ཨོཾ་སྭ་སྟི། །
གདོད་མའི་མགོན་པོ་ཆོས་སྐུ་ཚེ་དཔག་མེད། །
ལོངས་སྤྱོད་རྫོགས་སྐུ་ཚེ་ལྷ་སྤྱན་བདུན་མ། །
འཇའ་ལུས་པད་འབྱུང་མནྡ་ར་ཝ་སོགས། །
རིག་འཛིན་ཚེ་ཡི་ལྷ་ཚོགས་དགོངས་སུ་གསོལ། །
ཀ་ལ་མ་ལྟར་དཀར་བའི་ལྷག་བསམ་ཅན། །
ཁ་བའི་ཟློས་གར་མཁན་པོ་ཚངས་དབྱངས་སྲས། །
ག་ས་གང་དུ་སྙན་པའི་དཔལ་འབར་བའི། །
ང་ཡི་ཁུ་བྱུག་སྔོན་མོ་སྐུ་ཚེ་བརྟན།
ཅ་དག་སྒྲ་སྙན་ཕྱག་རྒྱའི་རྟུལ་ཞུགས་ཅན།
ཆ་ལུགས་ཆོས་མཐུན་བོད་པའི་རྒྱན་ཆས་གསོལ། །
ཇ་རྩམ་རོལ་མཛད་བོད་རིགས་ལ་རྒྱ་ཅན། །
ཉ་གང་ཟླ་ལྟར་བདུད་བྷེ་སྐུ་ཚེ་བརྟན། །
ཏ་ཐྰ་ག་ཏའི་བསྟན་ལ་དད་གུས་ཆེ། །
ཐ་ཤལ་དམར་ཕྱོགས་གདོང་ལ་སྨ་འབེབས་ནུས། །
ད་ལྟའི་བོད་ཡུལ་ཞིང་ན་སྒྱུ་རྩལ་པ། །
ན་གཞོན་བདུད་བྷེ་རིན་ཆེན་སྐུ་ཚེ་བརྟན། །
པ་ལོ་མ་བྲེགས་རབ་བྱུང་ངེས་འབྱུང་ཅན། །
ཕ་མེས་རིག་གཞུང་སྤེལ་བའི་སྙིང་སྟོབས་ཅན། །
བ་གླང་རྒྱ་དམར་གཡོ་རྫུན་བསལ་ནུས་ཅན། །
མ་སྨད་གླུ་རྒྱལ་བདུད་བྷེ་སྐུ་ཚེ་བརྟན། །
ཙ་རི་དབུས་ནས་ཨ་མདོ་མགོ་ལོག་དང་། །
ཚ་བ་རོང་དང་མདོ་ཁམས་སྟོད་སྨད་ཀུན། །
ཛ་ཡའི་བསྟན་རྗེས་འཇུག་གངས་ཅན་དུ། །
ཝ་ལེར་སྙན་པའི་བདུད་བྷེ་སྐུ་ཚེ་བརྟན། །
ཞྭ་ལ་རིས་མེད་བླ་མའི་མགུར་དབྱངས་བླངས། །
ཟ་འཐུང་ཙམ་མིན་སྐད་རིགས་རྒྱུད་འཛིན་གནང་། །
འ་ཅག་གངས་ཅན་བོད་པའི་གླུ་རྒྱལ་མཆོག །
ཡ་རབས་འབྲོག་རྒོད་བདུད་བྷེ་སྐུ་ཚེ་བརྟན། །
ར་བ་གངས་དཀར་མཛེས་པའི་ཕ་ཁྱིམ་ནས། །
ལ་རྒྱའི་གླུ་དབྱངས་ལེན་མཁས་སྤྲུལ་པའི་སྐུ། །
ཤ་ཞེན་བདེན་པའི་རང་ཚུགས་མ་ཤོར་བར། །
ས་སྐྱོང་བསྟན་སྲིད་སྤེལ་མཛད་སྐུ་ཚེ་བརྟན། །
ཧ་ལམ་འཛམ་གླིང་ཁྱོན་འདིར་བོད་རིགས་ཀྱི། །
ཨ་མའི་བུ་ཁྱོད་མི་ཤེས་སུ་ཡང་དབེན། །
