ཉི་མ་དོན་གྲུབ།
བཀའ་ཁྲི་སྐབས་གསུམ་པའི་སྔོན་འགྲོའི་འོས་གཞིའི་སྟ་གོན་ལ་ཞུགས་སྐབས། འོས་གཞི་དང་རྒྱབ་སྐྱོར་བ་རྣམས་ཀྱིས་གསུང་བཤད་གནང་རྒྱུས་གཙོས་ལས་རིམ་དུ་མ་ཞིག་སྤེལ་ཡོད། ལྷག་པར་ཁྲིམས་རྩོད་པ་བློ་བཟང་སེང་གེས་བོད་མི་བཙན་བྱོལ་བ་གནས་ཡུལ་མང་ཆེ་བར་བསྐྱོད་དེ་གཏམ་བཤད་བྱས་ཡོད་པ་དང་། དེ་དང་འབྲེལ་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱིས་ཀྱང་གཏམ་བཤད་བགྲོ་གླེང་མང་ཤོས་གོ་སྒྲིག་བྱས་ཡོད། བགྲོ་གླེང་དེ་དག་གིས་ང་ཚོ་བཙན་བྱོལ་མི་མང་གི་མང་གཙོ་ཡར་རྒྱས་ཀྱི་གོ་རྟོགས་སྤེལ་ཐུབ་པ་དང་། མང་གཙོ་དང་མཐུན་པའི་འོས་བསྡུའི་འགྲན་རྩོད་ལ་ཞུགས་པའི་ལས་རིམ་ཡང་དག་ཅིང་མདུན་བསྐྱོད་ཀྱི་གོམ་སྒྲ་ཞིག་ཡིན་པས་ང་ཚོས་ངེས་པར་དུ་དགའ་བསུ་ཞུ་དགོས། འོན་ཀྱང་། གསལ་འདོན་བྱེད་དགོས་པ་ཞིག་ལ། སྲིད་དོན་པ་འགའ་དང་ཕྱོགས་ལྷུང་ཅན་གྱི་གསར་འགྱུར་གྱི་བརྒྱུད་ལམ་ག་གེ་མོ་ནས་ཉེ་ལམ་ཆབ་སྲིད་པའི་བརྗོད་ཚིག་གསུམ་སྟེ། སྐུ་དྲག་དང་མི་ཚང་ཕལ་པ། གཞོན་སྐྱེས་བཅས་ཀྱི་དར་ཆ་འཕྱར་ཏེ་ང་ཚོའི་སྤྱི་ཚོགས་ཐོག་ཕྱོགས་ཞེན་གྱི་ས་བོན་གསར་པ་ཞིག་བཏབ།
ཁྲིམས་རྩོད་པ་བློ་བཟང་སེང་གེར་རྒྱབ་སྐྱོར་བྱེད་མཁན་ས་རྭ་མཐོ་སློབ་ཀྱི་སློབ་ཕྲུག་འགས་ས་རྭ་མཐོ་སློབ་ཀྱི་མིང་དང་བོད་གཞུང་སྨན་རྩིས་ཁང་མཐོ་སློབ་ཀྱི་མིང་། ནོར་གླིང་མཐོ་སློབ་བཅས་ཀྱི་མིང་བྱང་འཁོད་པའི་སྦྱར་ཡིག་གང་སར་སྦྱར་འགྲེམས་བྱས་ཏེ། མི་རྣམས་ལ་གོང་གསལ་མཐོ་སློབ་གསུམ་ག་འོས་གཞི་དེར་རྒྱབ་སྐྱོར་བ་ཡིན་འདུག་སྙམ་པའི་མགོ་འཁོར་དུ་བཅུག་པ་མ་ཟད། བོད་གཞུང་ཟློས་གར་ཚོགས་ཁང་དུ་འོས་གཞི་དེའི་ཆེད་མཐོ་སློབ་ཁང་དེ་གསུམ་གྱི་མིང་འཁུར་ནས་བགྲོ་གླེང་ཚོགས་འདུ་ཞིག་བསྐོངས། སྐབས་དེའི་བགྲོ་གླེང་ཚོགས་འདུའི་ངོ་སྤྲོད་པ་ས་རྭ་མཐོ་སློབ་ཀྱི་སློབ་མ་རེད་ཟེར་བ་སེར་གཟུགས་ཤིག་ཡར་ཐོན་ཏེ། གཏམ་བཤད་ཀྱི་ཐོག་མར་ད་ལྟའི་བགྲོ་གླེང་འདི་སྐུ་དྲག་མི་དྲག་གིས་བརྒྱུད་བསྐུལ་བྱས་པ་ཞིག་མིན་པར། སློབ་མ་རང་ངོས་ནས་འགྲོ་སོང་བཏང་ནས་དང་བླངས་ཀྱིས་ཚོགས་པ་ཡིན། ཞེས་སོགས་ཕ་བསད་ལག་དམར་ལ་སྡིག་པ་ལྟ་བུའི་ངར་སེམས་ཆེན་པོས་བཤད། ངའི་སེམས་ནང་། དེ་སྔོན་གྲོས་ཚོགས་ར་བའི་ནང་རང་ཉིད་ཀྱིས་ཁས་བླངས་པའི་བསླབ་སྡོམ་སྲུང་རྒྱུའི་རང་ཚུགས་ཡོངས་སུ་ཤོར་ཏེ། སྐད་པར་མདུན་ནས་ས་མཆོངས་གནམ་མཆོངས་རྒྱག་གྲབས་ངང་ཚིག་རྩུབ་སྣ་ཚོགས་ཤོད་པའི་སེར་གཟུགས་དེ་དག་དྲན་བྱུང་ལ། ཨ་ཁ། སློབ་ཕྲུག་ཕྱུག་བདག་ཅན་ཉུང་ཤས་དེ་ཚོས་འགྲོ་སོང་ཕོན་ཆེ་བཏང་སྟེ་གདུང་རྩེ་གཏད་ས་དེ་སྐུ་དྲག་ལ་གཏད་སོང་སྙམ། ད་དུང་སྡིངས་ཆའི་ཐོག་ནས་གཏམ་བཤད་བྱེད་མཁན་ཞིག་ནས་ཀྱང་བླ་མ་སྐུ་དྲག་གི་རིགས་ལ་ངས་འོས་རྩ་བ་ནས་མི་ལྡུག སྔོན་མ་ཟམ་གདོང་རིན་པོ་ཆེ་ལ་ཡང་འོས་བླུགསམེད། ཅེས་བཤད་མྱོང་། གནས་ཚུལ་དེ་གཉིས་ནི་དཔེ་མཚོན་ཙམ་རེད། ད་ལྟའི་འོས་གཞིའི་འགྲན་རྩོད་ཐོག་ནུས་སྟོབས་ཅན་གྱི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མིན་པའི་གཞན་ཞིག་ཡིན་ན་ཁོ་པ་ཚོས་ཀྱང་གནད་དོན་གཞན་ཞིག་ཐོག་ལུགས་མཐུན་མིན་པའི་གླེང་ཕྱོགས་བཟོ་རྒྱུར་ཐེ་ཚོམ་མེད།
ཡང་སྙིང་། སྐུ་དྲག་གི་ཁྱིམ་དུ་སྐྱེས་པ་ནོར་བ་རེད་དམ། ང་ཚོ་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་བཤད་ན་སྐུ་དྲག་གི་ཁྱིམ་དུ་སྐྱེས་པ་དེ་ནོར་མེད་པར། དེ་ནི་བསོད་ནམས་ཅན་ཞིག་ཡིན་པར་བསྟན་ཡོད་པ་སྟོན་པའི་མཛད་པ་བཅུ་གཉིས་ཀྱི་དང་པོར་རིགས་ཕུན་སུམ་ཚོགས་པར་སྐྱེ་བ་བཞེས་པ་ཞེས་པ་ནས་གསལ་པོར་ཤེས་ཐུབ། འཇིག་རྟེན་པའི་དབང་དུ་བྱས་ཀྱང་སྐུ་དྲག་ཏུ་གྱུར་པ་དེ་ལས་སླ་པོ་བྱས་ནས་བྱུང་བ་མ་ཡིན་པར། ཁོ་ཚོའི་མེས་པོ་ལ་ལ་རང་གི་རྒྱལ་ཁབ་དང་མི་དམངས་ཀྱི་ཆེད་གཅེས་པའི་སྲོག་དོར། ལ་ལས་མཛངས་པའི་ལས་གསར་དུ་གཏོད་པ་བཅས་དཔའ་མཛངས་ཀྱི་བྱས་རྗེས་ལ་བརྟེན་གཞུང་ནས་གོ་ཐོབ་བསྩལ་བ་ཞིག་ཡིན་པས། དེང་དུས་ཁ་བདེ་པོ་ཤོད་ཐུབ་ན། སྐུ་དྲག་ཆགས་ཀྱི་ཡོད་པའི་གནས་སྟངས་དང་བསྡུར་ཐབས་མེད།
