སྤོབས་པ་མཐའ་ཡས།
ང་རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ནི་ཆེས་དགའ་ཤོས་དེ་ཡིན་དང་ཡིན། དེའི་འཕྲོ་ནས་རྒྱ་དཀར་ནག་གཉིས་ཀ་ཡིན། དེའི་རྗེས་ནས་འབྲུག་དང་སོག་ཡུལ་བལ་ཡུལ་དང་ཉི་ཧོན་བཅས་ཡིན།
རྒྱ་གར། རྒྱ་གར་ནི་འཛམ་གླིང་ཤར་ཕྱོགས་ཀྱི་ཡུལ་ཆེན་པོ་འདིར་ཆེས་ཁྱད་དུ་འཕགས་པའི་རིག་གནས་སྣ་ཚོགས་ཀྱི་འབྱུང་ཁུངས་དང་། སྟོབས་འབྱོར་ཆེ་བ། ཡུལ་ལ་ཐོན་ཁུངས་མོད་པ་སོགས་འཛམ་གླིང་གི་རྒྱན་ལྟ་བུ་ཞིག་ཡིན། རྒྱ་གར་གྱི་རིག་གནས་ལ་བརྟེན་ནས་བོད་ཀྱི་རིག་གནས་དར་རྒྱས་གོང་འཕེལ་དུ་སོང་བ་ལ་འགྲན་ཟླ་ནུས་པ་གཅིག་ཀྱང་མེད། དཔེར་ན། བོད་ལ་ཡི་གེ་འབྲི་སྲོལ་མེད་པ་རྒྱ་གར་གྱི་ཡི་གེ་ལ་དཔེར་བྱས་ནས་བོད་རང་གི་ཡི་གེ་འབྲི་སྲོལ་བྱུང་བ་དང་། བོད་ལ་སྙན་ངག་སློབ་པའི་གཞུང་ལུགས་མེད་པ་ཡང་རྒྱ་གར་གྱི་སྙན་ངག་སློབ་པའི་གཞུང་ལུགས་བོད་དུ་བསྒྱུར་བ་ལས་བོད་ཀྱི་སྙན་ངག་ཡར་རྒྱས་དཔེ་མེད་ཕྱིན། རྒྱ་གར་ནས་བྱུང་བའི་ནང་བསྟན་མཚན་ཉིད་རིག་པ་དང་འགྲོགས་ནས་རིགས་ལམ་ཀྱི་གཞུང་དང་། བརྡ་སྤྲོད་ཀྱི་གཞུང་། སྡེབ་སྦྱོར་གྱི་གཞུང་། མི་ཆོས་ཡ་རབས་ལུགས་ཀྱི་གཞུང་། སྨན་བཅོས་ཀྱི་གཞུང་སོགས་ཀྱང་བྱུང་། རྒྱ་གར་འཕགས་པའི་ཡུལ་ཞེས་བོད་མི་རྣམས་ཀྱི་དགའ་ཞེན་ཆེན་པོ་བྱེད་པ་ཡང་རྒྱ་མཚན་གཏིང་ཟབ་དང་ལྡན་པ་ཞིག་ཡིན། ནང་བསྟན་མཚན་ཉིད་རིགས་པ་ཚུད་པའི་རིག་གནས་མང་པོའི་དར་འཕེལ་གྱི་འབྲེལ་བ་ལ་བསམ་ན་བོད་ནི་རྒྱ་གར་གྱི་དགེ་ཕྲུག་ཡིན་པ་ཙམ་དུ་མ་ཟད་རྒྱ་གར་གྱི་ཕྲུ་གུ་རེད་ཅེས་ཀྱང་བརྗོད་ཆོག་པར་སེམས།
རྒྱ་ནག རྒྱ་ནག་པོ་ནི་རྒྱ་གར་དང་མཚུངས་པར་ཆེས་སྔོན་ཐོན་གྱི་རིག་གནས་མང་པོའི་འབྱུངས་ཁུངས་དང་། སྟོབས་འབྱོར་ཆེ་བའི་མི་སྡེ་ཞིག་ཡིན། བོད་ལ་ཆོས་དང་རིག་གནས་ཀྱི་འབྲེལ་བ་ཁོ་ན་ཡང་མ་ཡིན་པར་ཆབ་སྲིད་ཀྱི་དགྲ་གཉེན་ཚོང་འབྲེལ་གྱི་འབྲེལ་བ་ཆེས་གནའ་བོའི་དུས་ནས་རྒྱུན་མ་ཆད་དུ་བྱུང་། རྒྱ་ནག་ལ་རྒྱལ་བ་ཤཱཀྱ་ཐུབ་པའི་རིང་ལུགས་དར་འཕེལ་དུ་ཕྱིན་པ་ནི་བོད་ལས་ལོ་བདུན་བརྒྱ་ཡས་མས་སྔ། དེར་བརྟེན་རྒྱ་ནག་གི་ནང་བསྟན་པ་ནི་བོད་ཀྱི་ནང་བསྟན་པའི་གཅེན་པོ་ཡིན་ཞེས་གུས་བརྩི་བྱ་སྲོལ་ཡོད། བཙན་པོ་ལྷ་སྲས་དར་མས་བོད་དུ་ནང་བསྟན་བསྣུབས་སྐབས་ཀྱང་རྒྱ་ནག་གི་དགེ་འདུན་པས་བོད་ལ་རབ་བྱུང་གི་རྒྱུན་དར་འཕེལ་ཡོང་བར་ནུས་ཤུགས་བཏོན་ཡོད། རྒྱ་ནག་ལས་བོད་ལ་བཟོ་རིག་གཙོས་པའི་རིག་གནས་འདྲ་མིན་དར། རྒྱ་ནག་གི་གོང་མ་རྒྱལ་བློན་མང་པོ་དང་། འབྱོར་ལྡན་ཚོས་བོད་ཀྱི་བླ་མ་རྣམས་སློབ་སྟོན་པར་བཀུར་ཞིང་ཡོ་བྱད་བློ་ཡིས་དཔོགས་དཀའ་བ་ཕུལ་པའི་ཉེར་ལེན་ལས་བོད་ཀྱི་དགེ་འདུན་པའི་ནང་བསྟན་དར་སྤེལ་གྱི་མཛད་པ་ཕྲིན་ལས་ལ་གཞོགས་འདེགས་རྒྱ་ཆེན་ཞུས།
སོག་པོ། སོག་པོ་དང་བོད་ཀྱི་བར་བྱུང་བའི་འབྲེལ་བ་ནི་ཆོས་སྲིད་གཉིས་ཐད་ནས་ཧ་ཅང་གཏིང་ཟབ་ལ་རྙོགས་འཛིངས་ལྡན་པ་ཞིག་ཡིན། རྒྱལ་བ་ཤཱཀྱ་ཐུབ་པའི་ཆོས་དར་སྤེལ་གྱི་འབྲེལ་ལམ་གྱི་ཐད་ནས་བསམ་ན་སོག་པོ་ནི་བོད་ཀྱི་དགེ་ཕྲུག་ཡིན། སོག་པོས་མི་རྒྱུ་ཚེགས་གསུམ་བཏང་ནས་བོད་ཀྱི་དགེ་འདུན་པ་ཚོར་ཞབས་འདེགས་ཞུས་པ་དེ་ནི་བློའི་ཡུལ་ལ་ཡང་ཤོང་དཀའ་བ་ཞིག་ཡིན་པས་སྐབས་དེ་དག་ལ་སོག་པོ་ནི་བོད་ཀྱི་ཕྲུ་གར་ཡིན་ེས་ཀྱང་བརྗོད་ཆོག་པར་སེམས། སྔོན་མ་བསྐལ་པ་བཟང་བའི་དུས་སུ་སོག་བོད་གཉིས་པོ་ནི་མཚམས་མཚམས་སུ་བོད་ཀྱི་དགེ་འདུན་པ་ཚོའི་བྱིན་རླབས་དང་བྱམས་བརྩེའི་གདུགས་དཀར་འོག་ན་འདྲ་མཉམ་མཐུན་འབྲེལ་གྱིས་འཚོ་བའི་ཁྱིམ་ཚང་གཅིག་ཡིན་པའི་དུས་སྐབས་ཀྱང་བྱུང་མྱོང་།
འབྲུག་ཡུལ། ལྷོ་མོན་ནམ་དཔལ་ལྡན་འབྲུག་གི་རྒྱལ་ཁབ་ཆེན་པོ་འདི་ནི་ས་གཙང་ལ་ཡུལ་མཛེས་པ། རྒྱལ་བ་ཤཱཀྱ་ཐུབ་པའི་རྒྱལ་ཚབ་སངས་རྒྱས་གཉིས་པ་པདྨ་སམ་བྷ་ཝའི་ཐུགས་རྗེའི་ཉི་འོད་ལ་བརྟེན་ནས་ཐེག་པ་ཆེ་ཆུང་གསང་བ་སྔགས་དང་བཅས་པའི་བསྟན་པའི་པད་ཚལ་ཉམས་རྒུད་མེད་པར་གནས་པ། ཆོས་ལྡན་གྱི་རྒྱལ་པོའི་དབུ་འཕངས་དགུངས་ལས་མཐོ་ཡང་དམངས་གཙོའི་རྩ་ཁྲིམས་ཀྱི་བཀའ་རྟགས་ཕྱག་རྒྱའི་ཟིལ་འོག་ན་ཆབ་འབངས་ཡོད་དོ་ཅོག་དགའ་མགུ་ཡི་རང་གིས་འཚོ་བ། སངས་རྒྱས་གཉིས་པ་པདྨ་སམ་བྷ་ཝའི་ཕྱི་མཐའ་སྒྲིབ་མེད་དུ་གཟིགས་པའི་རྡོ་རྗེས་ལུང་གིས་བསྔགས་པའི་དཔལ་འབྲུག་ཆེན་ངག་དབང་རྣམ་པར་རྒྱལ་བའི་ཞི་རྒྱས་དབང་དྲག་གི་ཕྲིན་ལས་ལ་བརྟེན་ནས་ད་དུང་ཡང་ལུགས་གཉིས་ཀྱི་དཔལ་ཡོན་ངོམ་བཞིན་པ་འདི་ལགས།
བལ་ཡུལ། བལ་པོ་ནས་ལག་ཤེས་བཟོ་རིག་མང་པོའི་རྒྱུན་བོད་ལ་དར། སྲིད་འབྱོར་རིག་གསུམ་གྱི་འབྲེལ་བ་བྱུང་བའི་ལོ་རྒྱུས་རིང་། བོད་མིས་བལ་ཡུལ་མཆོད་རྟེན་རྣམ་གསུམ་སོགས་བསྐྱར་གསོ་དང་མཆོད་རྒྱུན་འབུལ་བའི་བྱས་རྗེས་ལས་བལ་པོ་ནི་ད་དུང་ཡང་བོད་གཙོས་པའི་རྒྱལ་བ་ཤཱཀྱ་ཐུབ་པའི་ཆོས་ལུགས་པ་ཚོ་ཕ་ཁྱིམ་དུ་བུ་ཡོང་ཡོང་བྱ་ས་ཞིག་ཏུ་གྱུར་ཡོད། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་དར་འཕེལ་གྱི་ལོ་རྒྱུས་ལ་བསམ་ན་ནི་བསྟན་པ་སྔ་དར་གྱི་དུས་སུ་སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝ་ཐོག་མར་བལ་ཡུལ་དུ་ཕེབས་ཤིང་ཡུན་རིང་པོར་བཞུགས་ནས་བསྟན་པ་སྤེལ་བ་དང་། བསྟན་པ་ཕྱི་དར་གྱི་དུས་སུ་བལ་ཡུལ་གྱི་སློབ་དཔོན་གྲགས་ཅན་ཕམ་མཐིང་བ་སློབ་རྒྱུད་དང་བཅས་པས་བོད་ལ་སངས་རྒྱས་ཆོས་ལུགས་དར་བར་ནུས་ཤུགས་ཆེན་པོ་བཏོན་ཡོད།
ཉི་ཧོན། བོད་དང་ཉི་ཧོན་བར་ལ་འབྲེལ་བ་བྱུང་ནས་ཡུན་རིང་དེ་ཙམ་མ་འགོར་མོད། ང་ཚོ་དང་ཉི་ཧོན་པའི་བར་ལ་འདྲ་འབྲེལ་མང་པོ་ཡོད་པས་མཛའ་མཐུན་འབྲེལ་ལམ་ཟབ་ཙམ་ཡོད། བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་དུས་སུ་ཉི་ཧོན་ནས་དགེ་རྒན་གདན་དྲངས་དེ་བོད་དམག་ལ་དྲག་རྩལ་བསླབས་པ་དང་། ཞིབ་ཏུ་བརྟགས་ན་བོད་ཀྱི་རྒྱལ་དར་དེ་ཡང་ཉི་ཧོན་གྱི་དམག་དར་ཞིག་ལ་དཔེ་བླངས་ནས་བཟོས་པ་གསལ་པོ་རེད། ཉི་ཧོན་པ་ནི་བོད་དང་མཚུངས་པར་རྒྱལ་བ་ཤཱཀྱ་ཐུབ་པའི་རིང་ལུགས་དང་འབྲེལ་བ་ཆེ་བའི་སྤྱི་ཚོགས་ཡིན་པར་མཚུངས་པ་དང་། སྐད་ཡིག་གཞི་རྩའི་ཆ་ནས་ཆེས་ཐ་དད་ན་ཡང་གྲངས་ཀ་བརྩི་སྟངས་སོགས་ལ་ཅུང་འདྲ་ས་ཡང་ཁ་ཤས་རེ་ཡོད་པ་དང་། སྐད་ཀྱི་འགྲོས་ཀྱང་ཁྱད་གཞི་དང་སྔོན་དང་ཁྱད་ཆོས་རྗེས་ལ་སྦྱོར་ཚུལ་སོགས་ཅུང་འདྲ་བས་བོད་མིས་དབྱིན་སྐད་རྒྱ་སྐད་སོགས་སྦྱོང་བ་ལས་ཉི་སྐད་སྦྱོང་བ་ཅུང་སླ།
དེ་རིང་སྤོབས་པས་རང་ང་་་ཅིག་བཤད་དང་ཟིག་་་བཀའ་འགྱུར་་་འདི་སྲིད་དོན་རྒྱལ་རབས་ཀྱི་ཤོག་ལེ་ཞིག་པར་བཤུས་བྱས་པ་འདྲ་བོ་འདུག་་་་་ད་སྤོབས་པ་མཐའ་ཡས་ཀྱི་སྤོབས་པའི་མཐའ་ལ་བསླེབས་པ་འདྲ་་་་་དེ་བས་སྐྱིད་པོ་ཞིག་གཉིད་མི་འཇོག་ན་བཀའ་འགྱུར་
མི་བདེན་པ་ནི་མི་བདེན་པ་རེད། ངོ་མ་ད་འདི་འདྲ་འདྲ་མ་བཤད་ན་གཞན་བཤད་ཡོང་རྒྱུ་འདྲ་ཅང་མི་འདུག སྲིད་དོན་རྒྱལ་རབས་ལས་ཤོག་ལྷེ་པར་བཤུས་ཟེར་བ་དེ་ནི་ང་ལ་བསྟོད་པ་ཡིན་དང་སྨད་པ་ཡིན་གང་ཤེས་མ་སོང་
སྤོབས་པ་མཐའ་ཡས་ལེགས་ཀྱིས་རང་གི་སྤོབས་པ་ཆེན་པོས་བོད་དང་འབྲེལ་པའི་རྒྱབ་ཁབ་རྣམས་གླེངས་པ་དེ་ལ་སྤྲོ་བ་བརྟས། ཚིག་མང་པོར་བོད་ཡིག་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཆེད་དུ་གཉིས་གསུམ་བཤད་ན།
པདྨ་སམ་བྷ་ཝ། པདྨསམྦྷབ། པདྨ་འབྱུང་གནས་ཏེ། སློབ་དཔོན་རིན་པོ་ཆེས་བོད་སྐད་ས་སྟེང་དུ་གནས་པར་བྱིན་གྱིས་རློབས་ཤིག
་
ཡོང་ཡོང་། ཞེས་པ་བོད་སྐད་སྲུང་བའི་དམིགས་ཡུལ་གྱིས། འོང་འོང་། ཞེས་བཅོས་པ་བོད་སྐད་ཀྱི་ལྷ་མོ་དབྱངས་ཅན་མ་ཐུགས་དགྱེས་པར་སོམ་ཉི་མེད།
་
ཉི་ཧོན་ཞེས་པ་དེ་བདག་གིས་ཉི་ཧོང་ཞེས་པ་ཐོས། རི་པིན་ཟེར་བ་དང་དོན་གཅིག་ཏུ་འདུག ཉི་ཞེས་པ་བོད་སྐད་ཀྱི་ཉི་ཞེས་པ་དང་ཁྱད་པར་མེད། ཧོང་ཞེས་པ་འབྱུང་ཁུངས་ཀྱི་དོན་ཞེས་ཐོས། ཉི་མའི་འབྱུང་ཁུངས། རྒྱ་ནག་པས་བཏགས་པའི་མིང་ལྟ་བུར་སྣང་། གྲངས་ཀ་དེ་བོད་སྐད་དང་ཁྱད་པར་ཆེར་མི་འདུག ༡༩༨༡ ལ་བདག་གིས་ཉི་ཧོང་གི་གྲངས་ཀ་ཆུ་ཚོད་གཅིག་ལ་བློ་ཟིན་བྱས། གིང་ཀི་དེ་སེ་ཀ ཟེར་ན། བདེ་པོ་ཡིན་ནམ། ཞེས་པ་དང་། གིང་ཀི་དེ་སེ། ཟེར་ན། བདེ་བོ་ཡིན། ཞེས་པའི་དོན་ཏོ།།
ལ་དྭགས་པ་ལགས ཉི་ཧོང་ཞེས་པ་ནི་ངས་ཀྱང་སྔོན་མ་བོད་སྐད་ཡིན་པ་དང་དེ་ཡང་རྗེས་གྲུབ་ཞིག་རེད་དྲན་གྱི་ཡོད། ཡིན་ནའང་ཟླ་ཤས་སྔོན་ཉི་ཧོང་གི་གློག་བརྙན་ཞིག་ལྟས་པ་ཡིན་དེའི་ནང་ཉི་ཧོང་པ་ཁོ་རང་ཚོས་རང་གི་རྒྱལ་ཁབ་ལ་ཉི་ཧོང་ཞེས་འབོད་ཀྱི་འདུག་དེས་ན་ཉི་ཧོང་ཞེས་པ་བོད་སྐད་མ་ཡིན་པར་ཉི་ཧོང་སྐད་ཡིན་པ་ཤེས་སོང་།
དེས་ན་དམག་ཆེན་གཉིས་པ་ནས་ད་བར་སྐད་གྲྭགས་ཡོད་པའི་ཡ་གླིང་གི་རྒྱལ་ཁབ་དེ་ལ་ཕྱི་རྒྱལ་བ་ཕལ་ཆེར་གྱིས་Japan འཇའ་པན། ཞེས་པ་དང་། རྒྱ་ནག་པས་日本རི་བིན། ཞེས་པ་དང་། བོད་དང་ཉི་ཧོང་པ་ཁོ་རང་ཚོས་ ཉི་ཧོང་། ཞེས་འབོད་ཀྱི་ཡོད།
