རེབ་ཐོག་མདའ།
ཡར་ལ་བལྟས་ན་ནམ་མཁའ་སྟོང་བ་ཞིག།
མར་ལ་སྒུར་ན་ས་གཞི་གོར་མོ་ཞིག།།
གནམ་ས་གཉིས་ཀའི་བར་གྱི་འཇིག་རྟེན་ནས།།
ང་ལ་དབང་བའི་འཚོ་བ་གང་ན་ཡོད།།
གནའ་བོའ་མྱི་ལ་སེམས་པ་ལྷད་མེད་ཅིག
དེང་རབས་གྲོང་ན་རྒྱུ་འབྲས་བཅོས་མ་ཞིག།།
ས་ཆེན་གོ་ལར་འགྱུར་ལྡོག་ཆེན་པོ་ཞིག།།
བོད་པ་ཚང་ལ་ལས་དབང་ཟད་པོ་ཞིག།
དམར་པོ་རྒྱ་ལ་མགོ་བོ་བདེ་མོ་ཞིག།
རྒྱལ་སྤྱིའི་ཚོགས་སྡེར་གཏམ་བཤད་སྙན་མོ་ཞིག།
རང་དབང་གྲོང་ན་སོས་དལ་ཉི་མ་ཞིག།།
ས་ཡ་དྲུག་གི་མགོ་ལ་ཆགས་འཇིག་ཅིག།
འདུ་ཁང་སྦུག་ན་ཆོས་སྐད་གཉོམ་པོ་ཞིག།
སྡེ་ཆེན་གྲོང་ན་རང་དབང་མོད་པོ་ཞིག།
གྲོང་ཁྱེར་ཆེན་པོར་མི་གཞི་བཅོས་མ་ཞིག།
སྐད་ཡིག་དག་མའི་ཁ་ལ་སྒོ་ལྕགས་ཤིག།
ཕོ་གསར་གཟུགས་པོའི་གདོང་ན་ང་རྒྱལ་ཅིག།
ན་ཆུང་བུ་མོའི་ལུས་ལ་སྒེག་ཉམས་ཤིག།
དེང་རབས་གསར་པའི་མྱི་ལ་སྣང་བ་ཞིག།
བརྕེ་དུང་སྒོར་གྱིས་ཉོ་བའི་ལྟག་སྒོ་ཞིག།
འཁོར་བའི་གྲུ་ན་འཁྱམ་པའི་ཆོས་པ་ཞིག།
དབྱིན་ཇིའི་སྐད་ལ་འཐམ་པའི་མྱི་རབས་ཤིག།
འཚོ་བའི་ཁ་ཕྱོགས་བོར་བའི་གཞོན་ནུ་ཞིག།
གཞན་ཡུལ་གྲོང་ལ་ཆགས་པའི་སེམས་པ་ཞིག།
སློབ་ཆེན་སྒོ་ཐེམསའགྲིམ་པའི་སློབ་མ་ཞིག།
བོད་ལ་དུངས་ཞེན་བོར་བའི་གཞི་ཁྱིམ་ཞིག།
ཕྱི་ནང་སྐད་རིགས་བསྲེས་པའི་ཚ་བོ་ཞིག།
ས་མཐའི་གྲུ་ལ་བྲིས་པའི་རི་མོ་ཞིག།
ནུབ་ཀྱི་རྒྱུ་ལ་འཁྲེང་བའི་ནད་རྙིང་ཞིག།།
ཕ་ཡུལ་རྨང་ནས་དོར་བའི་སྤྱི་ཚོགས་ཤིག།
རང་ཚུགས་བརྟན་པོ་མེད་པའི་མི་བུ་ཞིག།
ཁ་སང་དེ་རིང་འདི་ན་ཧ་ཅང་མང་།།
སྨྱུག་ཁ་ནང་ལ་བཙན་པའི་ཤེས་ལྡན་ཞིག།
བླ་མའི་བཀའ་ལ་ཟློག་པའི་དམ་ཉམས་ཤིག།
ཕྱོགས་ཞེན་ལྟ་བ་མཐུག་པའི་མགོ་བོ་ཞིག།
རང་གི་རིགས་ལ་སྡང་བའི་གོམས་གཤིས་ཤིག།
སློབ་གསོའི་རྨང་གཞི་སྟོང་བའི་བའི་དགེ་རྒན་ཞིག།
བུ་ཕྲུག་མདུན་ལམ་གླེང་མཁས་ཕ་མ་ཞིག།
མི་ཚེའི་ལམ་སྟོན་མེད་པའི་སློབ་གྲྭ་ཞིག།
མི་རིགས་རྩ་བ་རུལ་བའི་སྔ་ལྟས་ཡིན།
ཤེས་ལྡན་མི་སྣ་དབེན་པའི་ཚོགས་སྡེ་ཞིག།
ལད་ཟློས་འཚོ་བར་གོམས་པའི་ལུགས་སྲོལ་ཞིག།
མི་ཚེའི་མདུན་ལམ་བོར་བའི་བུ་ཆུང་ཞིག།
རྒྱབ་རྟེན་གཞན་ནས་འཚོལ་བའི་ལག་ལེན་ཞིག།
ཕ་ཡུལ་བོད་ལ་རྨི་ལམ་རིང་མོ་ཞིག།
རྡ་ས་རི་ན་ཁང་བརྕེགས་མཐོན་པོ་ཞིག།
ནུབ་ཀྱི་གྲུ་ཁར་འཚང་ཁའི་འགྲུལ་བཞུད་ཅིག།
གཞིས་བྱེས་ལྷན་འཛོམས་རེ་བ་གང་ན་ཡོད།།
