སྒྲོན་ཉེར།
ཀླད་ཀྱི་གཏམ།
དེ་རིང་ཀླུ་མཁར་བྱམས་དང་འབྲེལ་བའི་དོན་དག་ཁ་ཤས་ཤིག་གླེང་དགོས་བྱུང་སོང་། ངས་གོ་ཐོས་ལྟར་ན། ཀླུ་མཁར་བྱམས་ནི་མདོ་སྨད་ཆོལ་ཁ་དང་འབྲེལ་བ་ཆད་ཟིན་པའི་མི་ཞིག་ཡིན་རབས་ཡང་ཡང་གོ་མྱོང་། ཁོས་ཅི་ཞིག་བཤད་ཀྱང་མདོ་སྨད་ཁོལ་ཆའི་ཁོངས་གཏོགས་ན་མེད་བསམ་བསྡད་ཡོད། ཡིན་ནའང་། སྤྱི་ལོ་ ༢༠༡༧/༢/༢༠ ཉིན་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཆེད་དུ་སྤེལ་བའི་གསར་འགོད་གསལ་བསྒྲགས་དང་ཀླུ་མཁར་བྱམས་ཀྱི་ངོ་གདོང་ཞེས་པའི་ནང་དུ་ཐག་ཆོད་དེ་འདྲ་ཞིག་བྱུང་མྱོང་ཡོད་པའི་ཟུར་ཙམ་ཡང་མཐོང་རྒྱུ་མི་འདུག སྤྱིར་ན་ང་ཡང་མདོ་སྨད་པ་ཞིག་ཡིན་པའི་ཆ་ནས། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་བཀོད་འདོམས་ལ་གུས་བརྩི་དང་ཡིད་ཆེས་ཡོད་ནི་ཞིག་ཡིན། ཡིན་ནའང་། གལ་སྲིད་ད་ལྟའི་བར་དུ་མདོ་སྨད་ཆོལ་ཁའི་ངོས་ནས་ཀླུ་མཁར་བྱམས་ལ་སྐུལ་འདེད་སྟངས་འཛིན་འདི་ཙམ་ལས་བྱུང་མེད་ན། དེ་ནི་མདོ་སྨད་ཚོགས་ཆེན་སྔ་རྗེས་ཀྱི་སྤྱི་མོས་གྲོས་ཆོད་ལག་བསྟར་ཚུལ་བཞིན་བྱུང་མེད་པའི་འཐུས་ཤོར་དང་ནོར་འཁྲུལ་ཞིག་རེད་བསམ་སོང་། “༸གོང་ས་མཆོག་ལ་ངོ་རྒོལ་བྱེད་མཁན་གང་ན་སུ་ཡོད་ལ་གདོང་ལེན་བྱ་རྒྱུ་མདོ་སྨད་ཚོགས་ཆེན་སྔ་རྗེས་ཀྱི་སྤྱི་མོས་གྲོས་ཆོད་ཡིན་པས། གྲོས་ཆོད་ཀྱི་དགོངས་དོན་ལག་བསྟར་བྱ་རྒྱུ་མདོ་སྨད་དབུས་རྒྱུན་གྱི་གཡོལ་དུ་མེད་པའི་ལས་འགན་ཡིན”ཞེས་པའི་གསར་འགོད་གསལ་བསྒྲགས་དེའི་དོན་ཚན་དང་པོ་འདི་ཉིད་རྩ་འཛིན་ལག་བསྟར་དོན་ཕན་ལྡན་པ་བྱུང་མི་འདུག་སྙམ།
བར་གྱི་ཀླུ་བཤད་པ།
