སྤོབས་པ་མཐའ་ཡས།
དེང་སང་ནུབ་ཕྱོགས་ཀྱི་སངས་རྒྱས་པ་ཚོས་བོད་ཀྱི་ནང་བསྟན་པའི་རོལ་ཆའི་བྱེ་བྲག་གླུ་ལེན་ཕོར་བ་Singing Bowlཞེས་པ་ཞིག་བེད་སྤྱོད་བྱེད་སྲོལ་ཆེན་པོ་འདུག འདི་ཡང་སྙིང་ཅི་ཞིག་རེད། ང་ཚོའི་འདོན་ཆོག་ཚོ་དང་ལྷན་སྦྱར་དུ་ཡོད་པའི་འབུད་རྡུང་དཀྲོལ་གསུམ་གྱི་རྣམ་བཞག་གང་ན་ཡང་གླུ་ལེན་ཕོར་བ་ཞེས་པ་ཞིག་མཐོང་མ་མྱོང་། སངས་རྒྱས་པའི་དད་ལྡན་ཡིན་ཟེར་མཁན་ཕྱི་མི་ཞིག་གི་ཁྱིམ་གྱི་མཆོད་སྒམ་སྟེང་ན་གླུ་ལེན་ཕོར་བ་ཆེ་ཆུང་མང་པོ་ཞིག་བཤམ་འདུག ང་ཁོའི་ནང་དུ་སླེབས་སྐབས་ཁོས་གླུ་ལེན་ཕོར་བ་དེ་ཚོ་མར་བླངས་ནས་ངའི་ལག་ཏུ་བཞག་ནས་རྡུང་དུ་འཇུག ངས་གླུ་ལེན་ཕོར་བ་ཡིན་ནམ་དེ་རྡུང་མི་ཤེས། གླུ་ལེན་ཕོར་བ་རྡུང་དགོས་ན་ང་ལས་ཁོ་རང་དྲག ཉེ་་སྔོན་གྲྭ་ལོག་ཅིག་གིས་གླུ་ལེན་ཕོར་བའི་ཟབ་སྦྱོང་ཟེར་བ་ཞིག་སྤྲད་སྐབས་ཁོ་རང་ཟབ་སྦྱོང་ལ་ཡང་ཞུགས་སོང་།
ངས་མི་ཁ་ཤས་ཤིག་ལ་གླུ་ལེན་ཕོར་བའི་སྐོར་དེ་སྐད་ཆ་རེ་དྲིས། མི་ལ་ལས་ནི་རོལ་ཆ་དེ་ནད་དྲག་སྤྱད་དུ་བེད་སྤྱོད་བྱེད་པ་རེད་ཟེར། ལ་ལས་སེམས་རྩེ་གཅིག་ཏུ་གནས་ཐབས་སུ་སྒོམ་གྱི་སྐབས་སུ་བེད་སྤྱད་པ་རེད་ཟེར། ལ་ལས་སྣང་བ་སྤྲོ་བོ་ཡོང་ཆེད་དུ་སྤྱོད་པའི་རོལ་ཆ་ཞིག་རེད་ཟེར། ལ་ལས་ནི་སངས་རྒྱས་ཀྱིས་ཕྱག་ཏུ་བསྣམས་ཡོད་པའི་ལྷུང་བཟེད་དེ་རོལ་ཆ་ལྟ་བུར་བེད་སྤྱད་པ་རེད་ཟེར། དོན་དམ་པར་ཁོ་རང་ཚོས་ནི་དེ་བོད་བརྒྱུད་ནང་བསྟན་གྱི་རོལ་ཆ་འཁྲུལ་མེད་ཅིག་ཡིན་པར་རློམ་འདུག གང་ལྟར་ཁོ་རང་ཚོས་དགའ་མོས་ཆེན་པོ་བྱེད་བཞིན་ཡོད་སྟབས་འདི་ལ་སྐྱོན་བརྗོད་སོགས་མི་དགོས་མོད་འདིའི་འབྱུང་ཁུངས་དེ་ཤེས་འདོད་བྱུང་།
གླུ་ལེན་ཕོར་བ་རྡུང་སྤྱད་ཀྱི་ཤིང་དུམ་དེ་དམ་ལྷོད་རན་པོས་གླུ་ལེན་ཕོར་བའི་མཐའ་ཁ་ནས་དྲུད་དེ་བསྐོར་སྐབས་དངོས་གནས་སྒྲ་སྙན་སེང་ངེ་བ། འགྱུར་ཁུགས་དང་ལྡན་པ། དྭངས་ལ་བར་མ་ཆད་པ་ཞིག་འབྱིན་པ་དེས་སེམས་ལ་ལྷོད་ཆགས་ཀྱི་ཚོར་བ་སྟེར་བའི་སྣང་བ་ཞིག་ཀྱང་བྱུང་། གླུ་ལེན་ཕོར་བ་འདི་ང་བལ་ཡུལ་དུ་སླེབས་སྐབས་ཤིག་ནས་མགོ་ཚུགས་ཏེ་ཐེངས་མང་པོར་མཐོང་། ཡིན་ན་ཡང་འདིའི་འབྱུང་ཁུངས་ནི་གཏན་ནས་མ་ཤེས། ཁྱེད་རྣམ་པས་ཀྱང་གླུ་ལེན་ཕོར་བ་ཏན་ཏན་མཐོང་ཡོད་ངེས་ཡིན། འདིའི་འབྱུང་ཁུངས་ཤེས་མཁན་ཡོད་ན་གསུངས་རོགས། འདིའི་སྐོར་ལ་བསམ་ཚུལ་གང་ཡོད་ཀྱང་གསུངས་རོགས།