མིའི་སྤྱི་ཚོགས་ནང་ལེགས་ཉེས་གཉིས་སྤེལ་མར་ཡོད་པ་བཞིན་བོད་ཀྱི་ལོ་རྒྱུས་ནང་སྐུ་དྲག་འགས་མི་རབས་ཀྱི་ཞབས་འདྲེན་ཞུས་ཡོད་ལ། སྐུ་དྲག་འགས་དེང་རབས་ཀྱང་ངོམས་སུ་ཆོག་པའི་བྱས་རྗེས་བཞག་ཡོད། ང་ཚོར་ད་ལྟ་ངོམས་རྒྱུ་ཡོད་པའི་༸གོང་ས་མཆོག་སྐུ་ཟིལ་པ་འཁྲུལ་མེར་བཞུགས་ཡོད་པ་འདི་དང་། དེ་བཞིན་གཞུང་དང་བོད་དོན་རྩོད་རྒྱུ་ཡོད་པ་འདི་ཡང་གཙོ་བོ་སྐུ་དྲག་རྣམས་ཀྱིས་༸གོང་ས་མཆོག་གི་དབུ་འོག་དཔུང་འདེགས་ཞུས་པའི་བཀའ་དྲིན་ཡིན། གྲལ་རིམ་དབྱེ་འབྱེད་བྱས་ནས་སྐུ་དྲག་དང་བླ་མ་མཐར་འབུད་བཏང་སྟེ་མི་མང་གི་ཆིག་སྒྲིལ་ནུས་པ་གཏོར་རྒྱུ་དེ་རྒྱ་ནག་དམར་པོའི་གཞུང་གི་ལས་འགན་ཡིན་པ་ལས་ང་ཚོ་བོད་མིའི་ལས་འགན་ག་ལ་ཡིན། གྲངས་ཉུང་གི་སྐུ་དྲག་གྲངས་མང་མི་མང་གིས་གནོན་དགོས་པའི་སྐུལ་སློང་ངན་པ་འཆང་མཁན་རྣམས་ཀྱི་རྒྱུད་ལ་གསར་གཏོད་དང་མང་གཙོ། ཆིག་སྒྲིལ་བཅས་ཀྱི་ལྟ་བ་ཕར་ཞོགས། འཇིག་རྟེན་ཡ་རབས་ཀྱི་དྲི་མ་ཙམ་ཡང་མ་འགོས་པའི་རང་འཕུང་གཞན་གནོད་བྱེད་པའི་ཧར་པའི་རྟགས་ཡང་དག་པ་ཞིག་གོ།
སྔོན་ཆད་ཀྱང་རང་ཉིད་སྐུ་དྲག་བྱེད་འདོད་པ་རྣམས་ཀྱིས་མི་མང་ཕལ་པ་ཁ་ལ་འཁྱེར་ནས་རང་ཉིད་སྐུ་དྲག་གསར་པ་བྱས་ཡོད་ཀྱང་། རང་ཉིད་ལ་གོ་ས་ཐོབ་རྗེས་དམིགས་བསལ་འཇོན་ནུས་གང་ཡང་བཏོན་ཐུབ་མེད་པར་དུས་ད་སྐབས་རྩྭ་ཆུ་གང་བཟང་དུ་རྒྱས་སྤྲོས་ཀྱི་འཚོ་བ་རོལ་བཞིན་སྐྱིད་ཉལ་བརྒྱབ་ནས་བསྡད་ཡོད། ང་རང་ཉིད་ཀྱི་ཕ་ཚ་བུ་རྒྱུད་བོད་སྡེ་པ་གཞུང་གི་ཁྲལ་འུ་ལག་རྒྱུགས་མཁན་གྱི་མི་སེར་ཞིག་ཡིན་པ་མ་ཟད། བོད་དམག་གནས་སྡོད་བྱས་ཏེ་དམག་མི་འགའི་བརྡབ་གསིག་ཤུགས་ཆེ་ཙམ་ཕོག་པའི་ཁུལ་ཡིན་པས་ངའི་ཕ་མ་དང་སྤུན་མཆེད་རྣམས་ཀྱིས་སྐུ་དྲག་ལ་འཁོན་འཛིན་བྱེད་དགོས་ངེས་ཡིན་རུང་། དེ་ལྟར་རྩ་བ་ནས་བྱེད་ཀྱི་མེད། ང་ཚོས་སྐུ་དྲག་ལ་ངན་སྨྲས་བྱེད་མཁན་རྣམས་ཀྱི་རྗེས་སུ་གཡམ་རྒྱུགས་མ་བྱས་པར། ད་དུང་ཡང་དེའི་རྒྱབ་ཏུ་སྦས་པའི་གནད་དོན་གང་མང་ཡོད་པ་རྣམས་ལ་ཞིབ་འཇུག་བྱེད་དགོས།
དེ་བཞིན་ད་ལྟའི་བཀའ་ཁྲིའི་འོས་གཞི་དེ་རྒན་རབས་དང་གཞོན་སྐྱེས་ཀྱི་འཐབ་རྩོད་ཅིག་ཡིན་ནམ། འཛམ་གླིང་འདིར་འདས་པའི་ལོ་རྒྱུས་ནང་། སྲིད་དོན་པ་རྣམས་ཀྱིས་གསོན་ཤུགས་རྒྱས་པའི་གཞོན་ནུ་བེད་སྤྱོད་པའི་ལམ་རྒྱུན་འབྱམས་སུ་སོང་ཡོད་པ་དང་། ཐ་ན་ཛ་དྲག་སྐབས་ན་ཚོད་ཕྲ་བའི་གཞོན་ནུ་གྲངས་མེད་ཀྱི་ཚེ་སྲོག་དྲག་པོའི་འཐབ་རོལ་འོག་ཤོར་གྱི་ཡོད། ལང་ཚོའི་གསོན་ཤུགས་རྒྱས་པའི་གཞོན་ནུའི་དར་རྟགས་འཕྱར་ཏེ་གཞོན་ནུ་ཚང་མ་འོས་གཞི་གཅིག་གི་ཕྱོགས་སུ་ལངས་ཡོད་ཚུལ་དང་འོས་གཞི་ཆེ་གེ་མོ་གཞོན་སྐྱེས་ཀྱི་སྐུ་ཚབ་ཡིན་སྐོར་དང་། འོས་གཞི་ཆེ་གེ་མོར་འོས་མ་ཐོབ་ན་གཞོན་སྐྱེས་ཕམ་པ་ཡིན་ཚུལ་བཅས་ཤོད་ཕོད་པ་ནི་ཅི་འདྲའི་སྙིང་ཁམས་ཆེན་པོ་ཞིག་མ་ཡིན་ནམ། དོན་དངོས་རྒན་པ་རྣམས་ལ་སོ་སོའི་འདོད་མོས་ཀྱི་འོས་གཞི་མི་འདྲ་བ་ཡོད་པ་བཞིན་གཞོན་སྐྱེས་རྣམས་ལ་ཡང་སོ་སོའི་འདོད་མོས་ཀྱི་འོས་གཞི་མི་འདྲ་བ་ཡོད། ང་རང་དང་འབྲེལ་བ་ཡོད་པའི་གཞོན་སྐྱེས་ཕལ་ཆེ་བ་གཞོན་སྐྱེས་ཀྱི་སྐུ་ཚབ་ཏུ་རློམས་པའི་འོས་གཞི་དེའི་རྒྱབ་ཏུ་མེད་པ་ངས་གསལ་པོ་ཤེས་རྟོགས་ཡོད།
མདོར་ན། གོང་གི་བརྗོད་ཚིག་གསུམ་དེ་གློ་བུར་བྲིན་ཁ་རྒྱུགས་འདུག་སྙམ་སྟེ་མུ་མཐུད་ཚོང་འགྲེམས་བྱ་ན། རང་མགོ་ཆུ་འདྲེན་བྱེད་རྒྱུར་ངེས་པས། ང་ཚོས་ཉམས་ལེན་བྱེད་དགོས་ངེས་ཀྱི་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་རིན་པོ་ཆེའི་ནང་བླ་མ་དང་སྐུ་དྲག གཞོན་སྐྱེས་དང་རྒན་རབས། རིགས་རུས་དང་ཆོས་ལུགས། ལུང་ཚན་དབྱེ་འབྱེད་མེད་པར་ཚང་མས་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་དགོས་པ་བསྟན་ཡོད་ན། དུས་དང་གནས་སྐབས་གང་དུ་ཡང་བཅའ་ཁྲིམས་རིན་པོ་ཆེའི་དགོངས་གཞི་མངོན་དུ་འགྱུར་བ་བྱས་ཏེ། རྣམ་དཔྱོད་ལྡན་ཞིང་ལུགས་མཐུན་གྱི་ངང་ནས་རང་ཉིད་ཀྱི་འོས་ཤོག་འཕང་ན་ལེགས་སོ།། །།
རྩོམ་འདི་ལ་བསམ་བློ་གཏོང་རྒྱུ་འདུག་ལ་གོ་རྒྱུ་ཆེན་པོ་འདུག ཐུགས་རྗེ་ཆེ།།།
༡༽དྲ་གྲོགས་ཉི་མ་དོན་གྲུབ་ལགས་ཀྱིས་ཞིབ་འཇུག་ཞིབ་ཚགས་དང་གནད་ལ་འཁེལ་བ་གནང་འདུག