ཀླུ་མཁར་བྱམས་ནི་རིག་པའི་གནས་སྤྱི་དང་བྱེ་བྲག་གང་ལའང་སྦྱངས་པའི་ཡོན་ཚད་ངེས་ཅན་ཡོད་མཁན་ཞིག་གཏན་ནས་མིན་པ་མ་ཟད། སྤྱིར་ན་དཔེ་ཀློག་ལ་དགའ་བའི་མི་བརྩོན་འགྲུས་ཅན་ཞིག་མིན་པ་ཡོངས་གྲགས་རེད། ཁོ་ལ་ཁུངས་སྐྱེལ་གནས་ལུགས་ཡོད་པའི་སྒོ་ནས་ཕན་ཐོགས་པ་ཞིག་བཤད་རྒྱུ་མེད། ནམ་ཡིན་རུང་ལྡོག་ཕྱོགས་ནས་སེམས་ལ་དྲན་ཚོད་ཅིག་བཤད་ཡོང་གི་རེད། བོད་གཞིས་བྱེས་གཉིས་ཀྱི་ད་ལྟའི་ཡ་ང་བའི་གནས་སྟངས་མཐོང་བཞིན་དུ་དེའི་ཆེད་དུ་ལས་དོན་སྒྲུབ་མཁན་ལ་བར་ཆད་བྱེད་པའི་མི་ངན་ཁག་ཅིག་ཡོད། བོད་མི་ནང་རུལ་བ་དེ་ཚོས་བཤད་མ་ཐུབ་པའི་སྐད་ཆ་ལྷག་མ་རྣམས་ཀླུ་མཁར་བྱམས་ཀྱིས་བཤད་ཡོང་གི་ཡོད། དཔེར་ན། སྤྱི་ནོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱལ་ཚོང་བ་རེད་ཟེར་བ་ལྟ་བུ་དང་། ད་རེས་ཡང་གོང་ས་མཆོག་ལ་གཞི་མེད་སྐྱོན་བརྗོད་མཁན་ཨོ་རྒྱན་སྟོབས་རྒྱལ་ལ་རྒྱབ་སྐྱོར་མཚོན་ཆེད་མང་པོ་ཞིག་བཤད་ཡོང་གི་ཡོད་པ་ལྟ་བུ་རེད། མི་ཤེས་བཞིན་དུ་ཨུ་ཚུགས་བརྒྱབ་ནས་བཤད་པ་རྣམས་ནོར་ཡོད་རུང་། སྙིང་མ་རྗེ། ཁྱོད་ལ་ཁག་མེད། རང་གི་དགོས་མཁོའི་ཆེད་དུ་ཡིན་རྒྱུ་རེད། རང་གི་ལྟོ་གོས་ཁ་རྒྱབ་སོགས་ལ་འབྲེལ་བ་ཡོད་རྒྱུ་རེད། ཡིན་ནའང་། མི་ལ་ངོ་ཚ་མེད་ན་ཁྱི་ཡིན། ཁྱི་ལ་རྔ་མ་མེད་ན་ཐན་ཡིན་ཟེར་བའི་གཏམ་དཔེ་འདི། ངས་དེ་རིང་ཁྱེད་ལ་ལེགས་སྐྱེས་ག་གེ་མོ་ཞིག་གི་ཚབ་ཏུ་བསྐུར་ཡོད། སེམས་ལ་ཟུངས་ཨ། དེ་མིན་རྒྱལ་ཚོང་བ་སུ་ཡིན་མིན་ནི། བོད་རྒྱལ་ཁབ་ཀྱི་བདག་དབང་ཇི་ལྟར་ཤོར་ཡོད་མེད་སོགས་དོན་དངོས་ལོ་རྒྱུས་དང་འབྲེལ་བ་ཡོད་པའི་ཤེས་བྱའི་རིགས་རྣམས་ཁོང་དུ་ཆུད་དགོས་པས། བོད་མི་ནང་རུལ་བ་གཙོ་བོ་འཁོར་དང་བཅས་པས་ཧ་གོ་ལེ་མ་རེད། དོན་དངོས་ལ་ངེས་ཤེས་རྙེད་འདོད་ན། མངོན་ཤེས་མེད་ཀྱང་རུང་། ཤེས་རབ་ཀྱི་གྲོགས་དང་བཅས་པའི་རྣམ་དཔྱོད་ཀྱི་རྣོ་དབལ་ཞིག་ལོས་ཀྱང་དགོས་སོ།། ང་ཚོས་ཤེས་དགོས་པ་གཅིག་ནི། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མི་ཐོག་གསར་རྙིང་གཉིས་ཀའི་ནང་གི་མང་ཆེ་ཤོས་ཀྱི་གདོང་ལེན་ཁ་ཕྱོགས་གཙོ་བོ་དེ་ཀླུ་མཁར་བྱམས་དང་གཅིག་པ་ཡིན་པས། སྤྱི་ལོ་ ༢༠༡༦ ལོའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྲིད་སྐྱོང་འོས་མིར་ཀླུ་མཁར་བྱམས་ཡོངས་ཁྱབ་གསལ་བསྒྲགས་བྱས་པ་རེད། སྲིད་སྐྱོང་འོས་མི་ཀླུ་ལ་ཁྱད་ཆོས་དམིགས་བསལ་བ་ཞིག་ཡོད་པས་ལོས་ཡིན་སྙམ་སྟེ། འོས་མི་ཀླུ་ཡི་ཕོད་པ་རྣམ་གསུམ་ནི། རྒྱལ་བ་རིན་པོ་ཆེ་ལ་རྒྱལ་ཚོང་བ་ཞེས་བསམ་ཕོད་པ་དང་བཤད་ཕོད་ཡོད་པ་མ་ཟད། རྒྱལ་ཚོང་བ་གསོད་ཡང་ཕོད་པར་བྱེད་དགོས་ཟེར་བ་འདི་གསུམ་རེད། དྲང་མོ་བཤད་ན། དེ་ནི་ཀླུ་མཁར་བྱམས་གཅིག་པོའི་ཞེ་འདོད་ཙམ་ག་ལ་ཡིན། ཁོ་ལ་རྒྱབ་སྐྱོར་བྱེད་མཁན་ཚོགས་པ་ཁ་ཤས་ཡོད་ལ། ཆོལ་ཁ་དང་ཆོས་བརྒྱུད་དབར་གྱི་ཕྱོགས་ལྷུང་མཁན་པོ་ཨོ་རྒྱན་སྟོབས་རྒྱལ་སོགས་མི་སྒེར་བ་ཡང་མི་ཉུང་བ་ཞིག་ཡོད། ཁོ་ཚོ་ཚང་མས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ལྟ་སྟངས་གཅིག་མཚུངས་ཡིན། ལོ་ཤས་སྔོན་ནས་ཀླུ་མཁར་བྱམས་ཀྱིས་གོང་ས་མཆོག་ལ་ཉན་མི་འདོད་པའི་མཚན་སྨོད་རབ་དང་རིམ་པ་ཞུས་ཚར་བའི་རྗེས་ལ་རྒྱབ་སྐྱོར་བས་ཁོ་སྲིད་སྐྱོང་འོས་མི་ལ་བདམས་པ་རེད། མདོར་ན། བོད་རང་བཙན་འཐབ་རྩོད་ཀྱི་ཁ་གཡང་སྐམ་པོ་རླུང་ལ་སྐུར་བཞིན་བོད་རིགས་ནང་ཁུལ་དུམ་བུར་གཏོང་ཆེད་ཀླུ་མཁར་བྱམས་བེད་སྤྱོད་ལོག་པར་གཏོང་གིན་ཡོད་པ་ཧ་ཅང་གསལ་བོ་ཆགས་སོང་།
མཇུག་གི་གཞེན་སྐུལ།
ཀླུ་མཁར་བྱམས་ཆབ་སྲིད་བཙོན་མ་དོགས་གཞི་ཅན་ཡིན་པས། དགུ་བཅུ་གསུམ་ཚོགས་པའི་ཁོངས་ནས་འབུད་དགོས་བྱུང་བ་རེད་དམ། ཡང་ན། ཀླུ་ཡིས་ཨོ་སྟོབས་ཀྱི་ཆེད་དུ་མི་ཤེས་ཤེས་ཁུལ་གྱིས་མང་གཙོ་དང་སྨྲ་བརྗོད་རང་དབང་སོགས་ལ་འབྲེལ་བ་བཏགས་ནས་རྫུན་གཏམ་བཤད་རྒྱུ་བོ་མང་དྲགས་པས་ཡིན། དགུ་བཅུ་གསུམ་ཚོགས་པའི་ངོས་ནས་གསལ་བཤད་ཅིག་མ་བྱས་བར་དུ་གནས་ཚུལ་འདི་ཡང་བདེན་རྫུན་གང་ཡིན་ཁ་ཚོན་ཆོད་ཁག་སེ་ཡོད་པ་འདྲ། གཅིག་བྱས་ན། ཀླུ་ཡི་ཤི་ཁའི་འཕག་འཚག་དང་འབྲེལ་བ་ཡོད་པའི་སྔོན་བརྡ་མཐའ་མ་དེ་ཡང་ཡིན་སྲིད། བོད་མི་བཙན་བྱོལ་བའི་སྤྱི་ཚོགས་ཁྲོད་ཆབ་སྲིད་བཙོན་མ་ཧ་ཅང་མང་པོ་ཡོད། ཡིན་ནའང་། ཆབ་སྲིད་བཙོན་མ་ཞིག་བཙོན་ཁང་ནས་ལྷོད་གྲོལ་གཏོང་དུས་མི་བསད་པའི་ནག་ཉེས་དང་རྟ་ནོར་ལུག་གསུམ་སོགས་བརྐུས་པའི་ཉེས་མིང་ཡིག་ཐོག་ལ་བྲིས་ཡོད་པ་ཞིག་ངས་ནི་གོ་མ་མྱོང་། ཕལ་ཆེར་ཀླུ་མཁར་བྱམས་གཅིག་པོ་ཡིན་རྒྱུ་རེད། ཡར་བཙོན་ཁང་ལ་འཇུག་དུས་ཆབ་སྲིད་ཀྱི་ཉེས་དོན་འོག་འཛིན་བཟུང་བྱས། མར་བཙོན་ཁང་ནས་ཐོན་ཡོང་དུས་གཡག་བརྐུས་པའི་རྐུན་མ་ཞིག་ཏུ་འགྱུར་སོང་བ་དེ། ཅི་འདྲའི་ཕངས་བ་ལ་ཨང་། དེ་ནི་ཧ་ལམ་བོད་ཀྱི་ཆབ་སྲིད་བཙོན་མའི་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་དོན་དག་ཅིག་ཡིན་དུས། དོགས་གནས་རང་བཞིན་གྱི་གནད་དོན་ཡོད་པར་ངོས་འཛིན་ཆོག་པའི་རིགས་ཡིན། དེ་ནས་ཀླུ་ཡི་ཁྲིམས་ཆད་སྐོར་རེད། ལོ་བཅོ་བརྒྱད་ཀྱི་ཁྲིམས་ཆད་བབས་ཡོད་པའི་མི་ཞིག་ལོ་གསུམ་ཙམ་ལས་བཙོན་ལས་མྱངས་མ་དགོས་པར་ལྷོད་གྲོལ་བཏང་ཡོད་ན། མི་དེས་རང་ཉིད་གནས་སྐབས་བཙོན་གྲོལ་འཐོབ་ཆེད་ལས་དོན་ཉེན་ཚབས་ཅན་ཞིག་བསྒྲུབ་ངེས་ཡིན་པའི་ཁས་ལེན་བྱས་ཡོད་པ་ཟུར་བལྟས་ལེབ་མཐོང་རེད། དེས་བས་ཀྱང་ཡ་མཚན་པ་ཞིག་ལ་དོགས་གཞི་ཅན་གྱི་མི་དེ་རྒྱ་གར་ལ་ཡོང་ནས། སྤྱི་ནོར་༸གོང་ས་རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་སྐྱབས་བཅོལ་བོད་མིའི་སྒྲིག་འཛུགས་ནང་སིམ་འཛུལ་བྱས་ཡོད་པ་མ་ཟད། རྐུན་མ་ཞིག་གི་བཙོན་གྲོལ་དཔང་ཡིག་བཟུང་ནས་ཆབ་སྲིད་བཙོན་མའི་གྲས་སུ་མིང་ཐོ་འགོད་ཐབས་བྱུང་འདུག་པ་དེ། ཅི་འདྲའི་འགྲོ་ལུགས་དང་མི་མཐུན་པ་ཞིག་རེད་ཨང་། བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ། རང་གི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དྲན་ན། ཅི་འདྲའི་རྒྱུ་འབྲས་དང་མི་མཐུན་པའི་ལས་ངན་ཞིག་བསགས་འདུག་ཨང་། ད་དུང་བོད་སྐྱབས་བཅོལ་གཞུང་སྡེ་སྲུང་བོད་གནས་ཉམས་ཞིབ་ཁང་དུ་ལས་ཀ་བྱས་ནས་དུས་ཡུན་གང་འཚམ་སོང་རྗེས། རང་དབང་རྩོམ་པ་བོའི་ལམ་ཁ་བདམས་ནས་རྩ་དགོངས་ཞུས་པ་རེད། ཡིན་ནའང་། ཀླུ་ཡི་རྩོམ་འབྲིའི་རང་དབང་གི་མདུང་རྩེ་ཐད་ཀར་བོད་དང་བོད་མིའི་སྐྱབས་མགོན་དང་མཚོན་རྟགས་ལ་གཏད་དགོས་ཅི་ཡིན་ནམ། བཅའ་ཁྲིམས་ལེའུ་དང་པོའི་བརྗོད་ཚིག་ལ་གུས་ཞབས་དང་དད་པ་མེད་རུང་། བསམ་བཞིན་དེ་ལ་རྒྱབ་གཏད་ནས་རྩོམ་འབྲིའི་རང་དབང་བེད་སྤྱོད་ལོག་པར་གཏོང་བ་ནི། བཙན་བྱོལ་བོད་མིའི་མང་གཙོའི་གསོལ་རས་རིན་པོ་ཆེ་གཙབ་རལ་གཏོང་བའི་ཀུན་སློང་མི་ལེགས་པ་དང་དམིགས་ཡུལ་ངན་པ་ཡོད་པའི་མི་ཞིག་གི་ལས་ཀ་རེད། མདོར་ན། “རང་བཙན་རྩོད་པའི་ཉིན་མོ་དེར། དགྲ་གསོད་དགོས་རེད་ལ་རྒྱལ་བཙོང་པ་ཡང་གསོད་དགོས་རེད” ཅེས་པའི་དོན་དག་སྙིང་པོ་ནི། ཀླུ་ཡིས་ངས་རང་བཙན་རྩོད་ཀྱིན་ཡོད། ༸རྒྱལ་བ་རིན་པོ་ཆེ་རྒྱལ་ཚོང་བ་ཡིན་པས་གསོད་དགོས་པ་རེད་ཅེས་ཐད་ཀར་བཤད་ཡོད་ཙང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དང་པོར་འགྱུར་བ་མ་སོང་བར་དུ། འཛིན་སྐྱོང་བཀའ་ཤག་གིས་དབུ་ཁྲིད་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀླུ་མཁར་བྱམས་དང་འབྲེལ་བ་འཛིན་ཐབས་མེད་པར་དབུས་ས་ཡན་ལག་དང་བཅས་པའི་ཁོངས་གཏོགས་ནས་རྒྱང་ཕུད་གཏོང་དགོས་པའི་དུས་ལ་བབ་འདུག་གོ།
ཁོ་བོད་མི་མང་པོས་རྒྱང་ཕུད་བཏང་ཚར་བ་རེད། ཨ་དོ་མཚོ་སྔོན། མགོ་ལོག། བླ་བྲང་སོགས་མང་པོས་ཁོ་རྒྱང་ཕུད་བཏང་ཚར་རེད། ཡིན་ན་ཡང་། ཨ་མདོ་རྔ་བའི་རྣ་རྫོད་པ་རྔ་བ་ཤེལ་དགེ། རྔ་བ་དཀོན་མཆོག་སོགས་མི་འགའ་ཞིག་ནི་ཁོའི་ཟ་རོགས་དང་ལྟ་བ་ལངས་ཕྱོགས་གཅིག་པ་བཟུང་ནས་ལྐོག་ལྐོག་ན་བཙན་བྱོལ་གཞུང་དང་༧གོང་ས་མཆོག་གི་དགོངས་གཞི་ལ་མི་མཐུན་པའི་ལུས་སེམས་བཀོལ་དང་བཀོལ་བཞིན་པ། རི་སྔོན་པོར་གནས་སྡོད་བྱེད་མཁན་ཞིག་གིས་ཟེར།
