ཀུན་དགས་དབྱིན་ཡིག་ནས་བོད་བསྒྱུར་བྱས།
བརྩེ་བའི་ཡིག་འབྲེལ་བ་ལགས།
ཁྱེད་ལ་ཐུགས་རྗེ་ཆེ་གྲངས་མེད་ཞུ་རྒྱུ་ཡིན། འདས་དོན་གྱི་མནར་གཅོད་མང་པོ་ཞིག་གིས་ང་ལ་སྨྱོ་བ་ལྟ་བུའི་སེམས་ཁྲལ་གྱིས་ཁེངས་བཞིན་ཡོད་མོད། ཁྱོད་དང་ངེད་གཉིས་ཀྱི་ཡིག་ལན་བརྒྱུད་ནས་ངས་རང་ཉིད་ལ་ཅི་ཞིག་དགོས་པའི་ཚོར་བ་རྙེད་ཅིང་། གནམ་འོག་གི་གཞོན་ནུ་དར་མའི་ལང་ཚོ་དེ་རང་ཉིད་ཀྱིས་གཅེས་སྤྲས་བྱེད་དགོས་པའི་ངོས་ཟིན་ཀྱང་ཐོབ། དེ་རིང་ངས་ཁྱེད་ལ་བརྩེ་བའི་ཡིག་འབྲེལ་བ་ཞེས་བསྐྱར་ཏུ་འབོད་འདོད་བྱུང་།
ཁྱེད་རང་གི་འཕྲིན་ཡིག་འབྱོར་བ་ནས་ངོ་མ་ཧ་ཅང་སྐྱིད། ངས་ཁྱེད་ཀྱི་ཡིག་འབྲུ་རེ་རེ་ཞིབ་ཀློག་བྱེད་བཞིན་ཡོད། ཁྱེད་རང་བདེ་བོ་ཡིན་ནམ། ཁྱེད་རང་སྡོད་གནས་ཀྱི་གནམ་གཤིས་གང་འདྲ་འདུག ངས་བསམ་བློ་བཏང་ན་ཚང་མ་སྐྱིད་པོ་ཡོད་ཤག་རེད། དེང་སང་འདིར་གནམ་གཤིས་ཧ་ཅང་གྲང་། ཉི་མ་འདི་ཚོའི་གྲང་ཚད་ནི་ཀླད་གོར་༡༢ ནས་ ༡༤ ་ཁོ་ན་རེད། ཡི་གེ་འདི་བརྒྱུད་ང་ཡི་ཁོར་ཡུག་གི་གནས་བབ་སྐོར་ལ་གླེང་མོལ་བྱེད་འདོད་བྱུང་།
བརྩེ་བའི་ཡིག་འབྲེལ་བ་ལགས། ངས་ཁྱོད་ལ་འདྲི་རྒྱུར། གློག་ལམ་ནས་བཏང་བའི་ང་ཡི་འདྲ་པར་དེ་ཚོར་ཁྱེད་ཀྱིས་མཐོང་ཚུལ་གང་འདྲ་བྱུང་སོང་། དེ་ནི་ངའི་མི་ཚེ་ཁྲོད་ཀྱི་གྲོས་བསྡུར་འགོ་འཛུགས་ཀྱི་གོ་རིམ་ཞིག་རེད། སྐུ་མཁྱེན། གལ་སྲིད་ངའི་སྐོར་ལ་བསམ་ཞིབ་ནན་མོ་ཞིག་གནང་བའི་རེ་བ་ཡོད། ཡི་གེ་རྗེས་མའི་ནང་ཁྱེད་ཀྱི་འདྲ་པར་ཞིག་བསྐུར་རོགས། དེ་ནི་ང་ལ་འགན་འཁུར་ཅན་གྱི་འཚོལ་སྒྲུབ་ཅིག་ཆགས་པ་རེད།
