ཀླུ་སྨྱོན།
—-
རི་གྲོང་སྨུག་པས་བཏུམས་དུས།
དཔེ་ཆ་བ་ཚོ་ལྗོན་པའི་འོག་ཏུ་འདུས་བྱུང་།
ལུག་ཁྱུ་ཡང་རླུང་དང་འདྲེས་ཤིང་།
རྫི་གླུ་གང་སར་ཡན་པ་ནི་འཕྱོན་མའི་སྐྲ་འདབས་དང་ཡང་ཤིན་ཏུ་མཚུངས།
ཁེར་རྐྱང་གི་རྨི་ལམ་གང་མང་ཞིག་རྨིས་རྗེས།
ད་གཟོད་ངས་མི་ཚེ་ནི་མ་གཞི་ནས་སྤྲིན་པ་ལྡོམ་པོ་ཞིག་གི་གྲིབ་ནག་ལས་གཞན་ཅི་ཡང་མིན་པ་རྟོགས་བྱུང་།
ཀྱེ། ས་གཞི་ཆེན་པོ། རི་རབ་དང་གཙང་པོ་ཅིའི་ཕྱིར་རྒས། ཅིའི་ཕྱིར་རྒས།
ཀྱེ། ནམ་མཁའ་སྔོན་པོ། ཉི་མ་དང་སྐར་ཚོགས་ཅིའི་ཕྱིར་འཚེར། ཅིའི་ཕྱིར་འཚེར།
བྱིས་པ་ཚོས་ནུབ་འཚལ་གྱི་བྲོ་བ་མ་མྱངས་སྔོན།
གྲོང་གསེབ་ནས་གློག་བརྙན་གྱི་རས་ཡོལ་ཡམ་ཡོམ་འགུལ།
དེ་ནི་བསླུ་བྲིད་ཐེངས་ཤིག་མིན་ན་ཡང་།
དེ་ལ་སྨྲ་མི་ཤེས་པའི་འགུག་ཤུགས་ལྡན། ང་ལ་མཚོན་ན།
ཆུ་གཞུང་དུ་རྡོ་བ་ཐར་ཐོར་གྱི་ངོས་སུ་ལོ་ཟླའི་སྨུག་རྩི་བབས་ཤིང་།
བུ་མོ་ཚོའི་ཟླ་མཚན་ཡང་ཕྱིང་དཀར་གདན་གྱི་སྟེང་ན་འོད་དུ་འཚེར།
རི་གྲོང་དུ་གཏམ་རྒྱུད་ལ་ངེས་གཏན་མེད་པར་ཉི་ནུབ་དང་རི་བོའི་ཟོམ་དུ་རྒས་ཤིང་།
རྒན་རྒོན་ཚོའི་གཉེར་མ་ཁོ་ནས་ཁྱོད་ལ་འཇིག་རྟེན་འདིར་དེ་ཙམ་འདུག་དབང་མེད་པ་ཡང་བརྗོད་མྱོང་།
རི་བོའི་ཕ་རོལ་ཏུ་གཡག་རྒྱབ་ཚོང་ཁང་དང་རས་གུར་ཡོད་ལ།
དེ་རུ་བཀྲ་ཤིས་ཟླ་བའི་སྨྱུག་འོད་གི་མཐར་འཕེལ་དང་ཁྱུང་ཁྱུང་ཡང་ཡོད།
གཟའ་ཟླ་བར་ཉོས་པའི་ཆུ་ཚོད་དེ་འཇར་པན་དང་སིད་སི་གང་ནས་བཟོས་མིན་ཤེས་དཀའ་ཡང་།
དོ་ནུབ་མགོ་དཀྲིས་དམར་པོ་ཞིག་གི་དྲི་ཞིམ་ཁྱེར་ནས་མུན་ནག་གི་མཚན་ལྗོངས་འགྲིམ་དགོས་པ་གཏན་ཁེལ་བྱུང་།
བྲག་ཁུང་ཞིག་ལས་འཆི་བ་འཆི་བ་ཞེས་ལན་བརྒྱ་སྟོང་དུ་གྲག་འོང་ཞིང་།
ལྷ་ཁང་དེའི་ལྡེབས་རིས་ཀྱིས་ཀྱང་སྲིད་པ་འཁོར་ལོའི་འཇིགས་སུ་རུང་བའི་འགྲེལ་བཤད་བརྒྱབ་བྱུང་།
ཕུག་རོན་ཞིག་ལ་འགྲོགས་ནས་ནུབ་ཁའི་ཉི་ཟེར་ལ་ཐིམ་དགོས་པའམ།
སང་ཞོགས་བར་དུ་ཆང་རག་གི་དམ་བི་འདིའི་སྟེང་དུ་མཛུབ་རྗེས་ཅི་ཙམ་དཔར་དགོས་མིན་ཡང་ངས་ག་ལ་ཤེས།
དམ་བེ? དམ་བི?
ཀྱེ་དང་། ཀ་ཡེ། ཀེ་མ་གཏོགས། ཀྱེད་ཅེས་པ་ཞིག་དེ་རིང་བར་ཁུངས་མཐོང་མ་སོང་བས་་་་་་ ཅིག་གིས་་་་་་
བོད་ཀྱི་ཚིག་མོད་ཆེན་མོའི་ནང་། ཀེ འདི། བོད་ཀྱི་རིགས་རུས་ཤིག སྔར་གྱི་ཞེ་སའི་སྐབས་ལ། ཀྱེ་དང་ཀྱེེ། ཀ་ཡེ་དང་། ཞེ་ས་མེད་པར་ཐད་ཀར་ལ། ཀེ་དང་། ཀྭ་ཞེས་འབྲི་སྲོལ་ཡང་འདུག
བདེན་ན
ཀྱེ་དང་ཨེ་མ་སོགས་ཀྱིས་ག་ཚོད་འུར་ཀྱང་ཁྱོད་ལ་རང་མོས་སྙན་ངག་གི་ཞག་རྩི་དེ་རྦད་དེ་མི་འདུག དེ་བས་ཁ་ཏོན་དགེ་སྦྱོང་རེ་བྱས་ཏེ་སྡོད་དང་འཚམས་པོ་རང་མེད་འགྲོ ལོ་ན་ཚོད་ཀྱང་སླེབས་ས་ཞིག་ལ་བསླེབས་མེད་དམ། ཨ་་་
ཀླུ་སྨྱོན་མཆོག་གིས། མུ་མཐུད་ནས་ཆེད་རྩོམ་འབྲི་གནང་བའི་རེ་བ་ཡོད་ལགས།
ཀ་ཡེ། དྲྭ་གྲོགས་རྣམས་པར། ཁ་བརྡར་ཕེབས་མཁན་ཚང་མ་བོད་ཡིག་དང་། བོད་སྐད་ལ་ཞབས་ཕྱི་ཞུ་འདོད་ཡོད་མཁན་རྐྱང་རྐྱང་ཅིག་ལ་ངོས་འཛིན་བྱེད་བཞིན་ཡོད་པས་་་་་་་་་ གང་མང་མང་འབྲི་རོགས་གནོངས་དང་།། ཀྱེེ།། །།