(འདི་ནི་རང་རྐྱོན་རང་གིས་མཐོང་ནས་བྲིས་པ་ཞིག་ཡིན།)
སྣ་ཚོགས་རང་གྲོལ་གྱིས།
ཤཀྱའི་དགེ་ཕྲུག་རྒན་པས་མ་འཇོན་ཅིང་།།
ཤཀྱའི་དགེ་ཕྲུག་གསར་པར་ཐོབ་པའི་ཆོས།།
ཤཀྱའི་དགེ་ཕྲུག་རྙིང་པའི་སྙན་དབང་དུ།།
ཤཀྱའི་དགེ་ཕྲུག་གཞོན་ནུས་འབུལ་ལོ་ཀྱེ།།
ཤཀྱའི་དགེ་ཕྲུག་དགོན་པར་ཞུགས་སྲོལ་མེད།།
ཤཀྱའི་དགེ་ཕྲུག་གྲྭ་ཆས་གྱོན་སྲོལ་མེད།།
ཤཀྱའི་དགེ་ཕྲུག་བསྒོམ་སྒྲུབ་གནང་སྲོལ་མེད།།
ཤཀྱའི་དགེ་ཕྲུག་བྱམས་སྙིང་བསྒོམ་སྲོལ་མེད།།
ཤཀྱའི་དགེ་ཕྲུག་གཞན་དོན་བྱེད་སྲོལ་མེད།།
ཤཀྱའི་དགེ་ཕྲུག་ཚོགས་ཆོས་འགྲིམ་སྲོལ་མེད།།
ཤཀྱའི་དགེ་ཕྲུག་གཞུང་ཆེན་སྦྱོང་སྲོལ་མེད།།
ཤཀྱའི་དགེ་ཕྲུག་ཕ་མ་བརྩི་སྲོལ་མེད།།
ཤཀྱའི་དགེ་ཕྲུག་དགེ་རྒན་བསྟེན་སྲོལ་མེད།།
ཤཀྱའི་དགེ་ཕྲུག་དྲང་པོར་ཤོད་སྲོལ་མེད།།
ཤཀྱའི་དགེ་ཕྲུག་གཟུ་བོར་གནས་སྲོལ་མེད།།
ཤཀྱའི་དགེ་ཕྲུག་མཐུན་འབྲེལ་གནང་སྲོལ་མེད།།
ཤཀྱའི་དགེ་ཕྲུག་ཞི་བདེར་གནས་སྲོལ་མེད།།
ཤཀྱའི་དགེ་ཕྲུག་ཆོག་ཤེས་གནང་སྲོལ་མེད།།
ཤཀྱའི་དགེ་ཕྲུག་དབུལ་པོ་ཆགས་སྲོལ་མེད།།
ཤཀྱའི་དགེ་ཕྲུག་ཡ་རབས་བྱེད་སྲོལ་མེད།།
ཤཀྱའི་དགེ་ཕྲུག་གཉོམ་ཆུང་གནང་སྲོལ་མེད།།
ཤཀྱའི་དགེ་ཕྲུག་གྲོང་དུ་འཁྱམ་སྲོལ་ཡོད།།
ཤཀྱའི་དགེ་ཕྲུག་སྐྱ་ཆས་གྱོན་སྲོལ་ཡོད།།
ཤཀྱའི་དགེ་ཕྲུག་གཡོ་སྒྱུ་འཁྲབ་སྲོལ་ཡོད།།
ཤཀྱའི་དགེ་ཕྲུག་ཚོང་འབྲེལ་གནང་སྲོལ་ཡོད།།
ཤཀྱའི་དགེ་ཕྲུག་ཕྱུག་པོ་ཆགས་སྲོལ་ཡོད།།
ཤཀྱའི་དེ་ཕྲུག་གསོག་འཇོག་གནང་སྲོལ་ཡོད།།
ཤཀྱའི་དགེ་ཕྲུག་བུད་མེད་འཁྲིད་སྲོལ་ཡོད།།
ཤཀྱའི་དགེ་ཕྲུག་ཆང་ས་རྒྱབ་སྲོལ་ཡོད།།
ཤཀྱའི་དགེ་ཕྲུག་ཆང་རག་འཐུང་སྲོལ་ཡོད།།
ཤཀྱའི་དགེ་ཕྲུག་ཉལ་ཐ་རྔུབ་སྲོལ་ཡོད།།
ཤཀྱའི་དགེ་ཕྲུག་གྲི་རིང་བཏགས་སྲོལ་ཡོད།།
ཤཀྱའི་དགེ་ཕྲུག་གཞོན་ནུས་མཐོང་ཐོས་རྣམས།།
ཤཀྱའི་དགེ་ཕྲུག་ཡོངས་ལ་ཕུལ་བ་ཡིན།།
ཤཀྱའི་དགེ་ཕྲུག་རྣམ་དཔྱོད་ཡོད་མཁན་ཚོས།།
ཤཀྱའི་དགེ་ཕྲུག་འདི་ཚོར་ཐུགས་རྗེས་གཟིགས།།
ཤྰཀྱའི་དགེ་དངོས་རྣམས་དེ་ལས་ལྡོག །
ཤཀྱ་མོ་བོ་ཁྱེད་ཚོའི་རང་སྐྱོན་དངོས། །
ཤྰཀྱའི་དགེ་སྦྱོང་ཀུན་ལ་མ་སྦྱར་བར། །
ཤཀ་རྒན་སྣ་ཚོགས་རང་འཆང་སྒེར་སྐྱོན་ནོ། །
ཤྰཀྱའི་དགེ་ཕྲུག་དངོས་རྣམས་དེ་ལས་ལྡོག །
ཤཀྱ་མོ་བོ་ཁྱེད་ཚོའི་རང་སྐྱོན་དངོས། །
ཤྰཀྱའི་དགེ་སྦྱོང་ཀུན་ལ་མ་སྦྱར་བར། །
ཤཀ་རྒན་སྣ་ཚོགས་རང་འཆང་སྒེར་སྐྱོན་ནོ། །
ཤྰཀྱའི་དགེ་ཕྲུག་ཀུན་ལ་བརྗོད་པ་མིན།།
ཤྰཀྱའི་དགེ་ཕྲུག་ཁྱོད་ལ་སྨོད་པ་མིན།།
ཤྰཀྱའི་དགེ་ཕྲུག་ང་ཡི་རང་རྐྱོན་འདི།།
ཤྰཀྱའི་དགེ་ཕྲུག་ཀུན་ལ་བསྒྲགས་པ་ཡིན།།
ང་་་་་་་
ལེགས་སྐར་གྱི་ཡང་སྲིད།
༼རང་གི་མྱོང་བ་བརྗོད་པ།༽
༡༽ལེགས་སྐར་ཡང་སྲིད་མངོན་ཤེས་ལྔ་དང་ལྡན།།
ལེགས་སྐར་ཡང་སྲིད་རྫུ་འཕྲུལ་རྐང་དང་བཅས།།
ལེགས་སྐར་ཡང་སྲིད་བསླབ་གསུམ་རྒྱན་གྱིས་མཛེས།།
ལེགས་སྐར་ཡང་སྲིད་ལྷས་སྦྱིན་གསོན་པོ་ཡིན།།
༢༽མདོར་ན་ཤཀྱའི་སློབ་མའི་མེད་མུག་ཆོས།།
མཐའ་དག་ལེགས་སྐར་ཡང་སྲིད་བདག་ལ་ཡོད།།
ལེགས་སྐར་ཡང་སྲིད་གསེར་བུམ་སྤྲུག་ལས་མིན།།
ལེགས་སྐར་ཡང་སྲིད་ཟེར་རྒྱུས་ཕོངས་པ་མིན།།
༣༽གང་དག་ཤཀྱའི་སློབ་མའི་ཡོན་ཏན་རྣམས།།
ལྷས་སྦྱིན་གསོན་པོ་བདག་ལ་མ་མཆིས་ཤིང་།།
གང་གང་ཟུར་ཟ་མཁན་པོར་མེད་པ་རྣམས།།
དེ་ཀུན་ལེགས་སྐར་ཡང་སྲིད་བདག་ལ་ལྡན།།
ཤཀྱྭའི་དགེ་ཕྲུག་འདུལ་ཁྲིམས་བཙུག་ཏུ་བཀུར།
ཤཀྱྭའི་དགེ་ཕྲུག་མདོ་སྔགས་ཀུན་ལ་མཁས།
ཤཀྱྭའི་དགེ་ཕྲུག་ཚན་རིག་མཁན་པོར་འགྲན།
ཤཀྱྭའི་དགེ་ཕྲུག་ཤེས་རིག་ནོར་མཛོད་ཡིན།
སོ་སོས་བརྩམས་པའི་བྱ་ངན་སྤྱོད་ངན་རྣམས།
ཤཀྱྭའི་དགེ་སྦྱོང་ཀུན་ལ་སྦྱར་བ་ནི།
རྣམ་དཔྱོད་ཅན་རྣམས་འཕྲེལ་བའི་གནས་ཡིན་ན།
ཁྱི་རྒན་ཀུ་ཅོ་མ་མང་ཉལ་ནས་སྡོད།
ཤཱཀྱའི་དགེ་སློང་བསྟན་འཛིན་རྒྱ་མཚོ་ནས།།
ཤཱཀྱའི་དགེ་ཕྲུག་བགྲང་གིས་མི་ཟིན་པས།།
ཤཱཀྱའི་ལ་རྒྱ་སྐྱོང་བ་མི་དམན་པའི།།
ཤཱཀྱའི་བསྟན་པ་རིང་དུ་གནས་པ་འདི།།
ཤཱཀྱའི་བུ་སློབ་ཡོངས་ཀྱི་ལག་རྗེས་ཡིན།
ཤཱཀྱའི་ཆོས་ལ་སྨོད་པའི་དམ་ཉམས་དང་།།
ཤཱཀྱའི་སློབ་མར་ཁ་བརྡུང་གཏོང་བ་འདི།།
ཤཱཀྱའི་ཚ་བོ་ལྷས་བྱིན་ཡིན་པར་ངེས།།
ཆང་དང་བུད་མེད་བརྟེན་པས་ཤཀྱའི་དགེ་ཕྲུག་མིན།
གྲོང་འཁྱེར་གང་སར་འཁྱམས་པས་ཤཱཀྱའི་དགེ་ཕྲུག་མིན།
གཞན་ཕན་བསམ་པས་སྟོང་བས་ཤཱཀྱའི་དགེ་ཕྲུག་མིན།
རང་ཉིད་གང་དུ་རྟོགས་མིན་ལྐོག་ཏུ་འགྱུར་བ་པོས།
ཤཱཀྱའི་དགེ་ཕྲུག་ཅི་འདྲ་ཡིན་མིན་གང་ལ་ཤེས།
ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ།
མྱོས་ཆང་བདུད་རྩིར་ལྟ་བས་ཤཱཀྱའི་དགེ་ཕྲུག་མིན།