ང་ལ་ཕ་མ་སོགས་གང་ཡང་མེད་པར་ཁེར་རྐྱང་དུ་སྡོད་བཞིན་ཡོད་པ་དང་། མ་རྩ་གཉོམ་པའི་ཁེ་འབབ་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་ཞིག་དང་། སྡོད་ཁང་ཁ་གཙང་བ་ཞིག་ཏུ་གནས་སྡོད་བྱེད་མཁན་ཞིག་ཡིན། གང་ཡིན་ཟེར་ན། གཞི་རྒྱ་ཆེ་བའི་ཁོར་ཡུག་བསྐྲུན་རྒྱུ་ནི་ངའི་བསམ་བློར་འཁོར་མི་ཐུབ་པ་ཞིག་ཡིན། ངའི་ཕ་མ་འདས་པོ་གཉིས་ལ་ང་དང་རྒྱང་ཐག་རིང་བའི་གྲོང་གསེབ་ཞིག་ན་ཁང་པ་ཆུང་ཆུང་ཞིག་ཡོད་པ་རེད། བསམ་བློ་བཏང་ན་དེ་ནི་ང་ལ་ཐོབ་རྒྱུ་ཧ་ཅང་དཀའ་བ་ཞིག་རེད། ཁང་པ་དེ་ལ་སྲིད་གཞུང་གི་ཆོག་མཆན་ཡི་གེ་སོགས་གང་ཡང་མེད་པ་རེད། ངེད་ཀྱིས་འབྲེལ་ལམ་དང་ཁྲིམས་ཞིབ་མང་པོ་ཞིག་བརྒྱུད་ནས་ཁང་པ་དེ་ཐོབ་ཐབས་བྱས་པ་ཡིན། ལོ་བཅུ་ཡི་རྗེས་ནས་ཕ་མའི་སྡོད་གནས་ཀྱི་ཁང་པ་དེ་ང་ལ་དབང་བ་རེད། དེ་ནི་ཁྲིམས་ཞིབ་ཁང་གིས་ང་ལ་བྱམས་པོ་བྱས་པ་ཞིག་ཀྱང་རེད།
ངེད་ཀྱིས་བཟོ་དབྱིབས་ཟུར་བཞི་དང་རྒྱ་ཁྱོན་རྨིད་ ༢༠ ་ཅན་གྱི་ཁང་པ་ཞིག་ཉོས་པ་ཡིན། རེད་ཡ། ཁུག་ཀྱོག་ཞིག་ན་རང་བདག་དང་། ཁེར་རྐྱང་གིས་འཚོ་བའི་བུ་མོ་ང་ནི་ད་དུང་སྤྲོ་སྣང་ལྡན་བཞིན་ཡོད། ང་ལ་ཁྱིམ་ཚང་དཀྱུས་མར་ཡོད་པའི་ནང་ཆས་དང་། གསང་སྤྱོད་ཁྲུས་ཁང་། ད་དུང་ཁྱིམ་མཚེས་སོགས་ཀྱང་ཡོད། འོན་ཀྱང་། ང་ལ་རྒྱས་སྤྲས་ཀྱི་ལོངས་སྤྱོད་དང་ཧམ་པ་སོགས་གང་ཡང་མེད། ཡིན་ནའང་། ང་རང་ཉིད་ཀྱི་ཧུར་བརྩོན་དེ་ལ་ཧ་ཅང་དགའ་བོ་ཡོད། དེ་ནས་བཟུང་ང་རང་ཉིད་ཀྱི་ནུས་ཤུགས་ལ་རང་ཉིད་ཀྱིས་གདེང་འཇོག་བྱེད་བཞིན་པ་མ་ཟད། བག་མེད་ལོངས་སྤྱོད་ཀྱིས་ཕྱུག་པའི་ལས་འཆར་པ་ཚོར་ཐུགས་རྗེ་ཆེ་ཡང་ཞུ་བཞིན་ཡོད།
