གླུ་མ་རིག་འཛིན་སྒྲོལ་མའི་སེམས་འདུན། Posted on 2011-10-02 By ཁ་བརྡ་ 16 Comments on གླུ་མ་རིག་འཛིན་སྒྲོལ་མའི་སེམས་འདུན། གསར་འགྱུར།
ཐེངས་གཅིག་བལྟས་ཟིན། སེམས་འགུལ་ཐེབས་སོང་།ཅི་འདྲའི་རླབས་ཆེན་གྱི་མཛད་བཟང་།གངས་ལྗོངས་བུ་མོའི་རྒྱན་གཅིག ་རིག་འཛིན་སྒྲོལ་མ་ལ་མངོན་པར་བསྟོད་དོ།
དཔེ་ལེགས་ཅན་གྱི་བོད་ཀྱི་དེང་རབས་གཞོན་སྐྱེས་གླུ་མ་རིག་འཛིན་སྒྲོལ་མས་བོད་སྐད་ཡིག་སླར་གསོའི་ལས་དོན་ལེགས་སྒྲུབ་གནང་བཞིན་པའི་འགུལ་བསྐྱོད་ལ་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་གཏོར་ཀི་ཡོད།
དེ་རིང་གསེར་རྟ་རྫོང་དུ་བོད་མིས་ཁང་པ་ཐོག་རྩེག་བཞིའི་ཐོག་བོད་ཀྱི་རྒྱལ་དར་དང་༸གོང་ས་མཆོག་གི་སྐུ་པར་བཤམས་ནས་ངོ་རྒོལ་བྱས་འདུག་ཟེར།
ངོ་མ་རེ་ཡ གླུ་མ་རིག་འཛིན་སྒྲོལ་མས་སྙིང་རུས་ཟབ་མོས་ཆུ་ཐིགས་རེ་རེ་བཞིན་བླངས་ཤིང་བར་དུ་སྣ་ཚོགས་དམངས་གླུའི་རང་རང་གི་ཁྱད་ཆོས་རྣོན་པོའི་རིག་པས་སྤུ་རེས་སོ་སོ་རུ་ཕྱེ་ཞིང་རང་གི་ཕ་སྐད་དང་གའུ་ཁ་སྦྱར་བཞིན་མཐུན་པའི་འཛུག་དཀར་ཕྲེང་བའི་ཆ་ཤས་རེས་ཀྱང་སྐྱེ་བོའི་བརྟན་པ་དབང་མེད་འཕྲོག་ཆིང་མདོར་ན་སྨན་ལྗོངས་སྒྱུ་རྩལ་མི་སྣགྲངས་འདས་དབུས་ན་མཛད་རྗེས་དཀར་མདངས་འོད་སྟོང་བཀྲ་བའི་རྒྱུ་དཀར་རྒྱལ་པོའི་མེ་ཏོག་ཁ་བ་གངས་ཅན་པའི་མཛེས་པའི་རྒྱན་དང་རྒྱང་མིག་བལྟ་བཞིན་ཕ་ཡུལ་འཛུག་སྐྲུན་པའི་་དཔའ་བོ་དཔའ་མོ་རྣམས་ནས་ ་གངས་་དཀར་གྱི་རི་བོ་ཇོ་མོ་གླང་མས་ པྲིན་དཀར་གྱི་ལྷ་རེག་ཕྱག་ཏུ་བསྣམ་ནས གངས་ལྗོངས་དང་བྲལ་བའི་བོད་རིགས་པུན་ཟླ་ རང་ཡུལ་དུ་ལོག་རྒྱུ་ཉིན་ཚེན་སྒུག་འདུག་ དངས་གཙང་གི་ཆུ་མོ་ཡར་ཀླུང་གཙང་པོས་ བདེན་པ་ཡིས་སྙན་ཞུ་ཡིག་འབྲུ་ཁྲིབདུན་ དྲང་་བདིན་ལ་ཕྱོགས་པའི་འཛམ་གླིང་སྐྱི་་འགྲོར་ ཞུ་འབོད་ཀྱི་སླད་དུ་ཉིན་མཚན་ཆས་སོངས་ མདོ་དབུས་ཁམས་གྱི་གླུ་པ་གླུ་མས དམར་ཆུང་སྙིང་དབུས་ཀྱི་རེ་འདུན་དྲག་པོ་ འཇིག་རུང་་མེ་མདའ་ཡི་སོ་ཁའི་འོག་ནས་ རི་ཆུ་ཙེ་ཤིང་ལ་སྦྱར་ནས་བླངས་སོ་ ས་མཐོའི་གངས་ལྗོངས་ཀྱི་ མིབཟད་སྡུགས་བསྔལ་ མཐོ་བའི་ཟླ་ཡིས་གཟིགས་པའི་མདོ་ལ ་ འཛུམ་པའི་འོད་མདངས་དེ་སྐད་ཅིག་ཡལ་ནས པ་སངས་རྒྱུ་སྐར་དང་གསྙིས་མེད་གྱུར གཞི་ལུས་གངས་ལྗོངས་ཀྱི་པུན་ཟླ་ཕོ་མོས་ བླ་མ་པྱན་རས་གཟིགས་དྲན་པའི་མིག་ཆུ་ ལྷ་ནྡན་སྐྱི་ཆུ་དང་ལྷན་དུ་འསྡིབས་ནས སྒྱི་ཆུའིའཕེལ་ཁ་དེ་བླ་ན་འཕགས་སོང པོ་ཏ་ལ་ཕོ་བྲང་སྙིང་དབུས་ཀྱི་བླ་མ ས་ཐག་གི་ཆོད་ནས་རྒྱང་རིང་དུ་བཞུག་པས་ མཇལའདོདཀྱི་ཀུན་རྟོག་ཤུགས་ཆེན་དུ་འབར་ནས་ སྟོང་ཁྲག་གི་འདྲེན་བྱིད་གཞན་ཡུལདུ་ཕྱོགས་འདུག་
ཁ་བྲོ་བཀྲ་ཤིས་ཚེ་རིང་ལོ་བརྒྱ་སྲིང་ཆུང་རིག་འཛིན་སྒྲོལ་མ་ལགས། ཁྱེད་ཀྱི་གླུ་ངག་གི་གདངས་དང་གཤིས་སྤྱོད་ཀྱི་རྣམ་འགྱུར་དག་ན་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིན་ཐང་ཅན་རེ་མངོན་འདུག རིག་འཛིན་སྒྲོལ་མའི་ལྷག་བསམ་དང་སྙིང་སྟོབས་ཆོད་སེམས་བཅས་ལ་སྙིང་ནས་གུས་བཀུར་དང་མོ་རང་གིས་ཅི་བསམ་ཐམས་ཅད་དེ་བཞིན་ཏུ་འགྲུབ་ཐུབ་པའི་སྨོན་འདུན་ཞུ།
དངོས་གནས་གླུ་མ་འདི་ལ་ཕུགས་འདུན་ཟབ་མོ་ཞིག་འདུག མཛད་རྗེས་ལ་ཡིད་རངས་ཡོད། མིང་ཡོད་པའང་ཡོད་གོ་ཆོད་འདུག གླུ་མ་གཞན་རྣམས་ལའང་སེམས་འགུལ་ཐེབས་པའི་རེ་བ་ཡོད། དབྱངས་ཅན་ལྷ་མོས་ཀྱང་བདེ་ཆེན་ཕྱོགས་སུ་འདི་འདྲ་ཞིག་བྱས་ན་ཅི་མ་རུང་།