ཧ་ཅང་བློ་ཕམ་ཁྱེད་ཉིད་ན་བར་ཐོས། །
ཨ་ལགས་ང་ཡིས་རིང་འཚོས་སྨོན་ལམ་འདེབས། །
ཨ་ཏིའི་ཟབ་དོན་བརྒྱུད་པའི་བླ་མ་དང་། །
ཧ་ཤང་རྒན་པོ་དགྱེས་རྡོར་བདེན་ཚིག་གིས། །
ས་ཆེན་འཛིན་མའི་རྒྱན་གཅིག་གླུ་རྒྱལ་ཁྱོད། །
ཤ་ཁྲག་རུས་རྒྱུན་མ་ཆད་སྐུ་ཚེ་བརྟན། །
ལ་ལུང་སྟོང་ཕྲག་མང་པོས་བརྒལ་ན་ཡང་། །
ར་རུ་བསམ་པ་ཀུན་བྲལ་ཤྲྰིཿ་སྨྱོན་ངས། །
ཡ་མཚན་ལྡན་པའི་སྐྱེས་བུ་བདུད་བྷེ་ཁྱེད། །
འ་ཅག་གངས་ཅན་རྒྱན་དུ་བཞུགས་པར་བསྐུལ། །
ཟ་ཧོར་མཁན་སློབ་ཆོས་རྒྱལ་བཀའ་དྲིན་དང་གྱིས། །
ཞ་ལོང་མིན་པར་རིག་དང་ཞབས་སུ་ལྡན། །
ཝ་ལེར་མཁྱེན་པའི་ཤེས་རིག་དགའ་ཚལ་དུ། །
ཛ་ཡའི་བསྟན་པ་འཛིན་སྐྱོང་སྤེལ་བར་སྐུལ། །
ཚ་གྲང་ནད་ལས་མྱུར་དུ་ཐར་པའི་ཕྱིར། །
ཙ་ར་གནད་སྨིན་འབྱུང་བཞིའི་གནོད་པ་བྲལ། །
མ་ལུས་སྒོ་གསུམ་བདེ་ཐང་ལོངས་སྤྱོད་ཀུན། །
བ་གླང་འཇིག་རྟེན་དཔལ་དུ་ཡུན་འཚོ་ཤོག །
ཕ་མེས་རིག་གཞུང་དགའ་བའི་ཕོ་རྒོད་ཁྱོད། །
པ་ལོ་དུང་གི་མདོག་ཏུ་མ་སོང་བས། །
ན་གཞོན་སྙིང་ཁམས་ཆང་གིས་མ་བཟི་བར། །
ད་དུང་སྐུ་གཟུགས་འཕྲོད་རྟེན་ལེགས་གནང་མཛོད། །
ཐ་སྙད་ཚན་རྩལ་འདི་དག་དར་ཆེ་ནས། །
ཏ་ཐྰ་ག་ཏའི་བསྟན་པ་ཇེ་རྒྱས་རེད། །
ཉ་ཉོག་བསམ་མེད་ཡིན་ན་མ་གཏོགས་པར། །
ཇ་ཆང་ཁོ་ནས་འཚོ་བས་ཅི་ཞིག་བྱེད། །
ཆ་ལུགས་ཆོས་མཐུན་ཆིག་སྒྲིལ་མདུན་ལམ་དེ། །
ཅ་ཅོའི་ཚིག་ཙམ་མིན་པར་ལག་ལེན་མཁན། །
ང་ཡི་སྙིང་གྲོགས་གླུ་རྒྱལ་བདུད་བྷེ་ཁྱེད། །
ག་དུས་ཡིན་ཡང་རྣམ་པར་རྒྱལ་གྱུར་ཅིག །
ཁ་ཙམ་མིན་པར་སྙིང་གི་སྨོན་ལམ་འདིས། །
ཀ་དག་ཆོས་ཉིད་དགོངས་པ་མངོན་གྱུར་ནས། །
བསྟན་འགྲོའི་དོན་ཆེན་འབད་མེད་ལྷུན་གྲུབ་ཅིང་། །
འདི་ཕྱིའི་དོན་ཀུན་བཀྲ་ཤིས་བདེ་ལེགས་ཤོག །