ཐོས་བསམ་བྱ་བར་མི་བརྩོན་ཤཱཀྱའི་དགེ་ཕྲུག་མིན།
གཞན་ཕན་བསམ་པས་སྟོང་བས་ཤཱ་ཀྱའི་དགེ་ཕྲུག་མིན།
རྩ་བཞི་རྒྱབ་ཏུ་བསྐྱུར་བས་ཤཱཀྱའི་དགེ་ཕྲུག་མིན།
རང་ཉིད་གང་ཡིན་རང་གིས་མི་ཤེས་པས།
ཤཱཀྱའི་དགེ་ཕྲུག་འཕྱ་བ་སྙིང་རྗེའི་ཡུལ།
ཧ ཧ དེ་དངོས་ནས་རེད། བྱ་བྲལ་པ་སྣ་ཚོགས་རང་གྲོལ་བཤད་པ་དེ་ཤྰཀྱའི་དགེ་སློང་དང་དགེ་ཕྲུག་ཀུན་ལ་སྦྱར་ཆོག་གི་འདུག ཚིག་ཁ་ཁོག་མེད་པ་འདི་འདྲ་ལ་བདེན་པ་ཟེར་བ་དེ་རེད། དེ་ནི་ས་དགེ་བཀའ་རྙིང་ཞེས་རྒྱ་གར་སྐད་དུ་རྩ་ཆེན་བྱེད་པ་དང་རང་ཆོས་བརླགས་ནས་གཞན་ཆོས་དགའ་བའི་ཅོལ་ཆུང་གཡམ་རྒྱུག་པ་ཚང་མ་ལ་གོ་རྒྱུ་རེད། བོན་སྟག་རས
ཡང་བོན་མིན་བོན་རྫུ་ཡི་བོན་མིང་འཛིན་མཁན་གྱི་དཀྲུགས་ཤིང་སློང་མཁན་དེ་སླེབས་སོང་། ཁོ་ལ་ཆོས་ལུགས་ཕན་ཚུན་དཀྲུགས་རྒྱག་རྒྱུ་དང་འགལ་ཟླ་བཟོ་རྒྱུའི་ལས་ཀ་མ་གཏོགས་ཡོད་མ་རེད། ཁོ་སུ་ཡིན་མིན་ངས་ཤེས་ཀྱི་ཡོད་ལ་གསལ་བཤད་གནང་དགོས་ན་ངས་རེ་རེ་བཞིན་བྱེད་ཆོག ཡིན་ནའང་ད་ལྟ་སྐབས་སུ་བབ་མ་སོང་།
༡༽བླ་ན་མེད་པའི་མདོ།
དགེ་སློང་དག་གམ་མཁས་རྣམས་ཀྱིས།།
བསྲེག་བཅད་བསྡར་བའི་གསེར་བཞིན་དུ།།
ལེགས་པར་བརྟག་ལ་ང་ཡི་བཀའ།།
བླང་བར་བྱ་ཡི་གུས་ཕྱིར་མིན།།
༢༽བླ་ན་མེད་པའི་བསྟན་བཅོས།
ཁྱེད་ཀྱི་བསྟན་ལས་ཕྱིར་ཕྱོགས་པས།།
ཡུན་རིང་ངལ་བ་བསྟེན་བྱས་ཀྱང་།།
ཕྱི་ཕྱིར་སྐྱོན་རྣམས་བོས་པ་བཞིན།།
བདག་ཏུ་ལྟ་བ་བརྟན་ཕྱིར་རོ།།
ཞེས་སོགས་དང་་་་་་་་་་
༣༽བླ་ན་མེད་པའི་བོད་ཀྱི་གཏམ་དཔེ།
རྨ་ཁར་ཕན་ན་ཁྱི་ཚིལ་ཡིན་ཡང་ཆོག།ཅེས་པ་ལྟར་
འཕྲལ་ཕུགས་གཉིས་ལཕན་ན་རྒྱ་གར་ཁུངས་གཏུགས་
ནའང་ཅི་སྐྱོན།
༼ལྟ་སྤྱོད་ཚུལ་གསུམ་གྱི་རྣམ་བཞག༽
མི་ཞིག་ཡིན་ན་གནས་ལུགས་ལ་དཔྱོད་ཤེས་ཀྱི་ནུས་པ་ལྡན་དགོས། མིའི་རྣམ་དཔྱོད་འདི་ལ་ཕན་པ་རྒྱ་ཆེན་པོ་སྒྲུབ་པའི་ནུས་པ་ཡོད་ལ་གནོད་པ་ཆེན་པོ་གཏོང་པའི་ནུས་པ་ཡང་ཡོད་པས་དེ་ཚོ་ལྟ་བས་ཐག་གཅོད་བྱེད་ཀྱི་རེད།
སྤྱིར་མི་ཞིག་ཡིན་ན་ཁོའི་རྒྱུད་ན་ལྟ་བ་ཡོད་པས་ཁྱབ། ལྟ་བ་དེ་ལ་ཡང་དག་ཡིན་མིན་གཉིས་ཡོད། མི་རེ་རེ་ལ་ལྟ་བ་མ་འདྲ་བ་རེ་ཡོད་པ་མཐོང་ཆོས་རེད། ལྟ་བ་ཟེར་བ་ལྟ་བྱ་ལྟ་བྱེད་ལྟ་བའི་ཡུལ་ལ་བརྟེན་ནས་འདོགས་སྲོལ་སྣ་ཚོགས་ཡོད། གྲྭ་བ་ཞིག་བུ་མོ་མཛེས་མའི་རྣམ་འགྱུར་གྱིས་སེམས་ཤོར་ཏེ་དེ་ལ་བློ་ཞིག་སྐྱེས་པ་དེ་ནི་ལྟ་བ་ཟེར་གི་མ་རེད། དེ་ལ་འདོད་ཆགས་ཟེར་གྱི་རེད། ཁྱི་ལ་བུ་མོ་མཛེས་མའི་འདྲ་པར་ཞིག་བསྟན་ན་སེམས་ཤོར་གྱི་མ་རེད། དེ་ལས་ཤ་ཞིག་བསྟན་ན་ལམ་སང་སེམས་ཤོར་གི་རེད། སེམས་ཀྱི་བྱེད་ལས་མ་འདྲ་བ་རེད། འགྲོ་བ་སོ་སོར་ལས་ཀྱིས་གོ་སྒྲིག་མ་འདྲ་བ་རེད། འདོད་ཆགས་ཀྱི་དམིགས་པ་ལ་ཡུལ་ཡིད་དུ་འོང་བ་ཞིག་བཞག་དགོས་མོད། དུད་འགྲོའི་རིགས་ལ་དབང་པོ་རྟུལ་དྲགས་པས་ཕལ་ཆེ་བར་མཛེས་སྣང་ཡོང་གི་མེད་པ་རེད། བྱས་ཙང་ལྟ་བ་ཟེར་བ་མིའི་སེམས་ཀྱི་འཆར་སྣང་ལ་བརྟེན་ནས་འཇོག་གི་ཡོད་པ་རེད། མིའི་རྣམ་དཔྱོད་དང་བསམ་བློ། མཛེས་དཔྱོད་སོགས་རྦད་དེ་མི་འདྲ་བ་ཞིག་ཡོད་པ་གང་ལ་བརྟེན་པ་རེད་ཟེར་ན་ལྟ་བ་ལ་བརྟེན་པ་རེད། དེའི་ཕྱིར་དུད་འགྲོའི་རིགས་ལ་མིག་སྣའི་དབང་པོ་རྣོ་བ་མི་ལས་ལྷག་པ་ཡོད་ཀྱང་དཔྱད་པ་ཟེར་བ་གཏན་ནས་མེད། བྱ་རྒོད་ཀྱི་མིག་ལྟ་བུ། སྤྱང་གུའི་སྣ་ལྟ་བུ། མི་ལས་ལྡབ་འགྱུར་གྱིས་རྣོ་བར་བཤད་ཅིང་དེས་རང་ལ་ཕན་པ་ཙམ་ ལས་གཞན་ལ་གནོད་བྱེད་ཀྱི་ནུས་པ་དེ་ཙམ་མེད། དུད་འགྲོ་རྣམས་ལ་བསམ་བློ་ཟེར་བ་ཡོད་པ་མ་རེད། ཁོ་ཚོས་རང་གི་འཚོ་གནས་ཆེད་དབང་པོ་དེ་ཚོ་བེད་སྤྱོད་པ་ལས་མི་ལྟར་མདའ་དཀྲུག་ཕུ་དཀྲུག་བྱེད་པའི་རྣམ་དཔྱོད་མེད་ལ། འགྲོ་བ་མིའི་རྒྱུད་ན་ལྟ་སྐྱོན་དེ་དག་ཡོད་པས་རང་མི་བདེ་བ་དང་གཞན་མི་བདེ་བ་མང་པོ་ཞིག་བཟོ་གི་རེད། གཞན་ལ་ཕན་དང་གནོད་གཙོ་བོར་རང་ལྟས་ཐག་གཅོད་བྱེད་ཀྱི་རེད། མི་ཞིག་གིས་རང་ཉིད་ཆེས་མི་དགའ་སའི་མི་ལ་ལྟ་བའི་ཚེ། ཞེན་པ་ལོག་པ་དང་རང་ཉིད་ཆེས་དགའ་སའི་མི་ལ་ལྟ་བའི་ཚེ་ཞེན་ཁོག་སླེབས་འོང་བ་རེད། དོན་དག་ངོ་མ་བཤད་ན་ཕར་ཕྱོགས་ཀྱི་ལྟ་མཁན་དེ་གཅིག་པ་ཡིན་ཀྱང་ཁོས་ལྟ་སྟངས་ མ་འདྲ་བའི་དབང་གིས་འདི་ལྟར་ཡོང་གི་ཡོད་པ་རེད། འདི་དག་གི་རྩ་བ་ཕར་དེད་ནས་སོང་ན་འཇིག་ལྟའམ་གཏི་མིག་བདེན་འཛིན་ལ་ཐུག་གི་རེད། རྒྱུ་འབྲས་བྱ་བྱེད་ཚེ་སྔ་ཕྱི་སོགས་ཡོད་པའི་དངོས་པོ་ལ་དམིགས་ནས། རྣམ་པ་མེད་པར་འཛིན་ཅིང་བྱེད་ལས་དགེ་བ་ལ་མི་འཇུག་ཅིང་དགེ་རྩ་གཅོད་པ་དང་། མི་དགེ་བ་ལ་འཇུག་ཅིང་སྡིག་སེམས་དམ་འཆའ་བ་སོགས་བླང་དོར་ལོག་པར་སྒྲུབ་པར་བྱེད་པའི་ཤེས་རབ་ཉོན་མོངས་ཅན ་ལ་ལོག་ལྟ་ཟེར། ང་ཚོའི་རྒྱུད་ལ་ལྟ་ངན་དེ་དག་ཡོད་མེད་ཞིབ་འཇུག་ཡག་པོ་ཞིག་བྱས་ན་ཧ་གོ་ངེས་རེད། ཁ་ཤས་གྲུབ་མཐའི་དབང་གིས་སྐྱེས་པ་ཡང་ཡོད་ལ་གྲོགས་ཀྱི་དབང་གིས་སྐྱེས་པ་ཡང་ཡོད་དོ།། མཛོད་རྩ་ལས། མེད་པར་ལྟ་བས་རྩ་བ་གཅོད།།འདོད་གཏོགས་སྐྱེས་ནས་ཐོབ་པ་རྣམས།།ཅེས་གསུངས་པ་ལྟར་ ལས་འབྲས་མེད་པར་ལྟ་བས་འདོད་པར་གཏོགས་པའི་དགེ་བ་སྐྱེས་ཐོབ་རྣམས་གཅོད་པར་བྱེད་ཅིང་། དགེ་རྩ་གཅོད་ཚུལ་ནི། མཛོད་ལས། རྒྱུ་དང་འབྲས་ལ་སྐུར་འདེབས་པས།། ཞེས་གསུངས་པ་ལྟར་དགེ་སྡིག་གི་རྒྱུ་འབྲས་ལ་སྐུར་བ་འདེབས་པས་གཅོད་དོ། བྱེ་སྨྲ་ལྟར་ན་འདོད་པའི་ལོག་ལྟ་ཀུན་གྱིས་སྐྱེས་ཐོབ་དགེ་བ་སྐོར་དགུ་རིམ་གྱིས་གཅོད་པར་འདོད་དོ།། ཚེ་འདིར་ལོག་ལྟས་དགེ་རྩ་ཆད་པ་སླར་ཡང་མཚམས་སྦྱོར་བ་ཡོད་དམ་མེད་སྙམ་ན། མཛོད་ལས། མཚམས་ནི་ཐེ་ཚོམ་ཡོད་ལྟ་བའི།།མཚམས་མེད་བྱེད་པའི་འདི་ལ་མིན།།ཞེས་གསུངས་པ་ལྟར་ མཚམས་མེད་ཀྱི་ལས་བྱེད་པའི་དགེ་རྩ་ཆད་པ་རྣམས་ལ་ཚེ་འདིར་དགེ་རྩ་མཚམས་སྦྱོར་བ་ མེད་ཅིང་ལོག་ལྟས་དགེ་རྩ་ཆད་པ་རྣམས་སླར་ཡང་ལས་འབྲས་ཡོད་པར་ལ་ཐེ་ཚོམ་དང་ལྟ་ བས་ཚེ་འདིར་དགེ་རྩ་མཚམས་སྦྱོར་བ་ཡོད་པར་བཤད་དོ།། དེར་བརྟེན། ནང་ཆོས་ཀྱི་ལྟ་བ་ཟེར་ན། རྒྱལ་ཁོངས་དང་རིགས་རུས་དང་དབུལ་ཕྱུག་གི་དབྱེ་བ་མེད་པར་འཇིག་རྟེན་ཀུན་ལ་ཁྱབ་པའི་ལྟ་བ་ཞིག་རེད། ལྟ་བ་དེ་ལ་བསམ་བློའི་ཆ་ནས་མཐོ་དམན་དང་མཆོག་དམན། རབ་འབྲིང་ཐ་གསུམ་མང་པོ་ཞིག་ཡོད་ངེས་རེད། སངས་རྒྱས་ཀྱི་ཆོས་ཚུལ་ཟབ་ པས་བློ་དམན་པས་ཤེས་དཀའ་བ་དང་ཤེས་བ་ཙམ་གྱིས་མི་ཆོག་པར་རང་རྒྱུད་ལ་སྦྱོར་ དགོས་པའི་རིམ་པ་མང་པོ་ཞིག་ཡོད་པ་དང་། དང་པོར་ཐོས་པས་དོན་རྟོགས་པའི་རྒྱུར་བྱེད། བར་དུ་བསམ་པས་སྒྲོ་འདོགས་གཅོད། ཐ་མར་སྒོམ་པས་ཉམས་སུ་བླངས་ཏེ་འགྲོ་དགོས་བ་ནི་བསྟན་པ་སྤྱིའི་འགྲོ་སྟངས་ཤིག་རེད། དེ་ཡང་གཙོ་ཕལ་གྱིས་ཕྱེ་ན་ཐོས་པ་མི་གཙོ་སྒྲུབ་པ་གཙོ་བོ་དང་ལུས་ངག་གི་དགེ་བ་ མི་གཙོ་སེམས་ཀྱི་དགེ་བ་གཙོ་བོ་དང་ཉན་ཐོས་རྣམས་ཀྱི་ ལུས་ངག་གི་སྡོམ་པ་གཙོ་བོ་དང་བྱང་སེམས་རྣམས་ཀྱི་ཡིད་ཀྱི་སྡོམ་པ་གཙོ་བོ་རེད། དེ་བཞིན་དུ་ལྟ་བ་ལའང་གཙོ་ཕལ་ཡོད་པ་དང་། སྡོམ་པའི་ཆ་ནས་ཁྱིམ་པའི་སྡོམ་པ་ཕལ་བ་དང་རབ་བྱུང་གི་སྡོམ་པ་ནི་གཙོ་བོ་ཡིན། རྟེན་གྱི་ཆ་ནས་དགེ་སྡིག་སྟོབས་ཆེ་ཆུང་དང་ བསམ་པའི་ཆ་ནས་དགེ་སྡིག་སྟོབས་ཆེ་ཆུང་ཡོད་པ་རེད།
དེས་ཕྱིར་ཚུལ་དང་མཐུན་པ་ལ་ལྟ་སྤྱོད་བཟང་པོ་ཡོད་ལ་དེ་མེད་ན་ཡོང་དཀའ། ཚུལ་ཞེས་པ་དོན་དུ་མ་ལ་འཇུག་སྟེ། རྣམ་དཔྱད་རིག་པ་ལས། ཚུལ་གྱི་སྒྲ་ནི་བདེན་པ་དང་།།ལམ་དང་འབྲེལ་འབྱུང་རིག་པ་དང་། ཞེས་གསུངས་པ་དང་། སྨྲ་སྒོ་ལས། ཚུལ་ནི་འདྲ་དང་སྨད་པ་དང་།།སྒོ་དང་སྡོམ་པ་མཚན་ཉིད་དང།།ཐབས་དང་རིག་པ་དོན་དང་ འདོད།།ལེགས་པ་དག་ལ་འཇུག་པ་ལས།། ཞེས་གསུངས་པ་ལྟར། ཚུལ་ཁྲིམས་ཞེས་པའི་ཚུལ་ནི་སྡོམ་པ་ལ་གོ ལུས་ངག་གི་ཉེས་སྤྱོད་སྡོམ་པར་བྱེད་པས་ན་སྡོམ་པ་ཟེར། ཁ་ཤས་ཀྱིས་སྡོམ་པ་འཆིང་ཐག་ལ་ལྟ་བུ་ལ་སྦྱར་འདུག་མོད། ལུས་ངག་འཆིང་བྱེད་མ་རེད་ལུས་ངག་གི་ཉེས་སྤྱོད་སྡོམ་བྱེད་རེད། དེས་ན། སྡིག་པ་དང་ལྟུང་བ་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད་དེ། ཁྱིམ་པས་སྲོག་བཅད་པ་སྡིག་པ་ཡིན་ཀྱང་ལྟུང་བ་མ་ཡིན། དགེ་སློང་གིས་སྲོག་བཅད་པ་སྡིག་ལྟུང་གཉིས་ཀ་ཡིན། དགེ་སློང་གིས་མཚན་མཐུན་ཆགས་སྤྱོད་བྱས་པ་ལྟུང་བ་ཡིན་ཀྱང་སྡིག་པ་མིན། ཁྱིམ་པས་ཤིང་བཅད་པ་སྡིག་ལྟུང་གཉིས་ཀ་མིན། གྲྭ་ལོག་དང་ལྟ་ལོག་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད། མུ་བཞིའི་རྩིས་ཚུལ་དེ་ཚོ་ཁུངས་ལུང་མེད་པ་མིན་ཏེ། དང་པོ། གྲྭ་ལོག་ཡིན་ལ་ལྟ་ལོག་ཡིན་མི་དགོས་པའི་ཁུངས་ནི། མདོ་ལས། ང་ཡི་ཉན་ཐོས་ཚུལ་ཁྲིམས་འཆལ་ན་ཡང་།།འཇིག་རྟེན་ཕལ་བ་རྣམས་ཀྱིས་དོ་ཟླ་མིན།། ཞེས་པ་འདི་ནི་ཚུལ་ཁྲིམས་འཆལ་ཀྱང་ལྟ་བ་ཡང་དག་པ་ཡོད་པའི་ཆ་ནས་གསུང་གི་ཡོད། ལམ་རིམ་སོགས་ན་མང་པོ་ཡོད་རེ་རེ་བཞིན་བཤད་པས་མི་སྤོབས། གཉིས་པ་ལྟ་ལོག་ཡིན་ལ་གྲྭ་ལོག་མིན་པ་ནི། དགེ་སློང་ལེགས་སྐར་ལྟ་བུ། ཁོང་གིས། ལོ་ནི་ཉི་ཤུ་བར་དུ་ཚེ་གཡོག་བྱས།།ཡོན་ཏན་ཏིལ་འབྲུ་ཙམ་ཡང་ངས་མ་མཐོང་།།ཞེས་ སངས་རྒྱས་ཤཱཀྱ་ཐུབ་པའི་ཡོན་ཏན་གང་ཡང་མ་མཐོང་ཚུལ་བཤད་པ་དེ་ནི་ལྟ་ལོག་རེད། ལས་དེའི་དབང་གིས་དམྱལ་བར་སྐྱེས་བར་མདོ་ལས་གསུངས། གསུམ་པ་གྲྭ་ལོག་དང་ལྟ་ལོག་གཉིས་ཀ་ཡིན་པ་ནི། དང་པོར་དགེ་སློང་ཡིན་པ་གང་ཞིག་ལ་ཕྱིས་སུ་ལྟ་བ་ངན་པ་དང་འགྲོགས་ནས་ལྟ་སྤྱོད་ གཉིས་ཀ་ཉམས་པ་མདོ་དང་འདུལ་བ་སོགས་ན་མང་པོ་ཡོད་པ་དེ་ཚོ་རེད། བཞི་པ་གང་ཡང་མིན་པ་ནི། དགེ་སློང་འཆར་ཀ་ལྟ་བུའོ།། རང་རེའི་སྤྱི་ཚོགས་འདི་ལའང་དེ་ལྟ་བུ་མུ་བཞིའི་དབྱེ་བ་མེད་ཅེས་ག་ལ་ཟེར་ནུས། རབ་བྱུང་བ་དང་ཆོས་པ་རྣམ་དག་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད། མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། དེ་བཞིན་བསྟན་པ་འདི་ལ་རབ་བྱུང་སྟེ།།སྟོབས་དང་བསམ་གཏན་དབང་པོ་ཀུན་རིག་ནས།། སྒོམ་པ་ལ་ནི་མངོན་པར་བརྩོན་མི་བྱེད།།རིགས་པར་མི་བརྩོན་ག་ལ་མྱ་ངན་འདའ།།ཞེས་ གསུངས་པ་ལྟར་ཐོས་པ་དང་བསམ་པ་ཙམ་གྱིས་མི་ཆོག་པ། རྗེ་རིན་པོ་ཆེས། ཐོས་པའི་དོན་ལ་ནུས་པ་དང་བསྟུན་པའི་ལག་ལེན་རེ་གནད་དུ་ཆེའོ། ཞེས་པ་ལྟར་ཐོས་དོན་རྒྱུད་ལ་མི་སྦྱོར་བའི་རབ་བྱུང་བ་དེ་ཚོ་ཆོས་པ་ཡིན་ཀྱང་ཆོས་པ་རྣམ་དག་མ་རེད། སྤྱོད་འཇུག་ལས་ཀྱང་། སྨན་དཔྱད་བཀླགས་པ་ཙམ་གྱིས་ནི།།ནད་པ་དག་ལ་ཕན་འགྱུར་རམ།། ཞེས་གསུངས་པ་ལྟར་ཆོས་ལ་སྨན་གྱི་འདུ་ཤེས་བཞག་སྟེ་སྨན་དེ་འཐུང་དགོས་བ་རེད། །། དེར་བརྟེན་མི་ནི་ཆོས་སྒྲུབ་པའི་རྟེན་གཞན་ལས་ཁྱད་དུ་འཕགས་ཚུལ་གསུངས་ཡོད་པ་རེད།
མི་དང་དུད་འགྲོའི་བར་ཁྱད་པར་ཅི་ཡོད་ཟེར་ན། སྤྱིར་དུད་འགྲོའི་རིགས་ལ་རང་ཉིད་སྲུང་སྐྱོབ་དང་ཕན་འདོགས་བྱེད་རང་གི་ལུས་དབང་ཁོ་ནས་བྱེད་པ་ལས་གཞན་ནུས་པ་མེད་ལ། མིས་རང་གི་རྣམ་དཔྱོད་བེད་སྤྱད་དེ་རང་ཉིད་སྲུང་སྐྱོབ་ཆེད་གཞན་ལ་བརྟེན་དགོས་ཀྱི་ཡོད། རྡོ་ཆས་ཀྱི་དུས་རབས་ནས་འཕྲུལ་ཆས་ཀྱི་དུས་རབས་བར་དུ་རང་གི་རྣམ་དཔྱོད་བེད་ སྤྱད་ནས་སྤྱི་ཚོགས་འཕེལ་རིམ་ཞིག་བྱུང་ཡོད་པ་རེད། མིའི་རྣམ་དཔྱོད་ཀྱི་ནུས་པ་འཕེལ་རིམ་ལས་སྤྱི་ཚོགས་ཡར་རྒྱས་དང་བརྟན་རླིང་ཡོང་གི་ཡོད། དུད་འགྲོ་ལ་དེ་ལྟའི་ནུས་པ་ཡོད་མ་ཡིན། ཚོར་ཤེས་ཙམ་ལས་མཛེས་སྣང་དང་ཀུན་སློང། ཕན་སེམས་དང་གནོད་སེམས། རྟོག་དཔྱོད་སོགས་ཕལ་ཆེར་མེད་པ་འདྲ། ཁོ་ཚོ་ལ་རང་ཉིད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ནུས་པ་མེད་པ་དང་། དོམ་དང་ཕ་ཝང་། ནགས་ཀྱི་འཕྱི་བ། བྱི་བ་སྒོམ་ཆེན་སོགས་དགུན་ཀ་གྲང་ངར་དུས་སུ་གཉིད་དུ་ཡུར་བ་དང་ཁོར་ཡུག་ལ་ འདྲིས་འགྱུར་བྱེད་ཆེད་རང་ཉིད་ཀྱི་ལུས་དྲོད་ཉར་ཐུབ་པའི་སྤུ་མཐུག་པོ་དང་པགས་ པའི་ནང་ངོས་སུ་ཚིལ་ཞག་ཡོད་པ་དགུན་དུས་སུ་ཟས་ཀྱི་ཚབ་ཏུ་བེད་སྤྱོད་བྱེད་ཀྱི་ ཡོད། དུད་འགྲོའི་རིགས་ལ་ཁོར་ཡུག་གི་འགྱུར་ལྡོག་ཚོར་ཤེས་ཐུབ་པའི་དབང་རྩའི་མ་ལག་དང་དབང་ཤེས་ཡོད་པ་དང་། འཛམ་གླིང་གི་ལྷོ་བྱང་སྣེ་མོའི་སེམས་ཅན་གཡག་དང་ཤྭ་བ་དང་དོམ་དཀར་དང་བྱ་པེང་ འགེན་སོགས་ལ་གྲང་ངར་གྱི་ཁོར་ཡུག་ལ་བརྟེན་ནས་རང་ཉིད་འཚོ་གནས་ཐུབ་པའི་ཁྱད་ཆོས་ལྡན་པ། དེ་བཞིན་དུ་རྩི་ཤིང་གི་ཁོར་ཡུག་ལ་བརྟེན་པའི་སེམས་ཅན་དོམ་བུ་ལག་རིང་དང་དབྱི་མ་དོམ། ཐང་ལི། རྩངས་པ་མདོག་འགྱུར། སྤྲེལ་སོགས་ལ་སྡེར་མོ་དང་མཚང་རའི་རུས་སྒྲོམ་དེ་ཡིས་རང་ཉིད་ཤིང་སྡོང་ལ་འཛེག་ བྱེད་དང་སྐྱོད་བྱེད་ལ་ཕན་ཐོགས་ཡོད་པ་དང་ཁོ་ཚོར་ནུས་སྟོབས་ཆེ་བའི་རྐང་པ་དང་ལག་པ་ཡོད། ནམ་མཁའི་རླུང་ལ་བརྟེན་པའི་འཕུར་སྐྱོད་བྱེད་མཁན་གྱི་ཁྲ་དང་ཕ་ཝང་དང་ཕྱེ་མ་ལེབ་དང་ངང་པ་ སོགས་ཀྱི་རུས་ཁོག་རྣམས་ཇ་ཚགས་ལྟར་ཨི་ཁུང་མང་པོ་ཡོད་པ་དང། ལུས་ཀྱི་སྤུ་དང་གཤོག་སྒྲོ་རྣམས་ཡང་པོ་ཡོད་སྟབས་གཟུགས་པོའི་ལྗིད་ཚད་ཧ་ཅང་ཡང་པོ་ཡོད་པ་རེད། དེ་ཚོ་ལ་འཕུར་སྐྱོད་ཀྱི་གཤོག་ཟུང་ཡོད་པ་དང་གཤོག་པ་རྐྱང་སྐུམ་བྱེད་པའི་ཤ་རྒྱུས་བརྟན་པོ་ཡོད་པ་རེད། ཆུ་ལ་གནས་བའི་སེམས་ཅན་ཀླུ་མོ་རྣ་རིང་དང་མཚོ་རྟ། ཆུ་གླང་། ཉ་སོགས་ལ་ཆུ་འགོག་ནུས་ཀྱི་པགས་པ་དང་སྒྲོ་ཡོད་པར་མ་ཟད། ལུས་པོ་གྲུའི་དབྱིབས་ལྟར་ཡོད་པ་ཧ་ཅང་མྱུར་པོ་སྐྱོད་ཐུབ་པའི་ཁྱད་ཆོས་ཡོད་པ་ དང་། རིགས་ཁ་ཤས་ལ་ཆུའི་ནང་གི་འཚོ་རླུང་ལེན་ཐུབ་པའི་དབང་པོའི་ཁྱད་ཆོས་ཡོད་པ། ཌོལ་ཧྥིན་དང་ཝེལ། ཉའི་རིགས་རྣམས་ཀྱི་རྐང་ལག་ནི་གཤོག་པའི་རྣམ་པར་གྱུར་བ་དེས་ཆུའི་ནང་དུ་སྐྱོད་པར་བེད་སྤྱོད་བྱེད་པ་དང་། སྐམ་མཚོ་གཉིས་ཀར་འཚོ་གནས་ཐུབ་པའི་སེམས་ཅན་ཆུ་སྲིན། རུས་སྦལ། སྦལ་བ། ཆུ་ཕག ཆུ་སྦྲུལ། རྩངས་པ། རྩངས་པ་མེ་ཐུབ་སོགས་ལ་ཆུའི་ནང་དུ་དབུགས་གཏོང་ལེན་ཐུབ་པའི་རླན་གཤེར་ཅན་གྱི་ པགས་པ་ཡོད་པ་དང་ས་ངོས་སུ་སྡོད་དུས་དབུགས་གཏོང་ལེན་ཐུབ་པའི་གློ་བ་ཡོད་པ་སོགས་དེར་བརྟེན་གྱི་ཁྱད་ཆོས་ལྡན། མདོར་ན་ཁོ་ཚོ་ལ་རང་ཉིད་འཚོ་གནས་ཀྱི་ནུས་པ་རང་ཉིད་ཀྱི་སྟེང་ན་ཡོད་པ་རེད། མི་ལ་གཞན་གྱི་ས་ཆ་བདག་བཟུང་བྱེད་པའི་ནུས་པ་དང་རང་ཁ་རང་གསོའི་ནུས་པ། ཐ་ན་རང་དགྲ་གསོད་པའི་ནུས་པ་སོགས་ཚང་མ་དུད་འགྲོ་ལས་བརྒྱ་འགྱུར་གྱིས་ལྷག་པ་ཡོད་པ་དང་། རང་གི་ལུས་སྟེང་ན་རང་ཉིད་འཚོ་གནས་ཐུབ་པའི་ནུས་པ་དུད་འགྲོ་ནང་བཞིན་མེད་ན་ ཡང་རང་གི་རྣམ་དཔྱོད་བེད་སྤྱད་དེ་རང་ཉིད་གང་དུ་གནས་པའི་ཁོར་ཡུག་སྲུང་སྐྱོབ་ཐུབ་པ་དང་མདོར་ན་མི་དང་སེམས་ཅན་ཡོད་དོ་ཅོག་རྩི་ཤིང་ལ་རྟེན་བཞིན་ཡོད་པ་གསལ་བོ་རེད། ལུས་རྟེན་གྱི་ཆ་ནས་མི་ལ་བསམ་བློ་དང་དཔྱོད་ཤེས། ཆོས་དང་རིག་གཞུང་གི་རིན་ཐང་བླ་མེད་ཡོད་པ་བེད་སྤྱོད་ཡག་པོ་བཏང་ན་དགེ་མཚན་བླ་ལྷག་ཏུ་ཆེ་ལ། བེད་སྤྱོད་ཡག་པོ་མ་བཏང་ན་དུད་འགྲོ་ལས་སྡུག་པ་ཡོང་ཉེན་ཡོད།
