བསྟན་འཛིན་འཆི་མེད། དཔེ་སྟོན་སློབ་གྲྭ། འཛིན་གྲྭ་བརྒྱད་པ།
·གློག་བརྙན་མིང་=tare zameen par བོད་སྐད་ཐོག་ཞུས་ན་༼ས་ལ་འབབ་པའི་སྐར་མ་༽
·མི་སྣ་གཙོ་ཕལ་=༤ ༼ཡབ་ཡུམ་གཉིས་རྒན་ལགས་གཅིག་གྲོགས་པོ་གཅིག་༽
· དུས་ཡུན་=༢;༤༥
གུས་མོ་ང་དང་འཛིན་གྲོགས་རྣམས་ཉིན་ཞིག་གློག་བརྙན་བལྟས་པའི་དུས་སྐབས་ཞིག་གི་མྱོང་ཚོར་ཏོག་ཙམ་ཞུ་ན་༼ཏ་རེ་ཛ་མིན་པར་༽ཟེར་བའི་བརྗོད་གཞི་དེ་རེད། ང་རང་བསམ་ཚུལ་ལ་གློག་བརྙན་འདི་ནི་གང་ཅི་ཐོག་ནས་སློབ་སྦྱོང་དང་ཐད་ཀར་འབྲེལ་བ་ཤུགས་ཆེན་ཡོད་པ་ངས་ཚོར་བྱུང། དུས་ཡུན་ཐུང་ཐུང་ཞིག་གི་ནང་བལྟས་པ་ཙམ་གྱིས་སེམས་ཚོར་ཧ་ཅང་གྲང་ངར་ཞིག་སྐྱེས་བྱུང། ངས་མཐོང་ཚུལ་ལ་འདིའི་ནང་མི་སྣ་གྲགས་ཅན་ཁ་ཤས་འདུག་པས་དེ་ནང་ནས་མི་སྣ་རྩེ་གྲགས་ནི་(Amir Khan)རྒན་ལགས་ནང་བཞིན་གྱི་མི་སྣ་འཁྲབ་འདུག་པས་(Ishan)ཟེར་བའི་བུ་དེ་ལ་འགྱུར་བ་རྒྱུག་ཆུ་ལྟར་ཐེབས་སོང།
འདིའི་སྔོན་ནས་རྒན་ལགས་ནས་གློག་བརྙན་སྟོན་གྱི་ཡིན་ཞུས་དུས་ང་ཚོ་དངངས་སྐྲག་དང་སྐྱིད་ཚོར་ཤུགས་ཆེན་ཞིག་ཚོར་བྱུང། སང་ཉིན་རྒན་ལགས་ཀྱིས་མ་སྟོན་ཚེ་ང་ཚོ་ཡང་བྱིས་པ་ནང་བཞིན་སློབ་སྦྱོང་ལ་སྣང་མེད་དང་སྦྱང་འདོད་མེད་པའི་སེམས་ཚོར་ཤུགས་ཆེན་ཞིག་ཚོར་གྱི་རེད་བསམ། རེས་གཟའ་པ་སངས་ཉིན་ལྟ་དུས་སྐབས་དེར་ཡང་ཉོབ་སྣང་བྱུང་དོན་ལ་རྒན་ལགས་ཀྱིས་གསུངས་དོན་ལ་ཁྱེད་ཚོས་ལྟར་མོ་བལྟས་ཚར་བའི་རྗེས་ལ་ཁྱེད་རང་ཚོས་ངེས་པར་དུ་རྩོམ་ཞིག་འབྲི་དགོས་གསུངས་དུས་གུས་མོ་ང་ལ་མཚོན་ན་ང་ནི་ལེ་ལོ་ཚ་བའི་རྐྱེན་གྱིས་ཉོབ་སྣང་དང་སུན་སྣང་ཞིག་ཚོར་བྱུང།
ལྟད་མོ་དེའི་ནང་མགོ་འཛུགས་སྟངས་དེ་ནི་ཡིད་དབང་འཕྲོག་ཅིང་སེམས་ཀྱང་ཞི་བདེ་རུ་གྱུར་སོང། མགོ་བཙུགས་སྟངས་ཏེ་ཏོག་ཙམ་ཞིག་ཁྱེད་རྣམ་པ་ལ་ཞུས་ན་དེ་ནི་བྱིས་པ་རྣམས་ཡིད་དབང་འཕྲོག་པ་ཡིན་དང་ཡིན་ཆུའི་ནང་གི་སེམས་ཅན་རྣམས་དང་དེ་ཡང་བྱིས་པའི་བརྙན་ཐུང་ནང་བཞིན་བསྟན་འདུག་པས་ང་ཚོ་ཚང་མས་དེ་ལ་བལྟ་འདོད་པ་དེ་ནི་དེའི་རྗེས་ལ་གང་སྟོན་གྱི་རེད་སྙམ་ནས་བསྡད་པའི་སྐབས་དེ་ལ་ངའི་ཚོར་བའི་ནང་དུ་བྱིས་པའི་བརྙན་ཐུང་དེ་དང་གང་འདྲ་འབྲེལ་བ་ཡོད་རེད་སྙམ་བྱུང། རྗེས་ལ་ལྟད་མོ་ཞིབ་ཚགས་པོ་བལྟས་རྗེས་དངོས་གནས་དོན་སྙིང་ཡོད་པ་ཞིག་རེད་འདུག།
