གླུ་མ་ལེན་འདས་ལོར་མྱ་ངན་བྱོས། Posted on 2012-01-27 By ཁ་བརྡ་ 12 Comments on གླུ་མ་ལེན་འདས་ལོར་མྱ་ངན་བྱོས། གསར་འགྱུར།
ཟླ་བ་ལགས་མཆོག་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ།སེམས་ནང་སྐྱོ་སྣང་རང་དབང་མེད་པ་བྱིན་བྱུང་ད་བྱ་ཐབས་གང་བྱ་དགོས་སམ།། །།
བོད་གངས་བཞུགས་གླུ་བ་ཕོ་མོ་ཚོ། གླུ་མ་ལེན་ལོ་འཁོར་ངག་བཅད་བཞུགས། ཐུགས་གྲུ་འཛིན་མགོན་པོ་སྒོམ་བཞིན་དུ། ངག་མ་ཎི་ཡིག་དྲུག་དབྱངས་སུ་འདོན། མེ་དམར་པོས་གཏུམས་པས་དཔའ་རྒོད་ཚོའི། ཐུགས་བཞེད་དོན་རང་དབང་ཡོང་བ་དང་། ཕ་གྲུ་འཛིན་མགོན་པོ་ཏ་ལར། ཞལ་མྱུར་དུ་བྱོན་པའི་སྨོན་ལམ་ཐོབས། མི་རིགས་ཀྱི་ལ་རྒྱའི་གླུ་བླངས་ན། དགྲ་དམར་པོས་མུན་པའི་བཙོན་ལ་བཅུག དགྲ་དམར་པོར་་བསྟོད་པའི་གླུ་ཚིག་ནི། ཁྱོད་རྣམ་པས་ཞལ་ནས་དོན་དོག་མེད། འགྲོ་ན་ནི་མི་དགའ་སྡད་ན་སྡུག མོ་རྒན་གྱི་ལུང་བསྟན་ཇི་བཞིན་དུ། ཁྱེད་རྣམ་པའི་སེམས་ཁམས་ཀྱི་གདུང་བ་རྣམས། རི་ལྷུན་པོས་གནོན་ལས་ལྕི་བར་སེམས།
བོད་གཞས་གཏོང་དང་། ལ་རྒྱ་བཞག་ནས་གཏོང་དང་། ཨིན་གཞས་གཏོང་དང་། བོད་དོན་སྦྱར་ནས་གཏོང་དང་། རྒྱ་གཞས་གཏོང་དང་། བདེན་པ་དར་ནས་གཏོང་དང་། སྐད་འབོད་རྒྱོབས་དང་། བདེན་པ་བརྗོད་ནས་རྒྱོབས་དང་། སྐད་འབོད་རྒྱོབས་དང་། མ་དྲང་སྲང་ནས་རྒྱོབས་དང་། སྐད་འབོད་རྒྱོབས་དང་། བོད་དོན་གནད་ཐིག་རྒྱོབས་དང་། ངས་བོད་གཞས་གཏོང་མི་ཤེས་པ་མ་གཏོགས། ཤེས་ན་ངས་གཏོང་ས་རེད། གཞས་འདི་ཡང་གཏོང་ཤེས་མིན་ལྟ་བགྱི་ཡིན་ནོ། ལ་གཞས་སྙན་བྱུང་། ཐུགས་རྗེ་ཆེ་ལགས།
ཨ་མའི་བུ་ཁྱེད་ཀྱིས། སྐྱོ་ངག་དང་སྙིང་སྟོབས་ལས་གྲུབ་པའི་གཞས་ཤིག་བཏང་འདུག ཨ་མའི་བུ་ཁྱེད་ཀྱིས། ལ་རྒྱ་དང་ཕུགས་འདུན་གྱིས་གཏུམས་པའི་གཞས་ཤིས་བཏང་འདུག ཨ་མའི་བུ་ཁྱེད་ཀྱིས། གནད་འཁེལ་ལ་དུས་སྐབས་དང་མཐུན་པའི་གཞས་ཤིག་བཏང་འདུག ཐུགས་རྗེ་ཆེ་ཞུ།
བོད་ཀྱི་གླུ་བ་དང་གླུ་མ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཛ་དྲག་གི་དུས་ཚོར་ཁོང་ཚོས་དུས་ཚོད་ལ་དཔག་པའི་གཞས་དང་རྡུང་ལེན་ལེན་གྱི་ཡིན་པ་ཐག་གིས་ཆོད་ལ་སྐབས་དེར་ང་ཚོ་ཕྱི་ནང་གཉིས་ཀས་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་བྱེད་དགོས་ངེས་ཡིན།
གླུ་རང་གིས་ལེན་པ་བདེན་ན་ཡང་།། གླུ་འདི་ནི་བསམ་ཤེས་ཅན་གྱི་ངག། གླུ་འདིའི་གོ་དོན་བསམ་ཤེས་ན།། གླུ་ལེན་རྒྱུ་ཙམ་དུ་མ་ཟད་པར།། ངག་འཆལ་གཏམ་ཁ་ནས་མི་འདོན་པ།། ཁས་ལེན་དམ་བཅའི་ངང་ནས་ནི།། འདས་པོའི་མངོན་འདོན་བསྒྲུབ་རོགས་མཛོད།། །།
ཁ་བརྡ་ཚང་ལགས། ཐུགས་རྗེ་ཆེ།
