The movie “Pun Anu Thanu” is the best example of how bad exile youngsters are in terms acting. We have couple of other films as well, all of which point at the same direction.
To bring your dream into reality passion alone is not enough, so to start with practically my friend you need to learn to speak good tibetan first that also fluently and skillfully.
Then the next challenge is is acting. We can always rock when we know how to do it practically. Otherwise we are bunch of Walter Mitty. So good luck in both bro.
ཁྱེད་ཀྱི་ར་མ་ལུག་གི་སྐད་ཆ་དེས་ང་ལ་ཁྱེད་ཀྱི་ཀློག་བརྙན་ལ་སྤྲོད་བ་སླེབ་ཐུབ་མ་སོང་། ར་མ་ལུག་གི་སྐད་ཆ་བཤད་ནས་ཀློག་བརྙན་ཁྲབ་པ་ལས་མ་ཁྲབ་ན་ཡག་པོ་འདུག
ངས་ད་བར་གློག་བརྙན་འཁྲབ་གཞུང་ཅུང་ཟད་རིང་པོ་གཉིས་བྲིས་པ་ཡིན་མོད་གཉིས་ཀ་འཁྲབ་སྟོན་བྱེད་མ་ཐུབ་པར་བཙའ་བརྒྱབ་ནས་ལུས་བསྡད་ཡོད། དེང་སྐབས་གློག་བརྙན་འཁྲབ་གཞུང་ཐུང་ཐུང་དེ་འདྲ་འབྲི་སྟངས་ལ་བསམ་བློ་གཏོང་བཞིན་ཡོད། གོང་གི་ཕོ་གསར་དེས་འབོད་སྐུལ་གནང་བ་ལ་དགའ་བསུ་ཞུ། ཡིན་ན་ཡང་ཁོང་གཅིག་པོ་མ་ཡིན་པར་གཞིས་ཆགས་ནས་ཕེབས་པའི་མི་མང་པོ་ཞིག་གིས་”སྒྲུང་”ཞེས་དང་”དངངས་སྐྲག”་ཅེས་ལབ་དུས་”སྒྲོམ་”ཞེས་དང་”དངམས་སྐྲག་”ཅེས་ཁ་བཙུམས་ནས་རྗོད་བཞིན་འདུག་པས། “སྒྲུང་”དང་”དངངས་”ཀྱི་རྗེས་འཇུག་དང་ཡང་འཇུག་ང་ས་ཡིན་ཚེ་ཁ་གདངས་ནས་སྒྲ་གདངས་འབྱིན་དགོས་པ་འདི་ལ་ཐུགས་སྣང་རེ་མཛོད། དེ་མིན་ཚང་མ་ཡག་པོ་འདུག དཔེར་ན་ཁོང་གིས་བོད་པའི་བུ་མོ་ཚང་མ་སྙིང་རྗེ་བོ་འདུག་ཟེར་བརྗོད་པ་བཞིན་ཡིན།
དཔེ་མི་སྲིད་པའི་ཡག་པོ་འདུག རྗེས་སུ་ཡི་རངས་ཡོད། བོད་པའི་གླང་རྫི་སྟེ། (Tibetan cow boy)འཁྲབ་མཁན་དེ་ཁྱོད་ཚོ་ཡིན་ན་ངས་ཞལ་འདེབས་ཅུང་ཟད་ཕུལ་རྒྱུ་ཡིན། གློག་བརྙན་དེ་ནི་རྒྱ་གར་ལ་རེད། བོད་ལ་རེད། རྒྱ་ནག་ལ་རེད། བོད་པ་ཡོད་ས་ག་ས་ག་ལ་དར་ཁྱབ་ཆེན་པོ་འདུག་ལ། འཚོ་བ་མཚོན་པའི་གློག་བརྙན་ཕུན་སུམ་ཚོགས་པ་ཞིག་རེད་འདུག
ཨ་རོ་མྱི་ལྡང་། བོད་པའི་གླང་རྫི་ལ་གང་ནས་ལྟ་ཐུབ་ཀི
ཡ་ཡ། ད་ཀླུ་སྨྱོན་ཁྱོད་ཀྱིས་ཧི་མ་ལ་ཡའི་གླང་རྫི་ཞེས་པའི་གློག་བརྙན་ལ་གཟིགས་མོ་འདི་ནས་གཟིགས་རོགས། http://www.youtube.com/watch?v=Z9H6PkRziNo ཆ་ཚང་ལ་རེ་རེ་བཞིན་གཟིགས་རོགས།
