(ལུང་རིགས་རྒྱལ་གྱི་ཟིན་བྲིས་ནས་བླངས། )
ཕྱི་ཚེས་ ༡༨ ཉིན་༧གོང་ས་མཆོག་ཕོ་བྲང་དཀར་པོའི་ནང་ནས་ཕྱིར་ཕེབས་སའི་སྒོ་དེ་ནི་ནམ་རྒྱུན་མི་གལ་ཆེན་དང་གྲགས་ཅན་རྣམས་ཕེབས་ས་མིན་པར། ཕོ་བྲང་གི་ནང་འཁོར་ཚོ་ཡར་མར་འགྲོ་སའི་གློ་སྒོ་ཞིག་རེད་ཟེར། གློ་སྒོ་དེའི་སྒོ་འགྲམ་དུ་ཨོ་བྷ་མའི་གད་སྙིགས་སྤུངས་ཡོད་པ་དེས་ལྷག་དོན་དུ་གཟིགས་སྐོར་འདི་དང་བསྟུན་ནས་༧གོང་ས་མཆོག་ལ་ཁྱད་གསོད་བྱས་ཡོད་པར་འདོད་མཁན་ཇེ་མང་རེད། ཨོ་བྷ་མས་༧གོང་ས་མཆོག་ཕོ་བྲང་ནང་དུ་གདན་འདྲེན་ཞུས་པ་ལེགས་ཀྱང་། ཁོང་ལ་ཕྱིར་ཕེབས་སྐྱེལ་ཡག་པོ་བྱས་མེད་པའི་སྐོར་འདི་ཐོག་མར་ NBC ཡི་གསར་འགོད་པ་ བྷུ་རེན་ཝེལ་ལམ་ Brian Williams ལགས་ཀྱིས་བསྒྲགས་ཡོད།
བྷུ་རེན་གྱིས་བཤད་དོན། ཏཱ་ལའི་བླ་མ་ཕོ་བྲང་ནས་ཕྱིར་ཕེབས་ས་དེ་ནས་ནང་འཁོར་ལས་བྱེད་ཚོ་མ་གཏོགས་མི་སུ་ལ་ཡང་ཕེབས་བསུ་དང་ཕེབས་སྐྱེལ་བྱེད་ཀྱི་མེད་ལ། ཕོ་བྲང་དཀར་པོའི་གད་སྙིགས་ཀྱི་སྒྱེ་མོ་དག་ཁོང་གི་ཕེབས་ལམ་དུ་སྒྲིག་འདུག་པ་དེའི་སྟེང་ནས་བཤད་ན། ཨོ་བྷ་མས་ཏཱ་ལའི་བླ་མའི་འཚམས་གཟིགས་དེ་ཡོངས་བསྒྲགས་མི་ཆགས་པའི་ཆེད་དུ་ཕེབས་ལམ་ལ་གློ་སྒོ་འདི་ཕྱེ་བ་རེད་ཟེར། འདི་དང་བསྟུན་ནས་བློ་ཕམ་གྱི་སྐད་ཆ་བཤད་མཁན་ཡང་ཇེ་མང་དུ་འགྲོ་བཞིན་འདུག དཔེར་ན། བོད་ཀྱི་གྲོགས་པོའི་ཚོགས་པས་གློ་སྒོའི་གད་སྙིགས་ཀྱི་ཁྲོད་ནས་༧གོང་ས་མཆོག་ཕྱིར་ཕེབས་བཅུག་པ་དེར་བློ་ཕམ་དང་ངོ་རྒོལ་ཡོད་སྐོར་བཤད་ལ། བྱང་ཁ་ལེ་ཧྥོར་ནི་ཡའི་བོད་རིགས་ཚོགས་གཙོ་བདེ་ཆེན་ཚེ་རིང་ལགས་ཀྱིས། བོད་དོན་རྒྱབ་སྐྱོར་བ་རྣམས་དང་བོད་རིགས་ཚོགས་པ་དག་གིས་ཨོ་བྷ་མའི་མཚན་ཐོག་ལ་བློ་ཕམ་གྱི་ཡི་གེ་གཏོང་དགོས་སྐོར་བཤད་འདུག ལོ་སྔོན་མར་ཨོ་བྷ་མ་པེ་ཅིན་དུ་ཕྱིན་ཏེ་ཁོས་ཧུའུ་ཅིན་ཐའོ་ལ་ཏཱ་ལའི་བླ་མ་ཕོ་བྲང་ནང་དུ་གདན་འདྲེན་ཞུ་རྒྱུ་ཡིན་སྐོར་བཤད་ཡོད་ལ། དེ་དུས་ཁོས་ཏཱ་ལའི་བླ་མ་ཕྱིར་ཕེབས་སྐྱེལ་ཞུ་སྟངས་ལའང་བསམ་བློ་བཏང་ཡོད་ངེས། ད་དུང་གད་སྙིགས་ཀྱི་སྒྱེ་མོ་དེ་དག་ཀྱང་སྐབས་དེ་དུས་ཀྱི་འཆར་འགོད་ལྟར་སྒྲིག་པ་ཡིན་སྲིད།