ཟླ་བ་ལགས་མཆོག་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ།སེམས་ནང་སྐྱོ་སྣང་རང་དབང་མེད་པ་བྱིན་བྱུང་ད་བྱ་ཐབས་གང་བྱ་དགོས་སམ།། །།
མགོ་ལོག་གི་ཕོ་སར་སྟག་འདྲ་བོ། སྐད་ཡག་གི རྗེས་སུ་ཡི་རངས་ཡོད།
བོད་གངས་བཞུགས་གླུ་བ་ཕོ་མོ་ཚོ།
གླུ་མ་ལེན་ལོ་འཁོར་ངག་བཅད་བཞུགས།
ཐུགས་གྲུ་འཛིན་མགོན་པོ་སྒོམ་བཞིན་དུ།
ངག་མ་ཎི་ཡིག་དྲུག་དབྱངས་སུ་འདོན།
མེ་དམར་པོས་གཏུམས་པས་དཔའ་རྒོད་ཚོའི།
ཐུགས་བཞེད་དོན་རང་དབང་ཡོང་བ་དང་།
ཕ་གྲུ་འཛིན་མགོན་པོ་ཏ་ལར།
ཞལ་མྱུར་དུ་བྱོན་པའི་སྨོན་ལམ་ཐོབས།
མི་རིགས་ཀྱི་ལ་རྒྱའི་གླུ་བླངས་ན།
དགྲ་དམར་པོས་མུན་པའི་བཙོན་ལ་བཅུག
དགྲ་དམར་པོར་་བསྟོད་པའི་གླུ་ཚིག་ནི།
ཁྱོད་རྣམ་པས་ཞལ་ནས་དོན་དོག་མེད།
འགྲོ་ན་ནི་མི་དགའ་སྡད་ན་སྡུག
མོ་རྒན་གྱི་ལུང་བསྟན་ཇི་བཞིན་དུ།
ཁྱེད་རྣམ་པའི་སེམས་ཁམས་ཀྱི་གདུང་བ་རྣམས།
རི་ལྷུན་པོས་གནོན་ལས་ལྕི་བར་སེམས།
རྡ་ས་ནས་ཟས་མི་བཟའ་འདས་ལོར་མྱ་ངན་བྱེད་ཀི་ཡིན་ཟེར་གི
༄། ཨ་རི་ནས་ཨ་སྒོར་མི་བཙལ་འདས་ལོ་ལ་མྱ་ངན་བྱེད་ནི་ཟེར་གི
གླུ་རང་གི་ལེན་བཞིན་གཞན་ལ་མ་ལེན་ཟེར་།
བོད་གངས་ཅན་ཡུལ་གྱི་གླུ་པ་ཚོ།
གླུ་མ་ལེན་སྐད་འབོད་རྒྱག་ཏུ་འགྲོ
བོད་གཞས་གཏོང་དང་། ལ་རྒྱ་བཞག་ནས་གཏོང་དང་།
ཨིན་གཞས་གཏོང་དང་། བོད་དོན་སྦྱར་ནས་གཏོང་དང་།
རྒྱ་གཞས་གཏོང་དང་། བདེན་པ་དར་ནས་གཏོང་དང་།
སྐད་འབོད་རྒྱོབས་དང་། བདེན་པ་བརྗོད་ནས་རྒྱོབས་དང་།
སྐད་འབོད་རྒྱོབས་དང་། མ་དྲང་སྲང་ནས་རྒྱོབས་དང་།
སྐད་འབོད་རྒྱོབས་དང་། བོད་དོན་གནད་ཐིག་རྒྱོབས་དང་།
ངས་བོད་གཞས་གཏོང་མི་ཤེས་པ་མ་གཏོགས། ཤེས་ན་ངས་གཏོང་ས་རེད། གཞས་འདི་ཡང་གཏོང་ཤེས་མིན་ལྟ་བགྱི་ཡིན་ནོ། ལ་གཞས་སྙན་བྱུང་། ཐུགས་རྗེ་ཆེ་ལགས།
ཨ་མའི་བུ་ཁྱེད་ཀྱིས། སྐྱོ་ངག་དང་སྙིང་སྟོབས་ལས་གྲུབ་པའི་གཞས་ཤིག་བཏང་འདུག ཨ་མའི་བུ་ཁྱེད་ཀྱིས། ལ་རྒྱ་དང་ཕུགས་འདུན་གྱིས་གཏུམས་པའི་གཞས་ཤིས་བཏང་འདུག ཨ་མའི་བུ་ཁྱེད་ཀྱིས། གནད་འཁེལ་ལ་དུས་སྐབས་དང་མཐུན་པའི་གཞས་ཤིག་བཏང་འདུག ཐུགས་རྗེ་ཆེ་ཞུ།
བོད་ཀྱི་གླུ་བ་དང་གླུ་མ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཛ་དྲག་གི་དུས་ཚོར་ཁོང་ཚོས་དུས་ཚོད་ལ་དཔག་པའི་གཞས་དང་རྡུང་ལེན་ལེན་གྱི་ཡིན་པ་ཐག་གིས་ཆོད་ལ་སྐབས་དེར་ང་ཚོ་ཕྱི་ནང་གཉིས་ཀས་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་བྱེད་དགོས་ངེས་ཡིན།
གླུ་རང་གིས་ལེན་པ་བདེན་ན་ཡང་།།
གླུ་འདི་ནི་བསམ་ཤེས་ཅན་གྱི་ངག།
གླུ་འདིའི་གོ་དོན་བསམ་ཤེས་ན།།
གླུ་ལེན་རྒྱུ་ཙམ་དུ་མ་ཟད་པར།།
ངག་འཆལ་གཏམ་ཁ་ནས་མི་འདོན་པ།།
ཁས་ལེན་དམ་བཅའི་ངང་ནས་ནི།།
འདས་པོའི་མངོན་འདོན་བསྒྲུབ་རོགས་མཛོད།། །།