སྣ་ཚོགས་ཡོད་ཚད་མེད་པར་བསམ་ཞོར་དུ། །
མེད་སྨྲས་ཡོད་ལ་བསྒོམས་ནས་རང་གྲོལ་གྱིས། །
འོ་ད་ཉོག་བཤད་མང་གི་
ཤཀ་ཕྲུག་ཉོན་ཅིག་སྣ་ཚོགས་རང་གྲོལ་ལགས། །
བསམ་སྦྱོར་ངན་པའི་རྣམ་སྨིན་འདི་ལྟར་ཡོད།
འཁོར་བའི་སེམས་ཅན་ཟོ་ཆུའི་རྒྱུན་མ་འདྲ།
སྔ་དྲོ་སྟོང་ཡང་ཕྱི་དྲོ་རིམ་གྱིས་གང།
སྡུག་བསྔལ་ལས་ནི་ཆུ་བོའི་གཉེར་མ་འདྲ།
བྱས་པས་མི་ཟིན་བརྟགས་པས་སྙིང་པོ་མེད།
སྐྱེ་རྒས་ན་འཆི་ཆུ་བོ་བཞི་ལ་བརྒྱུད།
སྡུག་བསྔལ་ཡ་བཞི་ཟུང་བརྒྱད་ཡ་རེ་ང།
གཏན་དུ་ཐར་མེད་འཁོར་བ་སྐྱི་རེ་འཇིགས།
དེ་ཕྱིར་དལ་འབྱོར་མི་ལུས་ཐོབ་དུས་སུ།
འཛམ་གླིང་སོག་ཀར་སྐྱེས་པའི་དུས་འདི་ལ།
རང་གིས་རང་ལ་བསླུ་བ་མ་བྱེད་པར།
སྡིག་སྤངས་དགེ་ལ་འཇུག་པ་ཤིན་ཏུ་གཅེས།
ཉོན་ཅིག་ལས་ངན་བོན་མིན་བོན་བརྫུས་ཉོན།
དུག་ལྔ་ཉོན་མོངས་རྩ་བ་འདི་ལྟ་སྟེ།
ཞེ་སྡང་དབང་གིས་སྲོག་གཅོད་བརྡུང་རྡེག་སྤྱོད།
འབྲས་བུ་རྣམ་སྨིན་དམྱལ་བའི་ཡུལ་དུ་སྐྱེ།
དམྱལ་ཁམས་བཅོ་བརྒྱད་སྡུག་བསྔལ་ཡ་རེ་ང།
བཙོ་བསྲེག་གཅོད་གཏུབ་ལས་སྤྱོད་སྐྱི་རེ་འཇིགས།
འདོད་ཆགས་དབང་གིས་རྐུ་འཕྲོག་མི་ཚངས་སྤྱོད།
འབྲས་བུ་རྣམ་སྨིན་ཡི་དྭགས་ཡུལ་དུ་སྐྱེ།
བཀྲེས་སྐོམ་སྡུག་བསྔལ་སྦྱང་བ་ཡིད་རེ་མུག
གཏི་མུག་དབང་གིས་མ་རིག་གཏོམ་ཆོལ་སྤྱད།
འབྲས་བུ་རྣམ་སྨིན་བྱོལ་སོང་ཡུལ་དུ་སྐྱེ།
གླེན་ལྐུགས་མུན་པའི་ཡུལ་དུ་ཨེ་རེ་འཐུམས།
ང་རྒྱལ་དབང་གིས་ཁེང་སེམས་དྲེགས་པ་འཆང།
འབྲས་བུ་རྣམ་སྨིན་ལྷ་མིན་ཡུལ་དུ་སྐྱེ།
འཐབ་རྩོད་གསོད་གཅོད་སྡུག་བསྔལ་ཡ་རེ་ང།
ཕྲག་དོག་དབང་གིས་ཆགས་སྡང་རུ་ཏྲ་རྩོད།
འབྲས་བུ་རྣམ་སྨིན་མཐའ་འཁོབ་ཡུལ་དུ་སྐྱེ།
བྲེལ་འཕོང་འདོད་པའི་སྡུག་བསྔལ་ཉོན་རེ་མོངས།
དུག་ལྔ་ཉོན་མོངས་བག་ཆགས་ཡུལ་ལ་ཞེན།
འབྲས་བུ་ཕམ་ལྟུང་ལྷ་ཡི་ཡུལ་དུ་སྐྱེ།
གཡེང་སྐྱོང་ལེ་ལོ་དབང་གིས་ལྟུང་བས་ཕོག
གཏན་དུ་ཐར་མེད་ངན་སོང་འཁོར་བར་འཁྱམས།
དེ་ཕྱིར་དུག་ལྔའི་ལས་སྤྱོད་སྤང་བར་གྱིས།
གཉེན་པོ་ཡེ་ཤེས་ལྔ་ཡི་རྩལ་བསྐྱེད་ལ།
འཕྲུལ་ངག་ཟབ་མོ་གཡུང་དྲུང་བོན་སྒོར་ཞུགས།
སྡིག་པ་མི་དགེ་བཅུ་པོ་གཏན་ནས་སྤོང།
དགེ་བཅུ་རྣམ་པར་དག་པ་དང་དུ་ལོན།
སྒྲིབ་སྦྱང་ཚོགས་རྫོགས་ཐར་པའི་གོ་འཕང་ཐོབ།
ཉོན་ཅིག་བོན་གྱི་རྐང་འཐེན་སླར་ཡང་ཉོན།
སྡིག་པའི་ལས་ནི་གྲངས་དང་རྩིས་མི་ཟིན།
དགེ་བ་བྱ་བ་ཏིལ་འབྲུ་ཙམ་མ་སྤྱད།
རིན་ཆེན་གླིང་དུ་ཕྱིན་ཀྱང་ནོར་བསྐལ་ཆད།
ག་པུར་སྡོང་པོའི་རྩ་རུ་ཚད་པས་ཟིན།
སྟོན་ཁའི་ལོ་ཏོག་གསེབ་ཏུ་ལྟོགས་པར་ཉལ།
རྒྱ་མཚོ་ཆེན་པོའི་འགྲམ་དུ་སྐོམ་ནས་ཤི།
གཙང་མ་མི་ལུས་ཐོབ་ཀྱང་ཆུད་ལ་ཤོར།
འཛམ་གླིང་སོག་ཁར་སྐྱེས་ཀྱང་སྟོང་སྐོར་བྱས།
ཀྱེ་མ་ཀྱེ་ཧུད་སེམས་ཅན་སྙིང་རེ་རྗེ།
རང་ངོ་རང་གིས་ཤེས་པར་བྱིན་གྱི་རློབས།
ད་ལྟ་བོན་ལགས་ཀྱིས་ཡག་པོ་གསུང་འདུག་ག དགའ་བསུ་ཡོད
དྲ་གྲོགས་མིག་བརྒྱད་པ་ལགས། ཁྱོད་ཀྱིས་གསུང་པ་ཕལ་ཆེར་ངས་མོས་མཐུན་བྱེད་ཀྱང་སྡིག་པ་དང་ལྟུང་བ་ལ་མུ་བཞི། གྲྭ་ལོག་དང་ལྟ་ལོག་ལ་མུ་བཞི་གསུང་པར་ཅུང་དྭོགས་པ་འདུག ཁོ་བོས་ནི་སྡིག་པ་དང་ལྟུང་བ་དོན་གཅིག་མིང་གི་རྣམས་གྲངས་དང་། གྲྭ་ལོག་དང་ལྟ་ལོག་ནི་འགལ་བ་ཡིན་པར་སེམས་སོ། མ་གཞི་ཁྱོད་ཀྱིས་སྡིག་པ་དང་ལྟུང་བའི་ངོ་བོའམ་མཚན་ཉིད་གང་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད་དམ། གྲྭ་ལོག་དང་ལྟ་ལོག་གི་ཚད་ཅི་ལྟར་འཇོག་གསལ་པོར་གསུང་གནང་ཡོང་བ་ཞུ།
བོན་མིན་བོན་རྫུན་དཔལ་གྱེས་བསྡོ་རྗེ་ཁྱོད།གཞན་སྐྱོན་མ་ལྟ་རང་སྐྱོན་རྟོགས་ན་དགའ།
དྲ་གྲོགས་སྣ་ཚོགས་རང་གྲོལ་ལགས། ལྟུང་བ་ནི་སྟོན་པའི་བཅས་ཁྲིམས་དང་འགལ་བའི་ཉེས་པ་ལ་ཟེར། ལྟུང་བ་སྡེ་ལྟ་བུའོ། །སྐྱ་བོ་མི་ནག་པ་ལ་ཉེས་པ་འདི་འབྱུང་རྒྱུ་མེད་དེ། རབ་བྱུང་བ་མ་ཡིན་པའི་ཕྱིར།། སྟོན་པའི་བཅས་བ་ཁས་བླངས་མེད་པའི་ཕྱིར་རོ།། རབ་བྱུང་བ་ཞིག་གིས་སྲོག་བཅད་ན་སྡིག་ལྟུང་གཉིས་ཀ་འབྱུང་བའི་ཕྱིར། འདི་ལ་བཅས་པའི་ཁ་ན་མ་ཐོ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་གཉིས་ཀ་འབྱུང་། ཁྱིམ་པས་ལུག་བརྒྱ་བསད་པ་ལས་རབ་བྱུང་བ་ཞིག་གིས་ལུག་གཅིག་བསད་པ་སྡིག་པ་ཆེ་བ་དང་ཁྱིམ་པས་དགེ་སྒྲུབ་ལས་རབ་བྱུང་བས་དགེ་སྒྱུབ་སྟོབས་ཆེ་བ་ནི་རྟེན་གྱི་ཆ་ནས་རེད། གྲྭ་བ་ལོག་ན་ལྟ་བ་ལོག་པས་མ་ཁྱབ། ཐུན་མོང་སྣང་ཚོད་ལ་མཁས་དབང་དགེ་འདུན་ཆོས་འཕེལ་གྲྭ་ལོག་ཡིན་ཀྱང་ལྟ་ལོག་ཡིན་ཟེར་གྱི་མ་རེད། འདོད་པའི་འདོད་ཆགས་ལ་མཐོང་ཐོས་མྱོང་གསུམ་གྱིས་སྒྲོ་འདོགས་བཅད་ཚར་བ་ཡིན་པའི་ཕྱིར། དེས་ལྟ་བ་ལོག་ཅེས་ཟེར་གྱི་མ་རེད། ཁོང་ལ་ལྟ་བ་ཡང་དག་པའི་ལྟ་བ་ཡོད་པ་རེད། ལྟ་ལོག་ཅེས་པ་གང་ལས་ལོག་རྒྱུའི་ལྟ་བ་ཞིག་དགོས་ཏེ། དཔེར་ན་དམར་ཕྱོགས་རིང་ལུགས་པ་ཞིག་ཡིན་ན་ལྟ་ལོག་ཅེས་པའི་ཐ་སྙད་མི་ཐོབ་པའི་ཕྱིར། དེས་ན་ལོག་ལྟ་དང་ལྟ་ལོག་གཉིས་ཁ་ཁ་བཞག་དགོས་བར་སྙམ་མོ། སྐུ་ཉིད་ཀྱིས་དགོངས་འཆར་གནང་བར་ཞུ།
ལྟུང་བ་སྡེ་ལྔ་ཞེས་བཅོས།
ཤེས་རིག་བློ་ཀུན་ཕྱེ་བའི་དྲ་ལམ་ནང་། །
གཅིག་ཕན་གཅིག་འགྲོགས་རིག་པའི་བརྡ་ཤར་དཔྱོད། །
བན་བོན་ཆོས་བརྒྱུད་གནོད་པའི་ཚིག་ངན་སྤང་། །
དེང་རབས་ཆོལ་གསུམ་བོད་མའི་སྐྱིད་སྡུག་གླེང་། །
ས་དགེ་བཀའ་རྙིང་སྐྱེས་ཆེན་དམ་པ་ལ། །
ངན་སྨད་འཆལ་གཏམ་མ་བརྗོད་དྲ་གྲོགས་རྣམས། །
རང་རང་མེ་ལོང་ངོས་ལ་ཡང་ཡང་གཟིགས། །
རང་སྐྱོན་ཁོག་སྦས་གཞན་སྐྱོན་སྣེ་མ་འདྲེན། །
དུས་རབས་ཉེར་གཅིག་བསྙེགས་པའི་མི་བུ་རྣམས། །
ཀླད་རྙིང་ལྟ་བ་མཁྲེགས་འཛིན་དྲི་དོར་ནས། །
དེང་དུས་བློ་གསར་རིག་པའི་གོམ་ཁར་སྦྱོར། །
ང་ཚོ་ཚང་མའི་མི་རིགས་བདེའི་དོན་གླེང་། །
གངས་ཅན་གདོད་མའི་ཕ་ཆོས་གཤེན་བོན་དང་། །
འཕགས་པའི་ཡུལ་ནས་མཆེད་པའི་སངས་རྒྱས་ཆོས། །
བོད་འབངས་སྐྱབས་གནས་བན་སྡེ་བོན་སྡེ་དེ། །
བྱང་ཕྱོགས་ཁ་བའི་ལྗོངས་ཀྱི་ཉི་ཟླ་གཉིས། །
ཉི་ཟླ་བསིལ་དྲོད་རོལ་བའི་ཆོལ་གསུམ་སྤུན། །
ཕ་མེས་ཡ་མེས་རྔུལ་ཁྲག་བསགས་པའི་ནོར། །
མ་རིག་རྡུལ་ཕྲན་རྫས་ངན་མ་བྱུག་པར། །
སླད་མེད་དྭངས་གཙང་ལས་དཀར་ལྷག་བསམ་མཛོད། །
བརྡ་ཤར་དཔྱོད་ལ། བདར་ཤ་གཅོད། བཅོས།
མཁས་དབང་དགེ་ཆོས་ཀྱིས།
སྤྱིར་ན་ཕྱི་རོལ་བདེ་སྡུག་སྣང་བ་ཀུན།།
རང་གི་སེམས་ཉིད་གཅིག་པོའི་ཆོ་འཕྲུལ་ཏེ།།
ནང་གི་གཟུགས་བརྙན་ཕྱི་རུ་འཆར་བ་ལས།།
ཕྱི་ཡི་རྣམ་པ་ཚུར་ལ་འོངས་པ་ཡིན།།
ཞེས་གསུངས་པ་ལྟར་འཇིག་རྟེན་གྱི་ཡོད་ཚད་གཏི་མིག་བདེན་འཛིན་གྱི་དབང་གིས་བཞག་པ་དང་རྣམ་རྟོག་གིས་སྒྲོ་བཏགས་ཙམ་ཞིག་ཡིན་ནོ།།
དེ་ལྟར་ལེགས་པར་གོ་ནས་དཔྱད་པ་ན།།
ཀུན་གཞི་སེམས་ཀྱི་རྩ་བ་ཆོད་པའི་ཚེ།།
སྣང་བའི་ན་བུན་འདི་ཡི་ཕ་རོལ་ན།།
ཆོས་ཉིད་དོན་གྱི་ནམ་མཁའ་དངོས་སུ་བཞུགས།།
ཞེས་གསུངས་པ་ལྟར་རྟེན་འབྱུང་གི་རིགས་པས་བཏགས་དོན་བཙལ་ནས་མཐར་ཆོས་ཉིད་རྟག་བརྟན་གྱི་མ་ཡུམ་ཏེ་སྟོང་བ་ཉིད་ཀྱི་རང་ཞལ་མཇལ་བ་ན་ཆགས་སྡང་སོགས་ལས་ངན་གྱི་སྒོ་མཐའ་དག་ཁེགས་འགྲོ་བ་ཡིན།
ཡོད་ཅེས་བྱ་བ་འདི་ཡང་བཅོས་མ་སྟེ།།
མེད་ཅེས་བྱ་བ་འདི་ཡང་བཅོས་མ་ཉིད།།
དེ་འདྲའི་བཅོས་མ་ཀུན་གྱིས་མ་བསླད་པ།།
སེམས་ཀྱི་རང་བཞིན་རྫོགས་པའི་སངས་རྒྱས་ཡིན།།
ཞེས་གསུངས་པ་ལྟར་སེམས་ཀྱི་རང་བཞིན་ལ་དྲི་མས་མ་བསླད་ཀྱང་གློ་བུར་གྱི་དྲི་མས་བསྒྲིབས་པ་ཡིན།
ཡིན་མིན་རྣམ་རྟོག་ཆུ་ཡི་གཉེར་མ་བཞིན།།
གཅིག་རྗེས་གཅིག་གིས་མཐུད་དེ་འགྲོ་བ་འདི།།
གཏོད་མེད་ངང་དུ་ལྷོད་ཀྱིས་ཞིགས་པའི་ཚེ།།
ཆོས་དབྱིངས་གདོད་མའི་རྒྱ་མཚོར་སླེབས་པ་ལགས།།
ཞེས་གསུངས་པ་ལྟར་རྟེན་འབྱུང་གི་རིགས་པ་ལ་བརྟེན་ནས་མཐར་འཛིན་གྱི་དམིགས་གཏད་ཐམས་ཅད་བཤིགས་ནས་ལྟ་ངན་མཐའ་དག་བསལ་བ་ན་དོན་དམ་པ་ཆོས་དབྱིངས་རྣམ་པར་མི་རྟོག་པའི་གདོད་མའི་རྒྱ་མཚོ་དངོས་གནས་པ་དེར་བསླེབས་ཟིན་པ་རེད།
མདོར་ན་སྣང་བ་སེམས་ཀྱི་ཆོ་འཕྲུལ་ཏེ།།
སེམས་ནི་སྟོང་བ་གཞི་མེད་རྩ་བྲལ་ཉིད།།
གཞི་མེད་ཆོས་ལ་བདག་ཏུ་བཟུང་བ་ཡིས།།
ཁྱོད་དང་ང་ཡང་འཁོར་བའི་གནས་སུ་འཁྱམས།།
ཞེས་གསུངས་པ་ལྟར་ཕྱི་དང་ནང་གི་ཆོས་ཐམས་ཅད་བདེན་པར་མེད་ཀྱང་བདེན་པར་བཟུང་ནས་བདེ་སྡུག་གི་སྣང་བ་སྣ་ཚོགས་ཤིག་འཆར་འོངས་བ་འདི་དོན་དམ་དུ་གཞི་མེད་རྩ་བྲལ་ཏེ་འཁོར་བའི་གནས་སུ་འཁྱམས་པའི་རྒྱུ་གཙོ་བོ་དེ་ཡིན་པའི་ཕྱིར།
དྲ་གྲོགས་མིག་བརྒྱད་པ་ལགས་དགོངས་ཚུལ་གསུང་པར་དགའ་བསུ་ཞུ། ཡིན་ནའང་དྭོགས་པ་ཆོད་རྒྱུའི་ཚབ་ཏུ་དེ་བས་དྭོགས་པ་ཆེ་རུ་ཆགས་སོང་། ད་དུང་ཁྱོད་ཀྱིས་འདིར་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་མུ་བཞི་གསུང་པ་སོགས་ལ་བལྟས་ན་དགེ་སྡིག་གི་བྱེད་པོ་སངས་རྒྱས་ཡིན་པར་མི་ཐལ་ལམ། སངས་རྒྱས་ཀྱིས་བཅས་པ་མ་མཛད་སྔོན་དུ་ཉེས་པ་མིན་པ་ཞིག་ཕྱིས་སངས་རྒྱས་ཀྱིས་བཅས་པ་མཛད་ནས་ཉེས་པ་འགྱུར་བ་ཡིན་པའི་ཕྱིར།