ང་ལ་ཡང་འདི་སྐོར་འདྲི་མཁན་མང་པོ་བྱུང་། ངས་ནི་བོད་ཡུལ་རྒྱ་ཆེ་བས་ཡུལ་སྲོལ་གོམས་གཤིས་ཚང་མ་ནི་མི་ཤེས། ས་གནས་ཁོལ་བུ་རེར་བྱུང་བའི་རོལ་ཆས་ཤིག་ཡིན་ནམ། གཞན་ང་ལ་རྒྱུས་མེད་ཞུས་པ་ཡིན། རྒྱུས་ཡོད་མཁན་བྱུང་འགྲེལ་བཤད་ཞུ་ཞུ་རོགས། །
འདིའི་འབྱུང་ཁུངས་ལྟེ་བ་དེ་ནི་འཇར་པན་རེད། ཁོ་ཚོའི་དབྱངས་ཕོར་དེ་ནི་ཞབས་འཇོང་འཇོང་ལྷུང་བཟེད་ཀྱི་རྣམ་པར་ཡོད་པ་ཞིག་རེད་ལ། དེང་སང་གི་དབྱངས་ཕོར་ལས་སྤུས་ཀ་ལེགས་ཤོས་དེ་ཡང་འཇར་པན་པ་ཚོས་བཟོས་པ་དེ་རེད། ཐོག་མའི་འབྱུང་ཁུངས་ནི་རྒྱ་ནག་སོགས་སུ་ཡོད་པའི་ཅོང་ཆེན་པོ་དེ་འདྲའི་ཁ་གྱེན་དུ་བསླངས་པའི་ཅོང་དེ་འདྲ་བཟོས་ཤིང་། རྗེས་སུ་དེའི་བཟོ་ལྟ་ཆུང་དུ་བཏང་སྟེ་ད་ལྟའི་དབྱངས་ཕོར་འདི་གྲུབ་པ་ཞིག་ལོས་ཡིན་འདོད། འཇར་པན་གྱི་ལྷ་ཁང་དེ་ཚོའི་ནང་དུ་དབྱངས་ཕོར་ཆེ་ཐག་ཆོད་དེ་འདྲ་ཡོད་པ་གློག་བརྙན་དག་ལས་མཐོང་རྒྱུ་འདུག དབྱངས་ཕོར་རྡུང་སྟངས་རིགས་གཉིས་ཡོད་པ་སྟེ། དབྱངས་རྒྱུགས་ཀྱིས་དབྱངས་ཕོར་ལ་ཐུག་ཙམ་གཞུ་བ་དེ་དང་། ཡང་ནུབ་ཕྱོགས་པ་ཚོའི་ཡིད་དབང་འཕྲོག་པའི་རྡུང་སྟངས་དེ་ནི་དབྱངས་རྒྱུགས་ཀྱིས་དབྱངས་ཕོར་གྱི་ཕྱི་རོལ་ཏུ་གཏུགས་ཏེ་སྐོར་བ་ཁ་ཤས་ཤིག་རྒྱག་བཞིན་བསྡད་ན། དབྱངས་ཕོར་ལས་ཝང་ཝང་ཞེས་པའི་དབྱངས་སྙན་མོ་ཞིག་རིམ་བཞིན་ཆེ་ནས་ཆེ་རུ་འགྲོ་རྒྱུ་འདུག དེ་ནས་དབྱངས་རྒྱུགས་དབྱངས་ཕོར་ལས་ཁ་ཕྲལ་ཏེ་བཞག་ན་དབྱངས་ཕོར་ལས་རྒྱུན་མི་ཆད་པར་དབྱངས་སྙན་མོ་དེ་མཆེད་ཡོང་ལ། ད་དུང་ཚོང་བ་མགོ་བདེ་བོ་ཚོས་དེ་དུས་དབྱངས་ཕོར་ལ་ཁ་གཏད་དེ་ཁ་གདངས་བཙུམ་བྱས་ཚེ་དབྱངས་ཕོར་གྱི་སྒྲ་རླབས་ལས་ཝ་ཝོ་ཝ་ཝོ་ཞེས་པའི་སྒྲ་བྲག་ཅ་ལྟ་བུ་ཞིག་ཀྱང་རྣ་ལམ་དུ་ལྷུང་ཡོང་བས། དེ་རང་གིས་མགྲོན་པོ་ཚོའི་ཉོ་འདོད་ཀྱི་རྒྱུ་མ་འགུལ་ཡོང་གིན་འདུག དེ་བས་དབྱངས་ཕོར་ཉོ་ན་འཇར་པན་ནས་བཟོས་པའི་རྒྱུ་ཆ་ལི་ཡིན་པ་དེ་ཉོས་དང་ཧ་ཅང་བཟང་། བལ་ཡུལ་སོགས་སུ་བཟོས་པ་མང་ཤོས་ཀྱི་རྒྱུ་ཆ་ཟངས་ཡིན་པས་དབྱངས་སྙན་མོ་དེ་ཙམ་མི་འབྱུང་། ལི་ནི་ལྕགས་རིགས་སྤུས་ཀ་ལེགས་ཤིང་ཚགས་དམ་པ་ཞིག་ཡིན་པས་ལི་ལས་གྲུབ་པའི་དབྱངས་ཕོར་ཉོས་ན་ལེགས།
དྲ་གྲོགས་སྤོབས་པ་ལགས་ཀྱིས་དེ་རིང་ཡང་དཔྱད་གཞི་ཆུང་ཆུང་ཞིག་ཁུར་ནས་སླེབས་སོང་། ཕོར་པ་འདི་བལ་ཡུལ་ནས་ཐོག་མར་མཐོང་བྱུང་། ཕྱི་གླིང་པའི་སྔོན་དུ་དབྱུགས་པ་དེས་ཕྱི་ལོག་ནས་དྲུད་ཀྱིན་རྣ་བར་གཏད། ཡང་ཡང་དྲུད་ཀྱིན་རྣ་བར་གཏད། དེ་ནས་རྒྱུགས་པ་དེས་དཀྱིལ་དང་མཐའ་སོགས་རེས་མོས་བྱེད་ནས་དྲུད་ཅིང་ཉན། དེ་ལྟར་སྒྲགས་འཚོང་གིན་