ཀླུ་སྨྱོན།
ངའི་གསེར་མདོག་གི་རྨི་ལམ་འཐོར་ས།
ངའི་དུང་མདོག་གི་འཛུམ་མདངས་འབོར་ས།
ཨ་མས་ང་ཡང་*འཛོང་ཁུག་འདི་ལྟ་བུ་ཞིག་གི་ནང་ནས་ཆེན་པོ་ཆགས་པ་ཡིན་ཟེར།
ཐེངས་ག་ཚོད་ཅིག་ལ་ཨ་མས་གོ་ཐལ་ཚ་བོ་མཛུབ་བར་ནས་ཞིབ་ཞིབ་བཟོས་ཤིང་།
དེའི་ནང་དུ་རྡོ་ཆུང་ཆུང་སོགས་གཅེས་ཕྲུག་ངའི་ཨོང་ཤ་སྲེག་བྱེད་རེ་ཡོད་མེད་བལྟས་རྗེས།
ཕྱག་ཟུང་གིས་ང་བཀྱགས་ནས་འཛོང་ཁུག་འདི་འདྲ་ཞིག་གི་ནང་དུ་བཞག་ཅིང་།
སྐབས་རེར་རྒྱབ་ལ་ཁུར་ཅིང་ལན་རེར་མདུན་དུ་དཔྱངས་ནས།
རི་གསུམ་གྱི་རྩེ་དང་ལུང་གསུམ་གྱི་མདོ་རུ་ཟོག་ལུག་འཚོས་རབས་བཤད།
*ངའི་ཕ་ཡུལ་དུ་འདི་ལ་འཛོང་ཁུག་ཟེར།
ཀླུ་སྨྱོན་ལགས། འདས་པ་ནི་འདས་པ་རང་ཡིན་པས་ཚེ་འདིར་ཕྱིར་འགྲོ་ཐབས་མེད།
དེར་བརྟེན་ཐུགས་ལྷོད་གནང་ནས་ད་ལྟའི་གནད་བབས་དང་མཐུན་པའི་འཚོ་བ་ཞིག་བསྐྱལ་ནས་བཞུགས་མཛོད།
རང་ཉིད་འཚར་ལོངས་བྱུང་སའི་གནས་དེ་དག་ལ་བསྐྱར་ལོག་ཐེངས་ཤིག་བྱས་པའི་ཚོར་བ་ནི་དངོས་ནས་བརྗོད་མི་ཤེས་པ་ཞིག་རེད། བྱིས་དུས་ཆེན་པོ་ཁོད་ཡངས་སུ་མཐོང་པའི་ས་ཆ་དེ་དག་ད་ལྟ་མཐོང་ཚེ་ཆུང་ཆུང་ཞེ་ཅིག་དང་། བྱིས་དུས་ཐག་རིང་སོང་ན་སླེབས་རྒྱུ་མེད་སའི་ས་ཆ་དེ་དག་ད་ལྟ་སོང་ན་ཐག་ཉེ་ཐག་ཉེ་ཞེ་ཅིག་རེད་འདུག་པས། འདི་འདི་འདྲ་ཐག་ཉེ་ཞིག་མིན་ཨང་འདྲ་ཞིག་དྲན་འོང་གི་འདུག གལ་ཏེ་ཨ་ཁུ་ཀླུ་སྨྱོན་ལ་གོ་སྐབས་འདྲ་ཤར་ཚེ་གནས་དེར་བསྐྱར་ལོག་ཐེངས་གཅིག་མཛོད་དང་། དེ་ན་ད་དུང་གཞུང་དྲང་མི་རིགས་ཤིག་གི་སེར་བོ་གསེར་གྱི་མི་གཞི་ལྷག་འདུག་ལ། ཕ་མ་དང་སྤུན་ཉེ་དག་གི་ཚད་མེད་ཀྱི་ཤ་ཚ་དང་ལྷག་བསམ་སྔར་ལས་ཀྱང་འཁོལ་གྱིན་འདུག་པས། འཇིག་རྟེན་འདི་ན་ད་དུང་དྲོད་ཁོལ་ཅུང་ཞིག་ལྷག་ཡོད་པའི་སྣང་བ་བཅོས་མིན་ཞིག་སྐྱེ་འོང་གི་འདུག། འོན་ཀྱང་། ཕྱོགས་གཞན་དེར་རྫུན་གཡོ་དང་བཙུར་གཅུན། ལྐོག་ཟ་རུལ་སུངས་དང་དབང་ཡོད་རྐང་རྐྱང་ལག་རྐྱང་བྱེད་པ་ད་ེ་དག་མཐོང་ཚེ། ཨ། འཇིག་རྟེན་འདི་འདི་འདྲའི་མུན་ནག་ཅིག་ཡིན་ནམ་སྙམ་པའི་དོགས་པ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་ཡོང་གི་འདུག་པས། འགལ་བ་ལྟག་སྤྲོད་དུ་གྱུར་པའི་སྤྱི་ཚོགས་དེ་འདྲ་ཞིག་ནས་མི་རྣམས་ཀྱིས་འཚོ་བ་ཇི་ལྟར་སྐྱེལ་བཞིན་ཡོད་དམ་སྙམ་ནས་མཚར་རྟོགས་ཤིག་ཀྱང་ཡོང་གི་འདུག
གནས་དེ་ན་ངའི་དྲིན་ཅན་གྱི་མ་རྒན་མ་ཞུགས་ཡོད། །
གནས་དེ་ན་ངའི་ཆུང་དུས་ཀྱི་རྩེད་གྲོགས་ཚོ་ལྷག་ཡོད། །
གནས་དེ་ན་ངའི་ཆུང་དུས་ཀྱི་ཤིང་ཕོར་ཆུང་ཆུང་དེ་ལུས་ཡོད། །
གནས་དེར་ང་ཅིས་ཀྱང་ཕྱིར་ལོག་ན་འདོད། །
དེ་ཙམ་ལས། སྙན་ངག་ཅུང་ཡག་པོ་འདྲ་བྲིས་ན་ཅི་འདྲ་འདུག
ཨ་ལགས་ཚང་། འཚམས་འདྲི་ཞུའོ།།
ཀླུ་སྨྱོན་ཆུང་དུས་ཀྱི་ཞིང་ཁམས་དྲན་ཞིང་། སེམས་པ་སྐྱོ་ཞོར་ཨ་མ་ཆང་མ་ངས་ཁྱེད་ལ་ཆང་ཕོར་གང་གིས་སེམས་གསོ་ཞིག་བྱེད་ཡ།
ཨ་ལགས་ཚང་གིས་དྲན་སྣང་གསར་བ་ཞིག་བྱིན་སོང་།
ཨ་ཁུ་ཀླུ་སྨྱོན། འོ་ མ་རེད། ཨ་ལགས་ཀླུ་སྨྱོན། དངོས་གནས་ཁྱོད་འདི་ངར་བ་ཟིག་ཡུམ་མ་རེད་ན། ཁྱོད་འདིའི་ལག་ག་མི་ཆུད་རྒྱུ་ཟིག་མེད་ཀི གོ་ལོ་ཐོས་ལོ། ད་དུང་ཡོན་ཏན་ཚང་མ་འཛོམས་ཡོད་ཀི་མོད། ངས་བལྟས་ན་ད་དུང་ཁྱོད་ལ་མི་ཚང་ནི་ཟིག་ཡོད་ཀི རིག་མ་མེད་ནོ་ཆི་ཟིག་མ་ཉན་ནི་རེད། གཟོད་ཀི་ཁྱོད་ཚང་གིས་བཟའ་སྒྲིག་དབྱེ་ན་འདུ་ཁང་ཆེན་པོ་ཟིག་ནས་སྟོན་མོ་འཇིགས་པོ་ཟིག་ཡེད་ན་ཡུམ་མི་ཐང་ན། ཨ་ལགས་ཚང་།
རིག་མ་གསར་བ་འཚོལ་རྒྱུ་དེ་ཁྱོད་ཚོ་རྡ་ས་ན་ཡོད་པ་ཚོའི་ལས་འགན་མ་རེད་པས། ཞབས་འདྲེན།
བོད་ཀྱི་ཡུལ་ལུང་གཅིག་ལ་ཕྲུག་གུ་སྙལ་སྟངས་ལ་ཡང་འདི་འདྲའི་མ་འདྲ་བ་མང་བ་ལ། དེ་སྔོན་མིག་སྔར་མཐོང་བ་ཕར་ཞོག་རྣ་བས་ཀྱང་ཉོག་སྒྱེ་ཡོད་པ་གོ་མྱོང་མེད།
ང་ཆུང་དུས་རུ་སྤོར་དུས་འོ་ཟོའི་ནང་བཞག་སྟེ་གཡག་གི་རྒྱབ་ལ་བཀལ་ནས་འགྲོ་གི་རེད། དེ་སྐྱིད་པོ་ཞེ་དྲགས་ཡོད།
ང་ཡང་དེ་བཞིན་རེད། ཡིན་ནའང་རྐང་པ་དཔེ་ན་གི་རེད། ད་དུང་དྲན་ལམ་ན་འདུག ཧ་ཧ་ཧ།
ཁུག་མའི་ལུང་ཐག་ཆད་མ་སོང་ན་ཡག་ཀི། དཀོན་མཆོག་གིས་སྐྱོབ།