རྒྱུ་མཚན་ནི། ལོ་ངོ་ལྔ་ཡི་འཚོལ་སྙེག་ཁྲོད་ནས་ངས་རང་ཉིད་ལ་ཁང་པ་ཞིག་ཉོ་རྒྱུ་རྙེད་པ་རེད། ངེད་ཀྱིས་ལོ་ངོ་མང་པོའི་རིང་གི་ཁྲིམས་ས་ནས་ཐོབ་པའི་ཕ་མའི་ཁང་པ་དེ་གཞན་ལ་བཙོང་བ་ཡིན། ཁང་རིན་དེ་ཡིས་ཁང་པ་གསར་བའི་རིན་གོང་ལ་འདང་ངེས་ཤིག་མི་འདུག་ཀྱང་། ཟླ་རེའི་མཚམས་ཀྱི་གླ་ཕོགས་ལས་གཅོག་འཐེན་གྱིས་བུ་ལོན་གུན་གསབ་བྱས་པ་ཡིན།
ངའི་གྲོགས་པོ་ལ། བསམ་གཞིགས་རེ་བྱས་ན་ངའི་ཁང་པ་འདི་ཆུང་ཆུང་ཞིག་རེད། ཡིན་ཡང་། ང་རང་ཁང་པ་འདིའི་ནང་ཧ་ཅང་སྐྱིད་པོ་འདུག ནམ་ཡང་ཁང་པ་ནི་ས་རྡུལ་གྱི་དྲི་མ་མེད་པར་གཙང་ཉར་བྱེད་ཐུབ་ཀྱིན་འདུག བརྩེ་བའི་ཡིག་འབྲེལ་བ་ལགས། ངའི་ཁང་པ་དང་། ཁོར་ཡུག ད་དུང་གནམ་གཤིས་སོགས་ཀྱི་ཐད་ཁྱེད་ལ་ལྟ་ཚུལ་གང་འདྲ་ཡོད། དེ་ཙམ་གྱིས་ཡི་གེ་མཇུག་བསྡུ་རྒྱུ་ཡིན།
སླར་ཡང་ཁྱེད་ཀྱི་ཡི་གེ་ལ་རེ་སྒུག་བྱེད་ངེས་བཅས་བུ་མོ་ཏ་ཏའི་ཡ་ན་ནས།
ཨ་རོ། སེམས་ཅན་གྱིས་བཀའ་ཁྲི་སྐོར་ལ་མ་ཁོམ་མ་ཡོད་དུས་ཁྱོས་དབྱིན་མོ་མགོ་སེར་མ་ཞིག་ཁྲིད་ཡོང་ནས་བརྩེ་དུང་འདྲ་བཤད་ཁ་བྱས་གོ་ཡོད་ཁུ་ར། ཁྱོའི་དེ་ཉན་ནི་ཅང་ཡོད་ནི་མ་རེད། ལོ་ལོ།
ཡག་པོ་བྲིས་འདུག་བཀླགས་ཚར་ཡིན།
ྈྈལོ་ལོ་ལགས།
ངོ་མ་བཤད་ན་ང་འདི་སྨྱོས་པ་འདྲ་བོ་ཞིག་རེད།དེང་སང་བཀའ་ཁྲི་དང་སྤྱི་འཐུས་ལྟ་བུའི་ལས་དོན་གལ་ཆེ་བ་ཚོའི་སྐབས་ངས་འདི་ལྟར་ཚོར་བ་དང་བརྩེ་བ་རེ་བཤད་བསྡད་ན་ངོ་ཚ་རེད།
ཡིན་ཡང་།ང་ནི་དེང་སང་ཆབ་སྲིད་ཀྱི་རྩོམ་ཡིག་འབྲི་རྒྱུར་ཉོབ་ཀྱིན་འདུག་་སོ་སོའི་ག་ཚོད་དྲང་པོ་བྱས་ཁུལ་བྱས་ཀྱང་ཕྱོགས་གཙིག་གིས་གོ་བ་གཞན་ཞིག་ལེན་འགྲོ་གིན་འདུག་་་དེའི་ཕྱིར་རྙོག་དྲ་ལ་ངོ་མ་སུན་གིན་འཌྷདུག་་སྲིད་དོན་གྱི་འཐབ་རྩོད་དུ་ཞུགས་པའི་གཡུལ་འགྱེལ་པ་དག་ལ་བར་སྐབས་ཀྱི་ངལ་གསོ་ལྟ་བུར་ངེད་ཀྱིས་ཟིན་བྲིས་འདི་སྤེལ་བཞིན་ཡོད།