ཡོད་པ་མཐོང་། འདིའི་སྐོར་ལ་བསམ་གཞིག་ཨེན་ཙམ་བྱས་པ་འདི་ལྟར། ཨོ་འདི་ཕོར་པ་ཞིག་ག་འདྲ་བྱས་ནས་སྐད་ལ་ཉན་པ་ཡིན་ན་བསམ། འོ་རེད། ཕོར་པའི་སྐད་ལ་ཉན་པ་དེ་ཕོར་པའི་རྒྱུ་ཡག་བཙོག་ལྟ་བ་རེད། སྒྲ་སྙན་པའི་ཆེད་དུ་མ་རེད། ང་ཚོའི་ཡུལ་དུ་དྲིལ་བུའི་རྒྱུ་བཟང་ངན་ལ་བརྟག་སྐབས་ནང་དུ་དྲིལ་ལྕེས་དྲུད་ནས་སྐད་ལ་ཉན། འདི་ལ་དྲིལ་ལྕེ་ལྟ་བུ་མེད་པས་རྒྱུགས་པ་ཞིག་ཐང་ནས་བླངས་ཏེ་དྲུད། དེ་ནས་ཚོང་པ་ཚོས་འདི་སྐད་ཅེས། འདི་ནི་རྒྱུ་ལི་ལས་གྲུབ་པ་རེད། མི་བདེན་ན་ཉོན། རྒྱུགས་པ་དེས་ཡང་ཡང་དྲུད་ནས་རྒྱུ་བཟང་བའི་ཁྱབ་སྒྲགས་བྱས། མིག་སྔོན་མགོ་དམར་དེའི་ལག་པར་གཏད། ཁོ་རང་ལ་རྒྱུགས་པ་དེས་དྲུད་བཅུག་ནས་ཉན། ཁོ་ན་རེ། འདི་མིང་ག་རེད། ལྷུང་གཟེད། ག་རེ་ག་རེ། མིག་ལྗང་གྲུང་ངེར་ཉན། ཡང་ཚོང་པས། ལྷུང་གཟེད་མ་ཤེས་ན། དགེ་འདུན་པའི་ཕོར་པ། ཡཡ། ནང་དོན་ག་རེ་ག་རེ། ཚོང་པས་རོབ་བསྒྱུར་བྱས་ནས་དགེ་འདུན་ཕོར་པ། Sanga Bowlཞེས་བྲིས། རྗེས་སུ་དགེ་འདུན་པའི་ཕོར་པ་ཡིན་ས་མ་རེད། དགེ་འདུན་པས་སྤྱད་པ་མཐོང་རྒྱུ་ཡང་མེད། ང་ཚོ་ནོར་འདུག འདི་ལ་སྐད་སྙན་མོ་ཞིག་འདུག་པས་Singing Bowl ཞེས་པར་འགྱུར་བཅོས་བྱས། ཏག་ཏག་རེད། རིམ་བཞིན་ཡིག་ཐོག་དང་དྲ་ཐོག་དང་། ཚིག་མཛོད་སོགས་སུ་གྱར། དེ་ནས་ཚོང་པས་ཕོར་པ་བཙོང་བའི་ཚེ་རྒྱུ་བཟང་ངན་ལྟ་བྱེད་རེའང་བཙོང་དགོས་བྱུང་། དེ་ནས་མགོ་དམར་ཚོས་རྒྱུགས་པས་དྲུད་བཞིན་པ་དེ་གོ་བ་གཞན་ཞིག་བླངས་ནས་དེ་རིང་ང་ཚོའང་མགོ་འཐུམ་བཅུག རིག་རྒོད་སྤོབས་པ་མཐའ་ཡས་ཀྱང་མགོ་འཐུམ་བཅུག ཧཧཧ། འདི་ནི་ངའི་བསམ་ཚུལ་ཡིན། Singing Bowl +གླུ་ལེན་ཕོར་པ། +Sanga Bowl +དགེ་འདུན་ཕོར་པ།= ལྷུང་གཟེད།
ང་ལ་ངོ་ཤེས་ཨ་རིའི་སྐྱེས་སྨན་མེ་བཙའ་དང་སྐམ་ཁབ་རྒྱག་མཁན་ཞིག་ཡོད། མོས་ཉེ་སྔོན་རྡོ་ཀ་མ་རུ་ལྟ་བུའི་རྡོ་རིགས་ལས་བཟོས་པའི་དབྱངས་ཕོར་གསུམ་ཉོས་འདུག་ལ། ངེད་གཉིས་མཚོ་འགྲམ་དང་རི་རྩེ་དེ་འདྲ་སོང་ནས་ལུས་རྩལ་རྩེད་ཞོར་དབྱངས་ཕོར་དེ་འདྲུད་རྡུང་བྱེད་བཞིན་ཡོད་ཅིང་། རྡོ་ཕོར་དེ་ལས་ལི་ཕོར་དང་ཅུང་མི་འདྲ་བའི་དབྱངས་ལྕི་ཞིང་རིང་བ་ཞིག་འབྱིན་བཞིན་འདུག སྐབས་འདིར་རང་སེམས་དང་གདངས་རིང་བའི་དབྱངས་དེ་གཉིས་གཞི་གཅིག་ཏུ་བསྲེས་ནས་སྒོམ་ལྟ་བུ་རེ་བརྒྱབ་ན་སེམས་ངལ་གསོ་བར་ཕན་ཐོགས་ཤིག་ཏན་ཏན་འདུག མང་པོ་ཞིག་གིས་འདི་བོད་ནས་ཡོང་ཤག་བྱེད་བཞིན་འདུག་ཀྱང་འདིའི་མགོ་ཁུངས་ངོ་མ་དེ་བོད་དང་རྒྱ་ནག་གི་གནའ་སྔ་མོའི་ཅོང་ཆེ་ཆུང་དེ་རིགས་ལོས་ཡིན་སྙམ། གང་ལྟར་ངས་འདི་ལ་དབྱངས་ཕོར་ཞེས་དེ་རིང་བཏགས་པ་ཡིན།