ཅེས་པ་འདི་ཡང་རབ་རྒྱན་ཆུ་འབྲུག་ནག་ཟླའི་སྲིད་གསུམ་རྣམ་པར་རྒྱལ་བའི་དུས་ཚེས་ལ་ཉེ་བའི་སྐབས་སུ་གངས་ལྗོངས་ཁུ་བྱུག་སྔོན་མོ་ལ་འབྱུང་འདུས་འཁྲུག་པའི་གསར་འགྱུར་མཐོང་མ་ཐག་རྒྱལ་ཁམས་པ་ཤྲྰི་སྨྱོན་པས་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་གསོལ་བ་འདེབས་པ་དགེའོ། ། ཤྲྰིཿསརྦ་ལོ་ཀ་བི་ཛ་ཡནྟུ། །
དཀའ་ལས་བརྒྱབ་ནས་བྲིས་ཡོད་ས་རེད། ཡིན་ནའང་(ཉ་གང་ཟླ་ལྟར་བདུད་བྷེ་སྐུ་ཚེ་བརྟན། །)ཟེར་བའི་མཚམས་ནས་ཀློག་ཐུབ་མ་སོང་། རྟེན་འབྲེལ་འཁྲུགས་སོང་།
ཀ་རྩོམ་འབྲི་ལ་སྐུ་ངལ་བསྐྱོན་པས་མཐུས། །ཁ་མིན་དོན་གྱི་སྨོན་པ་འགྲུབ་གྱུར་ཅིག །ག་ལེར་མ་ཡིན་མྱུར་དུ་ནད་ལས་གྲོལ། །ང་ཅག་བོད་པའི་བདེ་སྡུག་གླུ་རུ་གྱེར། །
ཀ་རྩོམ་ཁ་དག་དཀར་པོའི་བདེན་མཐུ་ཡིས་། ཁ་བའི་ལྗོངས་གི་ཁུ་ཕྱུག་སྔོན་མོ་ཁྱོད་།
ག་རུ་གནས་ཀྱང་བར་ཆད་མྱུར་ཞི་ནས་། ང་ཚོའི་བདེན་པ་སླར་ཡང་གླུ་རུ་ལོངས་།
ཨ་སྟོན་སྐྱེ་མེད་རྟོགས་པའི་བླ་མ་རྗེས།། ཧ་ཅང་ནད་ཀྱིས་གདུངས་བའི་བདུད་བྷེ་ཁོང་།།
ས་སྟེང་ཡུན་དུ་འཚོ་བའི་བྱིན་རླབས་ཀྱི།། ཤ་ཚ་ཐུགས་རྗེ་རྒྱང་རིང་ཡུལ་ནས་གཟིགས།།
ཀྭ་ཡེ་གླུ་བ་བདུད་བྷེ།། ཁ་བ་ཅན་གྱི་ས་རུ།།
ག་ས་ག་རུ་གྲགས་པ།། ང་ཡི་སེམས་ན་ཡོད་ངེས།།
གདུ་བྷེའི་རྡུང་ལེན།
ཚིག་སྤྲོས་པ།
ང་ནི་བོད་ཀྱི་བུ་ཡིན།།
བོད་ལ་དགའ་བའི་བུ་ཡིན།།
ང་ནི་བོད་ཀྱི་བུ་ཡིན།།
བོད་སྐད་ཤེས་བའི་བུ་ཡིན།།
གོང་དུ་འགོད་ནོར་ཤོར།
གངས་ལྗོངས་ཁུ་བྱུག་སྔོན་མོའི་རྡུང་ལེན།
ང་ནི་བོད་ཀྱི་བུ་ཡིན།།
བོད་ལ་དགའ་བའི་བུ་ཡིན།།
ང་ནི་བོད་ཀྱི་བུ་ཡིན།།
བོད་ལ་བྱམས་པའི་བུ་ཡིན།།
ཁྱོད་ཀྱང་བོད་ཀྱི་རིགས་ཡིན།།
ཤ་རུས་གཅིག་པའི་གཉེན་ཡིན།།
རང་རིགས་རང་གིས་མ་སྨོད།།
བོད་ལ་བརྩེ་སེམས་མ་བརྗེད།།