བྷུ་རེན་ཝེལ་ལམ་གྱིས་སྤེལ་བའི་གནས་ཚུལ་དེར་འདི་ལ་བསྣུན་ནས་གཟིགས་རོགས།
དེ་ནི་གནད་དོན་ཆེན་པོ་ཞིག་ཏུ་མཐོང་མ་སོང་། གསར་འགོད་ཅིག་གིས་དེ་ལྟར་བྲིས་པར་ང་ཚོས་ཞེ་དྲག་གི་གནད་ལ་འཛིན་དགོས་དོན་མེད་པ་འདྲ།
ང་རང་སྒེར་གྱི་བསམ་ཚུལ་བྱས་ན། ཨོ་རྦ་མས་དབང་ཆ་ལས་ལྷག་པ་ཆར་ཆེན་གད་སྙིགས་ཕྱིར་སྟོན་གཏན་ཕབ་དུས་ཚོད་ལ་རག་ལས་པ་རེད་སྙམ། བོད་པས་ཨ་རིའི་ཁང་པ་དཀར་པོ་ལ་ཕོ་བྲང་དཀར་པོ་ཞེས་ཆེ་བསྟོད་བྱེད་སའི་རང་གཤིས་སྟོན་པ་མ་གཏོགས་བསམ་བཞིན་དུ་བྱས་པ་ཞིག་ལ་མི་གོ་ཡང་། ཤ་ཚའི་གླེང་སློང་གནང་བ་ལ་དགོས་པ་མེད་པ་རེད། འབྲེལ་ཡོད་ཚང་མར་ཐུགས་རྗེ།
ངས་དང་པོ་སྒྱེ་མོ་དེ་ཚོ་མཐོང་བ་དང་ག་རེ་ཡིན་ན་དྲན་སོང་། སྒྱེ་མོ་དེ་ཚོའི་ནང་ན་ཉེན་ཁ་འདྲ་ཡོད་དམ་དྲན་སོང་། འདི་ནི་ཨ་རིའི་སྲིད་འཛིན་གྱི་མི་གཤིས་སྟོན་པ་ལས་ང་ཚོར་ཕན་གནོད་གང་ཡང་མེད། སྤྱི་བཏང་ཨོ་བྷ་མ་ཁ་ཆེ་མི་ནག་ཨ་ཧི་རི་ཀའི་མི་རྒྱུད་ཡིན་ཙང་གད་སྙིགས་དང་གཙང་བཙོག་ལ་དེ་ཙམ་དོ་སྣང་ཡོད་པ་མ་རེད། ཨ་རིའི་སྲིད་འཛིན་དང་མཇལ་བས་བོད་ཀྱི་མ་འོངས་པར་ཕན་ཐོགས་མེད་པ་ནི་ཚང་མས་ཡིད་ཆེས་བྱས་ཡོད། འོན་ཀྱང་ང་ཚོར་ཁེ་ཕན་དང་རྒྱལ་ཁ་ཆེ་ཤོས་དེ་རག་ཚར་བ་རེད། འདི་ལསལྷག་ཅིག་མ་འོངས་པར་ཕན་གྱི་མེད་བསམ་པའི་རེ་སྟོང་མ་བྱེད། ང་ཚོའི་ཁ་བཟང་དེ་མཇལ་འཕྲད་འདིའི་ཤུགས་ལས་འཛམ་གླིང་བོད་མི་རིགས་ལ་རྒྱ་དམར་གྱི་བཙན་གནོད་བྱེད་ཀྱི་ཡོད་པ་སོགས། ཉིན་ཤས་རྒྱལ་སྤྱི་ཐོག་རྒྱལ་ནག་གི་གདོང་བ་ཚ་བཅུག་པ་དང་། རྒྱ་ནག་གི་ནང་སྙིང་རྫོར་པོ་འཛམ་གླིང་ལ་སྟོན་ཐུབ་ཡོད། རྒྱ་ནག་གིས་ཀྱང་བོད་མི་རིགས་ཀྱི་ཆོད་སེམས་མཐོང་བའི་