ཧི་མ་ལ་ཡའི་འཕྲུལ་སྨྱུག
ཡིན་ནའང་གློ་བུར་དུ་བློ་ཡུལ་ལས་འདས་པའི་བློ་སྐྱེད་འདྲ་བྱུང་བ་ཡིན་ན་ནི་བརྗོད་ཚོད་མི་ཐིག་སྟེ། སྔོན་ཆད་འོད་ལས་མྱུར་བའི་དངོས་པོ་ཞིག་ཤེས་བྱ་ལ་མི་སྲིད་པར་འདོད་ཀྱང༌། ད་ལྟ་ཐོད་རྒལ་གྱི་འགྲུབ་བཞུད་ལ་བརྟེན་ནས་འོད་ལོ་འབུམ་ཕྲག་མང་པོ་དུས་ཚོད་ཐུང་ངུ་རེའི་ནང་དུ་བགྲོད་ཐུབ་སྲིད་པའི་ཚོད་དཔག་བྱེད་ཀྱིན་ཡོད་པ་ལྟ་བུ་རེད། ༼ཅེས་པ་ལྟར། ཚན་རིག་གི་གསར་འགྱུར་གལ་ཆེན་ཞེས་པ་ལས། དེ་ཡང་ཕྱི་ལོ་ 1905 ཕྱི་དོན་རིགས་པའི་མཁས་པ་ཆེན་པོ་ཨ་དབྱིན་སི་ཐན་གྱིས། ཡོད་པ་ཐམས་ཅད་ཀྱི་མགྱོགས་ཤོས་ནི། འོད་རླབས་ཕྲ་མོ་དེ་ཡིན་ཞིང༌། འོད་རླབས་འདི་ནི་སྐར་ཆ་གཅིག་ཆ་དྲུག་བཅུར་བགོས་པའི་དབང་དུ་བཏང་བའི་ཆ་ཤས་དེའི་དུས་ཡུན་ལ་སྤྱི་ལེ་ 199,792 ཙམ་རྒྱུ་ཞིང༌། ཉི་འོད་ལྟ་བུ་ནི་སྐར་མ་བརྒྱད་དང་སྐར་ཆ་བཅུ་དྲུག་ཙམ་གྱི་ཡུན་དུ། ཉི་མའི་དཀྱིལ་འཁོར་ནས་ས་ལ་སླེབས་པར་བཤད།
འོག་གི་འདི་ནི་ཨ་དབྱིན་སི་ཐན་གྱི་རྟེན་འབྱུང་གི་ལྟ་བ་མཚོན་བྱེད་ཀྱི་རི་མོ་གལ་ཆེན་ཞིག་ཡིན། E ཟེར་བ་ནི་ནུས་པའི་མཚོན་བྱེད་ཡིན་ཞིང༌། m ནི་ཕུང་པོ། c འོགག་མེད་ཀྱི་འོད་རླབས་མཚོན་བྱེད་ཡིན། དོན་གྱིས་ཕུང་པོ་དང་ནུས་པ་གཉིས་ནི་གཅིག་ཡིན་ཞིང༌། ཕུང་པོ་ནི་དེའི་ནུས་པ་གཞལ་བྱེད་ཀྱི་ཚད་ལྟ་བུ་ཡིན་ཞེས་པའི་དོན་རེད། འགོག་མེད་ཀྱི་འོག་ཟེར་བ་ནི། འོད་རྒྱུ་བ་དེ་ལ་འགོག་པ་དང་སྒྲིབ་པ་སོགས་མེད་པར་རང་བཞིན་གྱིས་རྒྱུ་བའི་ཚད་དེ་ལ་ཟེར་ཅིང༌། གོང་དུ་བཤད་པ་བཞིན། འདི་ནི་རྒྱུ་བ་ཐམས་ཅད་ཀྱི་མགྱོགས་ཤོས་སུ་རེད་ཅེས། ཕྱི་དངོས་རིགས་པའི་ལྟ་བའི་གཞུང་ལུགས་ལྟ་བུ་ཆགས་བསྡད་ཡོད་པ་རེད། ཡིན་ནའང༌། ཉེ་ལམ་དེང་དུས་ཡོངས་ཁྱབ་དབྱི་ཏ་ལི་ཞེས་འབོད་པ། བཙན་པོ་ནོ་མན་ཧན་གྱིས་ཏཱ་ལི་ཡ་ཞེས་འབོད་པའི་རྒྱལ་ཁམས་དེ་རུ་ཆགས་ཡོད་པའི་ཡོ་རོབ་རྡུལ་ཕྲན་གླིང་གི་ CERN(the European Organization for Nuclear Research) ཚན་རིགས་པ་ཚོས། རྡུལ་ཕྲ་རབ་ཅིག་སྙེད་པ་དང༌། དེ་རྒྱུ་བའི་ཚད་ནི་འོད་རླབས་ལས་ཀྱང་མགྱོགས་པ་འདུག་ཅེས་འཛམ་གླིང་གང་དུའང་ཁྱབ་བསྒྲགས་བྱས་འདུག ཅེས་པ་དེ་དང་ཐོད་རྒལ་གྱི་འགྲུབ་བཞུད་གཉིས་ཀྱི་བར་ལ་ཁྱད་པར་ཇི་ཡོད་བརྟག་དཔྱད་བྱེད་དགོས་པར་སེམས་སོ།།༽
༄། ཚན་རིག་པ་ཡིས་མ་མཐོང་བ་མང་ བུང་བུ་འགྲོ་མ་མྱོང་བ་བའི་ལམ་ཕྲན་མང་ ཚན་རིག་པས་བདེན་གཉིས་དང་ཐབས་ཤེས་གཉིས་དང་སྐུ་གཉིས་སོགས་གང་ཡང་ཡིད་མི་ཆས་ ནང་པའི་ངོས་ནས་བར་དོ་བ་དེ་མགྱོག་ཤོས་གཅིག་དང་ ཤེས་པ་ཡང་མགྱོག་ཤོས་ཅིག་རེད་བསམ་ ཚན་རིག་པས་ཁ་པར་དང་གློག་དང་མུན་པོ་སོགས་མགྱོགས་ཚད་ཇི་ལྟར་ཡིན་ནམ།།
ཚན་རིགས་པ་ཞེས་པ་དང་ཚན་རིག་པ་ཞེས་པ་གཉིས་ལ་ཁྱད་པར་གང་ཡོད་དམ། ཚན་རིག་པ་ཡིན་ན། འཇལ་བྱེད་དང་། གཞལ་བྱེད་ཅེས་པའི་སྒྲ་གཉིས་སུ་སྣང་བ་ལས། གང་དག་པ་དེ་སྒྲུབ་བྱེད་དང་བཅས་་ངོས་འཛིན་དགོས། ཞེས་སོ།
རྟེན་འབྱུང་རིག་པ་མ་ཡིན་པར། །
ལྟོས་གྲུབ་རིག་པར་འབོད་དགོས་སོ། །
དེ་གཉིས་ཁྱད་པར་གནམ་ས་ཡོད། །
རྟེན་འབྲེལ་དེ་ལ་ཟུར་གསུམ་ཡོད། །
ལྟོས་གྲུབ་དེ་ཡི་ཆ་ཙམ་ལགས། །
མཁྱེན་ཡངས་ལྡན་པ་རྒན་བློ་བཟང་འཇམ་དཔལ་ལེགས། བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་དུ། རང་བྱུང་ཁམས་དང༌། སྤྱི་ཚོགས། བསམ་བློ་སོགས་ཀྱི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་རྣམས་སྡེ་ཚན་སོ་སོར་དབྱེ་ཞིབ་བྱེད་པའི་ཤེས་བྱའི་མ་ལག ཅེས་བྲིས་འདུག་ལ། འཇལ་བ་དང༌། གཞལ་བ་གཉིས་ལས་སྔ་མ་དེ་ལེགས་པར་སྙམ།