རྒན་ལ་དྭགས་པས་བཤད་པར་རྒྱུ་མཚན་འདུག ངས་ཀྱང་ཉི་ཧོང་སྐད་ལོ་གཅིག་ཙམ་ལ་སྦྱང་ཁུལ་བྱསཔ་ཡིན། མ་ཟད་ཉི་ཧོང་དུའང་ལན་མང་འགྲོ་མྱོང་། ཉི་ཧོང་སྐད་རྩ་བ་རྒྱ་ནག་གི་ཡི་གེ་རེད། ད་ལྟའི་སྦྱོར་ཀློག་བྱེད་ཐབས་ཀྱི་ཡི་གེ་དེ་ཆ་ཚང་བེད་སྤྱོད་བྱས་ནས་ལོ་བརྒྱ་ཙམ་ཞིག་ལས་ཕྱིན་མེད། སྔ་མོའི་དུས་ནས་ཡིག་གཟུགས་མང་ཆེ་བ་རྒྱ་ནག་ཡི་གེ་འཁྱུག་བྲིས་ལྟ་བུ་ཞིག་ཡོད་ཀྱང་གཅིག་འགྱུར་བྱུང་མེད། 日本ཉི་་ཟེར་བ་བོད་ཡིག་གི་ཉི་་མ་དང་སྒྲ་དོན་གཅིག ཧོང་ཟེར་བ་བོད་ཡིག་གི་འོང་བ་དང་སྒྲ་དོན་གཅིག་ཡིན། སྤྱིར་ཧོང་ཞེས་པའི་ཡི་གེ་དེ་རྩ་བ་དང་། འབྱུང་ཁུངས། གཞི། དངོས་སོགས་ལ་འཇུག་པའི་སྐབས་ཡོད་ཀྱང་འོང་ཞེས་པ་དོན་དང་འགྲེལ་བ་སྟེ། ཁོང་ཚོའི་མི་རིགས་ནི་ཉི་མའི་བུ་བརྒྱུད་ཡིན་པའི་ལྷ་སྒྲུང་ཡོད་པས་སོ། །རྒྱལ་ཁབ་དང་མི་རིགས་འདིའི་སྔོན་གྱི་མིང་ལ་ཏཱ་ཧི་ཟེར།大和族 རྒྱལ་རབས་རེ་བཞིན་མིང་ལ་འགྱུར་བ་བཏང་ཡོད། འོན་ཀྱང་རྒྱལ་རབས་ལོ་ལྔ་སྟོང་བར་བརྟན་པོ་བྱས་ནས་བསྡད་ཡོད་པ་རྒྱལ་ཁབ་འདི་ཁོ་ན་ཙམ་རེད། ཁོང་ཚོའི་མི་རེ་འགས་བོད་དང་མི་རིགས་གཅིག་ཡིན་པར་འདོད་མཁན་ཀྱང་ཡོད། རྒྱལ་རབས་ཐོག་མ་གནམ་གྱི་ལྷ་ཞེས་གངས་རི་ལས་བྱུང་བ་ཡིན་ཅེས་བཤད་སྲོལ་ཀྱང་ཡོད། 日本
傳說日本是太陽神所創造,天皇是太陽神的兒子,太陽旗來源於此།ཉི་ཧོང་ནི་ཉི་་མའི་ལྷ་ཡི་བརྒྱུད་པ་དང་། ཉི་ཧོང་རྒྱལ་པོ་ནི་ཉི་་མའི་ལྷ་ཡི་བུ་ཡིན་པར་གྲགས་པས་རྒྱལ་ཁབ་ཀྱི་མཚོན་བྱེད་ཉི་མ་ཡིན་ནོ། །
སྤོབས་པ་མཐའ་ཡས་ལགས།
ང་ཅོ་རི་ཆེས་མ་དགའ་སའི་རྒྱལ་ཁབ་གཉིས་ནི་རྒྱ་གར་ནག་གཉིས་ཡིན། ཅིའི་ཕྱིར་རྒྱ་གར་ནག་གཉིས་ལ་མི་དགའ་འམ་ཞེ་ན། རྒྱ་གར་པས་ལྷ་ཆོས་རིག་གནས་ཀྱིས་བོད་བཙན་པོའི་མི་རིགས་སླུ་ཁྲིད་བྱས་ནས་བོད་ཉམས་རྒུད་དུ་ཕྱིན། རྒྱ་ནག་པས་དམག་གིས་དབང་སྒྱུར་བྱས་ནས་བོད་རྒྱལ་ཁབ་བཙན་བཟུང་བྱས།་་་དེའི་ཕྱིར། མི་དགའ།
ཁྱེད་ཀྱིས།་་་་
༡་རྒྱ་གར་ནས་བོད་སྐད་ཡིག་དང།་་་ནང་བསྟན་མཚན་ཉིད་རིག་པ་དང་འགྲོགས་ནས་རིགས་ལམ་ཀྱི་གཞུང་། བརྡ་སྤྲོད་ཀྱི་གཞུང་། སྡེབ་སྦྱོར་གྱི་གཞུང་། མི་ཆོས་ཡ་རབས་ལུགས་ཀྱི་གཞུང་། སྨན་བཅོས་ཀྱི་གཞུང་སོགས་ཀྱང་བྱུང་།ཞེས་དང་།
༢་་་ རྒྱ་ནག་པོ་ནི་རྒྱ་གར་དང་མཚུངས་པར་ཆེས་སྔོན་ཐོན་གྱི་རིག་གནས་མང་པོའི་འབྱུངས་ཁུངས་དང་། སྟོབས་འབྱོར་ཆེ་བའི་མི་སྡེ་ཞིག་ཡིན། བོད་ལ་ཆོས་དང་རིག་གནས་ཀྱི་འབྲེལ་བ་ཁོ་ན་ཡང་མ་ཡིན་པར་ཆབ་སྲིད་ཀྱི་དགྲ་གཉེན་ཚོང་འབྲེལ་གྱི་འབྲེལ་བ་ཆེས་གནའ་བོའི་དུས་ནས་རྒྱུན་མ་ཆད་དུ་བྱུང་།ཞེས་དང་།
༣་་་ཞིབ་ཏུ་བརྟགས་ན་བོད་ཀྱི་རྒྱལ་དར་དེ་ཡང་ཉི་ཧོན་གྱི་དམག་དར་ཞིག་ལ་དཔེ་བླངས་ནས་བཟོས་པ་གསལ་པོ་རེད། ཅེས་སོགས་གསུངས་འདུག
བཤད་སྟངས་འདི་དག་ལ་བལྟས་ན་འཛམ་གླིང་ས་ཡི་སུམ་ཆ་གཅིག་དབང་སྒྱུར་བྱས་མཁན་སྤུ་རྒྱལ་བཙན་པོའི་མི་རིགས་ནི་ཀླ་ཀློ་ཅི་གང་ཡང་མི་ཤེས་མཁན་ཞིག་དང་གནས་རིག་ཟེར་བ་སྣ་གཅིག་མེད་མཁན་ཞིག་ཡིན་པར་ཤུགས་བསྟན་བྱས་འདུག་པས་བློ་ལ་བབ་མ་བྱུང་།
ཐོན་མི་སམ་བྷ་ཊ་རྒྱ་གར་དུ་མ་ཕྱིན་པའི་སྔོན་དུ་བོད་ལ་ཡི་གེ་མེད་པ་དང་བརྡ་སྤྲོད་ཀྱི་གཞུང་གང་ཡང་མེད་པར་རེད་དམ། ཡིན་ན་དེའི་སྔོན་དུ་སྤུ་རྒྱལ་བཙན་པོའི་མི་རིགས་གོ་བརྡ་འཕྲད་ཀྱི་མེད་པ་རེད་དམ། ཁྱེད་ཀྱི་བཤད་པ་འདི་དག་ནི་ལྷ་ཆོས་རྨོངས་དད་རིང་ལུགས་པ་དང་མགོ་རང་གཞན་འདོགས་རིང་ལུགས་པའི་བཤད་སྟངས་ཙམ་ལས་ལོ་རྒྱུས་རིག་པའི་དཔྱོད་མཐའ་རྙེད་ནས་གསུངས་པ་ཤིག་རེད་མི་འདུག་འདོད།
མ་ཟད་བོད་ཀྱི་རྒྱལ་དར་ཡང་འཇན་པན་བའི་དམག་དར་དཔེར་ལེན་ནས་བཟོས་པ་རེད་ཅེས་གསུངས་འདུག བོད་བཙན་པོའི་སྐབས་སུ་དམག་དར་གྱི་ཐོག་ཏུ་སྟག་དང་སེང་གེའི་རི་མོ་བྲིས་པའི་དམག་དར་ཡོད་དང་མེད།་་་ཁྱེད་ལ་དྲི་ཆུང་ཆུང་ཞིག་ཡིན།
བོད་ལ་ཞེན་ལེགས། ཉི་ཧོང་། ཞེས་པ་ཉི་དང་ཧོང་བསྡོམས་ནས། དང་པོ། ཉི། ཞེས་པ་དེ་བོད་དང་། རི་བིན་གཉིས་ཀའི་སྐད་དུ། ཉི་མ་ལ་འཇུག་པར་བསམས། བོད་ཀྱི་འདོད་རྒྱལ་གྱི་མིང་ཚིག་གང་ཡིན་དབྱངས་ཡིག་གཅིག་ལྡན་ཡིན་དགོས། དཔེར་ན། ས་ ཆུ་ མེ་ རླུང་ ཁང་ ཉི་ ཟླ་ སྐར་ གཙང་ སོགས་ལ་ པ་ བ་ མ་ པོ་ སོགས་སྦྱར་ནས། དབྱངས་་གཉིས་ལྡན་དུ་བྱས་པར་མཐོང་སྟེ། ཉི་མ་ ཟླ་བ་ སྐར་མ་ གཙང་པོ་སོགས་སོ།
་
ཉི་ཧོང་ ཟེར་ན། ཉི་མའི་འབྱུང་ཁུངས། ཉི་མ་ཤར་སའི་ཡུལ་ཞེས་རྒྱ་ནག་པས་བྲིས་པ་དེ་རི་བིན་ཏུ་དར་ཁྱབ་ཏུ་སོང་བསམས། དེ་མིན་རི་བིན་པ་རང་གིས་ཉི་མ་ཤར་སའི་ཡུལ་ཞེས་ག་ལ་སྨྲ་ཐུབ།
ངས་རི་བིན་གྱི་ཚིག་ཁ་ཤས་ཤིག་རང་ཤེས། རང་རེ་བོད་རིགས་ལ་རི་བིན་སྐད་རྒྱབ་སླ་བ་དང་། རི་བིན་གྱི་མིས་བོད་སྐད་རྒྱབ་པར་སླ་བ་འདུག ཟེར། ངའི་གྲོགས་པོ་རི་བིན་པས་ངའི་ཨིན་སྐད་རྒྱབ་སྟངས་ལས་རི་བིན་སྐད་རྒྱབ་སྟངས་ཏེ་ལེགས་པ་འདུག་ཅེས་བཤད་སོང་། ཉི་ཧོང་ཇིན་དེ་སེ་ཀ རི་བིན་གྱི་མི་ཡིན་ནམ། ཞེས་སོ།།
དྲི་མེད་ལྷག་བསམ་ལེགས
ཁྱེད་ཀྱི་མཆན་ཡིག་མ་བཀླགས་པར་ཡུན་རིང་སོང་། ཁྱེད་སྐུ་ཁམས་བཟང་པོ་ལགས་སམ།
རྒྱལ་ཁབ་མི་དགའ་ས་ཟིག་ཡོད་ནོ། རྒྱ་འདྲེ་ཚང་གཅིག་པོ་ཡིན། གདོན་དུག་གིས་སྨྱོས་ལྟར་། མི་བཤད་དགུ་བཤད་མེད། མི་ལས་དགུ་ལས་ཟིག་མེད། འདི་བ་ཚང་གིས་འུ་ཁ་ཚང་ལ་གཅིག་སྐུལ་ནོ་སྐུལ་ནོ་བཤད་ན། སྡུག་གཏམ་ལ་མཐའ་ཟིག་འདྲ་ཡོད་ནི་མ་རེད། གསར་རུ་ཆ་བོ།
ང་མཐུ་ཅན་ཟིག་མ་རེད་མ་གཏོགས། ང་མཐུ་ཅན་ཟིག་ཡིན་རྒྱུ་ན། ང་འདི་བ་ཚང་ལ་ལས་རྒྱུ་ཟིག་ཡོད་ཀི།
རྒན་ལ་དྭགས་པར་བཀྲ་ཤིས་བདེ་ལེགས་ཞུ། གནམ་ལོ་གསར་བ་འདིར་རྒན་སྐུ་ཚེ་ཞབས་པར་བརྟན་པའི་སྨོན་ལམ་ཡོད། ང་བདེ་པོ་ཡིན། ད་ལྟ་མ་ནིཆོས་ལུགས་སྐོར་ལ་ཞིབ་འཇུག་ཕྲན་བུ་བྱེད་བཞིན་པའི་སྐབས་ཡིན། ཉི་ཧོང་རྒྱལ་རབས་རྒྱ་ནག་གི་འདོད་པ་ལྟར་ན་ཆིང་ཧྲི་བང་གི་བློན་པོ་མཁས་པ་ཀྲང་ཧྥོས་ཟེར་བ་ཟིག་གིས་རྒྱལ་པོ་ལ་མགོ་སྐོར་བཏང་ཞིང་བཅུད་ལེན་གྱི་གདམས་པ་འཚོལ་བར་འགྲོ་བ་ལ་ཁྱེའུ་ཕོ་མོ་མི་ཆོས་གྱིས་མ་གོས་པ་ལྔ་བརྒྱ་དགོས་པ་དང་། བཅུད་ལེན་གྱི་སློབ་དཔོན་རྣམས་ཀྱིས་སྐྱེས་ལན་དུ་ས་གནས་ལ་འཛུག་བསྐུན་དང་། ལག་ཤེས་སློབ་པ་ཁས་ལེན་དགོས་ཞེས་བསྙད་པས། རྒྱལ་པོསགསན་ཏེ་བཏང་ཞུས་དོན་ལྟར་བཏང་བས། ད་ལྟའི་ཉི་ཧོང་གི་ལག་རྩལ་བྱུང་བ་རེད་ཟེར། བདེན་པ་ཡིན་མིན་མ་འཚལ། ཉི་ཧོང་ཁོ་རང་ཚོའི་འདོད་པ་ལྟར་ན་ཉི་མའི་བུ་ཡིན་ཚུལ་གོང་དུ་བཤད་པ་དེ་ལྟར་ལགས། །
ཉི་ཧོང་དང་བོད་གཉིས་མི་རིགས་གཅིག་པ་ཡིན་པའི་བཤད་སྲོལ་འདི་ལ་དཔྱད་རྒྱུ་ཞིག་ཡོད་པ་འདྲ། ཞྭ་སྒབས་པས་སྲིད་དོན་རྒྱལ་རབས་བཤད་བཞག་པ་ཞིག་ཡོད་པའི་ནང་ན་ཡང་། བོད་དང་ཉི་ཧོང་གཉིས་རྒྱུན་རིང་པོའི་བར་འབྲེལ་བ་བྱུང་མྱོང་མེད་ཀྱང་ཉི་ཧོང་སྐད་ནང་བོད་སྐད་དང་འདྲ་བའི་ཚིག་མང་པོ་ཞིག་ཡོད་པས་དེ་ཇི་ལྟར་བྱུང་མིན་དཔྱད་དགོས་པ་བཤད་ཡོད་པ་ཞིག་དྲན།
ཁྱེད་ཀྱི་བཤད་པ་འདི་དག་ནི་ལྷ་ཆོས་རྨོངས་དད་རིང་ལུགས་པ་དང་༼རང་མགོ་༽གཞན་འདོགས་རིང་ལུགས་པའི་བཤད་སྟངས་ཙམ་ལས་ལོ་རྒྱུས་རིག་པའི་དཔྱོད་མཐའ་རྙེད་ནས་གསུངས་པ་ཤིག་རེད་མི་འདུག་འདོད།ཅེས་བཅོས་རོགས་བྱོས། གོང་གི་མཆན་བུའི་ནང་དུ་མགོ་མཇུག་ལྡོག་ནས་བྲིས་ནོར་ཤོར་འདུག་་་་ཧཧཧ
སྤོབས་པས་བཤད་པ་ལ་རྒྱུ་མཚན་ལྡན།
ཆོས་ཀྱིས་ཕུངས་སོང་དྲན་མཁན་ཡོད་ན་ཆོས་སྤངས་ནས་མདུན་དུ་ཕེབས་དང་ག་ཚོད་བར་ཕྱིན་སོང་ང་ཚོ་ཆོས་དད་ཅན་ཚོས་ལྟ་ཆོག
རི་བིན་ནམ་ཉི་ཧོང་ལ་ནི་འགྲོ་མ་མྱོང་། བོད་སྐད་དང་ཁྱིམ་ཚང་གཅིག་པའི་སྐད་ནི་BURMAའབར་མའི་སྐད་མ་གཏོགས་མི་འཇོག་པའི་རྒྱུ་མཚན་གང་ཡིན་ནམ། ཉི་ཧོང་གི་གྲངས་ཀ་དང་ང་ཚོའི་གྲངས་ཀ་གཅིག་གཉིས་གསུམ་སོགས་ནི་མཐུན་ཤས་ཆེ་དང་འདི་ཁྱད་མཚར་རེད། ངའི་ངོ་ཤེས་ཉི་ཧོང་པས་འགས་བོད་པའི་གདོང་པ་དང་འདི་ཉི་ཧོང་དང་འདྲ་བོ་འདུག་ཟེར། ཡང་ཉི་ཧོང་པའི་དར་ཆ་རྙིང་དང་བོད་ཀྱི་རྒྱལ་དར་གཉིས་པོ་འདྲ་པོ་འདུག་ཟེར་ནས་དགའ་པོ་བྱེད་མཁན་ཡང་འདུག
ཚིན་རིག་པའི་གྲུབ་དོན་ནང་ལ་འགྲོ་བ་མི་ནི་ཨཕ་རི་ཀའི་སྤྲ་མི་ལས་མཆེད་པར་བཤད་པ་དང་། དེ་ཡང་དེ་ནས་མཆེད་པའི་མི་རིགས་གཅིག་ནི་བོད་ཡར་ལུང་གཙང་པོ་བརྒྱུད་ནས་མར་འཕེལ་ནས་ཨ་ཤི་ཡའི་མི་རིགས་མང་པོ་ཅིག་དེ་ནས་མཆེད་པར་འདོད། མི་རིགས་ཡིན་ཚད་ཨཕ་རི་ཀ་ནས་མཆེད་དགོས་དོན་གང་ཡིན་ནམ་དེའི་རྒྱུ་མཚན་ཤེས་མ་སོང་། འཛམ་གླིང་ས་ཕྱོགས་ག་ས་གར་ལ་སྤྲ་མི་སོ་སོ་ལས་མི་རིགས་མི་འདྲ་བ་སོ་སོརའབྱུང་མི་ཆོག་པ་གང་ཡིན་ནམ། ང་ཚོས་མ་བྲག་སྲིན་མོ་དང་ཕ་སྤྲེལ་རྒན་ཞེས་པ་དེ་ཡང་ཐོག་མའི་མིའི་རིགས་གཅིག་གི་འབྱྱུང་ཁུངས་ཡིན་མི་སྲིད་པ་མིན་སྙམ་ལགས།
ཆོས་ཟེར་ན་ཅི་རེད་དམ་་་དང་པོར་དེར་གཅིག་གསུང་དང་་་དེ་ནས་བགྲོ་གླེང་བྱ་ཆོག་གི་རེད་བ། དེ་འདྲ་ང་རྒྱལ་བྱེད་དགོས་དོན་ཅང་འདུག་གམ།
ཆོས་གོས་འོག་གི་དུག་མདའ་འཕེན་མཁན་ཕུང་འདྲེ་ལྷ་ལུང་དཔའ་རྡོ་དང་།
རྨོངས་དད་འོག་གི་གླང་རྭ་བཙུགས་མཁན་ཡུལ་ལུང་ཕུང་པའི་དཀོར་བདག་ཚོས།
གངས་ཅན་བོད་ཀྱི་རྒྱལ་གཞི་གཏོར་ཞིང་རྒྱལ་རྒྱུད་བཅད་པས་མཇུག་འབྲས་སུ།
ཁ་བའི་མི་རིགས་སྡུག་ལ་སྦྱར་བར་དྲན་ཐེངས་རེ་ལ་སྙིང་རླུང་རེ།
ང་དགའ་ཤོས་ནི་རང་མི་རིགས་ཀྱི་ཡོད་ཚད་མཐོ་སྒང་གི་ཡུལ་ནས་བྱུང་བར་དགའ་བོ་ཡོད། རང་ཉིད་རང་ལ་དབང་བ་ལས་གཞན་ལ་དབང་བར་མི་དགའ་མཁན་ཞིག་ཡིན། རང་ཉིད་རང་མི་རིགས་ཀྱི་དགེ་ཕྲུག་ཡིན་པ་ལས་གཞན་གྱི་དགེ་ཕྲུག་དང་གཞན་གྱི་བྲན་གཡོག་བྱེད་རྒྱུར་དགའ་བོ་མེད། ད་བར་དུ་གདོང་དམར་བོད་རིགས་དགེ་རྒན་དུ་བསྟེན་པ་ལས་སྣ་ཟུར་སྣ་རིང་ཐོད་གུག་རིགས་ཀྱི་དགེ་རྒན་བསྟེན་མྱོང་མེད་ལ་བསྟེན་དགོས་ཀྱང་མེད། ཅི་ཡིས་ཕྱིར་ཟེར་ན་ནང་གི་བསམ་བློའི་ཁྱེར་ཕྱོགས་འགལ་བས་སོ། གཞན་ཡང་ཉེ་བའི་གཟུང་དོན་བོར་ནས། རིང་བའི་ཡུལ་འཇུག་དོན་མེད་པས་སོ།
