བསྟན་དཔལ།
ང་ནི་བོད་པ་ཡིན།
ང་རྒྱ་གར་ནས་སྐྱེས་ནའང་འཚར་ལོངས་བྱུང་ས་བལ་ཡུལ་ཡིན།
ཡིན་ནའང་བལ་ཡུལ་སྐད་ཚུར་བཤད་པ་གོ་ཐུབ་པ་ལས་ཕར་ལབ་ཤེས་ཀྱི་མེད།
ང་རྟ་ཞོན་མྱོང་ལ། རྔ་མོང་དང་གླང་ཆེན། བོང་བུ། གཡག བ་ཕྱུགས་བཅས་ལའང་ཞོན་མྱོང་།
ཞོན་མ་མྱོང་བ་ནི་བྱ་ཆེན་རྔ་མོང་ ostrich དང་མ་ཧེ། ལུག་ལ་མ་ llama ཆུ་རྟ་བཅས་ཡིན་པས།
མ་འོངས་པར་དེ་དག་ལ་ཞོན་ཐུབ་པའི་རེ་བ་ཡོད།
ཕ་ཡུལ་དྲན་པ།
ཕྱི་ཟླ་ ༡༠ བའི་དུས་དཀྱིལ་ཞིག་ལ།
སེར་པོར་གྱུར་པའི་ལོ་མས་ཧྲིག་སྒྲ་སྒྲོག་བཞིན་ང་ལ་སྐད་ཆ་བཤད།
སྐད་ཆ་དེས་ང་ལ་ཕ་ཡུལ་དྲན་དུ་འཇུག
ཕྱི་ཟླ་ ༡༢ ཡི་དགུན་དུས་ཤིག་ལ།
ཁ་བ་དཀར་པོ་མཁའ་དབྱིངས་ནས་མར་སིམ་སིམ་འབབ།
རླུང་གིས་ངའི་སྟོང་སེམས་ལ་ཕོག་ཐུག་གཏོང་།
གྲང་ཟུག་གིས་ངའི་མཁུར་ཚོས་དམར་པོར་འགྲམ་ལྕག་གཞུ།
གྲང་རླུང་དེ་ཡིས་ང་ལ་ཕ་ཡུལ་དྲན་དུ་འཇུག
ཉི་མའི་འོད་ཟེར་ངའི་ཁང་མིག་གང་བོར་ཟེར་ལེམ་མེར་འཕྲོ།
མཛེས་སྡུག་གི་ཉིན་གཅིག ལྐོག་གྱུར་གྱི་བསམ་བློ་མངོན་འདོད་བྱེད།
ངའི་ཕ་ཡུལ་རང་དབང་རེད་དམ།
ངའི་ཕ་ཡུལ་དམ་པོར་བཅིངས་ཡོད་པའི་མདུད་པ་དམར་པོ་དེ།
རང་བཞིན་གྱིས་ལྷོད་ཞིག་ཏུ་འགྲོ་དགོས་ངེས།
ཡིན་ནའང་། ལོ་ངོ་ལྔ་བཅུའི་དུས་ཡུན་རིང་མོར་ངའི་ཕ་ཡུལ་ད་རུང་བཅིངས་ཏེ་ཡོད།
སྙན་པོ་བྱུང་། དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར་པ་འདྲ་བོ་ཞིག་ཀྱང་བྱུང་།
གོང་གི་རྩོམ་ཐུང་འདི་གཉིས་བྱང་ཨ་རིའི་འབྲིང་རིམ་སློབ་གྲྭའི་བོད་པའི་བུ་མོ་ཞིག་གིས་དབྱིན་ཡིག་ཏུ་བྲིས་ཡོད་པ་དེ་བོད་ཡིག་ཏུ་བསྒྱུར་པ་རེད།
ཆུ་རྟ་ཟེར་ལ་ཆུ་ཕག་ལ་ཟེར་བ་རེད་པས། ཆུ་རྟ་ཟེར་བ་རྒྱ་སྐད་ཐད་བསྒྱུར་་རེད། དེ་ལས་ཆུ་ཕག་དང་མཚོ་ཕག་ཟེར་ན་དུས་རྒྱུན་དང་མཐུན་པ་ཡིན།
རྩོམ་སྙན་པོ་འདུག ཕྱི་རྒྱལ་ལུང་པར་སྐྱེས་ཤིང་། ཕྱི་རྒྱལ་ལུང་པ་ནས་འཚར་ལོང་བྱུང་བའི་བུ་མོ་ཁྱེད་དེང་དུས་བོད་ཀྱི་གཞོན་སྐྱེས་ཀླད་སྟོང་དག་དང་མི་འདྲ་བར་ཕ་ཡུལ་ལ་དུང་བ་ཟབ་ཅིང་། ཕ་ཡུལ་གྱི་ལས་དབང་ལ་སེམས་མཁན་གྱི་བོད་བཙན་པོའི་རིགས་རྒྱུད་འཁྲུལ་མེད་ཞིག་དུ་མཐོང་ཕྱིར་བསྔགས་བརྗོད་ཡོད།