ཀུན་དགས་དབྱིན་ཡིག་ནས་བོད་བསྒྱུར་ཞུས།
བརྩེ་བའི་ཡིག་འབྲེལ་བ་ལགས།
དེ་རིང་གི་ཉི་མ་ནི་སྤྲོ་སྣང་གི་འོད་ཟེར་དང་ལྡན་ཞིང་། ང་རང་འཚིག་ཇ་འཐུང་སའི་ཇ་ཁང་ཞིག་ཏུ་སོང་སྟེ་ཁྱེད་ཀྱི་འཕྲིན་ཡིག་གསར་པ་ཀློག་བཞིན་ཡོད། ང་རང་ཆེས་དགའ་བ་ནི་ཁྱེད་ཀྱིས་ཡང་བསྐྱར་གློག་འཕྲིན་འབྱོར་བ་དེ་ཡིན། ཁྱོད་རང་ཉིད་ལ་ཐུགས་རྗེ་ཆེ་གྲངས་མེད་ཞུ་རྒྱུ་ཡིན།
དེ་རིང་ཁྱོད་ལ་བཤད་འདོད་པ་ནི་འདས་ཟིན་པའི་གྲོགས་པོ་ཞིག་དང་བརྩེ་འབྲེལ་བྱུང་སྟངས་སྐོར་ཡིན། ང་རང་ལོ་ཉེར་དྲུག་གི་སྐབས་སུ་ཡོ་ར་ཟེར་བའི་བུ་ཞིག་དང་ཁ་ཐུག་མྱོང་། ཁོ་ནི་ལོ་༣༢རེད། ང་དང་གྲོགས་མོ་ཁ་ཤས་ལྟད་མོ་ཁང་ཞིག་ཏུ་སོང་སྟེ་གློག་བརྙན་ལ་བལྟས་པ་ཡིན། ངའི་ཟུར་དུ་ཡོད་པའི་ཕོ་གསར་དེས་ང་ལ་ཅེར་གྱིས་ལྟ་བཞིན་འདུག གློག་བརྙན་ཚར་བའི་རྗེས་སུ་ཡོ་ར་ང་ལ་ཐུག་ཏུ་སླེབས་སོང་། མིག་ཤར་གྱིས་བལྟས་པའི་བར་ནས་ཁོ་རང་ཡང་ངའི་སྣང་བར་འགྲོ་སོང་། ཁོ་བོས་ང་ལ་ཁ་པར་ཨང་གྲངས་སྤྲད་རོགས་ཟེར་མོད། སྐབས་དེར་ང་ལ་ཁ་པར་ཨང་གྲངས་སྤྲོད་རྒྱུ་མེད། དེ་ཙམ་ནས་ངེད་གཉིས་བར་འབྲེལ་ལམ་གྱི་མགོ་བཙུགས་པ་ཡིན།
དེ་ནས་བཟུང་ཁོས་ག་དུས་ཡིན་ཀྱང་ང་ལ་ལྟ་བ་དང་། ལྷག་པར་བརྩེ་བའི་མཚོན་བྱེད་དུ་མེ་ཏོག་ཞིག་ལག་རྟགས་སུ་སྤྲད་པ་དེས་ང་ཁོ་ལ་མང་དུ་དགའ་རུ་བཅུག་སོང་། ངོ་མ་དགའ་སོང་། ཡིན་ནའང་ང་ཁོ་རང་གི་ནང་དུ་འགྲོ་མ་མྱོང་།
ངས་རང་ཉིད་ཀྱི་མི་ཚེའི་ནང་རྙེད་དཀའ་བའི་མི་དེ་དངོས་སུ་ཐུག་སོང་སྙམ་ཞིང་། ཉིན་གཅིག་ངེད་གཉིས་ཀྱི་མོས་མཐུན་ཐོག་དཔེ་མཛོད་ཁང་ཞིག་ནས་ལྷན་དུ་འཛོམས་རྒྱུ་བྱས་པ་ཡིན།ཡིན་ནའང་། ཡོ་ར་ང་ལ་ཐུག་ཏུ་སླེབས་མ་སོང་། ངའི་རེ་སྒུག་ཁོ་ནས་ཆུ་ཚོད་གསུམ་ནི་གློ་སྙིང་འབྲེག་པའི་ཟོར་བ་ཞིག་དང་ཀུན་ནས་མཚུངས་།