རྩོམ་པ་པོ། སྤོབས་པ་མཐའ་ཡས་ལགས་ཀྱི་ངོ་སྦྱོར་ཀློག་སྤྲོ་བོ་ཞིག་བྱས་འདུག་སྟེ། མང་མང་གིས་དོགས་སློང་མང་ཙམ་བྱེད་ཀྱིན་འདུག་ན། འགྲེལ་བརྗོད་ཅུང་ཙམ་རེ་བྱེད་ཐུབ་ཚེ་མི་མང་གི་གོ་རྟོགས་འཕེལ་བར་རམ་འདེགས་ཐུབ་པའི་ཕན་སེམས་དང་བཅས། ཐུགས་རྗེ་ཆེ་ཞུ་བའོ།
བོད་ལོ་གསར་པར་བོད་མི་ཡོངས་ལ་གུས་འདུད་དང་བཀྲ་ཤིས་བདེ་ལེགས་ཞུ།
་་
འཕེལ་བར་རམ་འདེགས་ཐུབ་པའི/འདི་ལྟ་བུའི་བོད་སྐད་ཀྱི་བརྗོད་པ་འབྲི་བ་པོ་རྣམས་ཀྱིས་བོད་ཀྱི་བརྡ་སྤྲོད་སྦྱོང་དགོས་པར་མཐོང་ངོ་།
སྙིང་རྗེ། འཛམ་བུ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཐབས་ཅད་རྒྱལ་བརྒྱུད་བཅད་པ་དང་ཆད་པ། ཡང་ན་མིང་ཙམ་ལས་དབང་ཆ་མེད་པ་ཤ་སྟག་ཡིན་པ་དང་། རྒྱལ་པོ་དང་ཁྱིམ་ཚང་གང་རུང་གི་བཟུང་བའི་རྒྱལ་ཁབ་རྣམས་རང་དབང་ཆུང་བ། སྒེར་གཅོད་ཆེ་བ་སོགས་ཡིན་པར་ཧ་མི་གོ་བར་རྒྱལ་བརྒྱུད་ཞིག་ཡོད་ན་གཅིག་བྱེད་རྒྱུ་ཡོད་བསམ་པ་ནི་རྨོངས་དད་ངོ་མ་དེ་རེད། རྒྱ་ནག་མི་སེར་རྒྱལ་ཁབ་ལ་དམག་མི་ཁྲི་བརྒྱད་བརྒྱ་ཡོད་ཀྱང་རྒྱ་ནག་གུང་ཁྲན་མ་དོ་བ་རེད། བོད་ལ་རྒྱལ་པོ་ཡོད་ན་གུང་ཁྲན་གང་འདྲ་དོ་གི་རེད། དེ་ཙམ་ཧ་མི་གོ་བར་ད་དུང་དྲུང་མདོག་སྟོན་པ་ཁྱད་མཚར་རེད།
ང་ཆེས་མི་དགའ་སའི་རྒྱལ་ཁབ་དེ་བལ་ཡུལ་རེད་་་་པྰ་མགོའི་རྒྱལ་ཁབ་ཆུང་ཆུང་འདིས་ང་དང་བཅས་པའི་རི་རྫ་མགོ་རི་མགོ་བརྒལ་ནས་བྲོས་བྱོལ་ལ་ཡོང་མཁན་གང་མང་མང་ལ་དཀའ་ངལ་ཅི་རིགས་སྤྲད་དང་སྤྲོད་བཞིན་པ་སོང་ཙང་་་་་ངས་ནམ་ཡང་ཟ་འདྲེའི་བལ་ཡུལ་དེ་བོད་དང་འབྲེལ་བ་ཡོད་པ་ཞིག་ལ་མཐོང་མི་ཐུབ་ཀི་་དགོངས་དག་་་་སྤོབས་པ་ལགས།
དཔལ་ལྡན་བལ་གཞུང་ལགས་སུ། རང་གི་རྒྱལ་ཁབ་ཀྱི་བདེ་འཇགས་དང་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོབ་སྔར་ལས་ལྷག་པ་གནང་རོགས། ད་བར་ངེད་བོད་ལ་རོགས་ཕན་གང་དྲག་གནང་བར་ཐུགས་རྗེ་ཆེ།
གཞུང་ཡོད་ན་རང་དབང་དམངས་གཙོའི་གཞུང་ཞིག་ཡོང་བར་ཤོག དེ་མིན་ཁྲིམས་མེད་ལུང་མེད་བལ་གཞུང་།འདྲ་བ་ཞིག་ཡོང་བ་ལས་རྒྱ་དམར་པོའི་གཞུང་དགའ་མི་ཆེ་རེ་ཇོ་ཤཀ་རྣམ་གསུམ
ལ་དགས་པ་ལགས། ཁྱོད་ཀྱི་ལུས་གྲུབ་ལུགས་དེ་བོད་ཀྱི་བརྡ་སྤྲོད་མིན་པ་དེ་བཞིན། ཁྱོད་ཀྱི་འདོད་ཐོག་ལ་འཇོག་དགོས་དོན་མེད་ལ། ཡ་ཁོ་རང་བྱེད་དགོས་དོན་མེད་དོ།
ཨེ་འདྲའི་ག་ག་སྐྲག་ཤག་ཞིག་འགུ་་་་ཇོ་ཤག་རྣམ་གསུམ་ཧི་རུང་གིས་ཆུ་བྲེ་ལེ་ཧ་གོ་བཞིན་མི་འགུ ཧི་རུང་ཡག་མོ་ཉན་ཨ། ཨ་དགས་བོད་ཀྱི་རྒྱལ་རབས་ཏོག་ཙམ་ཞིག་འཁྲིད་ཨེ་གོ
གནའ་སྔ་མོ་སྔ་མོ་ཞིག་ལ་སྤུ་རྒྱལ་བཙན་པོའི་རྒྱལ་ཁབ་ཟེར་བ་ཞིག་ཡོད་ལེ་རེད། དེ་ཚང་ལ་རྒྱུ་སྟོབས་དང་དམག་སྟོབས། མྱི་འབོར་དང་ལག་རྩལ། ཚན་རི་དང་ཆོས་རིག ཅི་དང་གང་གི་ཆ་ནས་འཛམ་བུ་གླིང་གི་ཐོག་ཏུ་སྔོན་ཐོན་པའི་གྲལ་ཡིན་ལེ་རེད།
སྐབས་དེ་དུས་བོད་བཙན་པོའི་རྒྱལ་ཁབ་ཀྱིས་འཛམ་བུ་གླིང་གི་སའི་སུམ་ཆ་གཅིག་ལ་དབང་བསྒྱུར་བཟོས་པ་རེད་ཅེས་བཤད་ལེ་རེད། དེ་འདྲ་མི་ཤེས་ཏེ་ཨེ་ཤེ་ཡའི་གླིང་ཕྲན་གི་ནང་ནས་སའི་སུམ་ཆ་གཅིག་དབང་བསྒྱུར་བྱས་ཡོད་པར་ངོ་མ་རེད།
དེང་རབས་བདུན་པ་དང་བརྒྱད་པའི་ནང་དུ་ཇོ་ཤག་རྣམ་པ་ཨིང་ཚང་སྐྲག་མོ་ངན་བཞིན་འགུ དེ་ནས་ལྷ་ལུང་དཔལ་རྡོ་ཟེར་བའི་དཀོར་ཕོར་རྩོད་མཁན་ཅིག་གིས་དུག་མདའ་བརྒྱབས་ནས་རྒྱལ་པོ་བསད་བཞག་ལེ་རེད་མ་གཏོགས་འཛམ་བུ་གླིང་འདིའི་གོང་དུ་སོག་རྒྱལ་ཇང་གེར་རྒྱལ་པོ་ཟེར་བའི་མྱི་དེའི་སྟོབས་ཤུགས་རྒྱས་ཐུབ་ལེ་མ་རེད། འདི་གཅིག
གཉིས་ནས་་བོད་རྒྱལ་བཙན་པོའི་མགོ་ལ་གླང་རྭ་བཙུགས་ནས་བསད་མེད་ན་མྱི་ལོ་སུམ་བརྒྱའི་རིང་དུ་བོད་སུལ་བུ་འཐོར་འགྲོ་ལེ་མ་རེད། མུ་མཐུད་ནས་ཡར་རྒྱལ་འགྲོ་ལེ་རེད། དུས་རབས་བདུན་པ་དང་བརྒྱུད་པའི་སུ་ཨ་མེ་རི་ཀ་ཟེར་ལོས་སྐྲག་མོ་མ་འདི་ཡོད་ལེ་མ་རེད། རྒྱུ་ཆེན་སུད་སི་ཟེར་བ་འདིའི་ལོ་རྒྱུས་དེང་རབས་༡༢པའི་ནང་དུ་འགོ་བཙུགས་ལེ་རེད།
ཨ་དགས་ནོར་བུ་་་་རྒྱལ་རབས་ལོ་རྒྱུས་བལྟ་དུས་སྐབས་དང་དུས་་་རྒྱལ་ཁབ་རུ་རྒྱུ་པ་ལ་བལྟ་དགོས་ལེ་རེད།
དྲ་གྲོགས་རྣམས་པ་དང་ལྷག་པ་ཏུ་བཀུར་འོས་ལ་དྭགས་པ་ལ་ཞུ་རྒྱུ། དེ་རིང་ངས་འདི་ནས་ཏྲེ་ཧོར་ཁམས་པའི་ཕལ་སྐད་ཀྱི་ཐོགས་ནས་མཆན་བུ་ཞིག་བྲིས་དགོས་བྱུང་། དེ་ཡང་ཇོ་ཤག་རྣམ་གསུམ་ཟེར་ནས་མནའ་བསྐྱལ་མཁན་ཞིག་གི་ཆེད་དུ་བྲིས་པ་ཡིན་པས་དགོངས་འགལ་རྩ་བ་ནས་མེད་པར་ཞུ།
ཏྲེ་ཧོར་མེད་ན་ཀྲོག་ཀྲོག་མེད་ཟེར་བ་བདེན་འདུག ཧཧཧཀུརེཡིན
ནག་ཐར་སྐྱིད་ལེགས།
དགོངས་དག ངས་གོ་བ་རྒྱབ་སྟངས་ནོར་འདུག རམ་འདེགས་ཞེས་པ་ངས་མི་ཤེས་པའི་ཚིག་ཡིན་པས། རམ་ཞེས་པ་འབྱེད་སྡུད་ཡིན་བསམས་ནས་ནོར་འཁྲུལ་བྱུང་ངོ་།།
བོད་རྒྱལ་སིལ་བུ་འཐོར་བའི་ནག་ཉེས་དེ་རྒྱལ་པོ་གླང་དར་མ་བཀྲོངས་མཁན་ལ་འགེལ་དགོས་ན་ཁྲི་རལ་པ་བཀྲོངས་མཁན་ལ་ཡང་གཅིག་མཚུངས་སུ་འགེལ་དགོས་སྙམ། གང་ཡིན་ཟེར་སྔོན་ཁྲི་རལ་པ་ཅན་མ་བཀྲོངས་ན་གླང་དར་མ་ཡང་བཀྲོངས་དགོས་མེད་པའི་ཕྱིར་རོ། །
ཆོས་ལུགས་ཀྱི་གནད་དོན་དང་ཏོག་ཙམ་མི་འགྲིག་འོང་དུས་མི་རིགས་ཀྱི་ལ་རྒྱ་ཁྱིའི་སྐྱག་གཡུག་གཡུག་ཡིན་ལ་ཁྱབ་ལོག་གིས་སྨུག་པས་སྒྲིབ་སྒྲིབ་རེད་དོ།་་་་ཁྱབ་པ་མ་བྱུང་།
གཡུ་འབྲུག་རིགས་པ་རྣོ་སོང་། ཅོ་རི་ཅོར་སོང་། ཧ་ཧ་ཧ་
མེ་དཀར་ལསག།
བོད་རྒྱལ་སིལ་བུ་འཐོར་བའི་ནག་ཉེས་དེ་ཆོས་ཅན། རྒྱལ་པོ་གླང་དར་མ་བཀྲོངས་མཁན་ལ་འགེལ་དགོས་ན་ཁྲི་རལ་པ་བཀྲོངས་མཁན་ལ་ཡང་གཅིག་མཚུངས་སུ་འགེལ་དགོས་པར་ཐལ། སྔོན་ཁྲི་རལ་པ་ཅན་མ་བཀྲོངས་ན་གླང་དར་མ་ཡང་བཀྲོངས་དགོས་མེད་པའི་ཕྱིར་རོ། །
རྟགས་བཀོད་སྟངས་འདི་འདྲ་ཡིན་ན་ཁྱབ་པ་མ་བྱུང་ཞེས་ལན་འདེབས་ཀྱི་ཡིན།་་་་ཧཧཧཧ ཚུལ་གསུམ་བཀོད་དུས་རྟགས་ཆོན་དོན་ཚང་བའི་ཐོག་ནས་ཁྱད་པ་ཡག་ཕྱེས་རོགས་བྱོས། སྤྱིའི་ཆ་ནས་གོང་གི་རྟགས་འགོད་སྟངས་དེ་རིག་ལམ་ཡག་པོ་མེད་པའི་མིས་འགོད་སྟངས་རེད་
ཚུལ་གསུམ་བཀོད་དུས་རྟགས་ཆོས་དོན་གསུམ་ཚང་བའི་ཐོག་ནས་ཁྱད་པ་ཡག་པོ་ཕྱེས་རོགས་བྱོས། སྤྱིའི་ཆ་ནས་གོང་གི་རྟགས་འགོད་སྟངས་དེ་རིག་ལམ་ཡག་པོ་མེད་པའི་མིས་འགོད་སྟངས་རེད་་་་ཧཧ་་་ལྟོ་ཟ་འགྲོ་རན་སོང་། རྗེས་སུ་མཇལ་ཡོང་།
གྲྭ་བ་དང་གྲྭ་ལོག། སྤྲུལ་སྐུ་དང་སྤྲུལ་ལོག། ཇོ་མོ་དང་ཇོ་ལོག་རྐྱང་རྐྱང་མ་གཏོགས། ཁ་བརྡ་ཚང་འདི་ན་ང་འདྲ་བའི་མྱི་སྐྱ་གཙང་མ་ཟིག་ཡོད་ས་མེད་ཀི་ཨ། འདི་ཆི་ཟིག་ལ་ཡིན་ནི་ན། ཨ་གཉེན་ཆེན་ཕོ་བ་ཆགས་མགོ།
ང་ཆེས་དགའ་ས་དེ་བལ་ཡུལ་རེད། བལ་ཡུལ་ལྟ་བུ་མེད་ན་གཞིས་བྱས་མཉམ་འཛོམས་ཡོང་ཡ་མི་འདུག་་རྒྱ་གར་གྱི་ས་མཚམས་ནས་ནི་སོར་གང་མི་གཏོང་་་་་་འབྲུག་པས་ནི་བོད་པར་གང་བྱས་ཧ་གོ་ཡོད་བོད་འབྲུག་ས་མཚམས་ནས་གསར་འབྱོར་ཡོང་མཁན་མེད། ད་གསར་འབྱོར་བ་ཕར་ཚུར་འགྲོ་ས་ནི་བལ་ཡུལ་མ་གཏོགས་ལྷག་མེད། ད་དུང་དེ་ལ་ཅིག་ཅིག་མིག་མིག་བཤད་ན་བསམ་བློ་གཏོང། རང་ཉིད་གང་ནས་སླེབས་ཡིན་དངུལ་སྤྲད་ནས་འགྲོ་ས་གབ་ནས་ཡོང་ས་བལ་རྒྱལ་ལས་རྒྱབ་ཁབ་གཞན་པ་མེད། ཨ་རིའི་བོད་ལ་རྒྱབ་སྐྱོར་ཡིན་ཟེར་རེད། བོད་པ་ཨ་རིར་དངུལ་སྤྲད་ནས་འགྲོ་ས་དང་གབ་ནས་ཡོང་ས་གཅིག་མེད་པར་ལོས་ཤེས བལ་ཡུལ་གྱི་ས་མཚམས་རྒྱ་གར་དང་འབྲུག་ལྟ་བུས་སྒོ་རྒྱབ་པ་ནང་བཞིན་ཞིག་བྱས་ན་དེ་དུས་སྐད་རྒྱབ་ས་འདུག་མི་འདུག་ཤེས་ཀྱི་རེད་ད།
བན་དེའི་སྐད་ཆ་ངའི་རྣ་བར་འགྲོ་སོང་།
༼བལ་ཡུལ་གྱི་ས་མཚམས་རྒྱ་གར་དང་འབྲུག་ལྟ་བུས་སྒོ་རྒྱབ་པ་ནང་བཞིན་ཞིག་བྱས་ན་དེ་དུས་སྐད་རྒྱབ་ས་འདུག་མི་འདུག་ཤེས་ཀྱི་རེད་ད།༽
ཅོ་རིས་བཤད་པ་བདེན་པ་རེད། ངས་ཚུལ་གསུམ་མི་ཤེས། འོན་ཀྱང་ཤེས་བྱ་ཐམས་ཅད་ཚུལ་གསུམ་ནང་ལ་བཙུར་ཐབས་བསྒྲིགས་པ་ནི་ཚུལ་གསུམ་མ་ཤེས་པ་ལས་ཀྱང་མཐའ་རྡུགས་པ་ཡིན་ཞེས་ངས་མགྲིན་པ་གཟེངས་སུ་བསྟོད་དེ་སྨྲ་བར་བྱའོ། །
ཡང་བན་དེ་བས་རྒྱ་ཁ་གཅིག་ཆོད་ཅིག་ལྟ་བུ་ཞིག་བཤད་འདུག། བལ་ཡུལ་ནས་ཀྱང་གབ་ནས་ཡིབ་ནས་འོངས་པ་ལས་བལ་གཞུང་གིས་གྲོགས་རམ་བྱས་ནས་འོངས་པ་ཞིག་མིན་པ་ཁྱེད་རང་གིས་ཀྱང་བཤད་འདུག་ལ། ངེད་ཀྱང་ཤེས་ཀྱི་ཡོད། འབྲུག་ཡུལ་ནས་ཀྱང་འབྲུག་གཞུང་གིས་མ་ཚོར་མ་རིག་པར་འོངས་མཁན་མེད་པར་ཁྱེད་ཀྱིས་གང་འདྲ་ཞིག་བྱས་ནས་ཤེས་པ་རེད། མ་གཞི་ནས་བན་དེ་འདི་བོད་འབྲུག་གཉིས་ཀྱི་བར་དུ་དབྱེན་དཀྲུགས་ཤིག་བྱེད་འཆར་འདིང་ནས་བསྡད་མཁན་ཞིག་ཡིན་ས་རེད། བོད་འབྲུག་གཉིས་ཀྱི་བར་དུ་འབྲེལ་བ་ལེགས་ཉེས་གང་ཡང་མེད་རུང་། བོད་པ་དང་འབྲུག་པ་གཉིས་ཀྱི་བར་དུ་འབྲེལ་བ་ཡག་པོ་ཡོད་པ་ཡང་ཐུགས་ལ་ངེས་དགོས་འདུག་ད།
དིང་སང་ཁ་བརྡའི་ནང་ཚང་མའ་བཙུར་ཡིག་འདི་བཙིར་ནས་འབྲི་གི་འདུག ཡང་སྙིང་འདིའི་བརྗོད་དོན་གང་རེད།
༼བོད་འབྲུག་གཉིས་ཀྱི་བར་དུ་འབྲེལ་བ་ལེགས་ཉེས་གང་ཡང་མེད་རུང་། བོད་པ་དང་འབྲུག་པ་གཉིས་ཀྱི་བར་དུ་འབྲེལ་བ་ཡག་པོ་ཡོད་པ་ཡང་ཐུགས་ལ་ངེས་དགོས་འདུག་ད༽ རང་ཚིག་སྔ་ཕྱི་འགལ་བའི་དཔེར་བརྗོད་ཡག་པོ་ཞིག་བྲིས་འདུག
བོད་འབྲུག་ཟེར་དུས་རྒྱལ་ཁབ་དང་གཞུང་ལ་གོ་རྒྱུ་དང་པ་སྦྱར་འོང་དུས་བོད་འབྲུག་གི་བདག་པོ་སྟེ་མི་སེར་ལ་གོ་དགོས།
མེ་དཀར་ཁྱོད་ཀྱིས་བྱས་ན་འབྲུག་པ་དང་བོད་པའི་བར་ལ་འབྲེལ་བ་ཡག་པོ་མེད་ཅེས་བཤད་རྒྱུ་ཡིན་ནམ།
གོ་གྱི་མེད་མཆན་བུ་བཏབ་ནས་སུས་ཤེས་ཀྱི་མ་རེད། ཁྱེད་ཀྱིས་་་འོན་ཀྱང་ཤེས་བྱ་ཐམས་ཅད་ཚུལ་གསུམ་ནང་ལ་བཙུར་ཐབས་བསྒྲིགས་པ་ནི་ཚུལ་གསུམ་མ་ཤེས་པ་ལས་ཀྱང་མཐའ་རྡུགས་པ་ཡིན་ཞེས་གསུངས་འདུག་་་ལུས་པ་གང་གི་སྐད་རེད་དམ།