དུས་ཡུན་ཐུང་ཐུང་ནང་ལ་ཁྱིམ་ཚང་འབྲིང་ཙམ་ཞིག་གི་ནང་དུ་ཡབ་ཡུམ་ཞིག་དང་ན་གཞོན་བུ་གཉིས་འདུག། སློབ་བུ་ཆེ་བ་དེ་ནི་སློབ་ལ་ཧ་ཅང་གི་མཁས་པ་རྒྱ་མཚོ་ལས་གཏིང་ཟབ་པ་ཞིག་དང་ནམ་མཁའ་ལས་རྒྱ་ཆེ་བ་འདུག་ལ། ཡིན་ནའང་སྟབས་མི་ལེགས་པ་ཞིག་ཞིག་ལ་ཁོང་གི་སྤུན་ཆུང་ནི་ག་དུས་ཡིན་ནའང་རྣ་བ་གཡེང་ནས་སློབ་གྲྭའི་ནང་དུས་ཚོད་རྐྱལ་བཞིན་ཡོད་པའི་སློབ་ཕྲུག་ཅིག་རེད། ལས་གང་འདྲ་ཞིག་བསགས་པ་ཡིན་ནམ་སྙམ་བྱུང། ཁོང་ཉིན་ལྟར་རྒན་ལགས་དང་ཡབ་ནས་གཤེ་གཤེ་བཏང་ནས་མཐར་ད་ཆ་སྤྱི་ཚོགས་ནང་ག་དུས་ཡིན་ཡང་འཕྱ་དམོད་བྱེད་ས་དང་ཁོང་རང་གི་ཡང་རེ་བ་དེ་ཡང་བརླག་འདུག། སེམས་ཤུགས་རྣམས་བརླག་པ་ནང་བཞིན་རྒྱང་ཐག་རིང་དུ་ཕྱིན་སོང། རེ་བ་བརླག་པའི་ན་ཆུང་དེ་ཡི་མི་་ཚེ་རྫོགས་སོང་སྙམ་སོང། ཁོང་སྤྱིར་བཏང་སློབ་སྦྱོང་ལ་ཞན་པོ་ཞིག་ཡིན་མོད་ཀྱང་རི་མོ་ལ་མཁས་པ་ཅན་ཞིག་རེད་འདུག། ཁོང་གི་ཡབ་ཀྱིས་ཕྲུ་གུའི་འདོད་མོས་ལ་མི་བལྟ་བར་བྱ་སྤྱོད་ངན་ལུགས་ལ་ངོས་བཟུང་ནས་གཤེ་གཤེ་ཚད་མེད་གཏོང་བ་དེ་ནོར་འཁྲུལ་རེད་བསམ་གྱི་འདུག བོད་པའི་སྤྱི་ཚོགས་ནང་ཆ་བཞག་ན་བོད་པའི་ཕ་མ་རྣམས་ཀྱིས་སློབ་སྦྱོང་ལ་བརྩོན་འགྲུས་མེད་ན་ལས་ཀ་སོགས་བྱ་སྤྱོད་འདྲ་མིན་བྱས་བཅུག་གི་རེད། གལ་སྲིད་སྤྱི་ཚོགས་ནང་མི་གྲངས་གཅིག་འཕྲོ་བརླག་ཕྱིན་པ་ཡིན་ན་སྤྱི་ཚོགས་ཀྱི་མི་འབོར་ཉུང་དུ་འགྲོ་ངེས་ཡིན། གལ་སྲིད་མི་གཅིག་ལ་ཤེས་ཡོན་མེད་ན་སུ་འདྲ་ཞིག་ཡིན་ཡང་ཁོང་ཚོ་ལ་དམིགས་ཡུལ་ཡོད་པ་ཞིག་ཡིན་ཚེ་ཁོང་ཚོར་སྒྱུ་རྩལ་འདྲ་མིན་ཡོད།
ང་རང་གི་བསམ་ཚུལ་ལ་མི་སུ་འདྲ་ཞིག་ཡིན་ནའང་ཤེས་ཡོན་མེད་ན་མི་དབུལ་བོ་དང་དམའ་འབེབ་སྨད་ར་བཏང་བ་དེ་ང་ཚོའི་བསམ་བློ་མཐོང་རྒྱ་ཆེན་པོ་མེད་པའི་རྟགས་མཚན་རེད། སྨད་ར་གཏོང་བ་དེ་མིའི་རེ་བ་རྣམས་བརླག་བཅུག་པ་བཟོས་དུས་ཁོང་ཚོ་རང་ཤི་བརྒྱབ་ནས་མི་འབོར་ཉུང་དུ་ཕྱིན་གྱི་ཡོད་རེད། དེ་མ་ཟད་ང་ཚོའི་ཉེ་འཁོར་གྱི་ཁོར་ཡུག་ཆུང་ཆུང་ཞིག་གི་ནང་བལྟས་དུས་ཤེས་ཡོན་མེད་བཁན་གྱི་སློབ་ཕྲུག་ཡོད་ལ་ཁོང་ཚོ་ལ་ཤེས་ཡོན་མེད་ན་སྤྱོད་པ་ཡོད། ཡ་རབས། གཤིས་ཀ། གསུངས་སྐད། རྩེད་མོ་དང་གཞན་སོགས་ལ་ཡག་པོ་ཡོད་ན་ཤེས་ཡོན་དང་སློབ་སྦྱོང་མེད་མཁན་ལ་ལྟ་སྟངས་གཅིག་བཟུང་ནས་རྒྱབ་སྐྱོར་བྱ་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་རེད།།