གོ་སྐབས་ཅིག་བྱུང་བ་རེད། འདི་ནི་འཇལ་འཕྲད་དེའི་མཐར་ཐུག་གྲུབ་འབྲས་རེད། དེ་ལས་ལྷག་ཅིག་མི་ནག་དེས་བོད་དོན་ལ་ལྐོག་ན་ཕན་འདོག་གི་ཡོད་པའི་རེ་བ་མ་མེད། སྤྱིར་ཨ་རིའི་སྲིད་ཇུས་ལ་འཛམ་གླིང་མི་དམངས་སྐྱུགས་མེར་ལངས་ཡོད་པའི་ཁར། ད་ལམ་འཛམ་གླིང་གི་ཞི་བདེའི་དབུ་ཁྲིད་ཆེན་པོ་ཞིག་འགྲོན་འབོད་དང་སྣེ་ལེན་བྱེད་སྟངས་དེས་སླར་ཡང་འཛམ་གླིང་མི་མང་གི་མི་མདུན་དུ་ཨ་རི་གཤིས་སྤྱོད་སྐྱུགས་བྲོ་བོ་དེ་བསྟན་པ་རེད།
༢། གཉིས་པ་བྱེད་སྟངས་འདི་ད་ལྟའི་ཨ་རི་འདི་སྔར་གྱི་སྟོབས་ཆེན་གྱི་ཨ་རི་དེ་མ་ཡིན་པར། ལོ་རེ་བཞིན་ཉམས་ཆགས་དང་ནུས་ཞན་དུ་འགྲོ་གི་ཡོད་པ་མཚོན་ཡོད་པ་རེད། ཁ་ཙམ་ལས་ཡང་སྙིང་ཨ་རིའི་ཁོག་པ་ཞེད་སྣང་གིས་ཁེངས་ཡོད་པ་མཐོང་ཐུབ།
ང་ཚོའི་ཁེ་བཟང་མཇལ་འཕྲད་འདིའི་རྐྱེན་གྱིས་ལོ་འགོ་འདིར་བོད་དོན་ཁྱབ་བསྒྲགས་ཕྱི་གསལ་ནང་གསལ་ཐེངས་གཅིག་བཟོ་ཐུབ་པ་དེ་རེད། དེ་མིན་མི་ཨ་རིའི་སྲིད་འཛིན་གྱིས་ལྐོག་ནས་བོད་ལ་ཡག་པོ་འདྲ་བྱེད་ཀྱི་མེད་འགྲོ་དང་ཡང་ན་རྗེས་མ་ཞིག་ལ་ཕན་གྱི་མེད་དམ་སྙམ་པའི་རེ་བ་ཡོད་པ་མ་རེད། གཞན་ཡང་དགེ་ཆོས་ཀྱིས། ར་ཁང་ཁྱི་ཁང་ནང་དུ་སླེབས་པ་བཞིན།། ལ་ལུང་གང་ན་བདེ་སྐྱིད་མི་འདུག་ཀྱང་།། བྱས་པ་ལྟར་འཛམ་གླིང་གི་སྐད་གྲགས་ཆེ་བའི་ཨ་རིའི་ཕོ་བྲང་དཀར་པོའང་ར་ཁང་ཁྱི་ཁང་ཙམ་ལས་ཡ་མཚན་མེད་པ་རེད།
་་་་ཤ་ཚའི་གླེང་སློང་གནང་བ་ལ་དགོས་པ་མེད་པ་རེད། ་་་མ་རེད། དེ་རེད་ཅེས་ཡིག་ནོར་ཆེན་པོ་བྱུང་བ་ལ་འཇགས་ཀློག་གནང་དུས་བཅོས་རོགས་གནང་།
http://www.youtube.com/watch?v=-xoEg30GrZs
སྤུན་ཟླ་ཚོ་དེང་སང་བོད་ཡིག་འདི་འདྲ་བེད་སྤྱོད་གཏོང་བཞིན་པ་དེར་བསམ་ཚུལ་གང་ཡོད་དམ། དྲ་ཐག་འདི་ལ་གཟིགས་རྗེས་སུ་བསམ་ཚུལ་རེ་གསུང་རོགས་ཞུ།
༸གོང་ས་མཆོག་གློ་སྒོ་ནས་ཕེབ་བཅུགས་པ་དེ་ནི་སྐུའི་བདེ་འཇག་གི་ཆེད་དུ་ཡིན་སྲིད། དེས་ན་དང་པོ་ལེགས་པར་བརྟགས་དགོས།