ང་རང་ཁེར་རྐྱང་གི་འགྲུལ་བཞུད་ཀྱི་ལམ་སྣེ་དེད་དེ་རང་ཁྱིམ་དུ་ལོག་པ་ཡིན། རྗེས་ནས་ངའི་གྲོགས་མོས་བཤད་ན་ཡོ་ར་བུ་མོ་གཞན་ཞིག་དང་མཉམ་དུ་འགྲོ་བཞིན་འདུག ད་དུང་ཁོ་གཉིས་ཀྱིས་འོ་ཡང་བྱེད་ཀྱིན་འདུག་ཟེར། ངུ་ཤོར་བའི་ཚོར་བ་ཞིག་གིས་ང་རང་སྡུག་བསྔལ་གྱི་ལམ་དུ་དེད། རང་སྲོག་གཅོད་འདོད་ཀྱི་ཚོར་བ་ནི་སྟ་གྲི་རྣོན་པོ་བཞིན་བདག་གི་གཤེད་དུ་ལངས། ངའི་གྲོགས་མོ་ཚོས་དེ་ལྟར་མི་ཉན་པའི་བསླབ་བྱ་བྱས་མོད། ངའི་སེམས་ཁོང་དུ་སྡུག་བསྔལ་གྱི་ངུ་ཟུག་མང་པོ་ཞིག་གིས་འཚང་ཁ་བརྒྱབ།
དེ་རྗེས་ཡོ་རས་ང་ལ་བརྩེ་བ་ཡོད་ཚད་དང་། རྗེས་མར་ཁྱེད་རང་ཆུང་མར་ལེན་རྒྱུ་ཡིན་པའི་མགོ་བསྐོར་གཏོང་མོད། དོན་དངོས་ཁོ་ལ་བུ་མོ་གཞན་ཞིག་ཡོད་པ་ཤེས་ཀྱིན་ཡོད། དེ་ནས་བཟུང་ལོ་ཤས་རིང་ང་ལ་ཡིག་འབྲེལ་བྱེད་སའི་འགྲུལ་ལམ་ཡང་མེད་པར་ལྷག་སོང་། ངས་རང་ཉིད་ལ་རྗེས་ཕྱོགས་ནས་བརྩེ་བ་གཏན་ནས་མི་དགོས་ཞེས་རང་གིས་རང་ལ་ཁེར་ལབ་ཀྱང་བྱས་མྱོང་།
ངའི་གྲོགས་མོ་ཚོས་མི་ཚེའི་ནང་དགའ་བོ་དང་གྲོགས་པོ་དགོས་པར་བཤད་ཅིང་། གློག་ཀླད་ཀྱི་བརྒྱུད་ལམ་ནི་གུ་ཡངས་དང་རང་དབང་གི་གླིང་ཕྲན་ཞིག་ཡིན་པར་བཤད་བྱུང་།
ཡིན་ནའང་། ཡོ་རས་མགོ་བསྐོར་བཏང་བའི་འཕྲུལ་སྣང་དེས་ང་རང་ར་ཤི་ཡའི་ཁྱོ་ཀ་ཚོར་ཡིད་ཆེས་བྲལ་ཞིང་། ཁོ་ཚོས་ཀྱང་བུ་མོ་ཚོ་ནི་ལོངས་སྤྱོད་ཁོ་ན་ཙམ་ལ་ངོས་འཛིན་བྱེད་ཀྱིན་འདུག ངས་ཁོ་ཚོ་ལ་འབྲེལ་བ་འཛིན་རྒྱུ་ནི་དཀའ་ཁག་གི་འོབས་དོང་ཞིག་དང་། ཁོ་ཚོ་ནི་བུ་མོ་ཚོར་གང་འདོད་འཁྲིག་སྤྱོད་དང་བག་མེད་ལོག་གཡེམ་བྱེད་པའི་སེམས་གསོད་རིང་ལུགས་པ་ཤ་སྟག་ཡིན་པར་བསམ་གྱིན་འདུག ད་དུང་བུད་མེད་ནི་བྲན་གཡོག་འབའ་ཞིག་ཡིན་པའི་འདུ་ཤེས་ཀྱང་བྱེད་ཀྱིན་རེད།