ང་ནི་བོད་ཀྱི་བུ་ཡིན།།
བོད་སྐད་ཤེས་པའི་བུ་ཡིན།།
ང་ནི་བོད་ཀྱི་བུ་ཡིན།།
ཕ་སྐད་ཤེས་པའི་བུ་ཡིན།།
ཁྱེད་ཀྱང་བོད་ཀྱི་རིགས་ཡིན།།
ཤ་རུས་གཅིག་བའི་གཉེན་ཡིན།།
ཕ་མེས་སྐད་ཡིག་མ་སྨོད།།
རང་སྐད་རང་གིས་མ་བརྗེད།།
ང་ནི་བོད་ཀྱི་བུ་ཡིན།།
ལ་རྒྱ་ཅན་གྱི་བུ་ཡིན།།
ང་ནི་བོད་ཀྱི་བུ་ཡིན།།
རྣ་མགྱོག་ཅན་གྱི་བུ་ཡིན།།
ཁྱོད་ཀྱང་བོད་ཀྱི་རིགས་ཡིན།།
ཤ་རུས་གཅིག་པའི་གཉེན་ཡིན།།
ཁྲེལ་དང་ངོ་ཚ་ཡོད་ན།།
བོད་མིའི་ལ་རྒྱ་མ་བརྗེད།།
ཞབས་བརྟན་གསོལ་འདེབས་ཟེར་བའི་ཐ་སྙད་དེའི་རིན་ཐང་ཅེ་ཆུང་སུ་བསྒྱུར་གྱི་འདུག་གོ
ང་ཡི་སྙིང་གྲོགས་གླུ་རྒྱལ་བདུད་བྷེ་ཁྱེད། །ཅེས་པའི་ནང་གི་བདུད་བྷེ་ཡི་དོན་ཅི་ཡིན་ནམ། ལེགས་སྐད་དང་བོད་སྐད་འདྲེས་མ་ཞིག་ཡིན་ནམ། དེ་ལྟར་ཡིན་ན་ལེགས། བྷེ་ཞེས་པ་དེ་བྷེ་ད་ན་སྟེ། འཇོམས་བྱེད། བདུད་འཇོམས། མིང་དོན་མཚུངས་པ་ཞིག་གི་དཔའ་བོར་གྱུར་ཅེས་སྨོན་ནོ།།
ཀ་མད་འབྲི་འདེད་ཡག་པོ་མི་ཤེས་རུང་།
ཁ་ལེ་རླུང་རྟ་མདོ་སྨད་ཡོངས་ལ་ཁྱབ།
ག་ས་གང་དུ་ར་བཟི་ཉོག་གཏམ་པ།
ང་ཡི་གླུ་བ་བདུད་འདུལ་སྙུན་དྭངས་ཤོག །།
བོད་པ་རྣམས་ལ་ཚེ་འདི་ཕྱིའི་སྐྱབ་གནས་མང་དུ་མཆིས་ཀྱང་ད་ལྟ་གླུ་བ་བདུད་བྷེ་མཁལ་མནར་གྱིས་དེད་དུས་རྒྱ་ཡི་སྨན་པ་མ་གཏོགས་བོད་རིགས་སྨན་པ་རེ་ས་མེད་པ་ནི་བོད་མི་རྣམས་ནི་དེང་དུས་ཀྱི་ལག་རྩལ་རྗེས་ལུས་ཡིན་པའི་དཔང་རྟགས་ཡིན་པས་སེམས་པ་ཧ་ཅང་སྐྱོ། འུ་ཐུག་དུས་དགྲ་བོ་ཡིན་ཡང་རེ་བཅོལ་མི་བྱེད་ཐབས་མེད་རེད།
སྤྲུལ་དབང་ཆེན་གྱིས་རང་བཞིན་གྱི་རྒྱན་གི་སྒང་ལ་བཞག་ཐུབ་འདུག་གོ་
ད་དུང་སྐུ་གཟུགས་འཕྲོད་རྟེན་ལེགས་གནང་མཛོད། །ཚིགས་བཅད་ནང་གི་འཕྲོད་རྟེན་འདི། འཕྲོད་བསྟེན་དུ་འབྲི་དགོས་སྙམ་ལགས།