ལོ་ལོ།ཁྱེད་ཀྱིས་ཀྱང་ང་ལ་སྡིགས་དམོད་བྱེད་བཞིན་ངའི་མགོ་སེར་མ་ལ་མིག་ཤར་ཞིག་བྱས་ཡོད་ཚོད་ཡིན།འདི་ཡང་ང་རང་དྲ་ཐོག་འདིར་ཡོང་བའི་དགོས་དོན་ཡིན།
དགོས་མེད་ཡིན་ན་ནི་དེ་རིང་ནས་མཚམས་འཇོགས་བྱས་ཆོག་་་་
ཀུན་དགའ་ལགས་བོུ་ཏ་ཏའི་ཡ་ན་དེ་ཡ་རབས་གཞུང་དྲང་ཞིག་རེད་འདུག་རྣམ་པ་དང་སྐུ་གཟུགས་ཀྱང་ཡག་ཐག་ཆོད་འདུག་། ཧཧཧ་དངོས་གནས་སྙན་པོ་འདུག་མུ་མཐུད་ཡིན་དའ་།།།
འདོད་ཆགས་དང་ཞེ་སྡང་འཕེལ་བའི་རྩོམ་འཆལ་བྲིས་པ་ལས།
སྡུག་ཁ་བཙུམ་ནས་རུམ་ནང་ཉལ་ན་དགའ།
དགའ་རོགས་དང་དགའ་རོགས་གླེང་ནས་མི་ཚེ་སྐྱེལ་བ་ལས།
ཆུ་སྐྱ་འཐུང་ནས་མལ་དུ་སོང་ན་སྐྱིད།
བུ་མོ་འདིའི་འཕྲིན་གྲོགས་དེ་རྡ་སའི་ས་ལེ་རྒྱལ་ཞིག་ཡིན་ན་སྐྱིད་པ་ལ། བུ་མོ་འདིར་ཁང་པ་ཞིག་ཀྱང་འདུག་ལ་རྒྱལ་ཁབ་ཅིག་ཀྱང་འདུག ངའི་གྲོགས་པོ་ས་ལེ་རྒྱལ་ཞིག་བུ་མོ་འདིའི་མག་པ་ཆགས་པར་ཤོག
ཨ་ཁུ་ཀླུ་སྨྱོན་ཡ། ད་ཁྱོས་ང་ཚོ་དྷ་སའི་ཕོ་སར་ཚོར་ཧེབ་རྩོང་གི་མ་འདུག ང་དོ་དགོང་གཉིད་ཀྱང་ཁུག་ས་མ་རེད། ད་དུང་ཡང་དུ་བ་རྔམ་འཐེན་བྱེད་བཞིན་བརྩེ་འཕྲིན་འདི་ཡང་ནས་བསྐྱར་དུ་ཀློག་གིན་ཡོད།
བརྩེ་འཕྲིན་དང་པོ་གཉིས་པ་གཉིས་ཀ་བཀླགས་པ་ཡིན། སེམས་པར་ན་ཚ་བཟོས་སོང་།
བཟོད་པ་ལོ་ལོ། ཤུགས་ཏོག་ཙམ་རྒྱོབས་དང་ར་ཤི་ཡའི་བུ་མོ་འདི་ཚོ་ཨ་རིའི་བུ་མོ་དང་མི་འདྲ་བར་ཅུང་གུ་ཡངས་པོ་འདུག་ཟེར།
ཡག་པོ་འགྱུར་འདུག་མི་རེ་ལ་སེམས་པ་རེ་ཡོད་ལ་སེམས་པ་རེ་ལ་ཐུན་མོང་མིན་པའི་དགའ་སྡུག་དང་སྐྱོ་སྣང་བཏང་སྙོམས་བཅས་ཀྱི་འཚོར་སྣང་འདྲ་མིན་སྐྱེ་བ་ཡིན། སེམས་ཀྱི་འཚོ་སྣང་དེ་མངོན་དུ་གྱུར་པའི་དུས་སུ་ཐབས་ལམ་འདྲ་མིན་གྱི་ཐོག་ནས་ཕྱི་ལ་མངོན་ཐབས་བྱེད་ཀྱི་ཡོད།