ལུང་པའི་སྐད་མ་རེད། ཆོས་སྐད་རེད། ཧི་མ་ལའི་གངས་ལྗོངས་ཀུན་ལ་ཁྱབ་པའི་ཆོས་སྐད་རེད།
ཆོས་སྐད་མ་ཤེས་པ་ནི་ཚུལ་གསུམ་མ་ཤེས་པ་ལས་ཀྱང་ལྡབ་འགྱུར་གྱིས་མཐའ་རྡུགས་པ་རེད། ཧ་ཧ་ཧ་
ཁ་ལོ་མེད་པའི་རྟ་རྒོད་བཞོན་པ་དང་།
སྣ་ལོ་མེད་པའི་གཡག་རྒོད་ཁྲིད་བ་གཉིས།
རིག་ལམ་མེད་པའི་ཕོ་རྒོད་རྣ་བ་གསུམ།
འདི་གསུམ་ཅོ་རི་སུན་སར་རྣམ་གསུམ་ཡིན།
བཙུར་ཐབས་ཟེར་ཚིག་འདི་ནི་ངས་ངོ་མ་ཤེས་མ་སོང་། དག་ཡིག་གསར་བསྒྲིགས་ནང་དུ་མི་འདུག སྨོན་ལམ་ཚིག་མཛོད་ནང་དུ་ཡང་མི་འདུག་་་་་་ཨ་རོགས
ང་རང་ཆུང་དུས་རིག་ལམ་སྦྱངས་མ་ཐུབ་པས་བློ་ཕམ་ཆེ་ཞིང་ད་དུང་ཡང་རིག་ལམ་སྦྱངས་རྒྱུའི་འདུན་པ་བསྐྱེད་སྡོད་མཁན་ཞིག་ཡིན། དེ་རིང་ཅོ་རི་ལྟ་བུ་མཐོང་དུས་དུས་ཡུན་རིང་མོ་ཞིག་ནས་ངའི་སྙིང་དཀྱིལ་དུ་བཅངས་པའི་རིག་ལམ་སྦྱངས་འདོད་ཀྱང་ཡལ་སོང་ལ་འགྱོད་པ་ཡང་བརླགས་སོང་། གལ་ཏེ་རིག་ལམ་ཞིག་སྦྱངས་པ་ཡིན་ན་དེ་རིང་ངས་ཀྱང་ཅོ་རི་ལྟ་བུ་ཤེས་བྱ་ཐམས་ཅད་ཚུལ་གསུམ་གྱི་ཁུག་མར་བཙུད་ཐབས་བསྒྲིག་ནས་རང་ཉིད་ད་ལྟ་མགོ་བོ་གནམ་དུ་བསྟན་ནས་སྡོད་རྒྱུ་ཡོད་པར་བཟོ་མཁན་རྣམས་ལ་བཀའ་དྲིན་དྲན་མི་ཤེས་པ་ཞིག་ཆགས་ཡོད་ངེས་རེད་འདུག།
ངས་ངོ་མ་བཙུད་ཐབས་ཞེས་བྲིས་པ་རེད། བཏགས་ནོར་ཤོར་ནས་བཙུར་ཐབས་ཞེས་བྲིས་ཤོར་འདུག། བཙུད་ཐབས་ཞེས་པ་དེ་དག་ཡིག་གསར་བསྒྲིགས་ལ་ཡོད་ལས་ཆེ།
གཡུ་འབྲུག ངས་བཤད་འདོད་པ་དེ་མིན། ལར་ནས་ཁྱོད་ཀྱིས་རང་འགྲེལ་ཡག་པོ་རྒྱབ་འདུག ལེགས་སོ་ཞུ། བོད་པ་འབྲུག་པའི་འབྲེལ་བ་རྒྱས་གྱུར་ཅིག
ཨོ་ཡ་་་ད་ཤེས་སོང་། ཁྱབ་པ་བྱུང་ཞེས་ལན་བཏབ་ཡོད་པས་ཁྱེད་ལ་སྒྲུབ་བྱེད་ག་རེ་ཡོད་དམ། རྩ་བའི་དམ་བཅའ་བཤད་ན་དགའ་གི་མ་རེད་དམ།
ཁྱབ་པ་མ་བྱུང་ཞེས་བཅོས་རོགས་བྱོས
ངས་ཁྱབ་མི་ཁྱབ་སྐོར་བཤད་མི་ཤེས། ངས་ཚུལ་གསུམ་དང་རིག་ལམ་མི་ཤེས་པར་ཁས་བླངས་ཚར། ཚུལ་གསུམ་གྱི་འགྲོ་སྟངས་མི་ཤེས་ཀྱང་ཁྱེད་ཀྱིས་ལྡོན་པའི་ལན་གྱི་ཚིག་གྲོས་ལ་བལྟས་ན་ཁྲི་རལ་མ་བཀྲོངས་ན་དར་མ་བཀྲོངས་དགོས་མེད་པ་ཁྱེད་ཀྱིས་ཁས་ལེན་གྱི་ཡོད་ས་རེད། དེ་ལྟར་ཡིན་ན་དར་མ་བཀྲོངས་མཁན་དང་ཁྲི་རལ་བཀྲོངས་མཁན་གཉིས་ལ་གཅིག་མཚུངས་སུ་ནག་གཉེས་འགེལ་རིན་མི་ཆོག་པའི་རྒྱུ་མཚན་ཅི་ཡོད། ངས་བལྟས་ན་ལྷ་ལུང་དཔལ་རྡོར་གྱིས་དར་མ་གཅིག་མ་གཏོགས་བཀྲོགནས་མིན་འདུག་ལ། ཁྲི་རལ་བཀྲོངས་མཁན་གྱིས་ནི་ཁྲི་རལ་ཉིད་བཀྲོངས་པ་མ་ཟད་ལྷ་སྲས་གཙང་མ་ཡུལ་ཕུད་ནས་བཏང་འདུག་པས་ཉེས་པ་མང་ཉུང་གི་ཆ་ནས་བསམ་བློ་བཏང་ན་ཡང་ཁྲི་རལ་བཀྲོངས་མཁན་ལ་ཡང་མང་གི་འདུག་མ་རེད་པས།
མེ་དཀར་ལགས། དོགས་སེལ་གནང་བར་ཐུགས་རྗེ་ཆེ།
ཁྲི་རལ་མ་བཀྲོངས་ན་དར་མ་རྒྱལ་པོ་བྱས་ཐུབ་མ་རེད། རྒྱལ་པོ་མ་བྱས་ན་བཀྲོངས་ཀྱི་མ་རེད། གཅིག་རེད།
གཉིས་པ་་་ཁྲི་རལ་པ་བཀྲོངས་ནའང་བོད་བཙན་པོའི་རྒྱལ་རྒྱུད་ཆད་མེད་པས་བོད་སིལ་བུ་འཐོར་འགྲོ་གི་མ་རེད།
ཆོས་ལུགས་པའི་བཀོར་བདག་ཚོས་ཁྲི་རལ་པ་ལ་དགའ་པོ་བྱས་པར་རྒྱུ་མཚན་ཡོད་རེད། ལྟོ་ཕོག་སྤྲད་ཀྱི་ཡོད་པས་རེད།་ཧཧཧ་་་དེང་སང་སྤྲུལ་རྐུ་རྣམས་ལ་རྒྱལ་ཁབ་ལས་རྒྱུ་བདག་དགའ་བ་ཡོད་རེད།
དཔེར་ན་་་སྤྲུལ་རྐུ་ཨོ་ཉི་བཞིན་རེད་་་་ད་ཤེས་སོང་ངམ།
གཤིས་རྒྱུད་གྱོང་བས་རྒན་པར་གྱུར་ཀྱང་རྒྱལ་ཁྲི་མ་འཐོབ་ཅིང་།
རང་གི་གཅུང་དང་བོད་རྗེ་གཅིག་ལྕོགས་ཁྲི་རལ་བསད། ཚ་བོ་རྒྱལ་སྲས་ཡུལ་ཕུད། མེས་པོའི་ཤུལ་བཞག་ཡོད་ཚད་བསུབ་པར་བརྩམས་པ་ན་བོད་ཀྱི་ལར་ཞེན་འཐུབ་པོར་ལྡན་པའི་རྒྱལ་གཅེས་པ་དཔལ་གྱི་རྡོ་རྗེས་ཐབས་མཁས་ཀྱིས་བསད་པ་འདི་ཤིན་ཏུ་འོས།
འོ་དགོངས་དག རྩ་བའི་བརྗོད་བྱ་ལས་དཔག་ཚད་ཀྱིས་རིང་སོང་།
ཅོ་ཅོ་ཅོ་རི་ལགས། བཙན་པོ་དར་མ་འུ་དུམ་བཙན་ལ་སྲས་ཡོད་རེད་ད། དེ་ཡང་གཉིས་གཉིས་ཡོད་རེད། དེ་ཐུགས་ལ་འདོགས།
གཡུ་འབྲུག་དཀར་པོ་ལགས། ཉེ་ཆར་རྒྱ་ནག་གཞུང་གི་དུས་རབས་ཉེར་གཅིག་པའི་འཆར་གཞིའི་ནང་དུ། སྔར་བོད་ཀྱི་ཁུངས་སུ་གཏོགས་པ་ཐམས་ཅད་རེ་ཞིག་རྒྱལ་ཁབ་སོ་སོར་གྱུར་པ་ལས་ལོ་རྒྱུས་སྟེང་ནས་རྒྱ་ནག་གི་ཆ་ཤས་སྙོན་དུ་མེད་པ་ཡིན་ཅེས་བྲིས་ཡོད་པ་གཟིགས་སམ། དེའི་ནང་དུ། ལ་དྭགས། ཨ་སམ། འབྲུག འབྲས་ལྗོངས། རྡོ་རྗེ་གླིང་། བཀའ་བློན་སྦུགས་སོགས་དང་། ཡོན་རྒྱལ་རབས་དང་མཉྫུའི་སྐབས་ཀྱི་ཁོངས་གཏོགས། ཐེ་ཝན། ཉ་གླིང་། གླིང་སེར། གླིང་སྐམ་སོགས་གླིང་ཕྲན་ཉི་ཤུ་ཙམ་རྒྱ་ནག་གི་སྙོན་དུ་མེད་པའི་ཁོངས་གཏོགས་དང་། ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་མོད། རེ་ཞིག་རྩོད་པ་སྤང་ནས་དཔལ་འབྱོར་ལ་འབད་དགོས་ཞེས་འཁོད་འདུག ཉི་ཧོང་དང་། ཧྥི་ལི་ཕེན། ཝི་ཀྲི་ནམ། ཧིན་རྡུ་ཉི་ཤི་ཡ་སོགས་ཀྱིས་ངོ་རྒོལ་བྱས་འདུག ཧི་མ་ལ་ཡའི་རི་རྒྱུད་ཕྱོགས་འཇམ་ཐེང་ངེ་ཡོད་པ་འདྲ། འབྲུག་ཕྱོགས་ནས་དེ་ལ་ལན་འདྲ་བྲིས་ཡོད་དམ།
དྲི་མེད་ལྷག་བསམ་ལེགས་ཀྱི་མཆན་བུ་་འདི་ལ་བསམ་དགོས་པ་མཆིས། ལ་དྭགས་ལ་ཇམ་མའི་དཔུང་གིས་དམག་འདྲེན་པའི་དུས་དེར་དིང་སང་གི་དུས་བཞིན་འགྲེམ་འགྲུལ་སླ་བ་ཡོད་ན། ངེས་པར་རྒྱ་ནག་པས་བྱུས་གཏོགས་བྱེད་ངེས། འོན་ཀྱང་དིང་དུས་རྒྱལ་ཁབ་ཆེ་བ་དག་ལ་རྡུལ་ཕྲན་མཆོན་ཆ་ཡོད་པ་དང་། དམག་ལས་རྒྱལ་བ་པོ་དེ་ལ་ཡང་གྱོང་མིན་པ་ཁེ་མེད་པར་མཐོང་བས་རྒྱལ་ཁབ་ཚང་མས་དམག་རྒྱབ་པ་ལས་ཡོལ་ཐབས་བྱེད། ཨ་རིས་བིད་ནམ་དང་། ཨི་རཁ་དང་། ཨཕ་གྣན་སོགས་ལ་དམག་རྒྱབ་པས་ཨ་རིས་དཔལ་འབྱོར་དང་། མི་ཤི་བ་སོགས་ཀྱི་གནོན་སྐྱོན་ཆེན་མོ་ཨ་རི་རྒྱལ་ཁབ་ལ་ཕམ་ཕོག་པ་མངོན་སུམ་ཡིན་ཞེས་བཤད།
ལ་དྭགས་རང་བཙན་ཡིན་པའི་སྐབས་སུ། ཡུལ་གྱི་རྒྱལ་པོ་ལ་ཁྲལ་འཇལ་བ་སོགས་མི་མངས་ལ་དཀའ་ངལ་ཆེ་བ་ཡོད་ཚོད། སིང་པའི་དུས་ལ་ཁྲལ་ཡང་དུ་སོང་། རྒྱལ་པོའི་དབང་གི་དུས་ལ་ཁྲལ་ལྕི་བ་ཡོད་ཚུལ་ཨ་ཕྱི་རྨོ་རྒན་མོ་ཞིག་གིས་བཤད་པ་བདག་གིས་ཐོས། སིང་པའི་དུས་ལ་ཡང་དཔོན་པོ་སོགས་སྐྱེལ་འདྲེན་བྱེད་པ་དང་། ནས་འབྲུ། མེ་ཤིང་། དངུལ་སྒོར་མོ་བཅས་ཀྱི་དཔྱ་ཁྲལ་འཇལ་དགོས་པ་ངས་མཐོང་མྱོང་བ་ཡིན། དེ་ནས་༡༩༤༨ ད་བར་དུ་ལ་དྭགས་པ་ས་མཚམས་ཡར་རྒྱས་མེད་པའི་ལུང་པ་ཡིན་པས། དིང་སང་དཔྱ་ཁྲལ་གང་ཡང་འཇལ་མི་དགོས་པ་ཡོད་ཀྱང་། སྔར་གྱི་མི་དག་ལས་སྐྱིད་པ་ཡིན་སེམས་མཁན་དཀོན་ནོ།།
མེ་དཀར་ལགས་ཀྱིས་ཡག་པོ་ཞིག་གསུངས་བྱུང་། དར་མ་འུ་དུམ་བཙན་པོའི་སྲས་གཅིག་གི་རིགས་རྒྱུད་དེང་སང་རྡ་ར་གདོང་ཆགས་སུ་ཡོད་པའི་བུ་མོ་རྣམ་རྒྱལ་སྒྲོལ་དཀར་ལགས་ཡིན་ཆ་ཡིན། སྲས་གཅིག་ཕྱོགས་ཀྱི་ཤོག་ཁག་སྟོད་མངའ་རི་ཡི་ས་མཚམས་ཤིག་ལ་བྲོས་ཕྱིན་པ་རེད་ཅེས་ལོ་རྒྱུས་སུ་གསལ།
དེའི་སྐོར་དུ་ཤེས་འདོད་ཆེ་པོ་ཡོད། ངས་བསམ་ཚུལ་བྱས་ན་ལ་དྭགས་དང་ཀློ་པ་གཉིས་གང་རུང་གི་ཡུལ་དུ་ཡོད་ངེས་རེད་བསམས། ཀློ་སྨོན་ཐང་གི་ཀློ་རྒྱལ་པོ་འདི་བོད་བཙན་པོ་འུ་དུམ་གྱི་སྲས་ཀྱི་རིགས་རྒྱུད་མིན་ནམ་དྲན་འདུག ཡིན་ནའང་དཔང་རྟགས་དང་ལོ་རྒྱུས་གང་ཡང་མི་ཤེས་པས་བཤད་ཚོད་ཁག་པོ་རེད།
རྣམ་པ་ཚོས་ཤེས་ཀྱི་ཡོད་ན་ལམ་སྟོན་རེ་གནས་རོགས་གནང་།
ང་ཚོ་བོད་རིགས་ཚོའི་ལས་འགན་གལ་ཆེ་ཤོས་ཤིག་ནི་བོད་བཙན་པོའི་བང་སོ་ཞིག་ཁ་ཕྱེས་པའམ་ཡང་ན་བཙན་པོའི་གདུང་རུས་དང་ཚེམས་དང་དབུ་སྐྲ་འཁྲུལ་མེད་རགས་ཐབས་བྱས་ནས་་་DNAངེས་པར་དུ་རྙེད་ཐུབ་པ་བྱེད་དགོས་ཀྱི་འདུག། དེ་རྙེད་སོང་ན་གཞི་ནས་ང་ཚོས་བཙན་པོའི་གདུང་རྒྱུད་འཁྲུལ་མེད་དེ་འཚོལ་ཐུབ་ངེས་སོ། དེ་དུས་བོནད་བཙན་པོའི་རྒྱལ་རབས་སླར་གསོ་བྱས་ནས་་་གངས་ཅན་ལྷ་ཀླུ་མི་གསུམ་་་གྱིས་ལོ་གསར་སྐྱིད་པོ་ཞིག་གཏོང་ཐུབ། ལས་ཀ་འདི་གཞུང་དམངས་ཚང་མར་ལས་འགན་ཡོད་པ་ཞིག་ཡིན་འགྲོ་བསམས། ཚན་རྩལ་མཁས་པ་དེ་ཚོ་ལའང་སྐད་ཆ་བྱོས། བློ་རིག་གསར་པ་དང་ཐབས་ཤེས་གསར་པ་དེ་འདྲ་ཡོད་སྲིད། དངོས་ནས་བྱས་ན་བོན་པོ་ཚོའི་ལས་འགན་རེད། དེ་འཇོན་མིན་མི་ཤེས། །
ཕ་བཟང་བུ་ཡི་སྐད་ཆ་ཞིག་གསུངས་བྱུང་། ཤུགས་བརྒྱབ་རོགས་བྱོས།
ངས་བྱས་ན་ཐོག་མར་ཁྲི་རལ་བཀྲོངས་པ་དང་གཙང་མ་ཡུལ་ཕུད་པ་སོགས་མ་བྱས་ན་དར་མ་བཀྲོངས་དགོས་དོན་བྱུང་གི་མ་རེད། གལ་ཏེ་ཁྲི་རལ་དང་དར་མ་བཀྲོངས་པ་ཡིན་ན་ཡང་གཙང་མ་ལྷག་གི་རེད། དེས་རྒྱལ་སྲིད་སྐྱོང་གི་རེད། གཅིག་འདི་བྱས།
ལྷ་ལུང་དཔལ་རྡོར་གྱིས་དར་མ་བཀྲོངས་ན་ཡང་དར་མ་ཁོ་རང་གཅིག་བཀྲོངས་པ་རེད་མ་གཏོགས་དར་མའི་མི་རྒྱུད་རྩ་མེད་བཏང་མེད་པ་རེད། དེ་ཡིན་དུས་བོད་རྒྱལ་སིལ་བུ་འཐོར་བ་དང་བོད་རྒྱལ་བརྒྱུད་རྩ་མེད་འགྲོ་བའི་ནག་ཉེས་ལྷ་ལུང་དཔལ་རྡོར་གཅིག་པུ་ལ་བསྐྱལ་ན་འོས་བབ་མི་འདུག་ལབ་ཀྱི་ཡོད། དར་མ་བཀྲོངས་པའི་ནག་ཉེས་སྐོར་ཁྲིམས་གཏུགས་བྱེད་ན་ལྷ་ལུང་དཔལ་རྡོར་ལ་ཁྲིམས་ཆད་འགེལ་འོས་པ་ངེས་ཏིག་ཡིན་ཀྱང་། བོད་རྒྱལ་ཁབ་སིལ་བུར་འཐོར་བ་དང་རྒྱལ་བརྒྱུད་རྩ་མེད་འགྲོ་བའི་ནག་ཉེས་ཁྲིམས་གཏུགས་བྱེད་ན་དེའི་བྱེད་གཏེ་གཙོ་བོ་ནི་ཁྲི་རལ་བཀྲོངས་མཁན་དང་གཙང་མ་ཡུལ་ཕུད་མཁན་ལ་ངོས་འཛིན་བྱེད་མི་་སྲིད་པ་མིན་ལ་དེ་མིན་རུང་ལྷ་ལུང་དཔལ་རྡོར་དང་གཅིག་མཚུངས་སུ་ཁྲིམས་ཆད་འགེལ་ངེས་པ་རེད།