དབྱངས་ཕོར་ཞེས་པ་འདི་ཡི་འབྱུང་ཁུངས་སྐོར་ལ་ཁོ་བོ་ཆ་རྒྱུས་མེད་མོད། ཕལ་ཆེར་གོང་དུ་འཇའ་པན་དང་། རྒྱ་ནག་གི་ཡུལ་ནས་དར་བ་རེད་ཟེར་བ་སོགས་བརྗོད་བཞིན་འདུག་ཟེར་བ་ལྟར་ཡིན་སྲིད། ཡིན་ན་ཡང་། ཁོ་བོ་ལ་ནང་ཆོས་དོན་གཉེར་ཡོད་མཁན་གྱི་མགོ་སེར་གཅིག་ཡོད་པ་དེས་ཉིན་གཅིག་བོད་ཀྱི་ཕོར་པ་གང་དུ་རག་གི་རེད་ཟེར་བྲིས་སོང་། འདི་ནི་ཁོ་བོ་ལ་མཚོན་ན་ཐ་སྙད་འདི་གོ་བ་ཐོག་མ་ཡིན། ངས་བསམས་པར་གྲྭ་བའི་ཚོགས་ཕོར་ལ་ཟེར་གྱི་ཡོད་ཤགས་བྱེད་ནས་འདི་ནི་གཙོ་བོ་རྒྱ་གར་བྱང་ཕྱོགས་ནས་རག་གི་རེད་ཟེར་ནས་ལན་བཏབ་པ་ཡིན། ཡིན་ན་ཡང་སྟབས་ཡག་ནས་ཁོང་ལ་རག་ཐབས་བྱེད་རོགས་ལབ་མ་སོང་། རྗེས་སུ་ཁོ་བོ་དྷ་ས་ལ་ལས་དོན་ཞིག་གི་ཆེད་དུ་ཕྱིན་པ་ན་དབྱངས་ཕོར་དེ་ཤེས་རྟོགས་ཐུབ་པ་བྱུང་། དྲང་པོར་བཤད་ན་དབྱངས་ཕོར་དེ་ལྟ་བུ་ནི་ང་ཚོ་མི་རབས་རྒན་པ་ལ་གོ་མྱོང་མིན་འདུག ད་འོ་ན་བོད་ཀྱི་དབྱངས་ཕོར་ཞེས་པའི་ཐ་སྙད་དེ་གང་འདྲ་སེ་བྱུང་བ་ཡིན་ནམ། དབྱིན་ཇི་མགོ་སེར་ར་དེ་ཚོའི་བློ་ལ་གང་འདྲ་སེ་འཇགས་པ་ཡིན་ནམ། ད་ལྟ་བསམ་བློ་བཏང་བ་ན་ཕལ་ཆེར་ཕྱི་རྒྱལ་ལ་ཡོད་པའི་ཆོས་ཚོགས་ཀྱི་བླ་ཆེན་ཁག་གི་བླ་མ་རྣམས་ཀྱིས་འགྲེལ་བཤད་དེ་ལྟར་རྒྱག་གི་མེད་དམ་སྙམ། ངའི་གྲོགས་པོ་ཁོང་ནི་སྦེལ་ཇྷམ་ཡུལ་གྱི་བཀའ་རྒྱུད་པའི་ཆོས་ཚོགས་ཞིག་གི་ནང་དུ་ནང་ཆོས་སྦྱང་མྱོང་མཁན་ཞིག་རེད།
གླུ་ལེན་ཕོར་པ། ཞེས་པའི་མིང་གསར་དེའི་སྐོར་དཔྱད་ཞིབ་གནང་བར་མཚར་ཡང་མཚར་ལ་དགོད་ཡང་བྲོ་པོ་འདུག།
དྲ་གྲོགས་ཚོས་གསུངས་བབས་ལ་ཞིབ་ན་ལི་སྡེར་དེར་གླུ་ལེན་ཕོར་པ་དང་དབྱངས་ཕོ་སོགས་ཐ་སྙད་འདྲ་མིན་ཐོག་ནས་ནང་ཆོས་ཀྱི་མཆོད་རྫས་རོལ་ཆའི་རིགས་སུ་གྱུར་ཚུལ་སྐོར་གསུངས་འདུག་ཀྱང་།
དོན་དངོས་ཐོག་དེའི་བྱུང་རིམས་ཁ་གསལ་ཞིག་སུས་ཀྱང་གསུངས་མི་འདུག། དགོད་བྲོ་བ་ཞིག་ནི་གླུ་ལེན་ཕོར་པའི་སྐོར་ཟབ་སྦྱོང་སྤྲོད་ཚུལ་དེ་གོ་དུས་བོད་པ་ཚང་གིས་ནང་ཆོས་ཀྱི་ཟློས་གར་ཁྲབ་སྟངས་དེ་རེད། ཐུགས་བསམ་ཡག་བཞེས་དང་། དེ་སྙན་པོ་ཞེ་དྲག་མི་འདུག་གམ།
མཚར་ཡང་མཚར་བ་ནི། གླུ་ལེན་ཕོ་པ། དབྱངས་ཕོ། དབྱངས་རྒྱུགས། ཞེས་པ་དེ་ཚོ་རེད། རྗེས་མར་དབྱངས་རྡོ་དང་དབྱངས་ཤིང་། དབྱངས་ལྕག། དབྱངས་ཟང་། དབྱངས་རག། སོགས་དབྱངས་ཀྱི་ཐ་སྙད་གྲངས་མེད་ཞིག་ཡོང་གཞི་འདུག་གསུངས་འདུག། ཧཧཧཧཧ