༢༽ཁྱེད་ཀྱིས་གསུངས་པ་བཞིན་སྐབས་འཚོལ་བ་འགའ་ཤས་ཀྱིས་ད་ཐེངས་ཀྱི་འོས་བསྡུའི་ལས་རིམ་ཁྲོད་གཉིད་གསད་ནང་བཞིན་གྲུང་སིལ་སིལ་ངང་སྔར་མེད་ཐ་སྙད་ཡ་མཚན་དེ་འདྲ་བེད་སྤྱོད་བྱེད་འདུག
༣༽ཡང་སྒེར་གྱི་ཁེ་ཕན་དང་། ཐོབ་གོ་སར་ཐུག་དུས་མི་རབས་གསར་རྙིང་དང་། སྐུ་དྲག དང་ཕལ་པའི་ཁྱིམ་བརྒྱུད་སོགས་ཀྱི་འབོད་སྒྲ་བསླངས་བའི་ཁྲོད་ནས་རང་ཉིད་ལ་མི་མང་གིས་རྒྱབ་སྐྱོར་ཐོབ་ཐབས་ཀྱི་རྩོད་ལེན་བྱེད་ཀྱི་ཡོད།
༤༽ཕྱོགས་མཚུངས་སྲིད་དོན་པ་དེ་ཚོའི་རྗེས་སུ་ཧོལ་རྒྱུག་ཆེ་བའི་གཞོན་སྐྱེས་ཉུང་ཤས་ཀྱིས་རི་བོང་ཅལ་འདྲོགས་ཀྱི་ཚུལ་དུ་རྒྱབ་སྐྱོར་བྱས་པ་དང།འོས་མི་གཞན་ལ་སྒྲོ་བསྐུར་སྣ་ཚོགས་བྱས།དེ་མིན་བྱས་པ་ཅན་གྱི་མི་རབས་རྒན་པར་སྐྱོན་བརྗོད་བྱེད་པ་བཅས་ཐལ་ཆེ་དྲགས་པའི་གནས་ཚུལ་ངན་པ་ཐོན་སོང་།
༥༽དཔེར་ན་ཡང་དགའ་ལྡན་བག་གྲོས་ད་ཐེངས་ཀྱི་འོས་བསྡུའི་ལས་རིམ་འདིར་བཀའ་ཁྲིའི་འོས་མི་བཀའ་ཟུར་བཀྲས་མཐོང་བསྟན་རྣམ་ལགས་སུ་འཁུན་འཛིན་ཞེ་བཅངས་ཡོད་པ་དེའི་དགྲ་ཤ་ཡ་ལན་ལོག་རྗེས་བློ་སེང་ལ་རྒྱབ་སྐྱོར་ཡོད་ཚཱུལ་གྱི་ཤར་རྒྱུག་ནུབ་རྒྱུག་གི་གཏམ་འཆལ་སྤེལ་བ་དང།་སྲང་ལམ་སྟེང་འབྱར་བའི་བཀའ་ཁྲིའི་འོས་མི་གཞན་རྣམས་ཀྱི་ལོ་རྒྱུས་དང་དཔར་བཅས་ཡང་མིན་ན་ལྐོག་པ་དང་།་ཡང་མིན་ན་དམར་རྟགས་བརྒྱབ་པ་བཅས་བྱེད་ཀྱི་ཡོད།
འོ་ན་དགའ་ལྡན་བག་གྲོས་བཀྲས་མཐོང་བསྟན་རྣམ་ལགས་སུ་དེ་ལྟར་འཁོན་འཛིན་བྱེད་དོན་གང་ཡིན་ནམ་ཞེས་ན་གཤམ་གནས་ཚུལ་དེས་མཁྱེན་ངེས་རེད།་
དེ་ཡང་ཨ་རིའི་་San Francisco་ལ་ཡོད་པའི་-Wisdom in action (WIA) ཞེས་པའི་ཚོགས་པས་འཛམ་གླིང་ནང་གི་ “Unsung Hero of Compassion” award སྤྱི་ཚོགས་ཞབས་ཞུ་བའི་བྱམས་བརྩེའི་གཟེངས་རྟགས་ཤིག་་༸གོང་ས་མཆོག་གི་མཚན་ཐོག་ནས་གནང་གི་ཡོད་པའི་གནས་ཚུལ་ཐོན་ཡོད།དགའ་ལྡན་བག་གྲོས་གནས་ཚུལ་ཤེས་རྗེས་འཕྲལ་མར་རང་ཉིད་ཆེར་རློམ་བསམ་བློ་ཞིག་གི་ཀུན་ནས་བླངས་ཏེ་གཟེངས་རྟགས་ཤིག་ཐོབ་རྒྱུའི་ཧམ་སེམས་དང་རྨི་ལམ་སྐྱིད་པོ་ཅིག་རྨིས་ནས་གཟེངས་རྟགས་ཚོགས་ཆུང་གི་འབྲེལ་མཐུད་མི་སྣ་བཀའ་ཟུར་བཀྲས་མཐོང་མཆོག་བརྒྱུད་ནས་འབད་བརྩོན་ཆེན་པོ་བྱས་ཡོད།
འོན་ཀྱང་ཕྱི་ལོ་༢༠༠༥་ལོའི་ཕྱི་ཟླ་་༡༡་ཕྱི་ཚེས་༦་ཉིན་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཐོག་གྲུབ་འབྲས་གཟེངས་སུ་ཐོན་པའི་གླི་ཆེན་ལྔའི་ནང་ནས་མི་སྣ་༤༦ལ་དངོས་སུ་གཟེངས་བསྩལ་ཡོད་ཅིང།གཟེངས་རྟགས་བཞེས་མཁན་གྱི་ཁོངས་སུ་བོད་རིགས་རྒྱ་གར་ཅན་ཌེ་ཀ་སྨན་ཁང་གི་བོད་ཀྱི་ཨ་མ་ཚེ་རིང་སྒྲོལ་མ་ལགས་དང།བདེ་ལེགས་སྨན་ཁང་གི་ཨེམ་རྗེ་ཚེ་བརྟན་ལགས་སོགས་བོད་མི་སྤྱི་ཚོགས་ཞབས་ཞུ་བ་བཞི་ལ་ཐོབ་ཡོད་པ་ལས་དགའ་ལྡན་བག་གྲོ་ལ་ཐོབ་མེད་སྟབས་ཁོང་ཁྲོ་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད།་་་གོང་གསལ་ཚོགས་པ་དེའི་འབྲེལ་མཐུད་འགན་འཁུར་བ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་གིས་བག་གྲོར་ཤུགས་མ་བརྒྱབ་པའི་མཐོང་ཚུལ་བྱུང་ཡོད།
དུས་དེ་ནས་བཟུང་བག་གྲོས་སྐུ་ངོ་བཀའ་ཟུར་མཆོག་ལ་འཁོན་འཛིན་ཞེ་བཅངས་ཀྱིས་སྐྱོན་བརྗོད་བྱེད་འགོ་བཚུགས་ཡོད།་་འོན་ཀྱང་བཀའ་ཟུར་ཁོང་ལ་སྐྱོན་འཛུགས་བྱེད་གཞི་གང་ཡང་མེད་སྟབས་སྐུ་དྲག་དང་ཁྱིམ་བརྒྱུད་སོགས་ན་ཚ་སྙིང་པ་དེ་དག་སྐྱར་གླེང་བྱས་ནས་མི་མང་དྲིལ་་བསྒྲགས་བྱེད་ཀྱི་ཡོད།
དགའ་ལྡན་བག་གྲོའི་བྱ་སྤྱོད་དེ་དག་གི་རང་མདོག་རང་གིས་སྟོན་པ་ལས་མི་མང་གིས་རྒྱབ་སྐྱོར་དང་ཡིད་རང་བྱེད་མཁན་མེད་པ་རེད།་
དགའ་ལྡན་བག་དྲོ་ཟེར་མཁན་དེ་འཛམ་གླིང་ཤར་ནུབ་གང་སར་ཕྱིན་ནས་བོད་དོན་མཆེད་བྱས་བྱས་བྱས་ཚུལ་མང་པོད་ཤོད་ཀྱི་འདུག་ཀྱང་ད་བྱེད་དུས་བོད་དོན་ཁ་ལ་ཁྱེར་ནས་རང་དོན་སྒྲུབ་མཁན་གྱི་མ་རུང་ཁོག་བཅང་དེ་འདྲ་ཡིན་ས་རེད།