དར་མ་བཀྲོངས་མཁན་ལྷ་ལུང་དཔལ་རྡོར་ཡིན་མིན་ལ་ཡང་དཔྱད་དགོས་པ་ཡོད། ལྷ་ལུང་དཔལ་རྡོར་གྱིས་དམག་རྒྱབ་ནས་དར་མ་བཀྲོངས་པ་རེད་ཟེར་ན་བདེན་ཤས་ཆེ་ཡང་དེ་ལྟར་མིན་པར་ཁོ་རང་ཁེར་རྐྱང་གིས་མདའ་འཕངས་ནས་བཀྲོངས་པ་རེད་ཟེར་གྱི་ཡོད་རེད། དར་མ་ཁྲི་ཐོག་ལ་ཕེབས་པ་ནི་མི་མང་མགྲིན་གཅིག་གི་ཐོག་ནས་བསྐོས་པ་ཞིག་མ་ཡིན་པར་ཁྲི་རལ་བཀྲོངས་ནས་བཙན་དབང་གིས་ཕེབས་པ་ཞིག་རེད། དེ་ལྟར་ཟིང་འཁྲུགས་ཀྱི་སྒོ་ནས་ཁྲི་ཐོག་ལ་ཕེབས་པ་ཡིན་ཙང་བོད་མི་མང་གི་ཁྲོད་ན་ཁོང་ལ་དགའ་མཁན་ལས་མ་དགའ་མཁན་མི་མང་ན་ཡང་ཕལ་ཆེར་འདྲ་པོ་འདྲ་པོ་ཡོད་ངེས་རེད། དེ་ཡིན་དུས་རྒྱལ་པོའི་སྐུ་སྲོག་གི་ཉེན་ཁ་ལས་སྐྱོབ་པའི་ཕྱིར་དུ་ཉེན་རྟོག་པ་གང་མང་ཞིག་བཞག་ཡོད་ངེས་རེད། དེ་ལྟར་བཞག་ཡོད་ན་ནི་ལྷ་ལུང་དཔལ་རྡོར་ཁོ་རང་ཁེར་རྐྱང་གིས་རྒྱལ་པོ་བཀྲོངས་ནུས་པ་འདུག་གམ། ད་དུང་ལོ་རྒྱུས་དེར་རྒྱལ་པོའི་སྐུ་སྲུང་བ་སོགས་བཀྲོངས་པའི་ལོ་རྒྱུས་ནི་མཐོང་རྒྱུ་མི་འདུག། ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་བཀྲོང་ག་འགྲོ་དུས་སྐུ་སྲུང་གིས་མ་མཐོང་བའི་དབང་དུ་གཏང་ན་ཡང་མདའ་རྒྱབ་སྟེ་བཀྲོངས་དུས་མདའ་ཕོག་མ་ཐག་ཏུ་ནི་རྒྱལ་པོ་ཤི་ཡོད་རྒྱུ་མ་རེད་བ། དེ་ཡིན་དུས་མདའ་མ་རྒྱབ་སྔོན་དུ་མ་མཐོང་ན་ཡང་མདའ་རྒྱབ་ཚར་བའི་རྗེས་སུ་ལྟ་ཏན་ཏན་གྱི་མཐོང་ས་རེད། གལ་ཏེ་མཐོང་ན་ནི་དཔལ་རྡོར་ཁེར་རྐྱང་ངམ་གྲྭ་རྐྱང་ཞིག་རྒྱལ་པོའི་སྐུ་སྲུང་གིས་འཛིན་མི་ཐུབ་པ་ག་ན་ཡོང་། མངའ་ཐང་གུང་ལས་མཐོ་བའི་བོད་ཀྱི་རྒྱལ་པོ་གྲྭ་པ་གྲྭ་རྐྱང་ཞིག་གིས་མདའ་ཉག་མ་གཅིག་རྒྱབ་སྟེ་བཀྲོངས་སོང་ལ་གྲྭ་པ་ཁེར་རྐྱང་དེ་རྒྱལ་པོའི་སྐུ་སྲུང་སུ་ཞིག་གིས་འཛིན་ཐུབ་མེད་པ་ལ་བལྟས་ན་ཡང་ན་ལྷ་ལུང་དཔལ་རྡོར་གྱི་ནག་ཉེས་དེ་ནི་པདྨའི་རྩ་ལག་གིས་བཟང་མོ་བསད་པའི་ནག་གཉེར་གོའུ་ཏ་མར་འཛུགས་པ་དང་མཚུངས་པར་དོགས་ལ། ཡང་ན་བློན་པོ་རྣམས་ཀྱི་གཡོ་འཕྲུལ་ལ་བརྟེན་ནས་ལྷ་ལུང་དཔལ་རྡོར་ལ་བཀྲོངས་སུ་བཅུག་པའམ། ཡང་ན་དེ་དུས་ཀྱི་རྒྱལ་པོའི་གཞུང་དེ་ནི་ཤིན་ཏུ་ནས་ཐབས་སྐྱོ་པོ་ཞིག་ཏུ་གནས་པར་མངོན་ཏེ་རྒྱལ་ཁབ་ཆབ་འབངས་དང་བཅས་པ་དགྲ་བོའི་དཔུང་གི་ཚོགས་ལས་སྲུང་ནུས་པ་ལྟ་ཅི་རྒྱལ་པོ་རང་ཉིད་གང་ཟག་ཁེར་རྐྱང་ཞིག་ལས་སྲུང་ནུས་པའི་ནུས་པ་ཡང་མེད་པར་སྣང་ངོ། །
དྲི་མེད་ལྷག་བསམ་གྱིས་གསུངས་པ་དེ་ངས་མཐོང་མ་སོང་། འོན་ཀྱང་རྒྱ་ནག་གི་ཞིབ་འཇུག་ཁང་ཞིག་ནས་སྤེལ་བའི་དེབ་ཅིག་མཐོང་བྱུང་། དེར་གཙོ་བོ་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་རྩོད་རྙོགས་ཅན་ལ་དྭགས་དང་མོན་ཏ་ཝང་གཉིས་ཀྱི་སྐོར་བཀོད་འདུག་ལ། ཞོར་དུ་འབྲུག་རྒྱལ་ཁབ་ཡང་སྔོན་རྒྱ་ནག་གི་མངའ་འོག་ཏུ་ཡིན་པའི་ལོ་རྒྱུས་ཤིག་བཀོད་འདུག་ཅིང་། དེའི་རྒྱབ་ཁུངས་སུ་འབྲུག་པ་ངག་དབང་ཤེས་རབ་བྱ་བ་ཞིག་གིས་སྔར་གྱི་ངག་རྒྱུན་གཞིར་བཞག་ནས་བྲིས་པའི་རྒྱལ་རབས་རྒྱལ་རིགས་འབྱུང་ཁུངས་གསལ་བའི་སྒྲོན་མེ་ཟེར་བ་ཞིག་ཡོད་པ་དེ་དྲངས་འདུག་པ་མ་ཟད། དེ་ཡང་མཉམ་དུ་དཔར་འདུག། དངོས་ནས་བྱས་ན་རྒྱལ་རབས་དེར་འབྲུག་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་ཞིག་གཏན་ནས་བརྗོད་མེད། བརྗོད་ཡོད་པ་ནི་འབྲུག་པའི་རྒྱལ་རིགས་ཀྱི་འབྱུང་ཁུངས་བོད་ཀྱི་ལྷ་སྲས་གཙང་མ་ཡིན་རབས་བཤད་པ་དེ་རེད། རྒྱལ་རབས་དེ་ནས་བཤད་པ་ལྟར་ན་ལྷ་སྲས་གཙང་མ་དེ་་ནི་བོད་ནས་ཡུལ་ཕུད་པ་ལ་བརྟེན་ནས་འབྲུག་ལ་ཕེབས་པ་དང་། ཐོག་མར་སྤ་གྲོའི་ཕྱོགས་སུ་བཞུགས་དུས་བོད་དུ་ཁྲི་རལ་བཀྲོངས་ཏེ་དར་མ་རྒྱལ་སྲིད་དུ་བསྐོས་ཤིང་ཁོང་གིས་དམ་ཆོས་བསྣུབས་པའི་ལོ་རྒྱུས་ཐོས་པས་ཐུགས་ཕམ་སྟེ་དེར་འདུག་མ་བཟོད་པར་འབྲུག་ཤར་ཕྱོགས་ཁོངས་སུ་ཕེབས་ཤིང་། དེར་མཁར་ཐོག་མར་བརྩིགས་པ་ལ་བཙན་མཁར་ཞེས་ཐོགས་པ་ད་ལྟའང་ཡུལ་གྱི་མིང་དུ་བཙན་མཁར་ཞེས་པ་དེ་ཡིན་པ་དང་། སྲས་བརྒྱུད་རིམ་པར་མཆེད་པས་ཤར་ཕྱོགས་ཀྱི་ལུང་པ་སོ་སོར་རྒྱལ་པོར་བཏང་བ་ལས་དེང་དུས་ཀྱི་ཆོས་བརྒྱུད་གདུང་བརྒྱུད་སོགས་བྱུང་བ་ཡིན་ཞེས་ཟེར་རོ། །
དེ་ཡིན་དུས་བོད་ཀྱི་རྒྱལ་པོའི་གདུང་བརྒྱུད་སླར་གསོ་འདོད་ན་ལྷ་སྲས་གཙང་མའི་བརྒྱུད་པ་འབྲུག་ཤར་ནུབ་ཀུན་ཏུ་དར་ཞིང་ཡོད་པ་མ་ཟད། བུམ་ཐང་ཕྱོགས་སུ་ཨུ་ར་དུང་ཟེར་བ་ཞིག་ཡོད་པ་དེ་ཡང་ལྷ་སྲས་དར་མའི་གདུང་བརྒྱུད་ཡིན་རབས་བཤད་ཀྱི་ཡོད་པས་བོད་པ་བུ་མོ་མཛེས་མ་མཛེས་ཚོ་འབྲུག་ཏུ་ཐོངས་དང་བོད་བཙན་པོའི་གདུང་བརྒྱུད་སླར་བོད་རིགས་ཀྱི་མི་མང་ཁྲོད་དུ་འཕེལ་བར་འགྱུར་རོ། །
གཡུ་འབྲུག་དཀར་པོ་ལགས། འབྲུག་ཡུལ་ནི་འབྲུག་ཆེན་སྐུ་ཕྲེང་བཞི་པ་ཀུན་མཁྱེན་པདྨ་དཀར་པོས་ཡང་སྲིད་ལ། ཀུན་མཁྱེན་དཔག་བསམ་དབང་པོ་དང་། གཅིག་ཤོས་ནི་འབྲུག་ངག་དབང་རྣམ་རྒྱལ་གཉིས་བྱུང་ནས་མ་འཆམ་པར། འབྲུག་ངག་དབང་རྣམ་རྒྱལ་ལྷོ་འབྲུག་ཏུ་ཕེབས་ནས་ཆོས་འཁོར་བསྐོར་ནས་འདུལ་བྱ་བསྐྱངས་ནས་ཡུལ་དེའི་རྒྱལ་པོ་ལྟ་བུ་བྱུང་འདུག དེ་རྗེས་བློན་པོས་བླ་མ་བཀུམ་ནས་རང་ཉིད་རྒྱལ་པོ་གནས་ནས་ད་ལྟ་འབྲུག་རྒྱལ་པོ་དེ་མི་ཐོག་བཞི་པའམ་ལྔ་པ་ཡིན་པ་ཡོད། དེ་ནས་བཟུང་འབྲུག་ནི་བོད་དང་ཁ་བྲལ་དུ་ཕྱིན་པ་གོ་ཐོས་བྱུང་། ་འབྲུག་ཡུལ་ནི་ཆོས་བརྒྱུད་འབྲུག་པ་སོང་ཙང་རྒྱལ་ཁབ་ཀྱི་མིང་ཡང་དེ་ལྟར་འདོགས་པ་ཡིན། གང་ལྟར་ལོ་ངོ་མང་པོ་ཕྱིན་མི་འདུག འདི་ཚོ་ངའི་ངག་རྒྱུན་ལས་གོ་བའི་དངོས་གནས་ཡིན་མིན་ད་དུང་དཔྱད་པར་འཚལ།
ནུབ་ཕྱོགས་གངས་འཕྲུག་གིས་མི་བདེན་པའི་གཏམ་ཞིག་ག་པ་ནས་ཐོས་པ་ཡིན་ནམ་ཐོས་བཞག། གསལ་བཤད་་ཀྱི་ཚུལ་དུ་མདོར་བསྡུས་ཤིག་ཞུ་ན་འབྲུག་པ་ཞབས་དྲུང་མ་ཕེབས་སྔོན་དུ་འབྲུག་ཡུལ་སིལ་བུར་གནས་ཡོད་ལ་ལུང་པ་རེ་ལ་རྒྱལ་པོ་རེས་བསྐྱངས་བསྡད་ཡོད་རེད། དེ་ནས་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་འབྲུག་ཡུལ་གཅིག་བསྒྱུར་བཟོས་པ་རེད། དེ་དུས་ཁོང་གི་མངའ་འོག་ཏུ་ཞུགས་འདོད་མེད་མཁན་ཚོ་ཆམ་ལ་ཕབ་པ་རེད། དེ་ཚོ་ཞབས་དྲུང་ཁོང་རང་གི་རྣམ་ཐར་དུ་གསལ་པོར་བྲིས་ཡོད།
འབྲུག་པ་རྒྱལ་པོ་ཞབས་དྲུང་བཀྲོང་པ་ནས་བྱུང་བ་ཡིན་ཚུལ་བཤད་པ་ནི་མ་གཞི་ནས་མ་རྟོགས་ལོག་རྟོག་གིས་བཤད་པ་ཡིན་ནམ་འབྲུག་ཡུལ་ཕུན་སུམ་ཚོགས་པ་ལ་ཕྲག་དོག་གིས་མ་བཟོད་པར་སྒྲོ་བཏགས་ཀྱིས་སྨྲས་པ་ཡིན་ཆ་མ་འཚལ། སྒྲོ་བཏགས་ཀྱིས་སྨྲས་པ་ཡིན་ན་དེ་ལ་ལན་གྱི་ངལ་བ་བྱ་བའི་དགོས་པ་མེད་ལ། མ་རྟོགས་ལོག་རྟོག་གིས་སྨྲས་པ་ཡིན་ན་ཉིད་ལ་རེ་བསྐུལ་ཞིག་ཞུ་བར་བྱ་སྟེ། དེ་འདྲའི་གང་བྱུང་མང་བྱུང་བཤད་རྒྱུ་མང་དྲགས་ན་རང་གཞན་གཉིས་ཀར་ཕུང་བའི་རྒྱུར་འགྲོ་སྲིད་པས་དེ་ལྟར་མ་སྨྲས་རོགས་ཞུ།
གཡུ་འབྲུག་དཀར་པོ་ལགས། ཞབས་དྲུང་ངག་དབང་རྣམ་རྒྱལ་བཀྲོང་པས་མ་ཚད་དེའི་ཡང་སྲིད་ཀྱང་ཆུང་ངུ་དུས་བཀྲོང་ཚུལ་འབྲུག་པའི་གྲོགས་པོ་རྒྱུད་ནས་གོ་བྱུང་། དེ་སྔ་ཞབས་དྲུང་ངག་དབང་རྣམ་རྒྱལ་ཡང་སྲིད་ཀྱང་རྒྱ་གར་གཞུང་ནས་བདག་པོ་རྒྱབ་ཡོད་ཚུལ་འདུག ཁོང་ཆུང་དུས་འབྲུག་པ་མཇལ་ཁ་ཡོང་ན་བཞེད་སྣང་བྱས་སྐད་འདུག དེ་ཚོ་ཡང་ངག་རྒྱུན་ཡིན་བདེན་མིན་མི་ཤེས།
ཅོ་རི་ཉི་མས་བཤད་པ་ལ་བདེན་པའི་ཆ་ཆེན་པོ་ཞིག་མི་འདུག བོད་བཙན་པོའི་རྒྱལ་རབས་ཀྱི་མཇུག་དྲིལ་བ་དེ་ནི་ལྷ་སྲས་དར་མ་བཀྲོངས་པ་ལ་འབྲེལ་བ་དམིགས་བསལ་ཞིག་མེད། བོད་སིལ་བུར་འཐོར་བ་དེ་ནི་འབངས་གྱེན་ལོག་བྱུང་ནས་རྒྱལ་ཁམས་སིལ་བུར་འཐོར་བ་རེད། ལྷ་སྲས་དར་མའི་སྲས་གཉིས་ཀ་འཁྲུངས་ལོ་དེར་ཁོང་རང་ཉིད་ལྷ་ལུང་དཔལ་རྡོར་གྱིས་བཀྲོངས་པ་རེད། ལྷ་སྲས་དར་མ་བཀྲོངས་རྗེས་སུ་ཁོང་གི་སྲས་གཉིས་ཀྱིས་རྒྱལ་སྲིད་བསྐྱངས་པ་རེད། སྲས་གཉིས་མ་འཆམས་པ་རེད། སྲས་གཉིས་དགུང་ལོ་ཉེར་གསུམ་ལ་བབ་པའི་ལོ་དེར་འབངས་གྱེན་ལོག་བྱུང་བ་རེད། འབངས་གྱེན་ལོག་དེ་ལ་ཐོག་མའི་ཆར་སྣེ་ཁྲིད་མཁན་ཁ་ཤས་ཤིག་ཡོད་འདུག འབངས་གྱེན་ལོག་དེ་རྩ་འཛུགས་ཡོད་པའི་གྱེན་ལོག་ཞིག་རེད་འདུག ཡིན་ན་ཡང་སྟབས་མ་ལེགས་པ་ཞིག་ནི་འབངས་གྱེན་ལོག་གི་སྣེ་ཁྲིད་མཁན་ཚོས་བཙན་པོའི་སྲིད་གཞུང་གཏོར་རྗེས་སུ་བོད་ཁྱོན་ཡོངས་ལ་དབང་བསྒྱུར་ཐུབ་མི་འདུག
སྤོབས་པ་ལགས་་་མཆན་གོང་མ་དེ་ལ་ལན་རེ་ཡོད་ན་ཉན་འདོད་ཆེན་པོ་འདུག
༡༩༦༩ ལ་བདག་མཚོ་པདྨ་མཇལ་དུ་སླེབས། འབྲུག་པའི་སྤྲུལ་སྐུ་ཞིག་ལ་རྒྱ་གར་གཉེན་རྟོག་པས་སྲུང་སྐྱོབ་བྱེད་འདུག དེའི་དུས་ཞབས་དྲུང་ངག་དབང་རྣམ་རྒྱལ་ཡང་སྲིད་ཡིན་པ་ལ་རྒྱུས་མངའ་གང་ཡང་མེད། ཕྱིས་སུ་རྒྱ་གར་གཉེན་རྟོག་པས་སྲུང་སྐྱོབ་བྱེད་མི་དགོས་པར་ཐོས། སྤྲུལ་སྐུ་དེ་ད་ལྟར་གང་ཞིག་ཏུ་བཞུགས་ཡོད་ངེས། སྔོན་མི་རབས་གསུམ་བཞིའི་གོང་དུ་འབྲུག་གཞུང་གིས་ཞབས་དྲུང་ངག་དབང་རྣམ་རྒྱལ་ཡང་སྲིད་མེད་པར་བཏང་ཐུབ་པ་ལ་རྒྱུ་མཚན་ཞིག་ཡོད་ངེས། རང་རེས་ཕྲ་ཞིང་ཕྲ་བ་འབྲུག་རྒྱལ་རབས་ལེགས་པར་མ་རྟོགས་པར་ཤེས་པར་དཀའོ།།
ཅོག་རི་བ་ལགས། ངས་ཁྱེད་ཀྱི་མཆན་གོང་མ་དེ་བཀླགས་པ་ཡིན་མོད་བསམ་བློ་རྣལ་དུ་གནས་པའི་གཏམ་ཞིག་ཅང་མཐོང་མ་སོང་། ཐོག་མར་ཁྱེད་ཀྱིས་རྒྱ་དཀར་ནག་གཉིས་་མི་དགའ་བའི་རྒྱུ་མཚན་གཉིས་བགྲངས་བ་དེ་རེད། ལྷ་ཆོས་རིག་གནས་ནི་བོད་ལ་རྒྱ་གར་བས་ངོ་སྤྲོད་བྱས་པ་ཞིག་མིན་པར་དེ་ལས་ལྡོག་སྟེ་ལྷ་ལ་ཡིད་ཆེན་པོ་བྱེད་པོ་བྱེད་མཁན་གྱི་ཆོས་པ་དེ་ནང་ཆོས་མ་དར་གོང་ནས་ཡོད་པའི་བོད་ཀྱི་གནའ་བོའི་སྲོལ་རྒྱུན་ཆོས་ལུགས་དེ་རེད། རྒྱ་གར་ནས་བོད་ལ་དར་བའི་སངས་རྒྱས་ཤཀྱཱ་ཐུབ་པའི་བསྟན་པ་ནི་མཚན་ཉིད་རིག་པ་གཙོར་འདོན་བྱས་པ་ཞིག་ཡིན་པ་ལས་ལྷ་ལ་དད་པ་ཡིད་ཆེས་གཙོ་བོར་འཛིན་པ་ཞག་མིན་པ་ཁྱེད་མཚན་ཉིད་རིག་པ་བ་ཞིག་གིས་ལོས་མཁྱེན།
རྒྱ་ནག་པས་དྲག་པོའི་དམག་གིས་བོད་ལ་དབང་བསྒྱུར་བྱས་ཟེར་བར་རྒྱུ་མཚན་མེད། བོད་ལ་བཙན་འཛུལ་བྱེད་མཁན་དེ་མའོ་ཙེ་ཏུང་གིས་སྣེ་ཁྲིད་པའི་དམར་ཤོག་ཚོགས་པ་རེད། དེ་རྒྱ་ནག་གི་རིག་གཞུང་གིས་ཁྱབ་ཚད་ཀྱི་རྒྱ་ནག་པ་ཡོད་ཚད་ལ་མི་དགའ་བ་བྱེད་པ་དེ་ནི་དགྲ་མང་རུ་བཟོ་བ་བླུན་པོའི་བྱེད་སྟངས་ཤིག་རེད།
ངས་བོད་ལ་གང་ཡང་མེད་ཅེས་བཤད་མེད། ངས་འདིར་བཤད་བཞིན་པ་དེ་ནི་རྒྱ་གར་བའི་རིག་གནས་སྣེ་མང་པོ་ནང་འདྲེེན་བྱས་པ་དེས་བོད་ཀྱི་རིག་གནས་ཡར་རྒྱས་གོང་འཕེལ་ལ་སྐུལ་འདེད་ཆེན་པོ་བྱུང་ཡོད་ཅེས་བཤད་ཡོད། བོད་ལ་ཡི་གེ་འབྲི་སྲོལ་བྱུང་བ་དེ་ཡང་རྒྱ་གར་བའི་རིག་གནས་ལ་དཔེ་བལྟས་ནས་བྱུང་བ་དེ་དངོས་ཡོད་རེད།
བོད་ཀྱི་རྒྱལ་དར་ཉི་ཧོན་གྱི་དམག་དར་ལ་དཔེ་བྱས་ནས་བཟོས་ཞེས་བཤད་པ་དེ་ནི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་དུས་ནས་དར་བའི་ད་ལྟའི་གངས་སེང་རྟགས་ཅན་གྱི་རྒྱལ་དར་འདི་ལ་ཟེར་བཞིན་ཡོད་པ་ཚིག་གི་གོང་འོག་སྦྲེལ་དང་གསལ་པོར་རྟོགས་ངེས།
འཛམ་གླིང་ས་ཡི་སུམ་གཉིས་ལ་དབང་བསྒྱུར་བ་དེ་ནི་ཡི་གེ་ཡོད་མེད་ལ་འབྲེལ་བ་གང་ཡང་མེད་པ་རེད། ཧོར་ཇིང་གིར་སི་ཁན་གྱིས་གྱིས་ཡུལ་ལུང་མང་པོ་དབང་བསྒྱུར་བྱས་ན་ཡང་སྐབས་དེར་སོག་པོ་ལ་ཡི་གེ་མེད། ཁོང་གི་ཚ་བོ་ཚོའི་དུས་སུ་བོད་ཀྱི་འགྲོ་མགོན་འཕགས་པས་བོད་ཡིག་ལ་གཞི་བྱས་པའི་སོག་ཡིག་བརྩེགས་མ་འདི་གསར་བཟོ་བྱས་འདུག་ག
ཡི་གེ་མེད་མཁན་གྱི་ཡུལ་སྡེ་ད་དུང་ཡང་མང་པོ་རེད། མི་ལོ་ཆིག་སྟོང་སུམ་བརྒྱའི་སྔོན་ལ་བོད་ལ་ཡི་གེ་འབྲི་སྲིལ་མེད་ཅེས་དྲང་གཏམ་བརྗོད་ན་གཉའ་ཞུམ་དགོས་དོན་དང་ངོ་ཚ་དགོས་དོན་ཅང་མི་འདུག་ག
རྒྱ་གར་བ་བཀའ་དྲིན་ཆེན་པོ་རེད། ང་ཚོ་བོད་ལ་ཡི་གེ་ཀྱག་ཀེ་གྱོག་ཀེ་ཞིག་འབྲི་རྒྱུ་ཡོད་པ་འདི་རྒྱ་གར་ཡི་གེ་ལ་དཔེ་བལྟས་ནས་བཟོས་པ་རེད། གུབྟའི་དུས་ཀྱི་ཡིག་གཟུགས་དང་བོད་ཡིག་དབུ་ཅན་གཅིག་བསྡུར་དང་། ཀ་ཁ་ག་གྷ་ང་། དང་། ཀ་ཁ་ག་ང་། གཉིས་ཀྱི་གོ་རིམ་སྒྲ་གདངས་ལ་བསམ་བློ་ཞིག་ཐོངས་དང་། རྣམ་དབྱེ་བརྩི་སྟངས་ལ་བསམ་བློ་ཞིག་ཐོངས་དང་། ད་གཟོད་བོད་ཡིག་འབྲི་སྲོལ་སུ་ལས་བྱུང་ཤེས་ནུས།
ཆོས་ལུགས་མཚན་ཉིད་རིགས་པ་ལང་ལེ་ལོང་ངེ་ཞིག་རྩོད་རྒྱུ་ཡོད་པ་དེ་ནི་རྒྱ་གར་བའི་སངས་རྒྱ་བསྟན་པའི་བཀའ་དྲིན་རེད། བཟོ་རིགས་བྲིས་འབུར་སྲིལ་ཞིག་ཡོད་པ་དེ་དེ་རྒྱ་གར་དང་བལ་ཡུལ་ནས་བྱུང་བ་རེད། སྙན་ངག་གི་གཞུང་དུམ་བུ་ཞིག་ཡོད་པ་དེ་ནི་རྒྱ་གར་བའི་དབྱུག་པ་ཅན་གྱིས་བྲིས་པ་དེ་རེད། སྨན་རྒྱུད་བཞི་ཟེར་བ་དེ་ནི་རྒྱ་གར་བའི་ཨ་ཡུར་ཝེ་དའི་སྒྲོམ་གཞིའི་སྟེང་དུ་བཟོས་པ་ཞིག་རེད། ད་དུང་མང་། མདོར་ན་ཅོ་རི་ཁྱོད་ཚུད་པའི་ང་ཚོ་ཚང་མ་ཡང་རྒྱ་གར་བ་དྲིན་ཅན་ཚོའི་བྲང་སྤུ་འཐུག་པོའི་གསེང་དུ་སྐྱིད་ཉལ་བརྒྱབ་ཡོད་པ་ཤེས་པར་གྱིས། བོད་ལ་དྲིན་ཆེར་བྱས་ཀྱང་དྲིན་མི་གོ། ཞེས་པ་དེ་ལོས་བདེན།
འབྲུག་ལ་ལོ་རྒྱུས་རྙིང་པ་བོད་དང་མ་འབྲེལ་བ་ཞིག་གཏན་ནས་མེད། བོད་ཀྱི་ལོ་རྒྱུས་རྣམས་སྐབས་སོ་སོའི་སྲིད་གཞུང་ལ་ངོ་འགྲོ་བྱས་ནས་བྲིས་པ་ཤ་སྟག་ཡིན་པས་ཚང་མ་ཡིན་རྟོན་འོས་པ་ཞིག་གཏན་ནས་མིན། རྒྱ་ནག་གི་གཏམ་བརྒྱུད་ནང་དུ། སུ་ཞིག་རྒྱལ་བ་དེ་ཡིས་ལོ་རྒྱུས་འབྲི། བྲིས་ཚད་ཐམས་ཅད་རང་བསྟོད་ཉག་གཅིག་ཡིན། །ཟེར་བའི་ཁ་དཔེ་ཞིག་ཡོད་པ་དོན་དང་འབྲེལ་བར་མཐོང་། བོད་གྱི་རྒྱལ་དར་སེངྒེ་ཡོད་པ་ཞིག་ཁྲི་སྲོང་སྐབས་ནས་ཡོད། དོན་ནི་སྲུང་མའི་དར་སྟེ་རྣམ་སྲས་ཀྱི་ཞོན་པ་རེད། གྲུ་གུ་བཅོམ་དུས་དམག་དར་དེ་ཕྱར་ཡོད། ཞིབ་མོ་གུ་རུ་རིན་པོས་ཆེའི་རྣམ་སྲས་ལོ་རྒྱུས་སུ་ཡོད། རྒྱ་ནག་གི་ཡིག་རྙིང་དུ་བོད་ཀྱི་དམག་དར་དམར་པོར་བཤད་ཡོད་པ་ཙམ་ཞིག་མཐོང་མྱོང་། སྤོབས་པ་ལགས། ཇིང་གིར་རྒྱལ་པོ་ནི་ཡིག་ཟམ་སྲོལ་འབྱེད་ཡིན་པར་གྲགས་པ་གསན་ཨེ་མྱོང་། ཏུར་ཀི་སུ་ཋན་ཕྱོགས་སུ་དམག་རྒྱག་སྐབས་སོག་པོ་ནས་ཡུལ་དེའི་བར་ཡིག་ཟམ་པ་རྟ་བ་གཅིག་སྟོང་ལྷག་ཡོད། ཆོས་འཕགས་ཀྱིས་སོག་པོར་ཡི་གེ་གསར་བཟོ་བྱས་པ་ཙམ་གྱིས་སོག་ཡུལ་དུ་ཡི་གེ་མེད་དགོས་དོན་གཏན་ནས་མེད། བློ་བཟང་རྟ་དབྱངས་ཀྱི་ཧོར་ཆོས་འབྱུང་ལས། ཧལ་ཧའི་རིགས་རུས་མིང་ལ་སོག་ཐག་ཅེས། །འབོད་པ་ཞང་བོད་སྐད་ལ་གནའ་དུས་གྲགས། །ཅེས་དང་། སོག་ཐག་ཡི་གེའི་སྟེང་ནས་རྒྱ་གར་དང་། །རང་རང་སྐད་རྣམས་འདྲེས་མར་བསྒྱུར་བ་ལས། །འཆད་ཉན་ཁ་ཏོན་བྱེད་ཅིང་ཡོད་པར་སྣང་། །ཞེས་སོག་ལ་ནང ཆོས་ཐོག་མར་དར་དུས་ནས་སོག་ཡིག་ཞིག་ཡོད་པར་འདོད། །མ་ཟད་ཉེ་ཆར་རྒྱ་ནག་གི་ས་ཁུལ་ཞིག་ནས་ཐོན་པའི་སོག་པོའི་བཀའ་རྟགས་སོག་ཐག་ཡི་གེ་ཟངས་མར་བྲིས་པ་ཞིག་ཐོན་པའང་འགྲོ་མགོན་ཆོས་འཕགས་ཀྱི་གོང་ནས་བྱུང་བ་ཞིག་ཡིན་པར་ར་འཕྲོད་བྱུང་། །
སྤོབས་པ་ལགས་ཀྱིས་་་ལན་གནང་བར་བཀའ་དྲིན་ཆེ། མི་ལོ་༡༣༠༠་ཀྱི་སྔོན་དུ་བོད་ལ་ཡི་གེ་འབྲི་སྲོལ་མེད་ཟེར་བ་བདེན་གཏམ་ཞིག་མ་རེད་འདོད། ཐང་བོད་གཉིས་ཀྱིས་མཇལ་དུམ་མཛད་པའི་རྡོ་རིང་ངོས་ཀྱི་ཡི་གེ་དང་ཏུན་ཧོང་ནས་ཐོན་ཡིག་རྙིང་ཁག་གི་ནང་དུ་བལྟས་ན་ཐོན་མིའི་དབྱངས་གསལ་སུམ་བཞི་མ་སླེབས་པའི་སྔོན་ནས་བོད་ཡིག་གམ་བོན་ཡིག་ཡོད་པར་གནང་།
ཐོན་མིའི་བོད་ཡིག་ལ་དབྱངས་བཞི་མ་གཏོགས་མེད་ཀྱང་ཡིག་རྙིང་ཁག་གི་ནང་དུ་དབྱངས་ལྔ་འདུག གི་གུ་ཕྱི་ལོག་ནི་བེད་སྤྱོད་ཚད་མཐོ་པོ་བཏང་འདུག
དཔེར་ན། ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་ཁག་གི་ནང་དུ་འདི་འདྲ་འདུག ལུགྀ བདགྀ ལསྩོགས། མཐྭ། མྱིདེ། འདི་དང་འདི་ལྟ་བུའི་ཡི་གེ་མང་པོ་འདུག
ངས་བསམ་ཚུལ་བྱས་ན་ཐོན་མིའི་སྔོན་དུ་བོད་དང་བོན་ལ་ཡི་གེ་འདུག་བསམས་ཀྱི་འདུག ཐོན་མིས་བོད་ཡིག་གི་ལུགས་སྲོལ་བཅོས་སྒྱུར་བྱས་པ་ལས་ཀ་ནས་འགོ་འཛུགས་ནས་ཚང་མ་ཐོན་མིས་གསར་བཟོས་བྱས་པ་མ་རེད་འདོད། རྒྱུ་མཚན་ནི་་་་ཡིག་རྙིང་རྣམས་དང་ཐོན་མིའི་བརྡ་སྤྲོད་ཀྱི་གཞུང་མི་མཐུན་པས་ཕྱིར་རོ།
རྒྱལ་དར་གྱི་སྐོར་དུ་ཡང་འཇར་པན་རྒྱལ་ཁབ་ཀྱི་དམག་དར་ལ་དཔེ་ལེན་ནས་བཟོས་མ་རེད་འདོད། དཔེར་ན། པོ་ཏྭ་ལ་དང་ཇོ་ཁང་གཉིས་ཀྱི་ནང་དུ་སེང་གེ་མང་མེད་ན་ཉུང་མེད་པ་ཞིག་བཟོས་འདུག་པས་བོད་བཙན་པོའི་སྐབས་སུ་སེང་གེ་ལ་དགའ་པོ་བྱས་པས་རྟགས་རེད་འདོད།
ཅིའི་ཕྱིར་དུ་པོ་ཏྭ་ལ་དང་ཇོ་ཁང་གཉིས་ཀྱི་ནང་དུ་སེང་གེ་མང་པོ་དེ་འདྲ་བཟོས་རེད་དམ། དེ་ཡང་རྒྱལ་ཁབ་གཞན་ཞིག་ལ་དཔེ་ལེན་པ་རེད་དམ།
ད་དུང་་་ཚུལ་གསུམ་རྟོག་གེ་རིག་པའི་གཞུང་ལུགས་འདི་ཡང་ཡོངས་རྫོགས་རྒྱ་གར་ནས་ལེན་པ་རེད་ཟེར་ན་ཁས་ལེན་གྱི་མིན། བོན་པོའི་ཆོས་ལུགས་ཀྱི་གཞུང་ལུགས་ཁག་གི་ནང་དུ་ཡང་་་ལ་སྟེང་ལ་དུ་བ་མཐོང་བས་རྒྱུ་མཚན་གྱིས་ལ་རྒྱབ་ན་མེ་ཡོད་པ་དཔག་ཐུབ་པའི་རིག་གནས་ཤིག་བཤད་ཡོད་ཀྱི་རེད་འདོད།
སྤོབས་པ་ལགས་་་སྤོབས་པ་མཐོ་འདོད་ཡོད་ན་རང་མགོ་གཞན་འདོགས་རིང་ལུགས་ཀྱི་ལྟ་བ་དོར་དགོས་པ་རེད། བོད་རྒྱལ་ཁབ་ཀྱི་རྒྱལ་དར་འདིའི་ཡོང་ཁུངས་བོད་བཙན་པོའི་རྒྱལ་ཁབ་ལ་བཅོལ་མ་ཐུབ་ན་སྤོབས་པ་བྱེད་ས་ལྷག་མེད་པར་འདོད།་་་་ཧཧཧ
ཆོས་ལ་དད་དུས་ཡོད་ཚད་འཕགས་པའི་ཡུལ།
རྒྱུ་ལ་དད་དུས་ཡོད་ཚོད་འཇམ་པའི་དབྱངས།
དེ་གཉིས་བར་དུ་རང་ཚུགས་ཤོར་བ་འདིར།
ཤེས་མེད་ཅོ་རིས་བལྟས་ན་ཡིད་རེ་སྐྱོ།
ཨོ་རེད་་་ད་དུང་བོད་ཀྱི་རྒྱལ་དར་གྱི་ནང་དུ་ཉི་མ་ཡོད་པ་འདི་ཡང་བོད་བཙན་པོ་རྒྱལ་ཁབ་དང་འབྲེལ་ཡོད་པ་ཞིག་རེད། སྔར་བོད་བཙན་པོའི་སྐབས་སུ་ཉི་ཟླ་སྐར་གསུམ་ལ་དད་པ་བྱས་ཀྱི་ཡོད་པར་གསལ་པོ་རེད། ཐང་བོད་གཉིས་ཀྱིས་མནའ་གན་བཞག་དུས་ཀྱང་ཉི་ཟླ་སྐར་གསུམ་ལ་དཔང་བཙུགས་ནས་ན་བསྐྱལ་ཡོད།།
ཐང་བོད་གཉིས་ཀྱིས་མནའ་གན་བཞག་དུས་ཀྱང་ཉི་ཟླ་སྐར་གསུམ་ལ་དཔང་བཙུགས་ནས་མནའ་བསྐྱལ་ཡོད།།ཅེས་རོགས་གནང་་་སྤོབས་པ་མཐོ་པོ་ལགས།
http://www.himalayabon.com/article/news/20130108930.html
ཅོ་རི་ཉི་མ་ལགས་གོང་གི་ཁ་བྱང་སྟེང་ལ་བསྣུན་ནས་གཟིགས་དང་ཁྱེད་ལ་དགོས་པའི་གནས་ཚུལ་ཡོད་འདུག
བན་དེ་བ་ལགས། དེ་རིང་ལོ་གསར་ཚེས་གཅིག་ཉིན་ཁྱེད་ཀྱིས་ང་ཅོ་རི་ལ་ངོ་སྤྲོད་གནད་འགག་ཡོད་པ་ཤིག་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་དང་རྒན་འབྲུག་ཐར་ལགས་ཀྱི་མཚན་འདི་རྟེན་འབྲེལ་བཟང་ཞུ་རྒྱུ་ཡིན།
བར་སྣང་སྟོང་པའི་འབྲུག་གི་འུར་སྒྲ་ལས་ཐར་ནས་གངས་སེང་དཀར་མོའི་རང་སྒྲ་གྲགས་པ་ནི་རྟགས་དང་རྟེན་འབྲེལ་བཟང་། ང་སེམས་ཆུང་ཅོ་རི་དགའ་ནས་མིག་ཆུ་ཤོར་རོ།།
ངའི་སེམས་ཁུང་གི་མིག་ཆུ་འདི།
ངའི་ཕ་མེས་བཙན་པོ་ལ་མཆོད།
ངའི་སེམས་ཁུང་གི་མིག་ཆུ་འདི།
ངའི་བཙན་པོའི་ཁྲག་རྒྱུད་ལ་མཆོད།
བོད་བཙན་པོའི་ལ་རྒྱ་དར་བར་ཤོག
བོད་མི་རིགས་འདུ་ཤེས་རྒྱས་པར་ཤོག
བོད་རྒྱལ་ཁབ་རང་བཙན་ཐོབ་པར་ཤོག
བོད་མི་རིགས་བདེ་སྐྱིད་ལྡན་པར་ཤོག