བློ་མཐུན་བཟོད་རྒྱམ་ལགས་སྐུ་ཁམས་བཟང་། ལས་ངན་པོ་ང་ནི་་འདིར་ཡོང་ཁོམ་མ་བྱུང་བ་ཡུན་རིང་བུད་ཐལ། ག་ལེར་མཇལ་ཡོང་བདེ་མོ།
ཀུན་དགའ་ལགས། ཁྱེད་ཀྱི་དམིགས་བསལ་བའི་འབྲི་ཐབས་འདི་བཞིན། བོད་ཡིག་གི་རིག་གནས་དང་འབྲི་རྩོམ་སྦྱོང་སྤྲོ་བའི་ན་གཞོན་དག་ལ་ཧ་ཅང་ཕན་ཐོགས་འདུག་པས། དཀྱུས་ས་དང་མིག་འབེན་གཅིག་བཟུང་ནས་མུ་མཐུད་འབྲི་རོག་གནང་། ཐུགས་རྗེ་ཆེ།
ཡག་པོ་འདུག ནམ་ཡང་བསྟོད་བསྔགས་ཡོད་ལ། ཡིད་སྨོན་ཡང་ཤོར་གྱི་ཡོད།
ད་ངས་ར་མོ་ཞིག་གི་ཆེད་དུ་ཨ་ཁུ་ཀླུ་སྨྱོན་ལ་རྭ་ཞིག་འབུལ་དགོངས་ཐབས་ཤེས་གཏོང་གི་ཡིན། ང་ལ་ར་མོ་ཞིག་ཁྱེད་མཁྱེན་ཟེ་རརྒྱུ་ཡིན།
གྲོགས་རྩམ་དགའ་བདེ་ལེགས་ངང་དེ་གར་འབྱོར་ཡོད་པས་དགའ་སོང་། ག་ལེར་གླེང་མོལ་བྱེད།
ཀུན་དགའ། དེ་དེ་ཙམ་གྱིས་ཡོང་གི་མ་རེད། དང་པོ་མོ་རང་ལ་ཕར་དངུལ་བསྐུར་དགོས་པ་རེད། དངུལ་དེ་བླངས་སོང་ན་དེ་ནས་ཁྱེད་རང་ལ་དངོས་གནས་དགའ་གི་ཡོད་པའི་རྟགས་རེད།
བུད་མེད་ཅིག་ཡིན་ཚད་ཞོན་རྐྱང་བྱེད་པ་འདི་ཨ་མདོའི་ཕོ་སར་ཚོའི་་ཁྱད་ཆོས་ཡིན་ནམ། གྲོགས་མོ་ཡིན་ཚད་ལ་དབང་པོ་གཉིས་སྦྱོར་ཀྱི་འབྲེལ་བ་ཡོད་མི་དགོས། བརྩེ་དུང་ཟབ་མོ་ནི་གྲོགས་མོ་སྲུང་སྐྱོབས་དང་། དེའི་ཡོད་ཚད་ཀྱི་བདེ་སྐྱིད་རང་ལ་ཡོད་པ་བཞིན་རྗེས་སུ་ཡི་རང་བྱེད་པ་དེ་ཨེ་ཡིན་སྙམ། ཕ་རོལ་པོའི་གཟུགས་བྱད། ལོངས་སྤྱོད་ལ་ཆགས་སེམས་དང་དེ་ལ་བརྟེན་ནས་ཕྱིར་བསྐྱོད་ལག་ཁྱེར་དང་། གནས་མལ་མི་སེར་ལག་ཁྱེར་སོགས་ཀྱི་དོན་འབའ་ཞིག་གཉེར་མཁན་ཡོད་པ་བདེན་ན་དེ་ལྟ་བུ་ལ་བརྩེ་དུང་གི་རིན་ཐང་ནམ་ཡང་ཡོད་མི་སྲིད། བརྩེ་དུང་ནི་གཞན་ལ་ཕན་གྲོགས་ཀྱི་བདེ་སྡུགམཉམ་མྱོང་གི་བསམ་སྤྱོད་བཟང པོ་ཞིག་མིན་ནམ་སྙམ། ་