ཨ་རོགས།་སྐུ་དྲག་གི་སྒང་ལ་ལྷ་སྒྲུང་འདྲ་བོ་ཞིག་བྲིས་འདུག་ག་་་་་་་་་་་་་་་་་་་་་་་་ཡིན་ཡང་ཁྱོད་ཀྱིས་ཆབ་སྲིད་སྐད་ཆ་གླེང་བཞིན་ཆོས་ལུགས་ཀྱི་མིག་ཤེལ་མཐུག་པོ་ནས་མི་ཆོས་ལ་འགྲེལ་བཤད་རྒྱག་ཅི་ཐུབ་བྱས་འདུག་་་་་་་་་་་་་་་་་དེ་ཕལ་ཆེར་ངའི་གྲོད་ཁོག་ནང་བཞུ་ཚོད་ཐུབ་ས་མ་རེད།་་་་་་་་་་་་་་་་་དེང་སང་བློ་བཟང་སེང་གེའི་སྒང་ལ་བོད་ཡིག་དང་དབྱིན་ཡིག་དྲ་ཚིགས་ཁག་ཚང་མའི་ནང་བསམ་ཚུལ་བསྐྱར་དཔར་བརྒྱབ་པ་འདྲ་བོ་རྐྱང་རྐྱང་བཏོན་ཡོང་གི་འདུག་་་་་མི་རབས་གསར་བ་ལ་མི་རབས་གསར་བའི་དབུ་ཁྲིད་མཁོ་བ་དུས་ཀྱིས་ཐག་ཆོད་ཡོང་གི་ཡོད་སྟབས་ས་ར་སློབ་གྲྭའི་སློབ་མ་ཚོར་སྐྱོན་འཛུགས་བྱེད་རྒྱུ་གང་ཡང་ལྷག་མེད།
༡༽དྲ་གྲོགས་བཀྲིས་མིང་ཅན་ལགས་སུ་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་དང་སྦྲགས་མི་རབས་གསར་པར་དབུ་མི་རབས་དགོས་པའི་གཞུང་དང་ལྟ་གྲུབ་དེ་གང་ན་འདུག་གམ།དེ་འདྲ་དགོས་པའི་ངེས་པ་མེད་པ་ནི་འཛམ་གླིང་རྒྱལ་ཁབ་ཚང་མའི་དབུ་འཁྲིད་ལ་གཟིགས་དང་མཁྱེན་ངེས་རེད།
༢༽རྩོམ་བདག་ཉི་མ་དོན་གྲུབ་ལགས་ཀྱིས་ས་རཱ་མཐོ་སློབ་ཀྱི་སློབ་ཕྲུག་བྱིང་ལ་སྐྱོན་བརྗོད་གནང་མི་འདུག
ས་རཱའི་སློབ་ཕྲུག་ནང་ནས་ཧོལ་རྒྱུག་ཆེ་བའི་སློབ་ཕྲུག་འགས་ཞེས་གསུངས་གནང་འདུག་་་འགས་ཞེས་ཚིག་གི་བཅད་ཆ་ནི་ཉུང་ཤས་ཀྱི་དོན་མཚོན་གྱི་ཡོད་པ་རེད།
༣༽ཉི་མ་དོན་གྲུབ་ལགས་ཀྱིས་བྲིས་པའི་རྩོམ་ཡིག་འདི་དོན་དངོས་དང་ཐག་ཉེ་བ་དང་ཞིབ་ཚགས་པོ་ཞིག་ཡིན་པ་ལས་སྒྲུང་ལྟ་བུ་ཡིན་པའི་ཚོར་སྣང་མ་བྱུང་བའི་དྲ་གྲོགས་བཀྲིས་ལགས་ཀྱིས་ཐུགས་རྣལ་དུ་གནས་ནས་དཔྱད་དཔྱོད་ཅིག་གནང་ཅི་འདྲ་འདུག་གམ།
གང་ལྟར་སྐུ་དྲག་རྣམས་རྩ་རྫོགས་བྱེད་དགོས
ལས་བྲེལ་གྱིས་རྐྱེན་པས་འཚབ་ཚུབ་ངང་བྲིས་དུས་ཡིག་ནོར་འགའ་ཤས་ཡོད་པ་ལས་བཅོས་དགོས་ངེས་ནི།
མི་རབས་གསར་པར་དབུ་ཞེས་པར་དབུ་འཁྲིད་ཅེས་དང།་
གཞུང་ཞེས་པར་གཞུང་ལུགས་སུ་བཅོས་རོགས་ཞུ།
ཐུགས་རྗེ་ཆེ།
ཚངས་དབྱངས་ལགས་སྐུ་ཉིད་ཀྱིས་ད་ཐེངས་གློ་བུར་དུ་མི་རབས་རྒན་པ་དང་སྐུ་དྲག་ལ་སྡང་ཟུག་ཆེན་པོ་གནང་ང།་བཀའ་སྤྱི་ལ་མི་རབས་གསར་པ་དགོས་ཚུལ་དངོས་ཤུགས་བརྒྱུད་གསུམ་ནས་གླེང་ནས།་དོན་དམ་སྐུ་ཉིད་སྤྱི་འཐུས་ཞུགས་འདོད་ཡོད་པ་དེ་སྐུ་ཉིད་ཀྱི་དམིགས་ཡུལ་ངོ་མ་རེད་དམ།
ཉིད་རང་སྤྱི་འཐུས་ཞུགས་ཡོད་ན་ཐད་ཁར་རང་ཉིད་ཀྱི་དགེ་མཚན་དང་འཇོན་ངོམ་ནས་དོན་དགོས་པ་ལས་ཐག་རིང་ལ་བསྐོར་ནས་སྐུ་དྲག་དང་མི་རབས་རྒན་པར་སྐྱོན་བརྗོད་བྱེད་དགོས་དོན་མ་མཆིས།
སྐུ་ཉིད་ད་ལྟ་ལྷོད་ལྷོད་ངང་རྐུབ་བཙུགས་ས་ཡོད་པ་དེ་སྐུ་དྲག་ཚོས་ཐོག་མར་བཙན་བྱོལ་སྤྱི་ཚོགས་འདིའི་འཛུགས་སྐྲུན་གྱི་རྨང་གཞི་ལེགས་པོ་གཏིང་བ་ལས་བྱུང་བ་མ་ཡིན་ནམ།
ལར་ནས་ད་ལྟ་བཙན་བྱོལ་སྤྱི་ཚིགས་ནང་སྐུ་དྲག་གི་དྲི་ཙམ་ཡང་མེད་པའི་མང་གཙོ་ཡང་དག་པ་ཞིག་ཡིན་བཞིན་དུ།ཁྱེད་ཚོས་ནག་ཐིགས་བྱུག་དོན་ཅི།དེའི་རྒྱབ་ལོགས་སུ་སུ་ཞིག་མགྲིན་ཚབ་པ་བྱེད་ཀྱི་ཡོད་དམ།
ལ་རྒྱའི་བདག་པོ་འདི་ཉི་མ་དོན་གྲུབ་ཀྱི་བདག་པོ་འདྲ་བོ་ཆགས་མི་འདུག་གས། ཁྱད་མཚར།
ཁྱེད་རང་གིས་བྲིས་པ་དེ་ལ་རྒྱུ་མཚན་དམིགས་བསལ་བ་གང་ཡང་མི་འདུག མདོར་བསྡུས་ན། གཞན་ལ་ཕྱོགས་ལྷུང་དང་གདུག་རྩུབ་ཅན་རེད་ཟེར་བཞིན་དུ། རང་ཉིད་ཀྱང་ཕྱོགས་ལྷུང་ཅན་ཞིག་ཡིན་པ་རང་བཞིན་གྱིས་མངོན་ཡོང་གི་འདུག དེར་བརྟེན་ཁྱེད་ཀྱི་རྩོམ་ཡིག་དེ་ལ་རིན་ཐང་གང་ཡང་མི་འདུག
དྲ་གྲོགས་ཀེ་ཏ་ཀ་ལགས་སུ་ཞུ་རྒྱུར།
ང་དང་བཀའ་ཁྲིའི་བར་དུ་ལ་རྒྱ་ཡོད།
ང་ནི་ལས་རྒྱའི་བདག་པོ་ཡིན།
ང་དང་བདེན་པའི་བར་དུ་ལ་རྒྱ་ཡོད།
ང་ནི་ལ་རྒྱའི་བདག་པོ་ཡིན།
ཁྱེད་ཚོ་བཤད་པ་དངོས་འབྲེལ་རེད།སྐུ་དྲག་མི་དགོས་པ་དང་།སྐུ་དྲག་གི་ཁྱིམ་རྒྱིད་མི་དགོས་པའི་ཤུགས་ནས་ཁོ་ཚོས་སུ་ལ་མདའ་རྒྱག་གིན་ཡོད་པ་རེད།འདི་གནད་དོན་གཅིག་རེད།
མཐོ་སློབ་ཁག་གི་མིང་བེད་སྤྱིད་བྱེད་པ་དེ་ཧམ་པ་དང་ཁྲིམས་འགལ་ཆེན་པོ་རེད།
བློ་སེང་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་མདོག་གིས་ས་གནས་ཚང་མའི་ནང་བཀའ་ཁྲོའི་འོས་མི་གཞན་ཚོའི་འདྲ་པར་བཀག་པ་དང་རལ་བ།འོས་མི་གཞན་གྱིས་གཏམ་བཤད་བྱེད་སྐབས་སྐད་རྒྱག་པ་སོགས་ཡ་རབས་མིན་པའི་བྱེད་སྟངས་སྡུག་ཅག་འདུག
བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་རང་སྐྱོན་ལ་ཟབ་ཟབ་བྱས་ན་མ་གཏོགས་མི་མང་ལ་མཐོང་ཚུལ་ངན་པ་ཡོང་གིན་འདུག