དེའི་ཕྱིར། ངས་རང་ཉིད་ཀྱི་ཐག་གཅོད་ལས་རྙེད་པའི་བརྩེ་བའི་བདག་པོ་ནི་ཕྱི་རྒྱལ་གྱི་མི་ཞིག་ལ་རེ་བ་བྱེད་ཀྱིན་ཡོད། ད་དུང་བརྩེ་བ་ལ་བློ་འགྱོད་མེད་པ་ཞིག་བྱེད་དགོས་པའི་གྲོགས་མོ་ཚོ་ལ་བསླབ་བྱ་ཡང་བྱེད་ཀྱིན་ཡོད།
ཡིག་འབྲེལ་བ་ལགས། ང་རང་ཧ་ཅང་དགའ་བ་ནི་ང་ཚོ་མཉམ་དུ་ཐུག་པ་དེ་ཡིན་ལ། ང་དགའ་ས་ནི་ཡིག་འགྲུལ་བ་ཁྱོད་དང་མཉམ་དུ་རྒྱུན་རིང་ལ་འདྲིས་གཤིབ་བྱེད་རྒྱུ་དེ་ཡིན།
སྐུ་མཁྱེན། ཁྱེད་ཀྱི་ལོ་རྒྱུས་ཤོད་དང་། ཁྱེད་རང་ཁེར་རྐྱང་དུ་སྡོད་དགོས་པའི་རྒྱུ་མཚན་ག་རེ་ཡིན། ཁྱེད་ཀྱི་ཐོག་མའི་བརྩེ་བའང་ང་དང་གཅིག་མཚུངས་བཞིན་ཆག་སྐྱོན་གྱིས་སུན་སྣང་བསྐུར་བ་མ་ཡིན་ནམ། ང་ཚོས་དྲང་བདེན་གྱི་བརྩེ་བའི་ཁྲོད་ནས་ཕན་ཚུན་ལ་འཛུམ་མདངས་སྟོན། འདི་ཙམ་གྱིས་ཡི་གེ་འབྲི་མཚམས་འཇོག་ལ། ང་ཡི་མདུན་བསྐྱོད་ཀྱི་ལམ་སྣེ་རུ་ཁྱེད་ཀྱི་ཡིག་ལན་གསར་བར་རེ་སྒུག་བྱེད་རྒྱུ་ཡིན།
ཁྱེད་ཀྱི་གྲོགས་མོ་ཡག་ཤོས་ཏ་ཏའི་ཡ་ན་ནས།
བུ་མོ་ལ།
ཁྱོད་ལ་དགའ་བོ་དགོས་ན།
དགའ་རོགས་དགོས་ན།
རྡ་རམ་ས་ལར་ཤོག་དང་།ཕོ་གསར་སྐྲ་རིང་དང་གྲྭ་བ་མགོ་རུལ་མང་པོ་ཡོད།
ད་དུང་འང་་་་་་
ཀུན་དགའ་ལགས། ཡག་པོ་བསྒྱུར་འདུག ད་དུང་མུ་མཐུད་དུ་ཡོད་ན་འདྲ་ཞིག་དྲན་སོང་། རྩོམ་ཡག་པོ་རེ་ཟུང་བོད་ཡིག་ཏུ་བསྒྱུར་ཐུབ་ན་དངོས་གནས་བོད་ཡིག་ཀློག་མཁན་དང་འབྲི་མཁན་གཉིས་ཀར་ཕན་གྱི་རེད། མུ་མཐུད་ནས་ཡིན་དའོ།
ངོ་མ་སྙན་མོ་ཞིག་བསྒྱུར་འདུག་ད་དུང་མུ་མཐུད་དུ་རེ་བ་ཡིན།།།།།