འཚོ་བ་དང་ཆེས་བར་ཐག་ཉེ་བའི་ཐོག་མདའི་སྙན་ངག་གི་བྲོ་བ་མྱངས་ཟིན།
ཡོད་ཚད་ཤོར་སོང་སྙམ་པའི་ཡི་ཆད་ཅིག
གཅིག་པུར་ལུས་སོང་བསམ་པའི་སྐྱོ་སྣང་ཞིག
ཅི་ཞིག་བྱེད་དགོས་འདོད་པའི་བསམ་གཞིགས་ཤིག
ཅིག་ཞིག་ཤིག་གསུམ་ཅན་གྱི་ཚིགས་བཅད་ཅིག
བསླབ་བྱ་རྒྱག་ན་རྒྱག་སྟངས་འདྲ་མིན་རེད།
མེད་རབས་མུག་རབས་བཏོན་ནས་ཁ་རྡུང་ཞིག།
ངན་རབས་ཐུ་རབས་ཟེར་ནས་ངན་སྨྲས་ཞིག།
བརྩེ་བ་མེད་ཀི་བསམ་སའི་ཚིག་གྱོང་དག།
གོ་ན་ཉན་འདོད་མེད་པའི་བུ་ཕྲུག་ང་།།
དུས་རབས་གསར་བའི་མྱི་རབས་གསར་བ་ཚོར།།
སྙོར་སྐྱོང་འདི་ལྟར་མི་བྲིན་དྲིན་ཆེན་མགོན།
གང་འགྲོ་གང་སྡོད་མེད་པའི་མཁྱམས་པོ་ཞིག།
རེ་ས་བརྟེན་ས་མེད་པའི་སྤྲང་ཚོགས་ཤིག།
ཆར་རླུང་ཁྲོད་དུ་གྲོ་མ་མིག་མེད་ཅིག།།
ཁ་ཕྱོགས་མེད་པའི་བཙན་པོའི་མི་རབས་ཤིག།
ས་ཆུ་རི་གསུམ་འཛོམས་པའི་ཡུལ་གྲུ་ཞིག །
རྫ་བྲག་ནགས་གསུམ་འཛོམས་པའི་ཡུལ་གྲུ་ཞིག །
རྩྭ་ཐང་ཞིང་ཐང་འཛོམས་པའི་ཡུལ་གྲུ་ཞིག །
ཁ་བ་ཅན་གྱི་ཡུལ་ལྗོངས་བལྟ་ན་སྡུག །
ལོ་ལོན་གོང་དུ་བཀུར་བའི་གོམས་གཤིས་ཤིག །
ཆུང་ཆུང་སྙོར་སྐྱོངས་བྱེད་པའི་གོམས་སྲོལ་ཞིག །
རྫུན་དང་གཡོ་སྒྱུ་ཆུང་བའི་ཡ་རབ་ཅིག
ཁ་བ་ཅན་གྱི་མི་རིགས་ངོ་སོར་བསྟོད། །
སྐད་དང་ཡི་གེ་ཕུན་གསུམ་ཚོགས་པ་ཞིག །
མདོ་སྔགས་ཟུང་འབྲེལ་བསྟན་པ་དར་ས་ཞིག
རེས་མེད་ཆོས་བརྒྱུད་དགོན་པ་མང་ས་ཞིག །
ཞི་བའི་བསྟི་གནས་གངས་ཅན་བོད་ལ་བསྟོད། །
ཆོས་སྲིད་ཟུང་འབྲེལ་གཞན་ལ་མེད་པ་ཞིག །
མི་རིགས་མཐུན་སྒྲིལ་ལ་རྒྱ་ཆེ་བ་ཞིག །
གཞུང་དམངས་གཉིས་ཀ་དམངས་གཙོ་ཡིན་པ་ཞིག །
རེབ་ཐོག་སྡུག་སྐད་མ་འདོན་བུ་རྒོད་པོ། །
རྩྭ་ཆུ་རི་གསུམ་ལ་བཅོས།
དེང་དུས་འཕྲུལ་རིག་མེད་པའི་ཡུལ་ལུང་ཞིག
ཚན་རྩལ་རིག་པ་མེད་པའི་རྨོངས་དད་ཅིག
ཆོས་ལུགས་དག་སྣང་མེད་པའི་ཡུལ་ཁམས་ཤིག
ཉེར་གཅིག་དུས་སུ་བདེ་སྐྱིད་མེད་པ་ཞིག
གོང་གི་འཇུག་ཏུ་འཐུད་རོགས
ད་ལྟའི་བོད་མིའི་དུས་ནི།
སྐར་ལྔའི་འོག་ལ་ཆོལ་གསུམ་གསོན་གནས་དུས། །
བྱེས་སྡོད་བོད་མིའི་སེམས་ཤུགས་མ་ཆག་དུས། །
བྱེས་འབྱོར་བོད་མིའི་མང་གཙོ་ས་བརྟན་དུས། །
གཞིས་བྱེས་འཇོམས་པའི་རེ་བ་ཆེ་བའི་དུས། །
བྱེས་སྡོད་བོད་མིའི་སེམས་ཤུགས་མ་ཆག་དུས། །
འདི།
གཞིས་སྡོད་བོད་མིའི་སེམས་ཤུགས་མ་ཆག་དུས། །