སྣ་ཚོགས་རང་གྲོལ་ལགས། སྟོན་པའི་བཅས་པ་དང་འགལ་བའི་ཉེས་པ་ནི་རབ་བྱུང་བ་ལ་མ་གཏོགས་ཁྱིམ་པ་སྐྱ་བོ་ལ་འབྱུང་གི་མ་རེད། དེའི་ཕྱིར་རབ་བྱུང་བ་ཚོ་ལ་བཅོམ་ལྡན་འདས་ཀྱིས་ལྟུང་བ་འབྱུང་བའི་སྒོ་བཞི་གསུངས་སྟེ། བསླབ་བྱ་རྣམས་མི་ཤེས་པ་དང་། བག་མེད་པ་དང་། ཉོན་མོངས་མང་བ་དང་། མ་གུས་པ་བཅས་སོ།། འདི་དག་ལ་ནན་ཏན་བྱས་ནས་བསླབ་བྱ་རྣམས་སྲུང་དགོས་པ་དང་། བཅས་བ་ཟེར་ན་ཁྲིམས་སུ་བཅས་བ་ལ་ཟེར། དཔེར་ན། རྒྱལ་ཁྲིམས་དང་འགལ་བའི་ཉེས་པ་དེ་སུ་ལ་ཡོད་པ་རེད་ཟེར་ན་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་དེ་ལ་ཡོད་པ་ལས་རྒྱལ་པོ་ལ་ཡོད་པ་མ་རེད། དཔེ་དེ་བཞིན་དུ་སྟོན་པའི་བཅས་པ་དང་འགལ་བའི་ཁྲིམས་འགལ་བྱུང་ན་ཉེས་པ་དེ་གང་ཟག་རང་ཉིད་ལ་ཡོད་པ་ལས་སྟོན་པ་ལ་ཡོད་པ་མ་རེད། གང་ཟག་དེ་ལ་འཇམ་པོའི་ཚིག་གིས་གནས་དབྱུང་གཏོང་བ་སོགས་ཉེས་ཆད་གཏོང་ཚུལ་ཡང་ཡོད་པ་རེད་དེ། རྒྱལ་ཁྲིམས་ལྟར་བརྡུང་རྡེག་བཞུས་པ་དང་ཁྲིམས་ཁང་དུ་བཅུག་ནས་ཉེས་ཆད་གཏོང་ཚུལ་འདུལ་བའི་རང་གཞུང་ན་ཡོད་པ་མ་རེད། སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པས་ཡུལ་དུས་དང་མཐུན་པར་འདུལ་བ་དེ་ཡང་ལུས་ངག་གི་ཉེས་སྤྱོད་སྡོམ་བྱེད་དུ་གསུངས་པ་རེད་མ་གཏོགས། ལུས་ངག་འཆིང་བྱེད་ལྟ་བུ་ཞིག་ཏུ་གོ་ན་ནོར་བ་རེད། ཀུན་ལ་ཉེ་རིང་མེད་པའི་རང་རེའི་སྟོན་པ་ནི་འཛམ་གླིང་འདིའི་ཞི་བདེ་བྱེད་པོ་དང་བླ་ན་མེད་པའི་སངས་རྒྱས། འགྲོ་བ་ཀུན་གྱི་མ་འདྲིས་བའི་མཛའ་བཤེས། ལོང་བ་རྣམས་ལ་ཤེས་རབ་ཀྱི་མིག་སྐྲུན་མཁན་དེ་རེད།
བོན་མིང་འཛིན་པ་ཁོ་རང་བོན་མིན་བོན་རྫུས་ཡིན་པ་ཁས་ལེན་བྱས་འདུག་ག
མིག་བརྒྱད་པ་ལགས། སྟོན་པས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་པ་མཐར་མངོན་པར་རྫོགས་པ་སངས་རྒྱས་པ་སོགས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཡིན་ཞིང་། སྟོན་པས་གང་ཞིག་བཅས་པ་དེ་སེམས་ཅན་ཐམས་ཅད་ལ་བཅས་ཤིང་། གང་ཞིག་གནང་བ་དེ་ཡང་སེམས་ཅན་ཐམས་ཅད་ལ་གནང་བ་རེད། དེས་ན་བཀག་པ་ཐམས་ཅད་ཡེ་ནས་བཀག་པ་དང་གནང་བ་ཐམས་ཅད་ཡེ་ནས་གནང་བ་ཡིན་པ་ལས་སྟོན་པ་སངས་རྒྱས་ཤྰཀྱ་ཐུབ་པ་ཁོ་ནས་གནང་བ་དང་བཀག་པ་མ་རེད། དེས་ན་སུ་ཞིག་གིས་ཀྱང་བཅས་པ་དེ་དང་འགལ་ན་ཉེས་པ་འབྱུང་བ་གདོན་མི་ཟའོ། འོན་ཀྱང་ཁས་ལེན་མི་ལེན་རྟེན་གྱིསཁྱད་པར་གྱིས་ཉེས་པ་ཆེ་ཆུང་འབྱུང་གི་ཡོད།
༡༽རིགས་པའི་བང་མཛོད་མིག་བརྒྱད་པ་ལགས་ཀྱི་མཆན་༡༩༽པའི་ཡིག་ཕྲེང་དང་པོ་གསུམ་གྱི་ནང་འགལ་འདུ་ཅུང་ཟད་འདུག་ཅིང་རྟགས་སྔ་ཕྱི་གཉིས་ལའང་ཁྱབ་པ་མི་འདུག་པས་ཁྱབ་པ་སྒྲུབ་རོགས་གནང།
༢༽གཞི་མེད་རྩ་བྲལ་གྱི་གོ་དོན་རགས་པ་དེ་ཙམ་ལ་འདོད་པ་ནི་ཅུང་ཐལ་བ་མིན་ནམ་སྙམ་སྟེ་སླར་ཡང་དཔྱད་པར་
མཛོད་ཅིག
དགག་པ་རྗེས་སུ་ཡོད་པས་སྔོན་ལ་རང་སྐྱོན་ངོས་ཟིན་པ་བྱས་ན་མཛེས་པ་ཡིན་ནོ།
སྣ་ཚོགས་རང་གྲོལ་ལགས། སྟོན་པའི་བཅས་པ་དང་འགལ་བའི་ཉེས་པ་དེ་སྟོན་པ་ལ་བརྟེན་ནས་བྱུང་བ་རེད་དེ། སྟོན་པའི་ཉེས་པ་རེད་ཟེར་རྒྱུ་མ་རེད། དཔེར་ན། རབ་བྱུང་བས་དུད་འགྲོ་བསད་པའི་སྡིག་པ་དུད་འགྲོ་ལ་བརྟེན་ནས་བྱུང་བ་རེད་དེ། སྡིག་པ་དེ་རབ་བྱུང་བ་ལ་ཡོད་པས་སོ།།
སྣྲོན་ངག་ཁྲི་ལགས། སྐྱ་བོ་མི་ནག་པ་ཆོས་ཅན། ཁྱོད་ལ་སྟོན་པའི་བཅས་པ་དང་འགལ་བའི་ཉེས་པ་འབྱུང་རྒྱུ་མེད་དེ། ཁྱོད་རབ་བྱུང་བ་མ་ཡིན་པའི་ཕྱིར། སྐྱ་བོ་མི་ནག་པ་ཆོས་ཅན། ཁྱོད་ལ་སྟོན་པའི་བཅས་འགལ་གྱི་ཉེས་པ་མི་འབྱུང་སྟེ། དང་པོ་ནས་བཅས་པ་ཁས་བླངས་མེད་པའི་ཕྱིར། འདི་ལ་རྒོལ་ཅིག
མཁས་དབང་དགེ་ཆོས་ཀྱིས་བརྩམས་གནང་བའི་ཚིག་བཅད་དེ་དག་ལ་གོང་ས་མཆོག་གིས་བསྔགས་བརྗོད་ཆེན་པོ་གནང་འདུག་པ་དང་། ཀ་དག་ཆོས་ཟད་ཀྱི་སྣང་བ་སྙིང་ཕྱུང་བ་འདི་ལ་ཉོན་མོངས་རང་གྲོལ་དུ་སྔ་འགྱུར་རྙིང་མ་བ་དག་གིས་འཆད་ཅིང་། འཁོར་བར་འཁོར་བྱེད་ཀྱི་རྒྱུ་གཙོ་བོ་གཏི་མིག་བདེན་འཛིན་ཡིན་པས་དེ་དང་འཛིན་སྟངས་འགལ་བའི་བདག་མེད་རྟོགས་པའི་ཤེས་རབ་ནི་འཁོར་བ་སྤོང་བྱེད་ཀྱི་རྒྱུ་གཙོ་བོ་ཡིན་པར་མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་པ་ཡིན་པས། དབུ་མ་ལས་ལྷག་པའི་ལྟ་བ་སྔགས་ལའང་མེད་པ་རྗེ་ཙོང་ཁ་བས་བཞེད་པ་དང་། ཕྲན་གྱིས་གོ་ཚོད་དེ་ལྟར་ལགས་པས་དེའི་སྐོར་ལ་འགྲེལ་སྟངས་གཞན་ཞིག་ཡོད་ན་གསུང་རོགས་ཞུ།
མཁྱེན་ཡངས་མིག་བརྒྱད་པ་ལགས།
