀྱི་འགྱུར་ཁུག་གསར་པ་དེ་འདྲ་ཉན་འདོད་ཧ་ཅང་ཆེ།
གླུ་མ་ཚེ་དབང་ལྷ་མོ་ལགས་ཀྱི་ནག་ཆུའི་སྐོར་བྲོ་གི་འོད་སྡེར་དེ་དངོས་གནང་ཡག་པོ་འདུག ངས་ཞིབ་ལྟ་དང་ཞིབ་ཉན་བྱས་ཡིན། ངས་དང་པོ་བསམ་སོང་། ཁོ་མོ་ཕུ་ཡུལ་ནག་ཆུ་ནས་ཡིན་ས་རེད་བསམ་སོང་། རྗེས་སུ་རེད་མི་འདུག་ཁོ་མོའི་གླུ་ངག་གི་གཤིས་སྤྱོད་དེ་ནག་ཆུའི་འཚོ་བ་དང་གླུ་ངག་ལ་རང་དབང་ཐོབ་པ་རང་རེད་འདུག ངོ་མ་ཡག་པོ་འདུག
གླུ་མ་ཚེ་དབང་ལྷ་མོ་དང་། བྱམས་སྐྱིད་གཉིས་ཀྱི་གསུང་དང་། ངག་གི་འགྱུར་འགུགས་ཡག་པ་དང་། གླུ་ཚིག་བཟང་བ་སོགས་ཀྱིས་ཆུ་ཚོད་་༢་ལྷག་གྱི་དགོང་ཚོགས་དེ་སྐར་མ་ཁ་ཤས་ནང་རྫོགས་པ་ལྟ་བུའི་སྣང་བ་བྱུང་། གླུ་མ་ཁོང་གཉིས་ཀྱི་ངག་གི་སྒྱུ་རྩལ་ལས་མདོ་དབུས་ཁམ་གསུམ་གྱི་བོད་མི་རྣམས་གཅིག་སྒྲིལ་བྱས་དགོས་པའི་བརྡ་གསལ་པོར་སྟོན་པའི་ཚོ་བ་སྣང་བྱུང་། ལྟ་མོ་བའི་ཁྲོད་ནས་གླུ་མ་ཚེ་དབང་སྒྲོལ་མར་མཐུན་སྒྲིལ་གྱི་རང་སྒྲ་ཞེས་པའི་གཞས་དེ་གཏོང་དགོས་པའི་རེ་འབོད་བྱས་སོང་ཡང་། གོ་འགྲིག་པ་རྣམས་ཀྱིས་ཐུགས་སྣང་གནང་མ་སོང་།
དངོས་གནས་ཁྱེད་ཚོ་གླུ་གཞས་དགོངས་ཚོགས་དེར་ཕེབས་ཐུབ་པར་དགའ་བསུ་ཞུ། འོན་ཀྱང་རང་ཉིད་ལྟ་བུར་དེ་ལྟ་བུའི་གོ་སྐབས་ཐོབ་རྒྱུ་ཁག་པོ་ཆགས་ཤག། ངོ་མ་དགོངས་དག་ཞུ་རྒྱུ་ཡིན། རྗེས་མར་ཚེ་དབང་ལྷ་མོ་ཞིག་དངོས་སུ་བལྟ་རྒྱུ་བྱུང་ན་བསམ་གི་ཡ།
བོད་པའི་གླུ་མ་མཛེས་མ་ཁོང་ས་ཆ་དེ་སླེབ་ནས་གླུ་ལེན་པའི་གོ་སྐོབ་གཟང་པོ་ཞིག་རག་པ་དང་ཕྱི་ལོག་ལ་ཡོད་པའི་བོད་པ་རྣམས་ཀྱི་འཇལ་ཐུབ་པ་དངོས་གནས་དགའ་སྤྲོ་ཤིན་ཏུ་ཆེ། མ་འོང་པ་ལ་དེ་ལྟ་བུའི་གོ་སྐོབ་བོད་པའི་གླུ་པ་ཡོང་ལ་ཐོབ་པའི་རེ་བ་ཡོད།
བཙན་བྱོལ་ནང་གི་གཞས་པ་ཕལ་ཆེ་བ་ཞིག་ལ་གོ་སྐབས་དེ་འདྲ་ཐོབ་རྒྱུ་ཕལ་ཆེར་ཁག་པོ་ཆགས་པ་རེད། གང་ལགས་ཞུས་ན་གཞས་པ་འགའ་རེས་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་ཡོད་འདོག་བྱས་ནས་དོན་ངོ་མར་རང་ཉིད་ཀྱི་མི་ཚེ་གང་བོ་ཕྱི་རྒྱལ་ལ་བུད་རྒྱུ་བྱུང་ན་བསམ་ནས་གཏོང་བསམ་བཅངས་མཁན་ངས་མ་བཤད་ཀྱང་དངོས་སུ་དེ་འདྲ་བསམ་བསྡད་མཁན་ཆོག་དོ་ཡོད་པ་གཏན་ཁེལ་རེད། དེ་བས་མི་ཚེ་རྒྱ་གར་ནང་ཁུ་སུམ་མིར་བསྐྱལ་ན་བརྒྱ་ཆ་བརྒྱ་རེད་དཱ། ཧ་་ཧ་་་ཧ་་་་
སྤེན་དོན་འདི་ཡང་ཕྱི་རྒྱལ་ལ་འགྲོ་ཆེད་གྲྭ་གོས་སྐྱོན་ཞིག་ཡིན་ཐག་ཆོད།