བཀའ་དྲིན་ཆེ། གྲོགས་པོ་རྙིང་པ་འདི་འདྲ་ས་ཞིག་མེད་ཡ། བླ་བྲང་སྐལ་བཟང་གིས་ཉིན་ཞིག་ང་ལ་མོ་ཤ་དྲིན་ཆེན་དེ་ད་འདྲ་རྒྱུ་ཞིག་མེད་ཡ་ཞེས་བརྗོད་པ་ནང་བཞིན་རེད།
སེམས་ཤུགས་དང་ལྡན་པའི་ལས་འགན་འཁུར་སྟངས་ལ་རྗེས་སུ་ཡི་རང་ཡོད། འོན་ཀྱང་བོད་སྐད་གཙང་མ་བཤད་ཐབས་སུ་ཅུང་ཙམ་འབད་བརྩོན་མ་བྱས་ན་བཙན་བྱོལ་བོད་མི་ང་ཚོས་གཞིས་ལུས་སྤུན་ཟླ་ཚོའི་མདུན་ན་ངོ་ཚ་ཉོ་བ་ཙམ་མ་ཟད། ཁོང་ཚོའི་རང་སྐད་གཙང་མ་བཤད་པའི་སེམས་ཤུགས་ལ་ཉེས་སྐྱོན་འབྱུང་སྲིད་པ་ཞིག་རེད་འདོད།
བསོད་ནམས་དོན་གྲུབ་ལགས། ངས་ཁྱེད་ཀྱི་གློག་བརྙན་སྤུན་ཨ་ནུ་ཐ་ནུ་དང་། ང་གྲྭ་བ་མིན་ཟེར་བ་དང་། ལྷ་སའི་རྨི་ལམ་བཅས་བལྟས་ཟིན་པས་ཡག་པོ་ཞེ་དྲག་འདུག མུ་མཐུད་གློག་བརྙན་གང་མང་འཁྲབ་ཐུབ་པ་བྱེད་རོགས། ཁྱེད་ཀྱི་ཆོབ་སླངས་སྟངས་ཀྱི་ཁྲབ་རྩལ་ལ་ང་བློ་ཡིད་འགུག་སོང་། ང་ཚོ་བོད་རིགས་ནང་དུ་ལས་རིགས་ཀྱི་རྩལ་འདྲ་མིན་ནང་ལ་ཞུགས་མཁན་གང་མང་དགོས་ཀྱིན་འདུག ཕྱིའི་མི་རིགས་བསམ་པར་བོད་མི་རིགས་ཟེར་ན་གྲྭ་སེར་མོ་བ་ནང་ཆོས་ཉམས་ལེན་བྱེད་མཁན་ཤ་སྟག་ཅིག་ཏུ་བསམ་བློ་འཁོར་གྱིན་ཡོད། སྐྱོན་གྱི་ཆ་ཡང་ཡོང་སྲིད་པ་ཡིན། ཐ་ན་བོད་ནས་བཟོས་པའི་གློག་བརྙན་ཧ་ལམ་ཆ་ཚང་ནང་དུ་རྒྱ་བོད་སྐད་བསྲེས་མ་ཡོད་པ་ནི་ཤེས་ཤེས་པ་ཡིན། དེ་ཙམ་གྱིས་སྐྱོན་ཆ་ཆེན་པོ་ཅང་མིན། ངས་མཐའ་གཅིག་ཏུ་བོད་སྐད་བསྲེས་མ་རྒྱག་དགོས་རེད་ཟེར་ནས་བསྐུལ་མ་བྱེད་ཀྱི་མེད་ཀྱང་། འདིས་ཁྱེད་ཀྱི་གློག་བརྙན་ལ་དེ་ཙམ་གྱི་ཆག་སྒོ་བྱུང་གིན་མ་རེད།
གློག་བརྙན་མ་ཁྲབ་སྔོན་ལ་ བོད་སྐད་གཙང་མ་ཁུངས་ལྡན་ཞིག་རྒྱགས་རྒྱུ་སྦྱངས་རོགས་ཞུ་ཐུགས་རྗེ་གཟིགས་ བཙན་བྱོལ་ནང་གི་བོད་སྐད་ཁྱད་ཚར་དེ་ བོད་མི་ཞིག་གི་རྒྱབ་པའི་བོད་སྐད་ཡིན་དང་ མི་རིགས་གཞན་ཞིག་གི་རྒྱབ་པའི་བོད་སྐད་ཡིན་ཆི་ཤེས་ཞི་མི་བདའ་ ཨ་རོགས་ཁྱོད་ཀྱི་ བོད་པའི་སྤྱི་ཚོགས་ལ་ཕན་ལེ་གི་སྐད་ཆ་མང་པོ་བཤད་ལེ་དེ་ངོ་མ་ཡིན་ན་ དང་ཐོག་དེར་བོད་སྐད་གཙང་མ་ཞིག་རྒྱག་དགོས་ཞི་འདུག་ ལྷག་པར་དུ་གློག་བརྙན་ཁྲབ་ཁན་སུ་ཡིན་རུང་རང་གི་བོད་སྐད་གཙང་མ་ཡག་པོ་མི་ཤེས་ན་ སྐད་དེ་བོད་ནས་ཕྱིས་སུ་འབྱོར་བའི་བོད་རིགས་ཞིག་ལ་བཤོད་བཅུག་ན་ གློག་བརྙན་བལྟ་ཁན་མ་འོངས་བོད་ཀྱི་གསོན་རྩ་གཞོན་སྐྱེས་ཚོར་བོད་སྐད་གཙང་མ་དཔུས་དག་ཞིག་མཐོས་པ་དང་རྣ་མའི་རྒྱུད་ལ་འཇགས་ཐབས་ཀྱི་མིག་དཔེ་ཞིག་དཀྲུན་ཐུབ་ན་ངོ་མ་ཕན་ཐོགས་ཡོང་ལེ་རེད་ དེ མིན་ཚེ་ སྤུན་ཨ་ནུ་ ཐ་ནུ་ཟེར་པའི་གློག་བརྙན་དེ་ནང་གི་བོད་སྐད་ནང་བཞིན་རྒྱབས་ན་སྤྱི་ཚོགས་ལ་ཕན་ཐོག་ཕར་ཞོག་ སྤྱི་པའི་བོད་སྐད་དེ་ཐོར་གཤིག་ངོ་མ་ཆགས་འགྲོ་ལེ་རེད་ ཁྱེད་ཚོས་ཉི་མ་རེ་རེ་བཞིན་དོ་འཁུར་གྱིས་ལྷད་མེད་པའི་བོད་སྐད་གཙང་མ་ཞིག་རྒྱགས་ཐུབ་ཀྱི་མེད་ཀྱང་ ཡུ་ཀྲུབ་སོགས་དྲ་རྒྱ་འདྲ་མིན་ནང་གློག་བརྙན་དང་གཏམ་བཤད་སོགས་འགྲེམས་སྤེལ་བྱེད་སྐབས་ངེས་པར་བོད་སྐད་གཙང་མ་དཔུས་དག་ཞིག་ཡོང་བའི་འབད་བརྩོན་བྱེད་རོགས་གནོང་ དེ་བྱུང་ན་ གློག་བརྙན་གྱི་རྒྱུད་ལམ་ནས་རང་ཚོའི་བོད་སྐད་དེ་མི་ཉམས་རྒྱུད་འཛིན་དང་ ཡར་རྒྱས་གོང་འཕེལ་གཏོང་ཐུབ་པའི་བྱ་བཞག་བཟང་པོ་ཞིག་དཀྲུན་ཐུབ་ལེ་རེད་།
xxxxxxxxxxxxxx
བོད་པའི་བུ་མོའི་གློག་བརྙན་ཁྲབས་གི་མི་འདུག་ན་ལས་སླ་བོ་རེད་། ཅོག་ཙེ་ཐོག་ཨ་སྒོར་རྩེག་་པ་འགའ་བཞོག་དང་གློག་བརྙན་ག་རེ་ཡིན་ན་ཡང་ཁྲབས་གི་རེད་། བུ་མོའི་ཁྲབས་པས་མ་ཨ་མས་ཁྲབས་དགོས་ཀྱང་ཁྲབས་གི་རེད་།
གློག་བརྙན་ཁྲབ་རྩལ་ལ་ཙ་མ་རྒྱབ་གོང་ནས་ཁྱོད་ཀྱི་སྐད་ལ་ཙ་རྒྱབ་འདུག་། དེ་གཙང་མ་ཞིག་བཟོས་། ཡང་ན་དབྱིན་སྐད་གཙང་མ་ཤོད་། བོད་སྐད་བཤད་ན་བོད་སྐད་གཙང་མ་ཤོད་།
དེ་ནས་ཅུང་ཙམ་སྐམ་པོ་བཟོ་ལ་ཁ་སྤུ་དེ་ཚེ་ཡང་རང་དབང་དུ་གང་སར་ད་སྐྱེ་རུ་ཅིག་དངག། གལ་ཏེ་རྒྱ་ནག་་་ ཅི་ཀོང་་་ བོད་སྐད་དུ་བླ་མ་མྱོན་པའི་ཁྲབས་གཞུང་དེ་ཡང་སྐྱར་ཁྲབ་དགོས་ན་ངས་ཁྱོད་ལ་སྐད་གཏོང་།
གློག་བརྙན་མང་པོ་འཁྲབ་པར་ཐུགས་རྗེ་ཆེ། ཡིན་ནའང་བོད་སྐད་ལ་དོ་སྣང་མང་ཙམ་གནང་རོགས་ཞུ། ཁྱེད་ཀྱི་སྐད་དེ་གོ་ཁག་པོ་འདུག
The movie “Pun Anu Thanu” is the best example of how bad exile youngsters are in terms acting. We have couple of other films as well, all of which point at the same direction.
To bring your dream into reality passion alone is not enough, so to start with practically my friend you need to learn to speak good tibetan first that also fluently and skillfully.
Then the next challenge is is acting. We can always rock when we know how to do it practically. Otherwise we are bunch of Walter Mitty. So good luck in both bro.