ལ་རྒྱའི་བདག་པོ་ལགས་།ཁྱེད་ཀྱིས་བསམ་ཚུལ་གླེང་བར་ཐུགས་རྗེ་ཆེ།ཡིན་ནའང་མི་རབས་གསར་པར་མི་རབས་གསར་པའི་དབུ་ཁྲིད་མཁོ་བའི་གནས་ལུགས་དེ་དུས་ཀྱིས་ང་ཚོར་རྗེས་འདེད་གཏོང་གི་ཡོད་པ་ཧ་གོ་དགོས་པ་རེད་མ་གཏོགས།དེ་ལྟ་གྲུབ་ཞིག་ཆགས་དགོས་པའི་རྒྱུ་མཚན་མེད་ལ་གཞུང་ལུགས་ཀྱི་ནང་དུ་འཁོད་དགོས་པ་དེ་འདྲ་ཞིག་གཏན་ནས་མ་རེད།དཔེར་ན་གཞུང་འཛིན་ཁ་གཏད་ཞིག་འཛུགས་པ་ལའང་གྲོས་ཚོགས་ཀྱི་ཆོག་མཆན་དགོས་པ་དང་རྩ་ཁྲིམས་སོགས་གཞུང་ལུགས་འདྲ་མིན་འཁོད་དགོས་པ་དེ་འདྲ་ཞིག་གཏན་ནས་མིན་པ་མཁས་དབང་འཇམ་དབྱངས་ནོར་བུ་ལགས་ཀྱི་གསུང་རྩོམ་རེ་སྒུག་གི་མང་གཙོ་ལེའུ་གསུམ་པའི་ནང་གསལ་བོ་བྲིས་འདུག་ག་་་་་་གནས་ལུགས་དེ་དང་འདྲ་མཚུངས་རེད།རིག་བསྒྲེ་གཏོང་རོགས།
ཉི་མ་དོན་གྲུབ་ལགས་ཀྱིས་གསུངས་པ་ལ་རྒྱུ་མཚན་ཆེན་པོ་ལྡན་འདུག དེང་སང་གཡམ་རྒྱུགས་བྱེད་རྒྱུ་ལ་དགའ་བའི་མི་མང་པོ་ཞིག་ཏག་ཏག་ཆབ་སྲིད་ཀྱི་ཚོར་བ་རྣོ་བའི་གཡོ་ཁྲམ་པ་རྣམས་ཀྱི་གཡོ་འོག་ཏུ་ཚུད་འདུག ཁོ་ཚོས་གང་བྱེད་ཀྱང་ང་ཚོ་ལ་ཁྱད་ཆེར་མེད་ཀྱང་ད་ལན་བཀའ་ཁྲིའི་འོས་བསྡུའི་སྐབས་འདིར་ཁོ་ཚོས་བོད་སྤྱི་ལ་གནོད་ཆེན་པོ་ཞིག་སྐྱེལ་བར་དོགས་ནས་སེམས་ཁྲལ་ཅུང་ཆེ། ཁོ་ཚོས་གྲལ་རིམ་དབྱེ་འབྱེད་ཀྱི་དར་ཆ་ནག་པོ་འཕྱར་ཏེ་གང་སར་རིག་གསར་ལངས་པ་ལྟ་བུའི་འུར་ཟིང་རྒྱག་པ་ནི་ཅི་འདྲའི་ཡིད་སྐྱོ་དགོས་པ་ཞིག་མ་ཡིན་ནམ། མ་ཟད་སེར་གཟུགས་གྲྭ་བག་གྲོ་ཟེར་བ་འདི་ནི་གཏེ་པོ་ཞིག་ཡིན་ཚོད་རེད། ཁོ་པ་བློ་སེང་གི་མགོ་བསྐོར་འོག་ཚུད་དེ་ཆོས་རིག་བཀའ་བློན་བྱེད་རྒྱུའི་གཉིད་ལམ་སྐྱིད་པོ་ཞིག་རྨི་བཞིན་འདུག ཨ་རོགས་བག་གྲོ ཁྱོད་ཆོས་རིག་བཀའ་བློན་བྱས་ན་ང་ཚོས་ཁྱོད་ལ་མ་ཉན་ལེ་མ་ཟད། ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཁྱོད་རྒྱ་དམར་གྱི་སོ་པ་མིན་ནམ་སྙམ་པའི་དོགས་པ་ཡོད། ད་དུང་ཁྱོད་གདན་སའི་དགེ་སྐོས་དང་འདུས་མང་མདུན་དུ་མནའ་བསྐྱར་མ་ཞིག་སྐྱེལ་འདོད་དམ། ཁོ་སེ་ར་དགོན་ནས་དམག་ཕམ་པའི་ཝ་བྲོས་པ་ཞིག་རེད། ཨ་ཁ། ངོ་ཚ་བ་ལ།
དྲ་གྲོགས་ཚོ་འཚམས་འདྲི་ཞུ་།
ལག་རྒྱའི་བདག་པོ་ཟེར་བ་མི་ངན་རེ་གཟུང་ངན་པར་ལམ་དུ་ཤོར་ནས་སྐྱག་པ་ལང་ནས་བཏང་གི་འདུག་།
དགའ་ལྡན་གྲཱ་བག་གྲོ་ལག་ཀྱིས་ཕྱོགས་རེས་དང་འཐེན་འཁྱེར་དོར་ནས་ལྷག་བསམ་དང་དྲང་བདེན་གྱིས་ཕྱོགས་སུ་ལང་དེ་ཤེས་འཇོན་གཉིས་ལྡན་གྱི་མཁས་དབང་བློ་བཟང་སེང་གེ་མཆོག་ལ་རྒྱབ་སྐྱོར་གནང་བ་།
སྐྱོན་བརྗོད་སོགས་མ་ཉེས་སྐྱོན་འཛུག་མང་དག་བྱེད་ཀྱི་ཡོད་པ་ནི་།
ཆང་རང་གི་གཏུང་དུས་ར་བཟི་།
གཞན་གྱི་གཏུང་དུས་མིག་མཚར་བའི་ལས་ངན་ཞིག་ལས་མ་མཐོང་།
ཁྱེད་ཚོ་ལ་རྣམ་དཔྱོད་དང་འཇོན་ཐང་ཡོད་ན་རང་གི་མིང་ངོ་མ་སྟོན་ནས་ཕེབས་དང་རྐུ་མ་བཞིན་དུ་ཡོངས་དགོས་མེད་། ཧཧཧཧཧཧ།
ངོ་མ་ཡག་པོ་ཞིག་བྲིས་འདུག གྲྭ་བག་གྲོ་ཁོ་མུ་མཐུད་གཉིད་ལམ་སྐྱིད་པོ་ཞིག་ལ་སྒུག་ཡོད། སྐྱ་མིན་སེར་མིན་དགའ་ལྡན་བག་བྲོ་ལ། །
ཆོས་རིག་བཀའ་བློན་ཐོབ་པའི་འཕྲིན་ལས་མཛོད། །
དེ་ནས་མི་རིང་བཀའ་བློན་ཞབས་སྟེགས་ནས། །
རང་བཞིན་རྦབ་རིལ་ཐེབས་པའི་གདོང་གྲོགས་མཛོད། །
དེ་ཀྱང་མ་ཚད་སངས་རྒྱས་ན་བཟའ་འདི། །
ཁོ་ལ་གྱོན་སྐལ་རྫོགས་པའི་བཀྲ་ཤིས་ཤོག །
ད་དུང་ཁོ་དང་ལས་དབང་མཐུན་པ་ཞིག །
དམ་ཉམས་ཁ་སྦྱོར་ཡོང་རྒྱུར་སྒྱུག་ནས་སྡོད། །ས་མ་ཡ་རྒྱ་རྒྱ། །
ཨ་རོགས། ཁོ་རེ་བསྟན་འཕགས། ཁྱོད་ལ་མི་ངན་དང་ཆང་གིས་བཟི་མ་བཟིའི་སྐོར་མ་གཏོགས་ཤོད་རྒྱུད་མེད་ལེ་ཨེ་རེད། ཁྱོད་ག་དུས་ཡིན་ན་ཡང་དེ་ཁོ་ན་ཤོད་ཀྱི་འདུག ངོ་མ་ཁྱོད་ཀྱི་གཉིད་ཕོང་སྒང་ལ་རྒྱག་དགོས་ལེ་ཞིག་རེད་དགི།
ཉི་མ་བཞིན་དུ་ཀུན་ལ་ཁྱབ། །
འདོད་དོན་ཡིད་བཞིན་འགྲུབ་གྱུར་ཅིག །
ལོ་ངོ་ལྔ་བཅུའི་གོང་ཞིག་ནས། །
སྐུ་དྲག་རིང་ལུགས་འཇའ་ལུས་གྲུབ། །
དམངས་གཙོའི་ལུགས་བཟང་བཙུགས་ཟིན་ཀྱང་། །
བསྙོན་འཛུགས་ཝ་སྐད་འདི་གང་ཞིག །
མའོར་རྒོལ་བར་མངོན་ཕྱོགས་ཀྱང་། །
མ་འོའི་ལྟ་བ་སྙིང་ལ་ཉར། །
མ་ནོར་ལམ་དང་ཐག་རིང་བའི། །
མ་འོངས་བོད་ཕྲུག་སྙིང་རེ་རྗེ། །