ཁྱེད་ཀྱི་མཛད་པ་ལ་མུ་ནས་མུ་མཐའ་ཡས་པའི་རྒྱལ་མཚོ་བཞིན་དུ་སྨོན། ངོ་མ་རླབས་ཆེན་གྱི་བྱ་བ་ཞིག་རེད་སུས་ཀྱང་ཁྱེད་ལ་གུས། འོན་ཀྱང་སྲིད་དོན་དང་སྙན་གྲགས་ཀྱི་ཆེད་དུ་བྱ་བ་རེ་རྩོམ་མཁན་སྐྲ་རིང་མ་འགའ་ཤས་ཀྱིས་ཁྱེད་ལ་ཅི་ཟེར་མི་ཤེས། དོན་ངོ་མ་བཤད་ན་ཁ་ན་ན་བར་དུ་བཤད་བཞིན་པའི་ཕོ་མོ་དབྱེ་མེད་རིགས་རུས་ཁྱད་མེད་དང་འདྲ་མཉམ་སོགས་ཀྱི་སྐད་ཆའི་མགོ་གཙོ་བ་དག་ལ་ལམ་སྟོན་ཞིག་ཀྱང་རིག་འཛིན་སྒྲོལ་མས་གནང་འདུག ཨ་ལག་དོར་གཞི་རིན་པོ་ཆེས་འདི་འདྲའི་བསམ་བློ་ཞིག་འཁོར་བ་ངོ་མཚར་རེད་ཅེས་དང་རང་ཉིད་ལ་སྒོར་མ་རེ་ཡོད་ན་རིགས་གནས་ལ་བསམ་བློ་བཏང་མཁན་ཧ་ཅང་གི་དཀོན་པོ་རེད་ཅེས་གསུང་བ་བཞིན་དགའ་གུས་ཚེད་མེད་བྱུང་། ཁྱེད་ལ་བར་ཆད་མེད་པའི་སྨོན་ལམ་ཡོད།།
ངས་འདིར་འགོ་འཛིན་པ་ཚེ་མགོན་གྱི་ཚིག་གཅིག་བཤད་ཀྱི་ཡིན། ལམ་དཀར་རོ། ཅི་བསམ་ལྷུན་འགྲུབ་དང་བསམ་དོན་མྱུར་འགྲུབ་ཡོང་བའི་སྨོན་འདུན་གྲངས་མེད་ཞུ།
མངོན་པར་བསྟོད་དོ། དངོས་གནས་རླབས་ཆེན་གྱི་བྱ་བ་རེད། འདི་འདྲའི་རིགས་བཙན་བྱོལ་གྱི་ཕ་མ་བསམ་ཤེས་དང་བུ་ཕྲུག་རིག་ཡག་དག་གི་ཀླད་པའི་ནང་ལ་བླུག་ཐུབ་ན་དགའ་བ་ལ། རིག་འཛིན་སྒྲོལ་མའི་འཕངས་སེམས་དེ་འདྲའི་ཆ་ཤས་ཙམ་ཞིག་བཙལ་བྱོལ་གྱི་རྒན་གཞོན་ཀུན་ལ་ཡོད་ན་སྐྱིད་པ་ལ། མདོར་ན་རིག་འཛིན་སྒྲོལ་མ་དང་མོའི་ལས་རོགས་དག་གི་བྱ་བ་ལམ་འགྲོ་ཡོང་བའི་གསོལ་སྨོན་སྙིང་ནས་འདེབས།
ཆ་ཚང་བལྟས་པ་ཡིན་མིག་ཆུ་ཡང་ཤོར་སོང་། དེ་སྔོན་ཀུན་གཟིགས་པཎ་སྐུ་ཕྲེང་བཅུ་པ་ཆེན་པོས་བོད་ཡོངས་རྫོགས་སུ་ཞབས་ཀྱིས་བཅགས་ནས་བོད་པའི་སློབ་ཕྲུག་ཡོངས་རྫོགས་ཀྱིས་བོད་ཡིག་སྦྱོང་དགོས་པའི་བཀའ་སློབ་དང་། སློབ་གྲྭ་གསར་བཙུགས་སོགས་སྐུ་སྲོག་བློས་བཏང་གིས་ཐབས་ཤེས་ལུ་གུ་རྒྱུད་དུ་གནང་བའི་བཀའ་དྲིན་ལས་གཞོན་སྐྱེས་རྣམས་བོད་ཡིག་གི་གནས་ཚད་ཡག་པོ་ཡོད་ཀྱང་། ཁོང་དགོངས་པ་རྫོགས་རྗེས་རྒྱ་དམར་ཇག་པས་བཙན་པོ་དབང་ཡོད་ཀྱིས་བོད་ཡིག་གི་སློབ་ཚན་ཡོངས་རྫོགས་མེད་པ་བཟོས་པར་སོང་། གཞོན་སྐྱེས་མང་པོར་བོད་ཡིག་སྦྱང་རྒྱུའི་གོ་སྐབས་མེད་པའི་དུས་སྐབས་འདིར་མཛངས་མ་རིག་འཛིན་སྒྲོན་མས་སོ་སོའི་མི་རིགས་ཀྱི་ལ་རྒྱ་སྙིང་ལ་བཅངས་ནས་ལས་འགུལ་དེ་འདྲ་སྤེལ་བ་ནི་སེམས་གཏིང་ནས་དགའ་དགོས་པ་ཞིག་རེད།
ངོ་མ་བཟང་གི། རླབ་ཆེན་གྱི་བྱ་བ་རེད། ལྷག་བསམ་གྱིས་ཕྱུག་པའི་གཤིས་བཟང་གི་བུ་མོ་ཁྱེད་ལ་བཅོས་མིན་སྙིང་ནས་བསྔགས་བརྗོད་ཡོད།
ངོ་མ་གླུ་མ་དེ་ལ་ཇི་ཙམ་བསྟོད་ཀྱང་དེ་ཙམ་གྱི་མཛེས་ཆོས་འཕེལ། ངོ་མ་ངོམ་པ་མི་འདུག ད་དེ་ཙམ་བགྱིད་པ་ལས་ཐབས་མི་འདུག
ཐེངས་གཅིག་བལྟས་ཟིན། སེམས་འགུལ་ཐེབས་སོང་།ཅི་འདྲའི་རླབས་ཆེན་གྱི་མཛད་བཟང་།གངས་ལྗོངས་བུ་མོའི་རྒྱན་གཅིག ་རིག་འཛིན་སྒྲོལ་མ་ལ་མངོན་པར་བསྟོད་དོ།
དཔེ་ལེགས་ཅན་གྱི་བོད་ཀྱི་དེང་རབས་གཞོན་སྐྱེས་གླུ་མ་རིག་འཛིན་སྒྲོལ་མས་བོད་སྐད་ཡིག་སླར་གསོའི་ལས་དོན་ལེགས་སྒྲུབ་གནང་བཞིན་པའི་འགུལ་བསྐྱོད་ལ་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་གཏོར་ཀི་ཡོད།
དེ་རིང་གསེར་རྟ་རྫོང་དུ་བོད་མིས་ཁང་པ་ཐོག་རྩེག་བཞིའི་ཐོག་བོད་ཀྱི་རྒྱལ་དར་དང་༸གོང་ས་མཆོག་གི་སྐུ་པར་བཤམས་ནས་ངོ་རྒོལ་བྱས་འདུག་ཟེར།
ངོ་མ་རེ་ཡ གླུ་མ་རིག་འཛིན་སྒྲོལ་མས་སྙིང་རུས་ཟབ་མོས་ཆུ་ཐིགས་རེ་རེ་བཞིན་བླངས་ཤིང་བར་དུ་སྣ་ཚོགས་དམངས་གླུའི་རང་རང་གི་ཁྱད་ཆོས་རྣོན་པོའི་རིག་པས་སྤུ་རེས་སོ་སོ་རུ་ཕྱེ་ཞིང་རང་གི་ཕ་སྐད་དང་གའུ་ཁ་སྦྱར་བཞིན་མཐུན་པའི་འཛུག་དཀར་ཕྲེང་བའི་ཆ་ཤས་རེས་ཀྱང་སྐྱེ་བོའི་བརྟན་པ་དབང་མེད་འཕྲོག་ཆིང་མདོར་ན་སྨན་ལྗོངས་སྒྱུ་རྩལ་མི་སྣགྲངས་འདས་དབུས་ན་མཛད་རྗེས་དཀར་མདངས་འོད་སྟོང་བཀྲ་བའི་རྒྱུ་དཀར་རྒྱལ་པོའི་མེ་ཏོག་ཁ་བ་གངས་ཅན་པའི་མཛེས་པའི་རྒྱན་དང་རྒྱང་མིག་བལྟ་བཞིན་ཕ་ཡུལ་འཛུག་སྐྲུན་པའི་་དཔའ་བོ་དཔའ་མོ་རྣམས་ནས་
་གངས་་དཀར་གྱི་རི་བོ་ཇོ་མོ་གླང་མས་
པྲིན་དཀར་གྱི་ལྷ་རེག་ཕྱག་ཏུ་བསྣམ་ནས
གངས་ལྗོངས་དང་བྲལ་བའི་བོད་རིགས་པུན་ཟླ་
རང་ཡུལ་དུ་ལོག་རྒྱུ་ཉིན་ཚེན་སྒུག་འདུག་
དངས་གཙང་གི་ཆུ་མོ་ཡར་ཀླུང་གཙང་པོས་
བདེན་པ་ཡིས་སྙན་ཞུ་ཡིག་འབྲུ་ཁྲིབདུན་
དྲང་་བདིན་ལ་ཕྱོགས་པའི་འཛམ་གླིང་སྐྱི་་འགྲོར་
ཞུ་འབོད་ཀྱི་སླད་དུ་ཉིན་མཚན་ཆས་སོངས་
མདོ་དབུས་ཁམས་གྱི་གླུ་པ་གླུ་མས
དམར་ཆུང་སྙིང་དབུས་ཀྱི་རེ་འདུན་དྲག་པོ་
འཇིག་རུང་་མེ་མདའ་ཡི་སོ་ཁའི་འོག་ནས་
རི་ཆུ་ཙེ་ཤིང་ལ་སྦྱར་ནས་བླངས་སོ་
ས་མཐོའི་གངས་ལྗོངས་ཀྱི་ མིབཟད་སྡུགས་བསྔལ་
མཐོ་བའི་ཟླ་ཡིས་གཟིགས་པའི་མདོ་ལ ་
འཛུམ་པའི་འོད་མདངས་དེ་སྐད་ཅིག་ཡལ་ནས
པ་སངས་རྒྱུ་སྐར་དང་གསྙིས་མེད་གྱུར
གཞི་ལུས་གངས་ལྗོངས་ཀྱི་པུན་ཟླ་ཕོ་མོས་
བླ་མ་པྱན་རས་གཟིགས་དྲན་པའི་མིག་ཆུ་
ལྷ་ནྡན་སྐྱི་ཆུ་དང་ལྷན་དུ་འསྡིབས་ནས
སྒྱི་ཆུའིའཕེལ་ཁ་དེ་བླ་ན་འཕགས་སོང
པོ་ཏ་ལ་ཕོ་བྲང་སྙིང་དབུས་ཀྱི་བླ་མ
ས་ཐག་གི་ཆོད་ནས་རྒྱང་རིང་དུ་བཞུག་པས་
མཇལའདོདཀྱི་ཀུན་རྟོག་ཤུགས་ཆེན་དུ་འབར་ནས་
སྟོང་ཁྲག་གི་འདྲེན་བྱིད་གཞན་ཡུལདུ་ཕྱོགས་འདུག་
ཁ་བྲོ་བཀྲ་ཤིས་ཚེ་རིང་ལོ་བརྒྱ་སྲིང་ཆུང་རིག་འཛིན་སྒྲོལ་མ་ལགས། ཁྱེད་ཀྱི་གླུ་ངག་གི་གདངས་དང་གཤིས་སྤྱོད་ཀྱི་རྣམ་འགྱུར་དག་ན་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིན་ཐང་ཅན་རེ་མངོན་འདུག རིག་འཛིན་སྒྲོལ་མའི་ལྷག་བསམ་དང་སྙིང་སྟོབས་ཆོད་སེམས་བཅས་ལ་སྙིང་ནས་གུས་བཀུར་དང་མོ་རང་གིས་ཅི་བསམ་ཐམས་ཅད་དེ་བཞིན་ཏུ་འགྲུབ་ཐུབ་པའི་སྨོན་འདུན་ཞུ།
བཟང་གི
གླུ་མ་གྲགས་ཅན་ཁོང་མོའི་ལྷག་བསམ་ལ་གུས་བཀུར་དང་་་་་་་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་སེམས་ཁོང་ནས་ཞུ།
དངོས་གནས་གླུ་མ་འདི་ལ་ཕུགས་འདུན་ཟབ་མོ་ཞིག་འདུག མཛད་རྗེས་ལ་ཡིད་རངས་ཡོད། མིང་ཡོད་པའང་ཡོད་གོ་ཆོད་འདུག གླུ་མ་གཞན་རྣམས་ལའང་སེམས་འགུལ་ཐེབས་པའི་རེ་བ་ཡོད། དབྱངས་ཅན་ལྷ་མོས་ཀྱང་བདེ་ཆེན་ཕྱོགས་སུ་འདི་འདྲ་ཞིག་བྱས་ན་ཅི་མ་རུང་།
ཁྱེད་ཀྱི་མཛད་པ་ལ་མུ་ནས་མུ་མཐའ་ཡས་པའི་རྒྱལ་མཚོ་བཞིན་དུ་སྨོན། ངོ་མ་རླབས་ཆེན་གྱི་བྱ་བ་ཞིག་རེད་སུས་ཀྱང་ཁྱེད་ལ་གུས། འོན་ཀྱང་སྲིད་དོན་དང་སྙན་གྲགས་ཀྱི་ཆེད་དུ་བྱ་བ་རེ་རྩོམ་མཁན་སྐྲ་རིང་མ་འགའ་ཤས་ཀྱིས་ཁྱེད་ལ་ཅི་ཟེར་མི་ཤེས། དོན་ངོ་མ་བཤད་ན་ཁ་ན་ན་བར་དུ་བཤད་བཞིན་པའི་ཕོ་མོ་དབྱེ་མེད་རིགས་རུས་ཁྱད་མེད་དང་འདྲ་མཉམ་སོགས་ཀྱི་སྐད་ཆའི་མགོ་གཙོ་བ་དག་ལ་ལམ་སྟོན་ཞིག་ཀྱང་རིག་འཛིན་སྒྲོལ་མས་གནང་འདུག ཨ་ལག་དོར་གཞི་རིན་པོ་ཆེས་འདི་འདྲའི་བསམ་བློ་ཞིག་འཁོར་བ་ངོ་མཚར་རེད་ཅེས་དང་རང་ཉིད་ལ་སྒོར་མ་རེ་ཡོད་ན་རིགས་གནས་ལ་བསམ་བློ་བཏང་མཁན་ཧ་ཅང་གི་དཀོན་པོ་རེད་ཅེས་གསུང་བ་བཞིན་དགའ་གུས་ཚེད་མེད་བྱུང་། ཁྱེད་ལ་བར་ཆད་མེད་པའི་སྨོན་ལམ་ཡོད།།
བུ་མོ་འདིའི་མཛད་རྗེས་ལ་སྙིང་ནས་ཡི་རངས་ཞུ། བསམ་དོན་འགྲུབ་པར་སྨོན།
ངས་འདིར་འགོ་འཛིན་པ་ཚེ་མགོན་གྱི་ཚིག་གཅིག་བཤད་ཀྱི་ཡིན།
ལམ་དཀར་རོ།
ཅི་བསམ་ལྷུན་འགྲུབ་དང་བསམ་དོན་མྱུར་འགྲུབ་ཡོང་བའི་སྨོན་འདུན་གྲངས་མེད་ཞུ།