ཚངས་སྤྱོད་དགེ་བསྙེན་སོགས་དགེ་བསྙེན་ཕ་མ་གཉིས་ཆོས་ཅན།ཁྱོད་སྟོན་པས་བཅས་པའི་དགེ་བསྙེན་རང་རང་གི་སྡོམ་ཁྲིམས་ལས་ཉམས་པ་མེད་པར་ཐལ།
ཁྱོད་གཉིས་པོ་གང་རུང་གི་སོར་སྡོམ་ཐོབ་མྱོང་བའི་གང་ཟག་ཡིན་་ན།
ལྟུང་བས་མ་གོས་པའི་གང་ཟག་ཡིན་པས་ཁྱབ་པའི་ཕྱིར།འདོད་ན།
དགེ་བསྙེན་ཡིན་ན་ཁྱོད་རྣམ་དག་ཡིན་པས་ཁྱབ་པར་ཐལ་འདོད་པའི་ཕྱིར།
མ་གྲུབ་ན་ཁྱེད་ཀྱི་ཐོག་མའི་ཁས་ལེན་ནམ་འགྲེལ་བཤད་རགས་པ་དང་འགལ་ལོ།
གཞན་ཡང་གཞི་མེད་རྩ་བྲལ་ཏེ་འཁོར་བའི་གནས་སུ་འཁྱམས་པའི་རྒྱུའི་གཙོ་བོ་དེ་མ་ཡིན་པའི་ཕྱིར་ཏེ།
རང་སེམས་དྲི་མ་དང་བྲལ་བའི་ཡུལ་ཅན་སེམས་དེ་ནང་གི་ངོ་བོ་ཡང་དག་པ་དང་ཡུལ་སེམས་རང་བཞིན་ནམ་གནས་ལུགས་མཐར་ཐུགས་དེ་ཡང་དགག་བྱ་དོན་དམ་པར་གྲུབ་པའི་གཞི་རྩ་དང་བྲལ་བ་ཞེས་པའི་དོན་ཡིན་པའི་ཕྱིར་རོ།
ཁྱེད་ཀྱི་མཆན་གོང་མ་ལྟར་ན་གཞི་མེད་རྩ་བྲལ་ནི་འཁོར་བར་འཁྱམས་པའི་རྒྱུའི་གཙོ་བོ་དེ་ཡིན་པའི་ཕྱིར་ཞེས་
གསུངས་འདུག་པས་དེ་ཇི་ལྟར་ཡིན་ནམ།
སྣྲོན་ངག་ཁྲི་ལགས། ཆོས་ཅན་ཁྱབ་པའི་རྗེས་མི་འབྲངས། ཁྱབ་པ་ནི། རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ། དང་པོ་ཉིད་ནས་བཅས་པ་ཁས་བླངས་མེད་ན། ཁྱོད་ལ་བཅས་འགལ་གྱི་ཉེས་པ་མི་འབྱུང་བས་ཁྱབ།
ལམ་སྒྲོན་རྩ་འགྲེལ་ལྟར་ན་སོ་ཐར་རིགས་བདུན་དང་། མཛོད་རྩ་འགྲེལ་ལྟར་ན་སོ་ཐར་རིགས་བརྒྱད་གསུངས། དེ་ཡང་རྟེན་གྱི་སྒོ་ནས་ཁྱིམ་པའི་སྡོམ་པ་དང་རབ་བྱུང་གི་སྡོམ་པ་གཉིས་སུ་འདུ་སྟེ། འདུལ་བ་རྒྱ་མཚོའི་སྙིང་པོ་ལས། ཁྱིམ་པའི་སྡོམ་པ་དང་པོ་གསུམ།།རབ་བྱུང་སྡོམ་པ་ཐ་མ་ལྔ།།ཞེས་གསུངས་པ་ལྟར་དེ་དག་གིས་སྟོན་པའི་བཅས་པ་དང་སྡོམ་པ་ཁས་བླངས་ཡོད་པའི་ཕྱིར།
ཉིད་ཀྱིས་གཞི་མེད་རྩ་བྲལ་གྱི་དོན་དགག་བྱ་ལ་སྦྱར་འདུག་པ་དང་ངས་བསམ་ན་སེམས་ཀྱི་གནས་ལུགས་ལ་སྦྱར་ན་ཅུང་ཟད་བདེ་མིན་ནམ་སྙམ། འོག་གི་གཞི་མེད་ཆོས་ལ་བདག་ཏུ་བཟུང་ཞེས་པའི་དེ་ནི་དགག་བྱ་ལ་སྦྱར་ན་སྐབས་དོན་དང་འཚམས་པར་འདུག་པས་དཔྱད་པར་བྱ། སྤྱིར་ན་སྒྲོལ་མ་གཡང་འཛོམས་ཀྱི་ངོར་གསུངས་པའི་ལྟ་བའི་ཚིག་བརླིང་པོ་འདི་དག་རྙིང་མ་བ་དག་གིས་རིག་པ་བུམ་ནང་གི་ནམ་མཁའ་དཔེ་བླངས་པ་དང་འདྲ་བོ་འདུག
མིག་བརྒྱད་པ་ལགས། བདག་ཅག་སྟོན་པའི་བཅས་པ་ནང་གསེས་ལ་དབྱེ་བ་ཡོད་དམ་མེད། ཡོད་ན་ཇི་ལྟར་ཡིན། མེད་ན་དགེ་སློང་དང་དགེ་ཚུལ་ལ་བཅས་པའི་བསྲུང་བྱ་ལ་གྲངས་མང་ཉུང་མེད་པ་ཡིན་ནམ། ཁྱེད་ཀྱི་གོང་དུ་མི་སྐྱ་ལ་བཅས་པའི་ལྟུང་བ་མེད་དེ་ཁས་བླངས་པ་མེད་ཕྱིར་ཟེར་འདུག་ཏེ། དེ་ལྟར་ཡིན་ན་ཁྱེད་རང་གི་རྒྱ་གར་ཡུལ་ཁྲིམས་ཁས་མ་བླངས་ན་ག་རེ་བྱས་ན་ཁྲིམས་འགལ་ཆག་རྒྱུ་མེད་པ་ཡིན་ནམ།
འབྲོག་པ་རྣལ་མ་ལགས། སྤྱིར་བཏང་དམ་ཆོས་འདུལ་བའི་སྐོར་དམིགས་བསལ་སོ་ཐར་རིགས་བརྒྱད་ལ་མ་གཏོགས་སྤྱི་ཡོངས་ལ་གསུངས་པ་མ་རེད། སོ་ཐར་གྱི་རྟེན་མི་ལུས་ཡིན་དགོས་པ་དང་དེའི་ནང་ནས་མི་མཚན་ཉིད་ཚང་བ་ཞིག་དགོས་པ་རེད། སོ་སོས་ཉམས་སུ་བླངས་ན་སོ་སོར་ཐར་བ་འཐོབ་པས་སོ་ཐར་ཟེར། བཅས་པ་ལ་དགག་སྒྲུབ་གནང་གསུམ་གྱི་བཅས་བ་གསུམ་དང་། བསྙེན་གནས་ཀྱི་སྡོམ་པ་ནི་ཉིན་སྡོམ་ཡིན་པས་དུས་ཡུན་ཐུང་ཤོས་དང་དགེ་བསྙེན་གྱི་སྡོམ་པ་ནི་ཉིན་ཞག་གཅིག་གི་བར་རེད། འདི་གཉིས་ཀ་ལ་ཁྱིམ་པའི་ཕྱོགས་ཀྱི་སོ་ཐར་ཟེར། གཞན་རྣམས་ཇི་སྲིད་འཚོ་བའི་བར་དུ་བསྲུང་དགོས་བ་རེད། གྲུབ་མཐའ་གོང་མ་ལྟར་ན་བྱང་ཆུབ་མཐའ་ཅན་གྱི་སོ་ཐར་གྱི་སྡོམ་པ་ཡང་ཡོད་དེ། སྤྱན་རས་གཟིགས་ཀྱི་སྡོམ་པ་ལྟ་བུ་བྱང་ཆུབ་མཐའ་ཅན་ཡིན་པར་སློབ་དཔོན་ལེགས་ལྡན་གྱིས་བཞེད། གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ལ་དགེ་སློང་ཕ་ལ་ཁྲིམས་ཉིས་བརྒྱ་ང་གསུམ། དགེ་ཚུལ་ལ་གླེང་འདས་སོ་དྲུག་སོགས་བསྲུང་བྱའི་སྡོམ་པ་ལ་གྲངས་མང་ཉུང་ཡོད། དགེ་སློང་གི་སྐད་དོད་བྷིཀཥ་ཟེར། ཡི་གེ་དབྲི་བསྣན་གྱིས་བཤད་ན། ལུས་ངག་གི་ཉེས་པ་རྣམ་པར་ཟད་པའི་ཕྱིར་ན་དགེ་སློང་དང་། དགེ་བ་སློང་བས་ན་དགེ་སློང་དང་། ཟས་བསོད་སྙོམས་སློང་བས་ན་དགེ་སློང་དང་། སྒོ་གསུམ་ཞི་བར་གནས་བས་ན་དགེ་སློང་དང་། ལུས་ངག་གི་ལམ་བཟང་པོ་ལ་ཞུགས་པས་ན་དགེ་སློང་དང་། ཡོ་བྱད་ཀུན་འཛིན་གྱི་ཆགས་པ་སྤང་བས་ན་དགེ་སློང་དང་། སྒོ་གསུམ་གྱི་སྤྱོད་པ་བཟང་བས་ཡིད་དུ་འོང་བས་ན་དགེ་སློང་ཟེར་བ་སོགས་དགེ་སློང་ལ་གཅེས་བའི་མདོ་ལས་གསུངས། མདོར་ན་ལོ་ངོ་ཉིས་སྟོང་ལྔ་བརྒྱ་གོང་གི་སྟོན་པ་ཤཱཀྱ་ཐུབ་པས་འབུ་སྲིན་གྲོག་མ་ཚུན་ཆད་ལ་མི་གནོད་པའི་ཁྲིམས་སུ་བཅས་བ་ཞིག་ཡིན་སྟབས། བོད་གངས་ཅན་པས་གཙུག་ཏུ་མཆོད་ནས་ད་ལྟའི་བར་གཞི་གསུམ་ཆོ་ག་མ་ཉམས་པར་གནས་ཡོད།