དྲ་གྲོགས་ཅོ་རི་ལ་ལོ་གསར་པར་འཚམས་འདྲི་ཞུ་བ་དང་ལོ་འདིར་བོད་དོན་བདེན་མཐའ་སེལ་བའི་ལས་དོན་རྣམས་ལམ་ལྷོང་ངང་འགྲུབ་པའི་སྨོན་འདུན་དང་དེ་དང་ལྷན་ཁྱེད་ཀྱི་ཐུགས་དོན་རྣམས་བསམ་པ་བཞིན་དུ་འགྲུབ་པའི་སྨོན་འདུན་ཀྱང་ཞུ་བཞིན་ཡོད། ད་དུང་རྒན་འབྲུག་ཐར་ལགས་ལས་སོགས་ཀན་ལྷོའི་མཐོ་སློབ་ཀྱི་དགེ་ཆེ་རྣམས་དང་དེ་བཞིན་པེ་ཅིང་མི་རིགས་སློབ་གྲ་ཆེན་མོའི་ཞིབ་འཇུག་མི་སྣས་ཞིག་འཇུག་བྱས་པར་གཞིགས་ན་དཔེ་དེབ་གསར་ཐོན་དེ་དག་དུས་རབས་བཞི་པ་དང་ལྔ་པའི་ནང་དུ་བྱུང་རབས་ཀྱི་སྡོམ་ཚིག་བཀོད་འདུག་དཔེ་དེབ་༣༠པར་དུ་སྐྲུན་པའི་དེབ་དེ་དག་ངོས་ཀྱི་གྲོགས་པོ་ཞིག་ལ་ཡོད་འདུག་ཅིང་ངོས་ནས་ཀྱང་དེར་བལྟ་རྒྱུའི་གོ་སྐབས་ཐོབ་བྱུང། ཡིན་ནའང་རིགས་པ་རྒྱུ་མཚན་ཤོད་ས་མེད་མཁན་ལ་བཤད་མ་བཤད་མི་འདུག་བསམ་ནས་བཞག་ཡིན། འོན་ཀྱང་ཁྱེད་ནི་རིགས་པ་དང་རྒྱུ་མཚན་ལ་བདེན་པ་བཅོལ་མཁན་ཞིག་དང་རང་གི་དེ་ཉིད་བཤད་ཕོད་པ་གཞན་གྱི་དེ་ནི་ལེན་ཤེས་པ་རང་གཞན་གྱི་དེ་ལ་དཔྱོད་ཤེས་པ་དེ་འདྲ་ཙམ་དུ་མ་ཟད་ཕྱོགས་སུ་མ་ལྷུང་པའི་གནད་དོན་ལ་རིགས་པས་མདའ་མོ་བསྣུན་མཁས་པ་དེ་འདྲ་ཞིག་ཏུ་མཐོང་ནས་འདི་ཕུལ་པ་ཡིན། བཀྲ་ཤིས་བདེ་ལེགས་དགེ་འདུན་ཆོས་འཕེལ་གྱི་འོད་ཟེར་ཕོག་པ་ཞིག་གཏན་གཏན་རེད་འདུག
༼ད་སྦྲུལ་ཡོང་རྒྱུ་རེད།༽
~ ~
བཀྲ་ཤིས་རྒྱུ།།
ལོ་སར་ཡག།
དོན་འགྲུབ་རྒྱུ།།
ལོ་སར་བཟང་།།
གནམ་ལ་ནི།།
སྐར་མ་ཡག།
ས་ལ་ནི།།
དུས་ཚོད་བཟང་།།
བཟང་བཟང་གི།
རྟེན་འབྲེལ་འགྲིགས།
ཡག་ཡག་གི།
བཀྲ་ཤིས་ཤོག།
ཕ་བཟང་བུ།།
རྒོད་རྒོད་གྱིས།།
མ་བཟང་རྒྱུད།།
ཡག་ཡག་གྱིས།།
ལོ་སར་དུས།།
ཕ་མ་བརྗེད།།
སྦྲུལ་ལོ་ལ། །
མ་མ་བསྐྱུར།།
ཨ་ཕ་ལ།།
ཞོ་ཞིག་དྲོངས།།
ཨ་མ་ལ།།
ཐུད་ཅིག་དྲོངས།།
ཕ་མ་ལ།།
ལྷ་བཞིན་མཆོད།།
མི་རྣམས་ལ།།
སྤུན་བཞིན་གཅེས།།
ཕ་མ་གཉིས།།
མ་རྒས་ཀྱང་།།
གཡོག་ཅིག་རྒྱོབ།།
སྙིང་གི་བུ།།
བོད་ཡིན་ན།།
བོད་སྐད་ཤོད།།
བོད་ཡིན་ན།།
བོད་གོས་གྱོན།།
བོད་མི་རིགས།།
སེམས་ལ་ཞོག།
བོད་སྐད་ཡིག།
ལག་ལ་ལོངས།།
དཔའ་བོ་ལ།།
མ་ཏྲི་ཐོན།།
དཔའ་མོ་ལ།།
སྔོ་བ་གྱིས།།
དཀོན་མཆོག་གསུམ།།
སེམས་ལ་ཞོག།
རྒྱུ་འབྲས་ལ།
ཡིད་ཆེས་གྱིས།།
གཡོ་མ་བྱེད།།
ལས་ལ་བརྩོན།།
རྫུན་མ་བཤད།།
དྲང་མོ་གྱིས།།
འཛམ་བུ་གླིང་།།
ཞི་བདེ་ཤོག།
བོད་མི་རིགས།།
འཁྲི་ལོ་ཤོག།
ཆུང་ཆུང་ལ།།
བྱམས་སྐྱོང་གྱིས།།
ཆེ་ཆེ་ལ།།
གུས་བཀུར་གྱིས།།
ངར་ཞེ་སྡང་།།
ཉུང་ཉུང་གྱིས།།
བྱམས་སྙིང་རྗེ།།
མང་མང་གྱིས།།
བཀྲ་ཤིས་རྒྱུ།¥
དོན་འགྲུབ་རྒྱུ།།
ནད་མེད་རྒྱུ།།
ལོ་བརྒྱ་རྒྱུ།།
ལོ་སར་ནང་།།
རྒྱུ་འབྱོར་འཕེལ།།
ཅི་བསམ་འགྲུབ།།
. བར་ཆད་ཞི།།
. གསེར་དངུལ་གང་།
ནད་གདོན་སེལ།།
བདེ་སྐྱིད་ཐོབ།།
དགའ་བས་གང་།།
སྤྲོ་བས་ཁྱབ།།
སིམ་པས་བཟི།།
རང་དབང་ཐོབ།།
འཁྲི་ལོ་ཤོག།
བསམ་དོན་འགྲུབ།།
སྐྱིད་པར་ཤོག།
བླ་མས་སྐྱབས།།
ལོ་བརྒྱ་ཐོབ།།
བཀྲ་ཤིས་བདེ་ལེགས།
ཅོག་རི་ཉི་མ་ལགས། སེངྒེ་ཟེར་བའི་མིང་ཁོ་ན་རྒྱ་གར་གྱི་རིག་གནས་བོད་ལ་ཁྱབ་མགོ་ཚུགས་རྗེས་སུ་བྱུང་བའི་མིང་ཚིག་ཅིག་རེད། བོད་ལ་སེངྒེ་ཟེར་བའི་མིང་ཚིག་ཅིག་མེད་དོན་ནི་བོད་ལ་སེངྒེ་མེད་པས་སོ།།རྒྱ་གར་ནས་བྱུང་ཚད་འདོར་དགོས་ན་རྒྱལ་དར་འདི་ཡངའདོར་རན་འདུག
ཐོན་མིའི་སྔོན་དུ་དབྱངས་ལྔ་ཡོད་པའི་ཡི་གེ་དེ་གང་ཞིག་ན་འདུག ཏུན་ཧོན་ཡིག་རྙིང་ནི་ཐོན་མི་བྱུང་རྗེས་ཀྱི་ཡིག་ཆ་རྐྱང་རྐྱང་རེད། མི་ལོ་གཅིག་སྟོང་སུམ་བརྒྱའི་སྔོན་དུ་བྱུང་བའི་ཡི་གེ་ཡོད་པའི་དཔང་རྟགས་གང་ཡོད། རྡོ་རིང་ཆག་དུམ་རེ་བསྟན་རྒྱུ་ཡོད་དམ། ཤོག་ལྷེ་རལ་ཧྲུལ་རེ་བསྟན་རྒྱུ་ཡོད་དམ། དེ་མེད་ན་གནའ་སྒྲུང་རྐྱང་པས་ཁུངས་འཁྱོལ་གྱི་མ་རེད། སངས་རྒྱས་ཆོས་ལུགས་མ་དར་སྔོན་དུ་བོད་ལ་གཏན་ཚིག་རིག་པའི་གཞུང་ལུགས་ག་འདྲ་ཞིག་ཡོད་རེད། ད་ལྟ་ཁྱོད་ཀྱི་རྟགས་གསལ་གཏོང་བཞིན་པའི་ཙུལ་གསུམའགོད་སྟངས་དེ་ནི་སངས་རྒྱས་ཆོས་ལུགས་མ་དར་གོང་ཕར་ཞོག བསྟན་པ་ཕྱི་དར་གྱི་རྗེས་སུ་ཡང་ཚད་མ་སྔ་རབས་པ་ཕྱ་པ་ཆོས་སེང་སོགས་ཀྱི་དུས་སུ་ཚུལ་གསུམ་འགོད་སྟངས་དེ་འདྲ་ཞིག་མིན། དེ་ནི་ཚད་མ་ཕྱི་རབས་པ་ཞེས་འབོད་པའི་འཇམ་མགོན་ས་པན་ཚུན་ཆོད་དུ་བྱུང་བའི་གཏན་ཚིག་འགོད་སྟངས་ཤིག་རེད།
དྲི་མེད་ལྷག་བསམ་ལགས། མཁས་པ་ནི་མཁས་པ་རེད། སོག་པོར་ཡི་གེ་ཡོད་པའི་བཤད་རྒྱུན་ཞིག་ཡོད་པའི་གནས་ཚུལ་མཁོ་སྤྲོད་གནང་བར་བཀའ་དྲིན་ཆེ།
ཨོ་ཙི་་་་སྤོབས་པ་ལགས། ལན་ནི་ལན་ཁ་ཐུག་བརྒྱབ་ཀྱི་མི་འདུག ཁྱབ་ལོག་ནི་ཁྱབ་ལོག་བསྒྲུབ་ཀྱི་འདུག ཁས་ལེན་མེད་པའི་དགག་ལན་ནི་བརྒྱབ་ཀྱི་འདུག་་་་་་ངོ་མ་ང་ནི་ཁྱེད་ལ་ཧང་སང་སོང་ངོ།
དགའ་ཤོས། རྡུགས་ཤོས། བར་མ་གསུམ་ལས་གཉིས་པ་དང་གསུམ་པ་དག་ངོས་འཛིན་རྒྱུ་ཡོད་ན་།
བོན་པོ་ཚོས་དཔེ་རྙིང་རག་སིང་ཟེར། རྙི་པའི་བར་ནི་མི་འདུག་གསར་བ་རྐྱང་རེད། རྟ་ལག་པ་བཞི་ཅན་གྱི་པར་ཏེ་རྙིང་པའི་མིན་འགྲོ། ཧཧཧཧ
༩༤༽ ཨོ་རྒྱན་ཉི་མ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༢ གི་ཆུ་ཚོད་ ༣ སྐར་མ་ ༠༡
བོན་པོ་ཚོས་དཔེ་རྙིང་རག་སིང་ཟེར། རྙིང་པའི་བར་ནི་མི་འདུག་གསར་བ་རྐྱང་རེད། རྟ་ལག་པ་བཞི་ཅན་གྱི་པར་ཏེ་རྙིང་པའི་མིན་འགྲོ། ཧཧཧཧ
ཐོན་མིས་དབྱངས་བཞི་ལས་དབྱངས་ལྔ་བཟོས་པ་ཐོས་མ་མྱོང་། ལེགས་སྦྱར་དུ་ཨ་ཉིད་དབྱངས་དུ་བསྒྲངས་པ་ལས། བོད་ཡིག་སྟེང་དུ་ཨ་ཉིད་དབྱངས་ཡིག་ཏུ་བརྩི་ཚེ། དབྱངས་ལྔ་གསལ་བྱེད་ཉེར་དགུ་ཞེས་འདོན་དགོས་པ་མ་ཟད། འ་ཡིག་ཀྱང་དབྱངས་སུ་བགྲང་ནས། མཐར་མི་འདོད་བཞིན་དུ། ང་་ཚོད་བོད་ཀྱི་བརྡ་སྤྲོད་ཀྱི་རྩ་བ་ཀློག་སྐབས་སུ། ཨཱ་ལི་གསལ་བྱེད་ཨི་སོགས་དྲུག །ཀཱ་ལི་ཉི་ཤུ་རྩ་བརྒྱད་དོ། །ཞེས་འདོན་དགོས་པར་འགྱུར་ན། སྤོབས་པ་ཅུང་མཐའ་ཡས་པར་ཐལ་བ་མ་ཡིན་ནམ། ཀུ་རེ་ཞུ།
ཨཱ་ལི་གསལ་བྱེད་ཨི་སོགས་དྲུག། །ཅེས་འདོན་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ་ལགས།
དྲི་མེད་ལྷག་བསམ་ལགས།
ཇིང་གིར་རྒྱལ་པོ་ཡིག་ཟམ་གྱི་སྲོལ་འབྱེད་པ་པོ་ཡིན་པ་ཞིག་རྒྱ་བོད་ཀྱི་དེབ་ཐེབ་གང་དུ་ཡོད་པ་ཐོས་མ་མྱོང་། ལོ་རྒྱུས་པ་ཁ་ཅིག་གིས་ཇིང་གིར་རྒྱལ་པོ་རྒྱལ་སྤྱིའི་ཡིག་ཟམ་སྲོལ་འབྱེད་པ་པོ་ཡིན་ཞེས་འུད་སྒྲོག་གི་ཡོད། དེས་ན་ཡིག་ཟམ་སྲོལ་འབྱེད་པ་པོ་དང་རྒྱལ་སྤྱིའི་ཡིག་ཟམ་སྲོལ་འབྱེད་པ་པོ་གཉིས་ལ་དབྱེ་བ་ཆེན་པོ་ཐུགས་ལ་འཇགས་རོགས། ཡིག་ཟམ་གྱི་སྲོལ་ནིི་མི་ལོ་བཞི་སྟོང་སྔོན་ནས་ཨེ་རྗེབ་ཊིར་ཡོད་པ་དང་། རྗེས་སུ་སྟག་གཟིག་གི་གོང་མ་ས་ཡེ་རུ་སིའི་སྐབས་སུ་རྩ་འཛུགས་ཇེ་ལེགས་སུ་བཏང་ནས་དར་ཁྱབ་ཆེན་པོ་བྱུང་བས། ཇིང་གིར་རྒྱལ་པོ་ཡིག་ཟམ་གྱི་སྲོལ་འབྱེད་པ་པོ་རེད་ཅེས་སྨྲ་བའི་སྲོལ་འབྱེད་པ་པོ་ཁྱེད་རང་གཅིག་པོ་ཡིན་པ་འདྲ།
གཞན་ཡང་ཁྱེད་ཀྱིས་བོད་ཀྱི་རྒྱལ་དར་དང་དམག་དར་གཉིས་ལ་ཁྱད་པར་ཡོད་པ་ཧ་མི་གོ་བའི་ཚུལ་གནང་འདུག་པས་དཔྱད་པར་བྱ་བ་མང་བོ་འདུག་ཀྱང་རེ་ཞིག་ངལ་གསོ་བྱ་དགོས་སོང་། དགོངས་པ་མ་ཚོམ། བདེ་མོར་བཞུགས།
http://ti.gzznews.com/Html/News/China/11/11/Content_201111092833.html
ཨོ་ཉི་ལས་ངན་འདི་ཡིས་གཡག་ཞར་གྱིས་རྩ་ཟ་བ་ནང་བཞིན་བྱས་ཟིག དེ་ག་ནང་བཞིན་ལོ་རྒྱུས་དང་རྒྱང་བལྟ་ཡང་དེ་ལས་ལྷག་ཅིག་མཐོང་གི་མེད། ཞར་མེད་ན་གོང་གི་དྲ་ཚིགས་ཀྱི་ཁ་བྱང་ནང་དུ་ལྟོས་དང། རྟ་ལག་པ་རྙིང་པའི་འཇུག་ཏུ་ཡི་གེ་རྙིང་པའི་པར་དང་བཅས་པ་བཀོད་འདུག། བྱས་ཙང་ངས་འདི་ཚོ་མི་རྣམ་དཔྱོད་ཅན་དང་བློ་སྒོ་གུ་ཡངས་ཅན་ལ་ཕུལ་ཡོད་པར་མ་གཏོགས་མི་ཁྱེད་ཚོའི་རིགས་ལ་དབྱུག་པ་ཡག་ཤོས་རེད།
ཨོ་ཉི་ཆགས་སྡང་གིས་རབ་ཏུ་བཟི་བ་ཁྱོད་ཀྱིས་གོང་དུ་ཅོ་རི་ཉི་མས་དྲངས་བའི་དྲ་རྒྱ་དེར་གཟིགས་དང་དེར་ཁམས་ཆེན་གསེར་བྲིས་ཀླ་ཀློ་མུ་སྟེགས་པས་བོན་ཆོས་རྐུས་འཁྱེར་ཆུར་གཡུག་མེར་བསྲེག་བཏངས་བའི་ལྷག་མ་རེ་བཟུང་རྙེད་པ་དེ་ཡི་པར་དང་བཅས་པ་བཀོད་འདུག་དེ་འདྲ་རེད་ཁྱེད་ཚོས་བྱས་པའི་བྱེད་ལུགས་ད་དུང་རྒྱ་དམར་གྱིས་བྱས་སོང་ཟེར་དགྲ་ཕྱི་དགྲ་མ་ནང་དགྲ་རེད་ད། བོན་དཔེ་རྙིང་པ་ལོ་དང་ཟླ་བ་ནས་རིམ་བཞིན་བོད་མདོ་དབུས་ཁམས་གསུམ་ནས་ཐོན་བཞིན་འདུག་བན་དཔེ་ཐོན་པའི་སྐད་ཆ་ཅི་ཡང་མི་འདུག་དེ་བདེན་པའི་རང་མདངས་རེད། ད་དུང་ཐོན་མི་ཨུ་རྒྱན་སྤྲེལ་བྲག་ལབ་གི་སྡོད། བོད་ཆུ་ཡིས་གང་བ་ནི་མ་བྱུང་ཚར་ཡང་དྲང་ངེས་འདྲ་དགོངས་པ་ལོན་ནས་བསྡོད།
རྣམ་གྲོལ་གླིང་གི་གྱང་རིས་་་་་མ་གཏོགས་མཐོང་མ་མྱོང་བའམ་ཡང་ན་དེ་ལས་གཞན་དུ་བལྟ་འདོད་མེད་པའི་མི་འདི་ཚོའི་གྲས་ལ་ཤོད་ས་དང་གཏམ་ས་ཟེར་ཆེན་པོ་ཟིག་ཡོད་ས་མི་འགི་ཨ་རོགས། ལྷོ་ཕྱོགས་ཀྱི་གྱང་ལོགས་དང་ཤར་ཕྱོགས་ཀྱི་ཚགས་ལོགས་ནང་དུ་གང་བྱུང་མང་བྱུང་བྲིས་ནས་ཡར་དཀྲུགས་མར་དཀྲུགས་བྱེད་བསྡོད་ཨ། བོད་མི་རིགས་ཀྱི་མཐུན་སྒྲིལ་ལ་ཕན་ཆེན་པོ་ཐོག་ཡོང་། །
ཆོས་རྒྱལ་ནམ་མཁའི་ནོར་བུ་ཞུ་བའི་བླ་མ་དེ་ཁོང་དགུང་ལོ་ལྔ་པའི་སྐབས། ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་སྤྲུལ་སྐུ་ཡིན་པ་་་ཀརྨ་པ་སྐུ་ཕྲེང་༡༦་པ་དང་་་་་སི་ཏུ་རིན་པོ་ཆེས་ངོས་འཛིན་གནང་རབས་བཤད་འདུག། འོག་གི་དབྱིན་ཡིག་ཐོག་འཁོད་པ་འདི་ཁོང་གི་རྣམ་ཐར་དུམ་ཚན་ཞིག་ནས་དྲངས་བ་ཡིན། དྲྭ་གྲོགས་ཚོ་ལ་དགོངས་ཚུལ་འདྲ་ཡོད་ན་དྲན་སོང་། Then when he was five years old, the 16th Gyalwa Karmapa and the Situ Rinpoche together recognized Norbu as the mind emanation of the mindstream of another well known teacher, who was in turn the emanation of Shabdrung Ngawang Namgyel, the 17th Century Tibetan-born founder of Bhutan.