༢༠༡༡ ལོའི་ ལོ་གསར་བའི་ནང་ལ་བྱ་བ་ལམ་འགྲོ་ཡོང་པར་ཤོག།།
ཁྱོད་ཀྱི་གློག་འཕྲིན་ཀློག་རྒྱུ་བྱུང་བར་དངོས་གནས་ང་ཡང་དགའ་པོ་བྱུང་།
ད་རྡ་ས་ཡི་ཟ་ལེ་རྒྱ་དེ་དག་ལ་ལས་དཀའ་འདུག།
ཧ་ཧ་ཧ་་་་དྲ་གྲོགས་རྣམས་ལ་ལོ་གསར་ལ་བཀྲིས་བདེ་ལེགས་ཞུ།
དངུལ་རྫོགས་པའི་ཉི་མོ་དེར། བུ་མོ་མང་པོས་ངའི་མཐར་ནས་སྐོར་ང་རྒོད་རབས་དང་། འཇོན་རབས་བཤད། སྐབས་དེར་ངས་ཀྱང་གཏོང ་ཕོད་ཆེན་པོས་ཟ་ཁང་དང་ཚོང་ཁང་འཛིགས་པོ་ཡོངས་ལ་ཁྲིད། དེ་རིང་ང་དངུལ་
རྫོགས་སོང་། བུ་མོ་དེ་ཚོ་ངའི་མིག་ལམ་ནས་ཡལ་སོང་། སྦྲང་རྩི་ད་བརྩེ་གདུང་གང་དུ་ཡོད།
བུ་མོ་ཏ་ཏོས་རང་འཚོར་གཞན་ལ་བགོས་པའི་གོམས་གཤིར་བསྔགས། བོད་པ་ཀུན་དགས་བརྩེ་གཏམ་འདི་ལེགས་པོ་བོད་བསྒྱུར་གནང་འདུག ན་གཞོན་མང་དག་ཅིག་ལ་ཕན་ཐོགས་ཡོང་ངེས་འདུག་པས་མུ་མཐུད་གནང་ཐུབ་ན། རིག་གཞུང་གི་ཞབས་འདེགས་བཟང་ཤོས་འདི་རང་ཡིན་སྙམ།
ཡག་པོ་བྲིས་འདུག མུ་མཐུད་ཅིག
གྲོགས་པོ་ལྷན་རྒྱས་ནས་གཟིགས་འདོད་གནང་བར་ཐུགས་རྗེ་ཆེ།མུ་མཐུད་ངེད་ཀྱིས་ཡིག་བསྒྱུར་བྱེད་ངེས་ཡིན།
འདི་ནི་དངོས་ཡོད་བུ་མོ་ཞིག་གི་སེམས་ཚོར་དང་རེ་བ་ཡིན་ལ།
ཁོ་མོས་འབྲི་སྟངས་གཞན་ཞིག་ནི་བརྩེ་འཕྲིན་གྱི་ཞོར་དུ་ཡུལ་ལུང་གི་གནས་ཚུལ་དང་།ཁོར་ཡུག་སོགས་མང་པོ་ཞིག་འབྲི་ཞོར་བྱེད་ཀྱིན་འདུག་པས།འདི་ལྟར་བྲིས་ན་མི་ཕལ་བ་ཞིག་གི་ཉིན་ཐོ་ལའང་རིན་ཐང་ཡོད་པ་ཞིག་མཐོང་གིན་འདུག།
ཉམས་ཆུང་བུ་མོའི་སེམས་ལས་བཞུར་བའི་ཆུ། །ཀུན་དགའི་རིགས་པའི་འཕྲུལ་གྱིས་དྲངས་པ་དེ། །སྙིང་རྗེའི་་མྱུ་གུ་གསོ་བའི་སྨན་མཆོག་ཏེ། །སྐབས་རེར་སྐྱོ་གདུང་སློང་པའི་དྲན་རྟེན་ཉིད། །