ཨོ་བྷ་མ་ཟེར་བ་འདི་ཕྱི་ནང་གཉིས་ཀ་ནག་པོ་ཡིན་སྲིད་པ་ཞིག་མཐོང་བྱུང་།
ཡིད་བཞིན་ནོར་བུ་མཆོག་གློ་སྒོ་ནས་ཕེབས་སྐྱེལ་བྱས་པ་དེ་རྒྱ་ནག་ལ་ཞེད་ནས་དང་། ཡིད་བཞིན་ནོར་བུའི་གཟིགས་བསྐོར་ཡོངས་གྲགས་མི་ཆགས་པའི་ཆེད་དུ་གང་ཡང་མ་རེད། གལ་སྲིད་དེ་ལྟར་ཡིན་ན་གཟིགས་བསྐོར་ལ་གདན་འདྲེན་ཁོ་རང་ཞུ་གི་མ་རེད།
འོ་ན་གང་ཡིན་ཟེར་ན་ནང་ཆོས་ཀྱི་དབུ་ཁྲིད་ལ་དམའ་འབེབས་གཏོང་ཆེད་དེ་ལྟར་བྱས་པ་རེད།
ཨ་རི་དེ་ཡེ་ཤུ་པའི་རྒྱལ་ཁབ་རེད། དེ་ཡིན་ཙང་སངས་རྒྱས་པའི་ཆོས་ལུགས་འཛམ་གླིང་ནང་དུ་དར་ཁྱབ་ཤུགས་ཆེར་འགྲོ་དུས་ཨ་རིའི་གཞུང་འཛིན་པ་ཚོའི་སེམས་ལ་ན་ཟུག་ཆེན་པོ་ཡོང་གི་ཡོད་རེད། སྔར་ཡང་ཨ་རིའི་གཞུང་གིས་བུད་མེད་ཅིག་ལ་སྒོར་མོ་སྤྲོད་དེ་བསོད་རྒྱལ་རིན་པོ་ཆེ་དམའ་འབེབས་བྱེད་བཅུག་པ་རེད།
ཨ་རི་ལ་བཞུགས་པའི་སངས་རྒྱས་པའི་བླ་མ་ཚོ་གཟབ་གཟབ་བྱེད་དགོས་པའི་དུས་ལ་སླེབ་འདུག་གོ
དེ་ནི་སེམས་སྡུག་བྱེད་དགོས་པ་ཞིག་ཏུ་མཐོང་མ་སོང་། བོད་མིའི་བདེ་སྡུག་ནི་བོད་མི་རང་གི་ཤེས་འབྱོན་དང་འབད་བརྩོན་གྱི་སྟེང་ནས་འབྱུང་བ་ལས་ཐབས་གཞན་མེད། སྔོན་གྱི་དུས་སུ་བོད་ཀྱི་བླ་དཔོན་རྣམས་གྱི་དབང་ཤུགས་རྒྱ་ནག་གིས་ངོས་ལེན་བྱེད་སྟངས་ལ་བལྟས་པ་དེའི་མཐར་ཐུག་གི་གྲུབ་འབྲས་ལ་གཟིགས། ཕོ་བྲང་དཀར་པོའི་དབང་འཛིན་པ་རྣམས་ཀྱིས་༧གོང་ས་མཆོག་ལ་ངོས་ལེན་བྱེད་སྟངས་བཟང་ངན་ལ་ལྟོས་ནས་བོད་མིའི་གནས་བབ་ལ་འགྱུར་ལྡོག་ཐེབས་རྒྱུ་ཁག་པོ་རེད། བོད་མི་རེ་རེའི་ངོས་ནས་དཀའ་སྡུག་ཉམས་སུ་མྱོང་ནས་རང་དབང་རྩོད་རྒྱུ་ལས་མི་གཅིག་འཇིག་རྟེན་བཀོད་པ་པོ་ལྟར་འདོད་པའི་ལྟ་གྲུབ་དེས་རང་དབང་སླར་གསོ་ཐུབ་བམ། དེ་ནི་ཆེས་རྙིང་དྲགས་པའི་གདོད་མའི་སེམས་ཁམས་ཤིག་རེད། བསམ་ཚུལ་དེས་འབྲས་བུ་སྒྲུབ་ཐུབ་པའི་སྤྱི་ཚོགས་མཇུག་སྒྲིལ་ཟིན་པ་མ་རེད་དམ།