མཁན་པོ་ཉི་མས་རྡུང་ལེན་གྱི་གླུ་ཚིག་ཡོངས་རྫོགས་བྲིས་པ་བཀའ་དྲིན་ཆེ། ཚིག་འདི་དག་མཁན་པོ་སྤྲོས་པས་བརྩམས་གནང་ཡིན་པ་རེད་འདུག རྡུང་ལེན་པ་གདུ་བྷེ་འདིས་རང་རྩོམ་ཡང་མང་པོ་ཞིག་ཡོད་པ་དང་། བླ་ཆེན་ཁག་གི་གསུང་ཡང་ལན་གཉིས་གསུམ་གྱིས་ཐུགས་ལ་ཤར་རེ་འདོན་ཐུབ་པའི་རྣམ་དཔྱོད་ཅན་ཞིག་ཡིན་པ་དང་ཟེར་སྡེར་བརྒྱ་ཕྲག་ཡོད་པ་ཡོངས་གྲགས་རེད། དེས་ན་གོང་གི་ཟུར་ཟ་མཁན་ཚོས་སོ་སོར་རྣམ་དཔྱོད་ལ་ཐུགས་བསམ་དང་རང་རྩོམ་ཚོ་ལ་ཐུགས་བཞེས་གནང་དགོས་པར་འདུག་གོ་སྙམ་མོ།
ཀ་རྩོམ་བྱིན་རླབས་འབར་བའི་སྨོན་ཚིག་དང་།།ཁ་ནས་བདུད་བྷེར་བསྟོད་པའི་སྙན་ཚིག་སོགས།།
ག་ས་གང་དུ་བྲིས་པ་བདེན་གཏམ་དངོས།།ང་ཡི་གླུ་བ་བདུད་བྷེ་དྭངས་གྱུར་ཅིག།
ཁྱོད་ཚོར་ཁོའི་ཕྱོགས་ནས་སྐད་ཆ་གསར་པ་རེ་མེད་དམ།
སེང་དཀར་མོ་ལྟ་བུའི་སྙིང་སྟོབས་གཅིག
གཡག་རོག་པོ་ལྟ་བུའི་རང་གཤིས་གཉིས།
བྱ་ཁུ་བྱུག་ལྟ་བུའི་སྐད་ངག་གསུམ།
ལས་ལ་རྒྱ་འཛོམས་པ་ཁྱོད་འདྲ་དཀོན།
སྟག་དམར་ཡག་ལྟ་བུའི་བློ་ཁོག་གཅིག
གླག་རོག་མོ་ལྟ་བུའི་ལྡེམ་མྱུར་གཉིས།
གཡང་ལུ་གུ་ལྟ་བུའི་ངང་རྒྱུད་གསུམ།
ལས་ལ་རྒྱ་འཛོམས་པ་ཁྱོད་འདྲ་དཀོན།
ལ་དྭགས་བློ་བཟང་འཇམ་དཔལ་ལགས་བདུད་བྷེ་ནི་བསྡུས་མིང་རེད། ཁོའི་མིང་ཆ་ཚང་ལ་བདུད་འདུལ་རྡོ་རྗེ་ཟེར། དེས་ན་ཁྱེད་ཀྱིས་འགྲེལ་ཚུལ་དང་ཆ་མཚུངས་མི་འདུག་གམ། ཀླུ་སྨྱོན་སོགས་ལ་ཞུ་རྒྱུར། དེང་སང་ཁོང་གི་ནད་ཅུང་ཇེ་བཟང་དུ་ཕྱིན་འདུག་ཟེར། ང་དང་ངའི་གྲོགས་པོ་འགས་ཁོང་ལ་ཁ་པར་བཏང་སྟེ་ཁམས་འདྲི་བྱས་ཡིན།
ཉེ་ཆར་བོད་ནང་ནས་ཁ་པར་རྒྱུད་ནས་གདུ་བྷེ་ནི་སྐུ་སྙུང་གཞི་དེ་ཇེ་དྭངས་ཡིན་པར་བཤད་ཀི །
http://www.youtube.com/watch?v=EWICLnyIzPA&feature=related