དེ་བཞིན་ཀླུ་སྨྱོན་གྱིས་ལི་ནི་ཚགས་དམ་པའིལྕག་རིགས་སྤུས་ཀ་ལེགས་པ་ཞིག་ཡིན་ཚུལ་གསུངས་པ་དེ་ཡང་དོན་དུ་མི་གནས། ལི་ནི་རག་དང་ཁྲོ་ལྕགས་སོགས་བསྲེས་ནས་བཞུ་བས་ཚགས་མི་དམ་པས་སྣ་ཤིན་ཏུ་ཐུང་བའི་ལྕགས་རིགས་ཞིག་རེད།
སྦུབ་ཆལ་དང་སིལ་སྙན། ཏིང་ཤགས་དངདྲིལ་བུ་སོགས་སྒྲ་ལྡན་རོལ་མོའི་རྒྱུ་ཆར་མཆོག་ཏུ་གྱུར་པ་ཞིག་ཀྱང་ཡིན། གནའ་བོ་བོད་མིས་དེ་དག་གི་སྒྲར་དཔྱད་ཐབ་མང་པོ་ཡོད་པའི་ནང་ནས་རྒྱུགས་ཟླུམ་གྱིས་རྡུང་བ་དང་རྒྱགས་ཟླུམ་ཁར་སྐོར་བ་སོགས་ཡོད་པས་དེ་རང་ཡིན་པ་ལས་ཉིང་ཧོང་དང་རྒྱ་ནག་སོགས་ནས་དར་བའི་ཡོངས་བ་ཞིག་མ་རེད་འདོད།
མཆོད་རྫས་རོལ་མོའི་གྲལ་དུ་སྤྱོད་པ་ཡང་ཏིང་ཤགས་ཀྱི་སྒྲ་དང་འདྲ་བ་རྒྱུ་མཚན་གྱིས་བྱུང་ཞིང། ཀླད་གསར་དང་རིག་གསར་རྣམས་ཀྱིས་སར་དར་ཡོངས་བ་ཞིག་ཡིན་པ་ལས་གནའ་ནས་སྲོལ་རྒྱུན་གྱི་མཆོད་རྫས་རོལ་མོ་ཞིག་ཡིན་བཟོ་མི་འདུག།
གླུ་ཕོར་གྱི་ཟབ་སྦྱོང་ལ་སོང་མཁན་ཕྱི་མི་དད་ལྡན་དེ་ཚུད་པའི་མི་ཁ་ཤས་ཤིག་ཡོད་སར་ཁོ་ཚོས་ང་ལ་དེའི་སྐོར་སྐད་ཆ་དྲིས་སོང་། ངས་ཀྱང་གོང་དུ་དྲི་མེད་ལྷག་བསམ་ལགས་ཀྱིས་ལན་བཏབ་པ་དེ་དང་མཚུངས་པ་ཞིག་བཏབ་པ་ཡིན། ངས་བོད་དུ་འདི་འདྲ་ཞིག་མཐོང་མ་མྱོང་། བོད་སྐད་ལ་འདིའི་མིང་དུ་ཅི་ཟེར་བ་ཡང་མི་ཤེས། ཡིན་ན་ཡང་བོད་བརྒྱུད་ནང་བསྟན་ནི་སྲོལ་རྒྱུན་དང་། བརྒྱུད་པ། རིག་གནས་སྣ་མང་འདུས་ནས་གྲུབ་པ་ཞིག་ཡིན་སྟབས་ཡོད་ཚད་ཚང་མ་ངས་མཐོང་ཐུབ་པའི་ངེས་པ་ཡོད་པ་མ་རེད། དེ་བཞིན་དུ་གལ་སྲིད་བོད་ལ་འདི་འདྲ་བེད་སྤྱོད་སྲོལ་མེད་ན་ཡང་འདིས་ཕན་མ་ཐོགས་ན་ཡང་གནོད་མི་སྐྱེལ་བས་དགག་པ་རྒྱག་གི་མེད་ཅེས་བཤད་པ་ཡིན།
དེ་ནས་ཕྱི་མི་ཁོ་རང་ཡང་ཡ་མཚར་ནས་ཉེ་སྔོན་གླུ་ཕོར་ཟབ་སྦྱོང་སྤྲོད་མཁན་གྲྭ་ཟུར་དེས་ཀྱང་ཁོས་རྒྱ་གར་དུ་འདི་རྡུང་དཀྲོལ་བྱེད་སྟངས་སྦྱངས་པ་ཡིན་ཟེར་བ་ལས་བོད་ནས་སྦྱངས་པ་ཡིན་ཞེས་བཤད་མ་སོང་ཟེར་ནས་དོག་པ་འདྲ་ཞིག་སྐྱེས་མགོ་ཚུགས་སོང་།
ཕྱི་མི་ཁོ་རང་ཚོས་བཤད་སྟངས་ལ་གཞིག་ན་གླུ་ཕོར་ཟབ་སྦྱོང་སྤྲོད་མཁན་གྲྭ་ཟུར་དེས་གླུ་ཕོར་བེད་སྤྱད་པ་དེས་ནད་སེལ་བར་ཕན་ཐོགས་ཡོད་པར་བཤད་པ་ལས་སྒོམ་གྱི་ཆེད་དུ་བེད་སྤྱོད་པར་བཤད་མི་འདུག་སྙམ།