མངོན་པར་བསྟོད་དོ། དངོས་གནས་རླབས་ཆེན་གྱི་བྱ་བ་རེད། འདི་འདྲའི་རིགས་བཙན་བྱོལ་གྱི་ཕ་མ་བསམ་ཤེས་དང་བུ་ཕྲུག་རིག་ཡག་དག་གི་ཀླད་པའི་ནང་ལ་བླུག་ཐུབ་ན་དགའ་བ་ལ། རིག་འཛིན་སྒྲོལ་མའི་འཕངས་སེམས་དེ་འདྲའི་ཆ་ཤས་ཙམ་ཞིག་བཙལ་བྱོལ་གྱི་རྒན་གཞོན་ཀུན་ལ་ཡོད་ན་སྐྱིད་པ་ལ། མདོར་ན་རིག་འཛིན་སྒྲོལ་མ་དང་མོའི་ལས་རོགས་དག་གི་བྱ་བ་ལམ་འགྲོ་ཡོང་བའི་གསོལ་སྨོན་སྙིང་ནས་འདེབས།
ཆ་ཚང་བལྟས་པ་ཡིན་མིག་ཆུ་ཡང་ཤོར་སོང་། དེ་སྔོན་ཀུན་གཟིགས་པཎ་སྐུ་ཕྲེང་བཅུ་པ་ཆེན་པོས་བོད་ཡོངས་རྫོགས་སུ་ཞབས་ཀྱིས་བཅགས་ནས་བོད་པའི་སློབ་ཕྲུག་ཡོངས་རྫོགས་ཀྱིས་བོད་ཡིག་སྦྱོང་དགོས་པའི་བཀའ་སློབ་དང་། སློབ་གྲྭ་གསར་བཙུགས་སོགས་སྐུ་སྲོག་བློས་བཏང་གིས་ཐབས་ཤེས་ལུ་གུ་རྒྱུད་དུ་གནང་བའི་བཀའ་དྲིན་ལས་གཞོན་སྐྱེས་རྣམས་བོད་ཡིག་གི་གནས་ཚད་ཡག་པོ་ཡོད་ཀྱང་། ཁོང་དགོངས་པ་རྫོགས་རྗེས་རྒྱ་དམར་ཇག་པས་བཙན་པོ་དབང་ཡོད་ཀྱིས་བོད་ཡིག་གི་སློབ་ཚན་ཡོངས་རྫོགས་མེད་པ་བཟོས་པར་སོང་། གཞོན་སྐྱེས་མང་པོར་བོད་ཡིག་སྦྱང་རྒྱུའི་གོ་སྐབས་མེད་པའི་དུས་སྐབས་འདིར་མཛངས་མ་རིག་འཛིན་སྒྲོན་མས་སོ་སོའི་མི་རིགས་ཀྱི་ལ་རྒྱ་སྙིང་ལ་བཅངས་ནས་ལས་འགུལ་དེ་འདྲ་སྤེལ་བ་ནི་སེམས་གཏིང་ནས་དགའ་དགོས་པ་ཞིག་རེད།
ངོ་མ་བཟང་གི། རླབ་ཆེན་གྱི་བྱ་བ་རེད། ལྷག་བསམ་གྱིས་ཕྱུག་པའི་གཤིས་བཟང་གི་བུ་མོ་ཁྱེད་ལ་བཅོས་མིན་སྙིང་ནས་བསྔགས་བརྗོད་ཡོད།
ངོ་མ་གླུ་མ་དེ་ལ་ཇི་ཙམ་བསྟོད་ཀྱང་དེ་ཙམ་གྱི་མཛེས་ཆོས་འཕེལ། ངོ་མ་ངོམ་པ་མི་འདུག ད་དེ་ཙམ་བགྱིད་པ་ལས་ཐབས་མི་འདུག
ངོ་མ་ངོས་འཚེར་ཆེ གླུ་མ་རིག་འཛིན་སྒྲོན་མ་ལགས རང་མི་རིག་མཛེས་རྒྱན་ལྟ་བུ་ཡིན