ངོ་མ་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག ཐུགས་རྗེ་ཆེ། བསྟན་འཕགས་ཟེར་བའི་གླེན་པ་ཁོས་དུས་བབ་ཚང་དང་ཁ་བརྡ་ལ་སོགས་དྲ་རྒྱ་ཚ་མའི་ནང་ལ་ཕུ་དཀྲུགས་མདའ་དཀྲུགས་གཞི་མེད་གཏམ་འཆལ་གྱིས་བཀའ་དྲུང་ཡིག་ཚང་གི་བཀའ་ཡིག་ལ་ཡང་སྣང་མེད་ཀྱི་དངུལ་བཟས་སོང་ཟེར་བ་འདི་རང་རེད་འདུག དེ་སྔོན་ཨ་མའི་བུས་ཁོ་ལ་དྲ་གྲོགས་ཚང་མའི་མདུན་དུ་དཔང་པོ་སྟོན་ཤོག་ཟེར་དུས་ད་ལྟ་བར་དུ་ཁྱི་རྒན་ཁོ་ལ་དཔང་པོ་སྟོན་རྒྱུ་མི་འདུག ཚང་མས་གླེན་པ་ཁོ་ཡིད་ཟབ་བྱོས།
ངོ་མ་མཐོ་སློབ་དེ་དག་བཤད་པ་བདེན་པ་རེད། ད་ཐེངས་བློ་བཟང་སེང་གེ་ཕམ་སོང་ན་མི་རབས་གསར་བ་ཕམ་སོང་བ་ཡིན། རྒན་པ་དག་གི་དུས་རྒྱུན་མཉམ་མྱོང་གཙོ་བོ་ཟེར་བཞིན་ཡོད་པ་ཀུན་གྱིས་ཤེས་ཡིན་ཡང་ཁོ་ཚོ་རྐུབ་སྟེགས་བཟུང་ནས་མི་གསར་བ་ལམ་ཁ་དུས་ནམ་ཡང་མ་ཕྱིན་ན་མཉམ་མྱོང་ཟེར་བ་གང་ནས་ཡོང་། ལོ་རྒས་དྲུག་ཅུ་ཅན་དག་གིས་ངལ་གསོ་བྱེད་རིམ་རེད།
བན་རྒན་དེའི་མིང་ལ་བསྟན་འཛིན་འཕགས་པ་ཞེས་འབོད་མིང་དོན་མཚུངས་པ་ཞིག་མིན་འདུག ཁོའི་མིང་བསྟན་བཤིག་ཕག་པ་ཞེས་འབོད་ན་མིང་དོན་མཚུངས་པ་ཞིག་འདུག
༡། དྲ་གྲོགས་ཉི་མ་དོན་སྒྲུབ་ལགས་ལ་གསལ་འདེབས་ཞུ་རྒྱུར། དེ་སྔོན་སཱ་ར་དང་ནོར་གླིང་། སྨན་རྩིས་མཐོ་སློབ་བཅས་ནས་མཁས་དབང་བློ་བཟང་སེང་གེར་རྒྱལ་སྐྱོར་མཚོན་ཆེད་ལས་འགུལ་ཞིག་སྤེལ་བ་དེ་མཐོ་སློབ་དེ་ཚོའི་སློབ་ཕྲུག་ཚང་མས་བྱས་པ་ཞིག་མིན་པ་ད་དུང་ཡང་ཤེས་མི་སོང་ངམ། ཁྱོད་རེའི་མིག་གཉིས་པོ་འདི་བད་སྤྱོད་ཡག་པོ་བཏང་དགོས་ཀྱི་འདུག་དཱ། སྐབས་དེར་མིང་བྱང་ཐོག་སཱ་ར་མཐོ་སློབ་དང་ནོར་གླིང་མཐོ་སློབ་སྨན་རྩིས་ཁང་མཐོ་སློབ་བཅས་ཀྱི་དྭང་བླངས་སློབ་མ་ཞེས་གསལ་པོར་བཀོད་འདུག་པས་དེ་ལྟར་ཤེས་པར་མཛོད་ཅིག དོན་མེད་དཀྲོག་གཏམ་མ་བྱེད།
༢། ང་ཡང་བློ་སེང་ལ་རྒྱབ་སྐྱོར་ཞུ་མི་ཞིག་ཡིན་པས་ཉི་དོན་ཁྱོད་ཀྱིས་བཤད་པའི་སྐད་ཆ་ “ད་ལྟའི་འོས་གཞིའི་འགྲན་རྩོད་ཐོག་ནུས་སྟོབས་ཅན་གྱི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མིན་པའི་གཞན་ཞིག་ ཡིན་ན་ཁོ་པ་ཚོས་ཀྱང་གནད་དོན་གཞན་ཞིག་ཐོག་ལུགས་མཐུན་མིན་པའི་གླེང་ཕྱོགས་བཟོ་ རྒྱུར་ཐེ་ཚོམ་མེད།” ཞེས་པ་ཁྱོད་རེས་ཇི་ལྟར་སྒྲུབ་ཐུབ་སམ། སྐད་ཆར་ཆོ་མིན་འདུག
དྲ་གྲོགས་བསྟན་འཛིན་འཕགས་པ་ལགས།
བཀྲིས་བདེ་ལེགས།སྐུ་ཉིད་ཉིན་བཞིན་མ་བསྡད་པར་བླུན་རྨོངས་ཚ་རུ་འགྲོ་གི་འདུག
ད་དུང་མུ་མཐུད་ཡར་རྒྱས་མ་ཕྱིན་ན་ང་ཚོས་བསྟན་འཛིན་ཕག་པ་ཞེས་འབོད་ཀྱི་ཡིན།
ང་མི་ཡག་པོ་ཞིག་ཡིན་ཞེས་བརྗོད་མྱོང་མེད།འོན་ཏེ་ངས་བོད་མི་རིགས་ཀྱི་བརྡ་སྤྲོད་རིག་གནས་རྣམ་གཞག་འདི་གཏོར་བཤིག་བཏང་འདོད་མེད།
དེ་ནི་ང་དང་བརྡ་སྤྲོད་རིག་གནས་བར་ལ་རྒྱ་ཡོད།
ང་ནི་ལ་རྒྱའི་བདག་པོ་ཡིན།བསྟན་འཕགས་ཀྱི་མཆན་བུ་༡༥་དེར་དག་བཅོས།
ཧཧཧཧཧཧ།
དྲ་གྲོགས་བསྟན་འཛིན་འཕགས་པ་ལགས་སུ།བཀྲིས་བདེ་ལེགས་ཞུ་བ་དང་སྦྲགས་ཚིག་འགའ་ཞུ་བར་ཐལ།
༡༽ལོ་ལྟར་ཟླ་༢ཚེས་༢༡་ཉིན་འཛམ་གླིང་ཕ་སྐད་ཀྱི་ཉིན་སྲུང་བརྩི་བྱེད་བཞིན་ཡོད།ང་ཚོ་བོད་མི་ཚོས་ཀྱང་ཕ་སྐད་ཀྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུ་གལ་ཆེན་པོ་རེད།དེ་ཡང་ཕ་སྐད་དག་པོ་བརྒྱབ་རྒྱུ་དང།ཡི་གེ་དག་པོ་བྲིས་རྒྱུ་དེ་ཕ་སྐད་སྲུང་བརྩིའི་ལས་འགུལ་གལ་ཆེ་ཤོས་དེ་རེད།་དེས་ན་ངས་དྲ་གྲོགས་བསྟན་འཛིན་འཕགས་པའི་མཆན་༡༥་དེར་དག་བཅོས་ཞུ་རྒྱུ་ཡིན།ལྡོག་ཕྱོགས་ཀྱི་གོ་བ་ལེན་ནས་རླུང་མ་ལངས་རོགས།
༢༽ལག་༼ལ༽རྒྱའི་བདག་པོ་ཟེར་བ་མི་ངན་རེ་གཟུང་༼བཟུང་༽ངན་པར་ལམ་༼ལངས་༽དུ་ཤོར་ནས་སྐྱག་པ་ལང་༼ལངས་༽ནས་བཏང་༼གཏོང་༽གི་འདུག་།༼འདིར་ཤད་མེད་༽
དགའ་ལྡན་གྲཱ་༼གྲྭ༽བག་གྲོ་ལག་ཀྱིས་ཕྱོགས་རེས་༼རིས་༽དང་འཐེན་འཁྱེར་དོར་ནས་ལྷག་བསམ་དང་དྲང་བདེན་གྱིས་༼གྱི་༽ཕྱོགས་སུ་ལང་༼ལངས་༽དེ་ཤེས་འཇོན་གཉིས་ལྡན་གྱི་མཁས་དབང་བློ་བཟང་སེང་གེ་མཆོག་ལ་རྒྱབ་སྐྱོར་གནང་བ་།
སྐྱོན་བརྗོད་སོགས་མ་ཉེས་སྐྱོན་འཛུག་༼འཛུགས་༽མང་དག་བྱེད་ཀྱི་ཡོད་པ་ནི་།
ཆང་རང་གི་༼གིས་༽གཏུང་༼འཐུང་༽དུས་ར་བཟི་།
གཞན་གྱི་གཏུང་༼འཐུང་༽དུས་མིག་མཚར་༼ཚ་༽བའི་ལས་ངན་ཞིག་ལས་མ་མཐོང་།
ཁྱེད་ཚོ་ལ་རྣམ་དཔྱོད་དང་འཇོན་ཐང་ཡོད་ན་རང་གི་མིང་ངོ་མ་སྟོན་ནས་ཕེབས་དང་རྐུ་མ་བཞིན་དུ་ཡོངས་དགོས་མེད་།