རོལ་ཆ་འདི་ནི་ང་བོད་དུ་སྡོད་སྐབས་དགོན་པ་ཆེ་ཆུང་མང་པོ་ཞིག་ལ་སོང་ན་ཡང་། མཐོང་མ་སོང་། རྒྱ་གར་ནས་ཀྱང་དགོན་པ་དེ་ཚོའི་ནང་མཐོང་མ་སོང་། འོན་ཀྱང་རྡ་སར་ཚོང་ཁང་ཁ་ཤས་ནང་མཐོང་སོང་མོད། དོ་སྣང་བྱུང་མ་མྱོང་། ཨ་རི་ལ་མཚོན་ན་ཡང་ཨ་རིའི་ཤར་ཕྱོགས་ཀྱི་ཆོས་ཚོགས་ཁ་ཤས་ནང་སོང་མྱོང་། མཐོང་མ་མྱོང་། ང་ཚོ་ཡོད་ས་འདིར་(Buddism lotus compassion) ཟེར་བའི་ཆོས་ཚོགས་ཞིག་འདུག དེའི་ནང་དུ་དབྱངས་ཕོར་འདི་འདུག ཆོས་ཚོགས་དེ་ནི་ནང་ལ་སོང་ན་བོན་པོའི་ཆོས་ཚོགས་ཞིག་རེད་འདུག འགན་འཛིན་ནག་པོའི་བུད་མེད་ཞིག་རེད། མོས་དབྱངས་ཕོར་འདི་ནི་བོད་ཀྱི་ནང་བསྟན་རོལ་ཆ་ཞིག་ཡིན་པའི་སྐོར་ལ་འགྲེལ་བཤད་རྒྱབ་སོང་། དེ་ནི་ང་ལ་མཚོན་ན་གསར་བ་གསར་རྐྱང་ཞིག་རེད། ང་ལ་དེའི་སྐོར་གྱི་དྲི་བ་བཏང་སོང་མོད། ངས་མི་ཤེས་ཟེར་ནས་ལན་བརྒྱབ་པ་ཡིན། ངོ་ནས་མི་ཤེས་འདིའི་སྐོར། དགོན་པ་ཁག་ནས་མཐོང་ཡང་མ་མྱོང་།
འོན་ཀྱང་བོད་ནང་བལ་ཡུལ་གྱི་ཚོང་པ་དག་གི་ཚོང་ཁང་ན་ཤིན་ཏུ་མང་པོ་རེད། འདིའི་སྐོར་ཚོང་པ་ཚོ་ལ་བདེན་ཅོག་ཅོག་གི་མང་པོ་ཞིག་བཤད་རྒྱུ་འདུག་མོད། མི་ཤེས་ཡ།
རྒྱ་ནག་ལ་འདི་འདྲའི་རོལ་ཆས་ཞིག་མེད་ཐག་ཆོད་རེད། །རྒྱ་ནག་ཤར་ལྷོ་ནུབ་བྱང་གི་རོལ་ཅས་ཡོངས་རྫོགས་ཕྱོགས་བསྡུ་བྱས་པར་ཕལ་ཆེར་རིགས་འདྲ་མིན་བ་ལྔ་བརྒྱ་ལྷག་ཅིག་ཡོད་པའི་དེབ་རྒན་དེར་མེད་པར་མ་ཟད། རྒྱ་ནག་གིས་ཀྱང་བོད་ཀྱི་རོལ་ཆ་ཞེས་འགྲེལ་བཤད་གནང་གི་འདུག རྒྱ་ནག་དགོན་པར་ཤིང་ཉ་རྡོག་རྡོག་ཅིག་དང་། ཅོང་ཁ་གྱེན་ཏུ་བསྟན་པ་ཞིག་ཡོད་པ་ཞིག་དགེ་འདུན་པའི་རོལ་མོའི་གཙོ་བོ་ཡིན་ལ། ཅོང་དེ་གླུ་ལེན་ཕོར་བ་དང་ཕྱོགས་ཀུན་ནས་ཆ་འདྲ་བ་ཡོད་མོད། རྡུང་སྟང་ཐ་དད་རེད། མ་ཟད་གླུ་ཕོར་གྱི་སྒང་གི་རི་མོ་བོད་ལུགས་ཤ་སྟག་ཡིན་པས་རྒྱ་ནག་ནག་གི་ཅོང ནག་པོ་དེ་དག་འབྲེལ་བ་མེད་བསལ། གལ་སྲིད་དེ་ཡིན་ན་ཁོང་ཚོས་དེ་ནི་རྒྱ་གར་གཡི་མཁར་རྔའི་འདབས་ར་ཆེར་བཏང་བ་ཡིན་ཚུལ་ལས་རྒྱ་ནག་རང་ལུགས་ཀྱི་རོལ་ཅས་སུ་མི་འདྲེན། དེ་བཞིན་ཉི་ཧོང་གི་དགོན་པ་རེ་གཉིས་ལ་ཡོད་པ་བདེན་ཡང་བོད་ཀྱི་རིགས་གཞུང་ལས་བྱུག་བ་དང་། སྒྲ་ལ་བརྟེན་ནས་ནད་བཅོས་བྱེད་ཀྱི་ཅ་ལག་ཅིག་ཡིན་པའི་ངོས་འཛིན་འདུག གླུ་ཕོར། དབྱངས་ཕོར། སྒྲ་ཕོར། གླུ་ལེན་ཕོར་བ་སོགས་མིང གང་བཏགས་ན་འབྱོར་ཆེ། བོན་པོ་ལ་འདི་འདྲའི་རོལ་མོ་ཡོད་མེད་ཀྱི་གསལ་བཤད་ཀྱང་ཐུགས་ལ་བཏགས་པར་འཚལ། །
དྲི་མེད་ལྷག་བསམ་ལགས།
བོན་པོར་དེ་དང་འདྲ་བའམ་ཡང་ན་བསིལ་སྙན་དང་གཤང་ཞེས་པའི་ཕྱག་ཆ་ཞིག་ཡོད་ཅིང།
གནའ་དུས་སུ་གཤང་ཞེས་པ་ལི་གོར་མོའི་དབྱིབས་ཅན་ལ་དཀྱིལ་དུ་ཁུང་ཕུག་སྟེ་བརྡུང་སྲོལ་ཡོད་པ་དང།
