ཀླུ་སྨྱོན།
དུས་ཚོད་ནམ་ཞིག་ནས་བཟུང་།
གྲོང་ཁྱེར་དང་ཞིང་གྲོང་གི་དབྱེ་བ་མེད་པར།
གློག་སྐུད་སྦོམ་ཕྲ་མང་པོ་ཞིག་ཉི་ཟེར་གྱི་སྐུད་པ་བཞིན་གནས་གང་སར་བརྒྱུས་སོང་།
དེ་ནི་རླུང་བུ་དང་འདྲ་བར་མི་ཚེ་ཧྲིལ་བོ་ཞིག་ཡོམ་ཡོམ་དུ་བསྒུལ་བའི་ནུས་པ་དང་ལྡན་པ་ཞིག་རེད།
གློག་གི་རྦ་རླབས་བརྒྱུད་ནས་འོངས་པའི་གསར་འགྱུར་དང་གློག་བརྙན།
ད་དུང་གློག་བརྙན་གྱི་བར་བཅུག་གླུ་གཞས་རེ་རེ།
གློག་སྐུད་སྟེང་གི་ཕུག་རོན་དེ་ཚོ་ཡང་།
མི་སེམས་འཕྲོག་པའི་གཏམ་རྒྱུད་གསོན་པོ་རེ་རེ་ཅི་ལ་མིན།
མུན་ནག་གི་ཁྲོད་ནས་ཀྱང་གློག་སྐུད་ཀྱིས་སྐད་ཆ་བཤད་པ་ལྟ་བུའི་སྒྲ་ཞིག་འབྱིན་ཞིང་།
དེས་ཞིང་གྲོང་དང་འབྲས་སྙེའི་གཞུང་རྟ་རེ་རེ་བཞིན་གསོན་ཤུགས་དྲག་པོ་ཞིག་སྦྱིན་པར་ནུས།
དྲག་ཆར་འབབ་དུས་དང་བྱང་རླུང་གཡུག་ཐེངས་རེ་རེ་བཞིན།
གློག་སྐུད་ཀྱི་བླ་སྲོག་གཉོམ་པོ་ཞིག་འཁྱར་ཆོག་ཆོག་བྱས་ནས་སྡོད་པ་དང་།
བྱིས་པ་པྲ་ཚགས་ཚོས་གློག་སྡོང་ལ་རྡོ་ཆུང་ཆུང་དེ་ཚོས་གཞུ་ཐེངས་རེ་རེར་ཡང་།
གློག་སྐུད་ལས་ཐིང་སྒྲ་གྲག་བཞིན་རེ་ཞིག་ཞིང་གྲོང་ཧྲིལ་བོ་མུན་ནག་གི་ཁྲོད་ལུས་འགྲོ།
དགུན་ཁ་འདི་ལ་རྩྭ་ལྗང་གང་ནས་རག་པ་མ་ཤེས་མོད།
སྙན་ངག་ལྕི་བ་ཟམ་མི་ཆད་པར་ཁ་བརྡའི་གྲུ་གར་གང་།
ཨ་ཁུའི་སྙན་ངག་དེ་སྙན་གི་ཡ་ངོ་མ་བཟང་གི
གློག་སྐུད་ཆད་པ་གློག་སྐུད་གཤིས། །
རྒྱ་གཞུང་ཉིན་ཞིག་ཆད་པར་ངེས། །
ཕྱི་རུ་གློག་སྐུད་ཆད་སྲིད་ཀྱང་། །
ནང་གི་སེམས་ཤུག་ཆག་མི་སྲིད། །
བཤད་འདོད་པའི་སྐད་ཆ་དག། བཤད་ཚུལ་མ་ཤེས་བའི་ལམ་ཞིག་འཚོལ་བཞིན་པ་ཨེ་རེད། དགོད་སྤྱད།