༣༽སྐུ་ཉིད་ཀྱིས་འཇོན་པོ་ཡོད་མིང་ངོ་མ་བྲིས་དགོས་གསུངས་འདུག
རང་མིང་ངོ་མ་མ་བྲིས་མ་གྲི་མགོ་སྣུན་ཐེངས་གཅིག་ལ་ཕྱི་མའི་ལམ་དུ་བསྐྱལ་ཡོང་སྙམ་ནས་རང་མིང་ངོ་མ་བྲིས་སྤོབས་མ་བྱུང་།
༤༽སྤྱིར་རྩོམ་ཡིག་ལ་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རང་མིང་ངོ་མ་བྲིས་མ་ཐུབ་པ་ན་སྨྱུག་མིང་ཞེས་བྲིས་པའི་སྲོལ་འཛམ་གླིང་གང་སར་ཡོད་པ་བཞིན་ངས་ཀྱང་དེ་བཞིན་བྲིས་པ་ལས་ཁུངས་མེད་དང་ལུགས་ཀྱི་དེ་འདྲ་བྱས་མེད།
༤༽ངས་མིང་ངོ་མ་བྲིས་ན་མཚན་ཉིད་གྲྭ་ཚང་གི་དགེ་བཤེས་བློ་བཟང་རྒྱ་མཚོ་མཆོག་ལ་བྱུང་བའི་རྗེས་འབྲས་ངན་པ་དེ་འདྲ་བྱུང་བར་འཇིགས་ནས་རང་མིང་མ་བྲིས།
༥༽ང་ཚོའི་སྤྱི་ཚོགས་ནང་བདེན་པའི་བདག་པོར་གྲི་མགོ་སྣུན་ནས་འཇིགས་སྐུལ་བྱེད་ཀྱི་ཡོད་པ་དེ་ཚོར་འཇིགས་ནས་མིང་བྲིས་མེད།
ད་ཡང་ལ་བདག་ཁྱེད་རང་ལའང་བཅོས་དགོས་པ་འགའ་ཞིག་འདུག་གོ ལྟོས་ཨང་།
༢༤༽ ལ་རྒྱའི་བདག་པོ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༡ གི་ཆུ་ཚོད་ ༢༣ སྐར་མ་ ༠༠
དྲ་གྲོགས་བསྟན་འཛིན་འཕགས་པ་ལགས་སུ།༼མཚམས་འདིར་འདིར་ཤད་མེད་ན་ལེགས།༽བཀྲིས་བདེ་ལེགས་ཞུ་བ་དང་སྦྲགས་ཚིག་འགའ་ཞུ་བར་ཐལ།
༡༽ལོ་ལྟར་ཟླ་༢ཚེས་༢༡་ཉིན་འཛམ་གླིང་ཕ་སྐད་ཀྱི་ཉིན་སྲུང་བརྩི་བྱེད་བཞིན་ཡོད།ང་ཚོ་བོད་མི་ཚོས་ཀྱང་ཕ་སྐད་ཀྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུ་གལ་ཆེན་པོ་རེད།དེ་ཡང་ཕ་སྐད་དག་པོ་བརྒྱབ་རྒྱུ་དང།ཡི་གེ་དག་པོ་བྲིས་༼༡བྲི་༽རྒྱུ་དེ་ཕ་སྐད་སྲུང་བརྩིའི་ལས་འགུལ་གལ་ཆེ་ཤོས་དེ་རེད།་དེས་ན་ངས་དྲ་གྲོགས་བསྟན་འཛིན་འཕགས་པའི་མཆན་༡༥་དེར་དག་བཅོས་ཞུ་རྒྱུ་ཡིན།ལྡོག་ཕྱོགས་ཀྱི་གོ་བ་ལེན་༼༢བླངས་༽ནས་རླུང་མ་ལངས་རོགས།
༢༽ལག་༼ལ༽རྒྱའི་བདག་པོ་ཟེར་བ་མི་ངན་རེ་གཟུང་༼བཟུང་༽༼༣ཟུང་༽ངན་པར་ལམ་༼ལངས་༽༼༤ལང་༽དུ་ཤོར་ནས་སྐྱག་པ་ལང་༼ལངས་༽ནས་བཏང་༼གཏོང་༽གི་འདུག་།༼འདིར་ཤད་མེད་༽
དགའ་ལྡན་གྲཱ་༼གྲྭ༽བག་གྲོ་ལག་༼༤ལགས་༽ཀྱིས་ཕྱོགས་རེས་༼རིས་༽དང་འཐེན་འཁྱེར་དོར་ནས་ལྷག་བསམ་དང་དྲང་བདེན་གྱིས་༼གྱི་༽ཕྱོགས་སུ་ལང་༼ལངས་༽དེ་༼༦ཏེ་༽ཤེས་འཇོན་གཉིས་ལྡན་གྱི་མཁས་དབང་བློ་བཟང་སེང་གེ་མཆོག་ལ་རྒྱབ་སྐྱོར་གནང་བ་།
སྐྱོན་བརྗོད་སོགས་མ་ཉེས་སྐྱོན་འཛུག་༼འཛུགས་༽མང་དག་བྱེད་ཀྱི་ཡོད་པ་ནི་།
ཆང་རང་གི་༼གིས་༽གཏུང་༼འཐུང་༽དུས་ར་བཟི་།
གཞན་གྱི་༼༧གྱིས་༽གཏུང་༼འཐུང་༽དུས་མིག་མཚར་༼ཚ་༽བའི་ལས་ངན་ཞིག་ལས་མ་མཐོང་།
ཁྱེད་ཚོ་ལ་རྣམ་དཔྱོད་དང་འཇོན་ཐང་ཡོད་ན་རང་གི་མིང་ངོ་མ་སྟོན་ནས་ཕེབས་དང་རྐུ་མ་བཞིན་དུ་ཡོངས་དགོས་མེད་།
༣༽སྐུ་ཉིད་ཀྱིས་འཇོན་པོ་ཡོད་༼༨ན་༽མིང་ངོ་མ་བྲིས་༼༩བྲི་༽དགོས་གསུངས་འདུག
རང་མིང་ངོ་མ་མ་བྲིས་མ་གྲི་མགོ་སྣུན་ཐེངས་གཅིག་ལ་ཕྱི་མའི་ལམ་དུ་བསྐྱལ་ཡོང་སྙམ་ནས་རང་མིང་ངོ་མ་བྲིས༼༡༠བྲི་༽་སྤོབས་མ་བྱུང་།
༤༽སྤྱིར་རྩོམ་ཡིག་ལ་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རང་མིང་ངོ་མ་བྲིས་༼༡༡བྲི་༽མ་ཐུབ་པ་ན་སྨྱུག་མིང་ཞེས་བྲིས་པའི་༼༡༢བྲི་བའི་༽སྲོལ་འཛམ་གླིང་གང་སར་ཡོད་པ་བཞིན་ངས་ཀྱང་དེ་བཞིན་བྲིས་པ་ལས་ཁུངས་མེད་དང་ལུགས་༼༡༣ལུང་ཞེས་སྦྱར་ན་འཚམས།༽༼༡༤མེད་༽ཀྱི་དེ་འདྲ་བྱས་མེད།
༤༽ངས་མིང་ངོ་མ་བྲིས་ན་མཚན་ཉིད་གྲྭ་ཚང་གི་དགེ་བཤེས་བློ་བཟང་རྒྱ་མཚོ་མཆོག་ལ་བྱུང་བའི་རྗེས་འབྲས་ངན་པ་དེ་འདྲ་བྱུང་བར་འཇིགས་ནས་རང་མིང་མ་བྲིས།
༥༽ང་ཚོའི་སྤྱི་ཚོགས་ནང་བདེན་པའི་བདག་པོར་གྲི་མགོ་སྣུན་ནས་འཇིགས་སྐུལ་བྱེད་ཀྱི་ཡོད་པ་དེ་ཚོར་འཇིགས་ནས་མིང་བྲིས་མེད།
དྲ་གྲོགས་ལག་རྒྱའི་བདག་པོ་དང་bbc ཟེར་བ་ཁྱེད་ཚོའི་གུས་པས་ཡིག་ནོར་བཅོས་པ་དགའ་བསུ་ཞུ་།
ཡིན་ན་ཡང་སློབ་དཔོན་ཆེན་པོ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་ཁྱེད་ཚོའི་དགྲ་མཐོང་མཐོང་དེ་འདྲ་བྱེད་དགོས་གང་ཡིན་ནམ་།
འོས་མི་གཞན་གཉིས་ལ་ཡོན་གཏན་མ་ཏོག་སྐྱོན་གཅིག་ཡང་མེད་པ་ཡིན་ནམ་། ཁྱེད་ཚོའི་ཕྱོགས་ཏོག་གཅིག་པ་ཡིན་པའི་རྒྱུ་མཚན་གྱིས་ཡིན་།ཧཧཧཧ་།