ལྷག་པར་དུ་གནའ་དུས་ཀྱི་གཤང་མང་པོ་ཞིག་ད་ལྟའི་ཏིང་ཕོར་ནང་བཞིན་གྱི་ལི་གོར་མོའི་དབྱིབས་ཅན་ལས་དེ་ཙམ་གྱི་རི་མོ་དང་དབྱིབས་སོགས་བལྟ་བཟོ་དོད་པོ་དེ་འདྲ་མི་འདུག
གཤང་ནི་མཁའ་འགྲོའི་ནུ་བསིལ་གྱི་དཔེ་རུ་བཞག་པ་ཞིག་ཏུ་མཐོང་བྱུང།
གང་ལྟར་ད་ལྟ་དར་ཁྱབ་ཆེ་བའི་གླུ་ཕོར་ཅེས་པ་དེ་ཡང་དེ་དང་ཆ་འདྲ་བ་ཞིག་ཏུ་མཐོང།
སྤྱིར་གཤང་གི་སྒྲ་སྙན་གྱིས་དབྱིངས་ནས་བདེར་གཤེགས་སྤྱན་འདྲེན་ཅིང་བར་གྱི་རིགས་འཛིན་གྱི་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་ཕྱི་ནང་གི་གདོན་བགེགས་མང་པོ་ཞིག་ལས་རྣམ་པར་རྒྱལ་ཚུལ་གྱི་ཕན་ཡོན་བཤད་པ་མང་པོ་ཡོད་འདུག འོན་ཀྱང་དེ་ལས་མཆེད་པའམ་དེ་རང་ཡིན་པ་ནི་ཐག་གཅོད་བྱེད་པར་ཤིན་ཏུ་ནས་སྔ།
བཤང་ཟེར་བ་འདི་ང་ཚོ་ཕ་ཡུལ་ནས་སྔོན་བཀྱགས་དུས་སྔགས་པ་དེ་ཚོས་རྡུང་གི་འདུག སྔོན་བཀྱགས་ཟེར་ནས་དབྱར་འགོ་ཚེས་དུས་ཞིག་ལ་སྒང་མཐོ་སར་གསང་གསོལ་བྱེད་སྲོལ་ཞིག་འདུག དེ་ནི་ཆར་འབེབས་དང་ཅིག་པ་ཡིན་ས་མ་རེད། ཆར་འབེབས་ཀྱི་སྔོན་འགྲོ་ལྟ་བུ་ཡིན་ནམ་སྙམ་མོད། ཡག་པོ་ཞིག་མགོ་ཚོས་མ་སོང་། གང་ལྟར་སྔོན་འགྱོགས་པ་འདི་ནི་ལྔ་བའི་བ་གཞི་སྔ་བཞུག་ཞིག་ཡིན་ནམ་སྙམ་མོ།།
བགྲོ་གླེང་ཡག་པོ་དཔེ་གནང་འདུག སྤོབས་པ་མཐའ་ཡས་ལགས་ཀྱིས་འདི་འདྲའི་བརྗོད་གཞི་རེ་སྤེལ་བར་གུས་བཀུར་ཞུ་ཡི་ཡོད། རྣམ་པ་ཚོས་གླེང་སྟངས་འདི་དཔེ་སྣང་བར་འགྲོ་པོ་བྱུང་། ཐུགས་རྗེ་ཆེ། ང་ཚོས་མུ་མཐུད་ཀློག་གི་ཡོད། གོ་རྟོགས་ལ་ཕན་པ་དཔེ་འདུག ཁྱེད་རང་ཚོ་གླེང་ཤེས་མཁན་ཚོས་གླེང་སྟངས་འདི་མཐོང་ནས། དགའ་བ་འཕེལ།
དབྱངས་ཕོར་འདི་དང་ནང་པའི་ཆོས་ལུགས་བར་གྱི་འབྲེལ་བ་གང་ཡོད་ཁ་གསལ་ཞིག་དྲ་གྲོགས་ཚོས་འགྲེལ་བཤད་གནང་ཐུབ་ན་ཕན་རླབས་ཆེ།
གླུ་ཕོར་འདི་བོད་ཀྱི་ལུགས་མ་ཡིན་ན་ཡུལ་གཞན་ཞིག་གི་ལུགས་ལས་བྱུང་བ་ཡིན་ས་མ་རེད། Wikipediaན་དེའི་ངོ་སྤྲོད་འདྲ་ཞིག་འདུག དེ་ལ་ཡང་ཧི་མ་ལ་ལའི་གླུ་ཕོར་ཞེས་བཏགས་འདུག ངོ་མ་གོང་དུ་མི་རྐང་གླིང་བུའི་བཤད་པའི་ཚོང་པ་ཡུལ་སྐོར་བའི་བར་གྱི་སྐད་བརྡ་མ་འཕྲོད་པའི་བྱུང་རིམ་དེ་དེ་ཡིན་མདོག་ཁ་པོ་ཞིག་འདུག སྙན་པོ་བྱུང་སོང་། ངས་ཀྱང་རྗེས་མ་དེའི་སྐོར་ལ་སྐད་ཆ་འདྲ་འདྲི་མཁན་ཐུག་སོང་ན་དེ་ལྟར་ལབ་གྱི་ཡིན། ང་ཚོས་གཟབ་དགོས་ཀྱིན་འདུག བོད་ཀྱི་སྲོལ་རྒྱུན་རིག་གནས་དང་བོད་བརྒྱུད་ནང་བསྟན་གྱི་ཆོ་ག་ཕྱག་ལེན་མང་པོ་ཞིག་གི་ཁ་ཕྱོགས་ལ་མི་དགོས་པའི་འགྱུར་བ་འདྲ་མིན་ཐེབས་སོང་ན་ཡག་པོ་མི་འདུག