ཨོ་གླིང་ན་ཆབ་སྲིད་བཙོན་པ་མང་པོ་ཡོད་རབས་ཟེར། ཚང་མ་ཁོ་ཚོ་འདྲ་བ་ཞིག་མིན་པར་སྨོན། ཀླུ་གླེང་རིན་མི་འདུག། ཡིན་ན་ཡང་ཁོའི་རོགས་པ་ཚོ། དཀར་ན་དཀར་ས་དང་ནག་ན་ནག་སར་དབྱེ་ནས་མང་ཚོགས་ཀྱིས་ཁ་ཐག་རིང་པོ་བྱས་ན་བཟང་པར་འདོད།
#1 གནམ ཁུངས་མེད་ཀྱི་དཀྲོགས་གཏམ་སྤེལ་སྟངས་ལ་བལྟས་ན་ཁྱོད་རྔ་བ་སྡང་སེམས་འཆང་མཁན་ཞིག་དང་བོད་ནང་ཁུལ་དཀྲུག་ཐབས་ལ་འབད་མཁན་ཞིག་ཡིན་པ་ཤེས་ཐུབ། འོན་ཀྱང་བོད་པ་དང་ལྷག་པར་དུ་རྔ་བའི་མི་དམངས་རྣམས་དེ་འདྲའི་བླུན་པོ་ཆུ་སྣ་གར་ཁྲིད་དག་དག་མ་རེད། བྱས་ཙང་ཁྱོད་ཚོ་ཟུར་ལྔ་བ་五毛ཚོའི་བསམ་འདོན་འགྲུབ་ཐུབ་ཀྱི་མ་རེད།
ཡང་རྔ་བ་ལ་མི་དགའ་མཁན་ཞིག་འདུག
ཝ་མགྱོགས་པ་ཁྱུ་མ་ཆོད་པ་རེད།
ཨ་མདོ་རྔ་བ་ཟེར་དུས། ལོ་འདི་དག་གི་ནང་ལ་ཕྱི་ནང་གཉིས་ན་མིང་ཡོད་པ། དཔའ་ཡོད་པ། རིག་གནས་ཡོད་པ། ཆོས་དད་ཡོད་པ། བླ་མ་ཀིརྟི་རིན་པོ་ཆེ་བཞིན་བོད་ཕྱི་ནང་། རྒྱལ་བ་༧གོང་ས་མཆོག་གི་བཀའ་དགོངས་གཅིག་གི་ལམ་ལ་ཤར་སྐྱོད་པ་རྐྱང་རེད། ཡིན་རུང་ཁྱོ་ཅན་པོ་མིང་གློའུ་ཅན་པོ། གོ་བ་མེད་ནི། དྲིན་ཤེས་མེད་ནི་། རི་སྔོན་པོའི་ཀླུ་བྱབས་ཕྱོགས་པ་ལྟ་བུས་རྔ་བ་མང་ཚོགས་ཀྱི་རྣ་རྫོད་ཀིན་འདུག་ལབ་པར་གོ་བ་མ་ལོན་ན། ཁྱོད་མར་ཤི་བསྡད་ན་མི་ཡོང་ངམ། ཨ་མདོ་ཤེལ་དགེ། ཨ་མདོ་དཀོན་མཆོག། ད་དུང་གཞན་ཡོད་སྲིད་པ་རེད། རྒྱུས་ལོན་བྱོས།
བརྫུན་པ་ཡིན་ན་ངས་ཁོང་གཉིས་དང་། ཁྱེད་ཅག་ཅན་པོ་མིང་གློའུ་ཡིན་ཚད་ལ་བཟོད་གསོལ་ཞུ་ཆོགས། དེ་མིན་སྤྱང་ཁུར་དཔའ་དར་ཞིག་སྤྲད་དོན་མེད། གོ་ཨེ་སོང་།
གནམ ཅིག་གིས་ཟེར་གི་འདུག་ཅེས་པ་དེ་བདེན་དཔང་ཡིན་ན་བདེན་དཔང་བཙལ་རྒྱུ་ལས་ལྷག་པའི་བྱ་བ་སླ་མོ་ཞིག་མི་འདུག བྱས་ཙང་ཟུར་ལྔ་བ་五毛ཁྱོད་ཚོའི་ཀླད་པ་རྒྱ་ནག་གིས་བཀྲུས་ནས་ཅི་ཡང་མེད་པར་གྱུར་ཟིན་པ་གསལ་པོ་རེད། ད་དུང་རྒྱུས་ལོན་བྱོས་ཡིན་ན་ཅིག འོ་ན་ཁྱོད་ཀྱིས་ཁོ་གཉིས་ལ་རྒྱུས་ལོན་བྱས་ཡོད་དམ། ཐག་སྔོན་ལ་བཅད་ཞིབ་འཇུག་རྗེས་ནས་བྱེད་རྒྱུ་དེ་ཡང་རྒྱ་ནག་གི་ལུགས་སྲོལ་རེད། སྐྱག་རྫུན་བཤད་དགོས་པ་གང་ཞིག་ལ་བཤད་མི་ཤེས། ད་དུང་གནད་དོན་ཆེན་པོ་ཞིག་ཤེས་ཡོད་མདོག་མདོག ངོ་མི་ཚའམ།
༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་དེ་དག་ང་ཚོས་ཤེས་དགོས་རྒྱུ་གལ་ཆེན་པོ་ཡིན། ཤེས་ནས་དེ་དག་དང་འབྲེལ་ཐག་རིང་དུ་གཏོང་རྒྱུ་དེ་ངོ་བརྒོལ་གྱི་རྣམ་པ་མིན་ནམ་སམ། མི་དེ་རིགས་ཀྱི་མི་ཤེས་པ་མིན། ཤེས་བཞིན་ལས་ལ་འཇུག་མཁན་ལ་ཁ་ཡ་མ་བྱས་ན་ཡག་ཤོས་ཡིན། ཁོས་འདི་ལབ་རེད་ཕ་གི་ལབ་རེས་ཅེས་བསྐྱར་ལྡབ་ཡང་ལྡབ་ཞུས་ན་ཕན་ལས་གནོད་ཆེ། མི་དེ་རིགས་བྱེ་ཐང་དུ་སྐད་རྒྱབ་པ་ལྟར་བདག་མེད་ཏུ་བཞག་ན་བྲག་ཅ་མེད་པས་རང་སར་ཡལ་འགྲོ། མི་ཤེས་མཁན་ཡིན་ན་གསལ་བཤད་དགོས་གནད་རེད།
ཀླུ་འབྱམས་སོགས་ཀྱི་ལས་ངན་སྐོར་དེ་དག་བསྐྱར་ལྡབ་ཡང་ལྡབ་ཞུས་པས་ཕན་པ་མེད་པ་མ་ཟད་རྗེས་དེད་དུའང་འགྲོ་ཉེ་བས་ཟབ་ན་ལེགས། སྡུག་ཤོས་དེ་ཁོ་བཀྲིན་འཚོར་ཤིས་མེད་པའི་བོད་པ་ཞིག་རེད། དེ་མིན་ཆོལ་ཁ་དང་ལུང་ཚན་སྐད་ཆ་དེ་དཀྲུག་ཤིང་རྒྱབ་དགོས་པའི་ལས་འགན་ཡོད་ན་ལས་དེ་མིན་མ་བཤད་ནའང་དགེ་ཕན་ཆེ། ཡ་མཚན་པ་ཞིག་ལ་དུས་བབ་དང་ཁ་བརྡའི་དྲ་དེབ་ནང་དཀྲུག་ཤིང་རྒྱབ་དགོས་པའི་ལས་འགན་ཡོད་མཁན་ཡང་མེད་དམ་སྙམ་པ་འགའ་འདུག
ཉོན་དང་ཉོན་དང་ཀླུ་སྙོན་ཀླད་སྟོང་ཉོན། ཕྱི་ནང་ཤེས་ཡོན་མེད་པ་ནང་སྟོང་ཉན།
འདི་དང་ཕྱི་མའི་སྐྱབས་མགོན་ཆེན་པོ་ལ། མཚན་སྨད་ཟུར་ཟ་ཞུས་པ་སྙིང་རེ་རྗེ།
ཁྱོད་ཀྱི་རྒྱབ་ནས་ངན་བསླབ་དཀྲུགས་མཁན་སུ། རང་ཡུལ་བཙན་འཕྲོག་དར་དམར་ཡོད་ཉེན་ཆེ།
ཁྱོད་ལ་འཚོ་སྣོན་ཕྲན་ཙམ་རག་ཉེན་ཆེ། སླད་ཕྱིན་རང་ཁ་རང་གི་བདག་པོ་མ་བརྒྱབ་པར།
མི་རིགས་ཞབས་འདྲེན་མུ་མཐུད་བྱེད་སོང་ན།
ཁྱོད་སྲོག་འབུ་སིན་ལྟ་བུར་ཆགས་ཉེན་ཆེ། དེ་རྗེས་འགྱོད་པ་སྐྱེས་ཀྱང་ཕྱི་དྲག་གོ།