མིང་ལ་ལྷག་བསམ་དང་ལག་རྒྱའི་བདག་པོ་bbcགང་ཟེར་ན་ཁྱེད་ཚོའི་གཅིག་གི་གཅིག་ལ་རྒྱབ་སྐྱོར་ཡོད་ཁུལ་བྱས་པ་ཙམ་ལས་་་མི་གཅིག་ཡིན་པ་རྩོམ་ཡིག་ལ་ལྟས་ན་ཤེས་སོ།
དུ་ཚོས་ཆུ་ཟོས་སུ་བཏང་མཁན་རང་རེད་།།
ད་བསྟན་འཕགས་འདིའི་རིག་པ་རྐུབ་ལ་ཟུག་འདུག ཁོ་རྨོངས་པས་མ་ཚད་ལྐུགས་འདུག ཟག་རྒྱུད་ཐ་དད་པ་རྒྱུད་གཅིག་ཏུ་ཐལ་བའི་ཐལ་བ་དེ་ཁྱེད་ལ་ཟག་འདུག་གོ
ཟུག་འདུག་ཅེས་པར་བཅོས།
ད་ཡིན་ན་ང་སེམས་སྐྱོ། བློ་ཕམ། འུ་ཐུག ཕྱོགས་ཕན་ཚུན་གྱི་བསམ་ཚུལ་ཁ་བརྡ་དྲ་སྟེང་དུ་ལྷུག་པོར་སྤེལ་མུས་ཡང་། བསྟན་འཕགས་ཟེར་བའི་ཕུ་དཀྲུགས་མདའ་དཀྲུགས་དེས་སྨྱོ་ལབ་མང་དག་བྱེད་ཀྱི་འདུག་དངོས་གནས་བསྟན་འཕགས་ཁོ་སྨྱོ་འདུག ཁོ་ཡི་མཆན་ལ་རྒྱུ་མཚན་མེད།
དྲ་གྲོགས་བསྟན་འཛིན་འཕགས་པ་ལགས།
༡༽ང་ཚོས་བློ་སེང་ལ་དགྲ་མཐོང་བ་ལྟར་བྱེད་ཀྱི་མེད།འདི་ནི་སྐུ་ཉིད་ཀྱིས་སྣང་ཚུལ་ཙམ་ཞིག་རེད།
༢༽ང་ཚོས་བློ་སེང་ལ་སྐྱོན་བརྗོད་བྱེད་པ་ཙམ་གྱིས་བློ་སེང་ལ་དགྲ་ལྟར་མཐོང་བར་འཛིན་མི་རུང་།
༣༽ང་ཚོས་བློ་སེང་སྲེག་བཅད་བརྡར་གསུམ་གྱི་སྒོ་ནས་སྐྱོན་གྱི་ཕྱོགས་མང་ཙམ་གླེང་ནས་བློ་སེང་ངོ་མ་དེས་བཀའ་ཁྲི་བྱེད་ཐུབ་མིན་དཔྱད་པ་ཙམ་ཞིག་རེད།
༤༽སྤྱིར་སྲིད་བློན་གྱི་འོས་མིའི་ནང་ཞུགས་མཁན་ཚོར་ཁུངས་ལྡན་དང་ལུགས་མཐུན་གྱི་སྐྱོན་བརྗོད་བྱ་གལ་ཆེན་པོ་རེད།མི་དེའི་སྐྱོན་གྱི་ཕྱོགས་ནས་གླེང་ན་མི་དེ་ངོ་མ་གང་འདྲ་ཞིག་ཡོད་པ་ཤེས་ཀྱི་རེད།
༥༽གལ་ཏེ་ཁྱེད་ཚོས་ཀྱང་འོས་མི་གཞན་རྣམས་ལ་ཁུངས་རྒྱུ་མཚན་ལྡན་པའི་སྐྱོན་བརྗོད་བྱས་ན་འགྲིགས་ཀྱི་རེད།སུས་ཀྱང་བཀག་འགོག་མེད།འོན་ཏེ་ཁུངས་མེད་ཀྱི་གཏམ་འཆལ་སྤེལ་ན་དགག་ལན་ཆར་པ་བབ་ཀྱི་རེད།
དྲ་གྲོགས་དམ་པ་BBCལགས་སུ་ཞུ་རྒྱུར།
དེ་སྔ་ང་ཚོའི་བསྟན་པ་སྔ་དར་དང་ཕྱི་དར་སྐབས་སུས་སྐྱར་ཞུས་དང་།བར་ཞུས།ཡང་ཞུས་ཞེས་ཞུས་དག་མང་པོ་བྱེད་སྲོལ་ཡོད་ཅིང་།་དེ་དུས་ཞུ་ཆེན་དང་ཞུ་ཆུང་སོགས་ཞུ་དག་པ་མང་པོ་ཡོད་པ་བཞིན་ང་ཚོའི་རྩོམ་ཡིག་ཐུང་ཐུང་དེ་ཚོར་ཡང་དེ་ལྟར་གནང་དགོས་བྱུང་བ་ཡ་ཚན་རེད།
སྐུ་ཉིད་ཀྱིས་གུས་ཀྱི་མཆན་བུར་ཞུ་བཅོས་གནང་བ་དེས་གུས་ལ་སྐུལ་མ་ཆེན་པོ་ཐེབས་ཀྱི་དུག
ད་དུང་ངས་ལས་ཀ་བྱེད་ཀྱིན་དྲ་ཐོག་ཏུ་ཡོང་གིན་ཡོད་སྟབས་ཡིག་ནོར་ཏན་ཏན་ཡོང་སྲིད་ན་དེ་ལུགས་ཞུ་བཅོས་ཀྱང་མཐུད་གནང་རོགས།
ལ་བརྒྱའི་བདག་པོ་ལགས་སུ་ཆེད་ཞུ། ཁྱེད་ཀྱིས་ངོས་ལ་མཐོང་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ། དངོས་གནས་བྱས་ན་གུས་ལ་མཐོང་ཆེན་གནང་རིན་རྩ་བ་ནས་མེད། ཡོན་ཏན་མེད་པའི་མི་ཞིག་ཡིན། འོན་ཀྱང་ཁྱེད་ཀྱིས་རྟ་ཐོག་གྲོག་གཟིགས་དང་བོང་བ་གསེར་གཟིགས་ཀྱིས་མཐོང་ཆེན་མཐོང་བར་བརྟེན་གུས་པས་གང་ཤེས་ཞུ་འཐུས། སྤྱིར་ཁྱེད་ཀྱིས་ཡི་གེ་ཡག་པོ་ཞེ་དྲག་བྲི་གི་འདུག འོན་ཀྱང་ལས་བྲེལ་ཡོད་གསུངས་པ་ལྟར་མཚམས་རེ་ཆད་ལྷག་ཡོང་སྲིད་པ་ཞིག་རེད། གོང་གི་མཆན་བུ་དེར་ཡིག་ནོར་ཧ་ལམ་མི་འདུག་སྙམ། ཡོད་པ་ནི་གཤམ་ལྟར་ཡིན།
༡༽ང་ཚོས་བློ་སེང་ལ་དགྲ་མཐོང་བ་ལྟར་བྱེད་ཀྱི་མེད།འདི་ནི་སྐུ་ཉིད་ཀྱིས་༼ཀྱི་༽སྣང་ཚུལ་ཙམ་ཞིག་རེད།
༢༽ང་ཚོས་བློ་སེང་ལ་སྐྱོན་བརྗོད་བྱེད་༼བྱས་༽པ་ཙམ་གྱིས་བློ་སེང་ལ་དགྲ་ལྟར་མཐོང་བར་འཛིན་མི་རུང་།
ཚིག་སྒྲུབ་འདི་བཅོས་དགོས། ང་ཚོས་བློ་སེང་ལ་སྐྱོན་བརྗོད་བྱས་པ་ཙམ་གྱིས་བློ་སེང་ལ་དགྲ་མཐོང་བ་ལྟར་ལྟ་གི་ཡོད་པར་བསམ་མི་རུང་།
ཧ་ཧ། ད་ཡིན་ན་མིང་སྐམ་པོ་ཞིག་ལའང་ཧབ་ཐོབ་རེད་འདུག གྲ་གྲོགས་ལ་བདག་གིས་ང་ལ་བཅོལ་བའི་ལས་དེ་མིས་བསྒྲུབས་ཚར་འདུག ད་སྐྱོན་མེད། སུས་ཕན་ཐོགས་ཀྱང་གཅིག་མཚུངས་རེད། འོན་ཀྱང་ཁྱེད་རང་ངོ་བསྟོད་ལ་དགའ་པོ་དེ་འདྲ་ག་རེད་རས། དེ་འདྲ་ཡིན་ན་ངས་ཀྱང་ཁྱོད་ལ་བསྟོད་པ་བཏང་ཆོག གྲ་གྲོགས་ལྷག་བསམ་ལགས། ཁྱེད་ཀྱིས་ཡི་གེ་ཡག་པོ་བྲི་གི་འདུག ཡིན་ན་ཡང་ཁྱེད་རང་མགོ་བདེ་དྲག་འདུག ཁེད་རང་གིས་ཀུན་སྤྱོད་ལ་གཟབ་དགོས། ཡ་རབས་མ་རབས་སྤྱོད་པས་ཤེས། ལུང་པ་གང་ཡིན་སྐད་ཀྱིས་ཤེས།
ཁྱེད་ཀྱིས་ཡི་གེ་ཡག་པོ་བྲི་གི་འདུག = ཁྱེད་ཀྱིས་ཡི་གེ་ཡག་པོ་བྲི་བགྱིན་འདུག
ཁེད་རང་གིས་ཀུན་སྤྱོད་ལ་གཟབ་དགོས། = ཁྱེད་རང་གིས་ཀུན་སྤྱོད་ལ་གཟབ་གཟབ་བྱེད་དགོས།