དྲ་གྲོགས་
གླུ་ལེན་ཕོར་བ་ཟེར་ན་མི་ཤེས་ཏེ། ངས་སྔོན་ཆད་singing Boulཞེས་པ་འདི་ལ་འཇམ་སྙན་
ཕོར་བ་ཞེས་བཏགས་ཡིན། གང་ཡིན་ཟེར་ན། རྒྱུ་ལི་ངོ་མ་ལས་གྲུབ་པའི་ཕོར་བ་ཡིན་ལ། འདིའི་ནང་ལྕགས་དང་དང་ཟངས་ལ་སོགས་པའི་ལྷད་གང་ཡང་མེད། ཨ་སམ་མདའ་སྡེའི་ནང་རྡ་ལི་སོགས་ཁུ་བ་བླུགས་སའི་སྣོད་ཡིན་པས་། བྱེ་མའི་ནང་ཕུར་ཕུར་བཏང་ནས་ལོ་ཁ་ཤས་ཁྲུས་ན་གཞི་ནས་མདོག་འཇམ་པ་དང་སྒྲ་སྙན་པར་ཐོན་པ་ཡིན། ཨ་སམ་ཕྱོགས་ཀྱི་གྲོང་གསེབ་མང་ཆེ་བར་ད་དུང་ཡང་ལི་ལས་པའི་གྲུབ་པའི་སྣོད་ཀ་རྣམས་བེད་སྤྱོད་བཞིན་འདུག་ལ། ཁོང་ཚོས་ནང་ཆས་ངོ་མ་ནི་ལི་ལས་གྲུབ་དགོས་པར་དགོངས་ཀྱིན་འདུག དེ་ལས་གཞན་འཁར་རྔ་དང་དང་། སིལ་སྙན། རོལ་མོ་རྣམས་ཀྱང་ས་ཆ་དེ་ག་རང་ནས་འཐོན་བཞིན་ཡོད།།
Tibetan singing bowl ཞེས་ཟེར་སྲོལ་ཡོད་པ་ནི་ཕྱིས་སུ་ཚོང་པ་ཚོས་དགོས་པའི་དབང་གིས་བཏགས་པ་མིན་ནམ་སྙམ།།
བོད་ཀྱི་དབྱངས་ཕོར་ཞེས་ལབ་ན་ཡག་པོ་འདུག་སྙམ། དཀར་ཡོལ་གྱིས་གླུ་ལེན་རྒྱུ་མ་རེད་ཡ་ཧ་ཧ་ཧ། ངོ་མ་ཡ་མཚན་རེད། དེང་སང་བསྒྱུར་སྟངས་མཚར་བོ་མང་ཀི་ཡ།
ཁྱེད་རྣམས་ཀྱིས་གླེང་མོལ་བྱེད་བཞིན་པའི་དབྱངས་ཕོར་རམ་གླུ་ལེན་ཕོར་བ་དེ་ནི་ནུབ་ཕྱོགས་རྒྱལ་ཁག་རྣམས་སུ་ཧ་ཅང་འགྲོ་གྲོན་ཆེ་བའི་སྐབས་ཤིག་རེད་འདུག དེ་དོན་ལ་བསམ་གཞིག་ལེགས་པོ་ཞིག་བྱས་ན། དེའི་འབྱུང་ཁུངས་དངོས་ནས་དེ་ནང་པ་ཡིན་མིན་ཡང་ཐེ་ཚོམ་འདུག ཉི་ཧོང་དུ་ཡོད་པའི་ཞིན་ཏོའི་ཆོས་ལུགས་ལའང་དེ་འདྲ་ཞིག་སྣང་ལ། ལྷོ་ཨ་རིའི་ཕྱོགས་ཀྱི་རོལ་མོ་བ་ཚོས་ཡང་མཚམས་རེར་དེ་རིགས་ཀྱི་ཕོར་བ་ཆེ་ཆུང་མང་པོ་རོལ་མོ་བ་རང་ཉིད་ཀྱི་མཐའ་སྐོར་ཏུ་བཞག་ཏེ་གཞུག་ཙམ་གཞུག་ཙམ་དང་། རེག་ཙམ་གྱིས་གཡས་བསྐོར་དང་གཡོན་བསྐོར་བྱས་ནས་བྱེད་སྤྱོད་བྱེད་བཞིན་ཡོད་པ་མཐོང་སོང་།
ཕྲན་པར་ཡང་དེའི་སྐོར་མིག་མཐིང་ཅན་ཁ་ཤས་ཀྱིས་དྲིས་པར། ཨེན་ཙམ་ལ་གཡས་ལག་གིས་ཨོག་མ་བསྐྱོར་ནས་ས་བཅད་མ་སྟོང་བ་ཙམ་གྱི་ལན་འདི་འདྲ་ཞིག་འདེབས་དགོས་ཐུག་སོང་། སྤྱིར་སེམས་ཀྱི་རྟོག་པ་འགག་ཅིང་ཞི་བ་ཙམ་དུ་གནས་པའི་ཐབས་ལ་ལུས་ཀྱི་འདུག་སྟངས་དང་སེམས་ཀྱི་བཞག་སྟངས་མང་པོ་ཞིག་ཡོད་མོད། འོན་ཀྱང་བོད་ཡུལ་དུ་ས་དགེ་བཀའ་རྙིང་གང་གིས་ཀྱང་ད་ལྟའི་ཕོར་བ་འདི་བེད་སྤྱོད་བྱེད་སྲོལ་མེད། ཡིན་ནའང་གང་ཟག་གི་ཁམས་དང་དབང་པོ་འདྲ་མིན་སྣ་ཚོགས་ཡིན་པས། སེམས་ཞི་བར་གནས་པའི་ཐབས་ཙམ་ལ་བེད་སྤྱོད་བྱེད་མི་ཆོག་པ་ག་ལ་ཡོད།