དམ་པ་དགེ་ཆོས་མཆོག་གིས།
རིག་པའི་དཔྱོད་པ་ཤིང་རྟའི་སྲོལ་ལ་བརྟེན།
ཤིང་རྟ་ཆེན་པོ་རིག་པའི་སྟོབས་ཀྱིས་སྒྲུབ།
རང་ཐག་ཆད་ན་སུ་ཡི་རྗེས་སུ་འབྲངས།
རང་ཐག་མ་ཆད་སུ་ལ་ཡིད་བརྟན་བྱེད།ཅེས་དང་།
དེབ་དཀར་ལས།
དུས་གསུམ་དུས་ཀྱི་འཁོར་ལོ་འཁོར་བ་ན།
བྱུང་ནས་ཡལ་བའི་སྔོན་གྱི་གཟུགས་བརྙན་རྣམས།
སྟོང་པའི་མཁའ་སེམས་ཀྱིས་བྲིས་པ་འདི།
ཤིན་ཏུ་ངོ་མཚར་སྒྱུ་མའི་རྒྱལ་རབས་ཉིད།
སྟོང་པའི་མཁའ་ལ་སེམས་ཀྱིས་བྲིས་པ་འདི།ཅེས་བཅོས་རོགས་གནང་་་་་ཧཧཧ
དྲི་བ་ཆེན་པོ་གཉིས་སླེབས་ཀྱི་ཡོད་ནི།
༡་་་བོད་རྒྱལ་སྲོང་བཙན་སྒམ་པོས་འཛམ་གླིང་ས་ཡི་སུམ་ཆ་གཅིག་ལ་དབང་སྒྱུར་བྱས་པའི་ཆ་རྐྱེན་ག་རེ་ཡོད་མེད་དང་། མི་འབབ་དང་དཔལ་འབྱོར། རིག་གནས་དང་དམག་དོན་སོགས་སྐབས་དེ་དུས་ཇི་ལྟར་ཡོད་དམ་ཞེས་པ་འདི་དང་གཅིག
༢་་་བོད་རྒྱལ་ཁབ་ཀྱི་རྒྱལ་དར་གྱི་འགོ་ཁུངས་འཇར་པན་ལ་བཅོལ་དགོས་པའི་དམིགས་ཡུལ་གང་ཡིན་ནམ་ཞེས་པའི་དྲི་བ་འདི་ལ་གནད་འགག་ཡོད།
སྤྲུལ་བའི་སྐུ་མཆོག་ཨོ་རྒྱན་ཉི་མ་ཉིད། །
ཞབས་པད་རྡོ་རྗེའི་ཁྲི་ལ་རྟག་བཞུགས་ནས། །
ཕྱི་ནང་བར་ཆད་གཡུལ་ལས་རྣམ་རྒྱལ་ཞིང་། །
གང་གི་བཞེད་དོན་གེགས་མེད་ལྷུན་འགྲུབ་ཤོག །
ཨོ་ཉི་འདིས་བགྲོ་གླེང་དཀྲུགས་སོང་། རྣམས་པ་ལྷན་རྒྱས་བཞུགས་འཇག ཅོ་རིས་དགོངས་པ་ཞུ་འོ
ལུང་རིགས་མེད་པར་ཁོང་ནས་མེ་འབར་ཞིང་། །
རྒྱུ་མཚན་མེད་པར་ཚིག་ངན་མཚོན་གྱིས་གཙེས།།
ཨེ་བདེན་ལྟོས་ཤིག་ཤོག་གུས་རང་མདོག་སྟོན།།
ཆོས་ལུགས་ཆགས་སྡང་བཤད་པ་མ་ཡིན་པར།།
བོན་རྣམས་རང་བཟོས་བྱས་པས་ཕུང་ངེས་སོ།།
ཨོ་ཉི་འདི་ཡིས་མགོ་ཚེས་གཅིག་ནས་ཆགས་སྡང་གིས་མྱོས་སོང་མཇུག་གནམ་གང་བར་དུ་སྨྱོན་པ་རང་ཆགས་རྒྱུ་རེད།
ཅོ་རི་རྣམ་དཔྱོད་ཅན་དགོངས་པ་ཞུས་ན་ང་ཡང་འདི་ནས་དགོངས་པ་ཞུས་རྩིས་ཡོད། འདི་རིགས་ནི་ནད་མཛེ་ནད་དང་གཅིག་པ་རེད། ཨོ་ཉིའི་ཁ་ལ་སྐྱག་པ་ཆུག
ཁུངས་ལུང་མེད་པའི་གུ་གེའི་རིག་གཞུང་དང་།།
སྟོན་རྒྱུ་མེད་པའི་ཞང་ཞུང་ཞིབ་འཇུག་གཉིས།།
གསར་ངས་ཆེ་རྣམས་རིག་སར་དད་པ་གསུམ།།
བོད་རྣམས་བོན་བཞིན་འགྱུར་བའི་སྔ་ལྟས་རེད།།
ཧཧཧཧ་ དགོངས་པ་མ་ཚོམས།།
བོན་པོས་དཔེ་རྙིང་ཐོབ་ཅེས་སྒྲ་ཆེན་དེ།།
བསྒྲགས་ནས་ལོ་གཅིག་ལོན་ལ་ཉེ་བའི་དུས།།
དུས་རབས་ཉི་ཤུའི་མཇུག་གི་ཤོག་བུ་ལ།།
བྱིས་པ་ལོ་གཅིག་ཅན་གྱིས་བྲིས་འདྲ་བའི།།
རྩ་མ་ཚང་བའི་ཡི་གེ་ཐར་ཐོར་ཞིག།
བོད་ཀྱི་རིག་གཞུང་ཡང་རྩེ་ཡིན་ནོ་ལོ།།
རྙིང་པ་རྙེད་ཟེར་གསར་པའི་དཔེ་ལས་མེད།།
བན་དེའི་དཔེ་རྣམས་བརྐུས་བཞིན་ཁྱད་ཆོས་སེམས།།
གུ་རུའི་གཏེར་ཆོས་འདོན་བཞིན་ད་དུང་སྡང་།།
ཀློང་ཆེན་མཛོད་བདུན་ལ་སོགས་ཟབ་ཆོས་དང།།
སྨན་གྱི་རྒྱུད་བཞི་ལ་སོགས་བགྲང་ཡས་བརྐུས།།
ཁྲེལ་དང་ངོ་ཚ་མེད་པའི་བོན་པོ་དང་།།
གློ་སྙིང་མཆིན་གསུམ་མེད་པའི་ཀླད་སྟོང་རྣམས།།
བོད་ཀྱི་རིག་གཞུང་སྲོག་རྩ་གཅོད་ངེས་སོ།།
སྤྲུལ་བའི་སྐུ་ཨོ་རྒྱན་རིན་པོ་ཆེ། ང་རང་ངོས་ནས་སངས་རྒྱས་པ་ཡིན་ཀྱང་། ཁྱོད་ཀྱིས་བོན་པོར་བཀའ་བཀྱོན་བཏང་དྲགས་འདུག་སྙམ། གཡུང་དྲུང་བོན་གྱི་ཆོས་འདི་ལ་གང་ཟག་གཅིག་འཚང་རྒྱ་ནུས་པའི་ལམ་གྱི་རིམ་པ་ཆ་ཚང་ཡོད་པས་ཆོས་རྣམ་དག་ཡིན། ཆོས་ལ་སྐྱབས་སུ་སོང་བས་བོན་ལ་སྐྱབས་སུ་འགྲོ་མི་ཆོག་པ་མེད། ཤར་རྫ་བཀྲ་ཤིས་རྒྱལ་མཚན་ལྟ་བུ་ནི་བན་བོན་གཉིས་ཀ་ཡིན་ལ། འཇམ་མགོན་ཀོང་སྤྲུལ་ཞབས་ནི་དེ་གཉིས་ཀ་ལ་ལས་འབྲེལ་བྱུང་བས་མཚན་ལ་ཨོ་རྒྱན་བསྟན་གཉིས་གླིང་བར་གྲག །ད་ལྟའི་བོད་ལ་དར་ཡོད་པའི་བོན་ནི་བོན་དང་གཡུང་དྲུང་བོན་གཉིས་སུ་དབྱེ་བའི་ཕྱི་མའོ། །སྔ་མ་ནི་བོད་རང་ནས་བྱུང་ལ་ལྷག་མ་ཐ་རེ་ཐོ་རེ་ཙམ་མ་གཏོགས་བོད་ཡུལ་དུ་ནུབ་ནས་ཡུན་རིང་འགོར། ཀརྨ་ཆགས་མེད་ཀྱི་མ་མོའི་འཁྲུག་བསྐང་དུ། གསང་སྔགས་བོན་དུ་གྱེར་བའི་དུས། ། ཞེས་དང་། གུ་རུའི་གསོལ་འདེབས་བར་ཆད་ལམ་སེལ་དུ། གདོན་གཟུགས་བོད་ཀྱི་བསྟན་པ་ནུབཿ་ཅེས་སོགས་ཀྱི་སྐབས་སུ་བསྟན་པའི་བོན་ནི་སྔ་མའོ། །གཡུང་དྲུང་བོན་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་ལ་སྐྱབས་སུའོ། །
ཅོག་རི་ཉི་མ་ལགས། བོད་ཀྱི་རྒྱལ་དར་འདི་ཉི་ཧོན་གྱི་དམག་དར་ཞིག་ལ་དཔེ་བླངས་ནས་བཟོས་པ་ལ་རྒྱུ་མཚན་གང་ཡོད་ནི་མི་ཤེས། སྐབས་དེར་ཉི་ཧོན་ནི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་ཡིད་ཆེས་ཆེན་པོ་བྱེད་ཡུལ་ཞིག་ཡིན་པ་ནི་ཉི་ཧོན་ནས་དྲག་རྩལ་དགེ་རྒན་གདན་དྲངས་ནས་བོད་དམག་ལ་དྲག་རྩལ་བསླབས་པ་དང་། ཁོང་རང་ཉིད་ཀྱིས་ཀྱང་པེ་ཅིང་དུ་བཅའ་བཞུགས་ཉི་ཧོན་གྱི་གཞུང་ཚབ་པ་ལ་འབྲེལ་བ་མཛད་པ། ཁོང་རི་བོ་རྩེ་ལྔར་བཞུགས་སྐབས་སུ་ཡང་ཉི་ཧོན་གྱི་ཆོས་བྱེད་མི་སྣ་བརྒྱུད་ནས་ཉི་ཧོན་གཞུང་ལ་འབྲེལ་བ་གནང་བ། སྐབས་དེར་ཚ་སྤྲུལ་ངག་དབང་བློ་བཟང་ཉིད་ཀྱི་སྐུ་ཚབ་ཏུ་ཉི་ཧོན་དུ་མངགས་པ་སོགས་མཛད་པ་རེད། སྐབས་དེར་ཉི་ཧོན་ནི་གླིང་ཆེན་ཨེ་ཤ་ཡའི་ནང་ནས་མགོ་མཐོ་ཤོས་ཀྱི་ཡུལ་སྡེ་ཞིག་ཡིན་སྟབས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་ཉི་ཧོན་ལ་སྲིད་དོན་གྱི་ཕྱོགས་ནས་རྒྱབ་སྐྱོར་མཉམ་ལས་གནང་འདོད་ཡོད་པ་དང་། ཆོས་ཕྱོགས་ནས་དམ་ཚིག་མཐུན་ལམ་ཡོད་པ་སོགས་ཀྱི་ཤུགས་རྐྱེན་སླེབས་པ་མིན་ནམ་སྙམ། ཞིབ་འཇུག་གྱིས་དང་དེའི་སྐོར་ལ་ཕྱི་མིས་བྲིས་པའི་ཞིབ་འཇུག་ཤོག་བུ་འདྲ་བོ་མང་པོ་མཐོང་རྒྱུ་འདུག
འོད་གསལ་ལགས། ཡིག་ཟམ་དང་རྒྱལ་སྤྱིའི་ཡིག་ཟམ་སོགས་ཚིག་གི་སྤུ་རིས་འབྱེད་ལ་སྤྲོ་ན་མི་ལེགས་ཞུ་རྒྱུ་མེད། ༡༽ ཡིག་གེ་སྐུར་གཏོང་རེས་ཙམ་རྒྱ་ནག་ལ་ལོ་ལྔ་སྟོང་གོང་ནས་ཡོད་མོད།དེ་ལྟ་བུའི་རེ་འགའ་བ་ཡིན་པ་ལ་ཡིག་ཟམ་ཞེས་བརྗོད་མཁན་མ་མཐོང་། ཡིག་ཟམ་གྱི་ལས་ཁུངས་། སྒྲིག་གཞི། དུས་ཡུན། འགྲོ་སོང་སོགས་འཐུས་སྒོ་ཚང་ཞིང་གྲ་འགྲིགས་ཤོས་ནི་ཇིང་གིར་རྒྱལ་པོའི་དུས་རབས་སུ་བྱུང་བ་ལྟ་བུ་སྔོན་གྱི་ལོ་རྒྱུས་གང་དུ་ཡང་མ་གྲགས། རྒྱ་བོད་ཀྱི་དེབ་ཐེབ་ཐེར་དུ་མ་གྲགས་པ་ཉིད་ཀྱིས་ཐག་བཅད་པ་ལ་སུ་ཡིད་རྟོན། ཡོན་རྒྱལ་རབས་ཀྱི་གསང་བའི་ལོ་རྒྱུས་ཆེན་མོ་ཞེས་པ་༡༣༨༢་ལོར་རྒྱ་ནག་ཡི་གེར་བསྒྱུར་པ་དང་། ཉེ་་དུས་དབྱིན་ཡིག་ཏུ་ཡོད་པ་གཟིགས་དང་ཉིད་ཀྱི་མ་རིག་འི་མགོ་ལ་རྡོག་ཐོ་ཞིག་རྒྱག་ཐུབ་ངེས་རེད། མ་ཟད་ཐ་ཐར་མི་རིགས་ཀྱི་ལོ་གཅིག་སྟོང་ཞེས་པ་ལའང་མགོ་ནས་མཇུག་བར་ལན་གཅིག་གཟིགས་དང་ཐུགས་ཀྱི་མུན་པ་སེལ་བར་ངེས། ༢༽ རྒྱལ་དར་དང་དམག་དར་གཉིས་ལ་གནའ་བོའི་དུས་སུ་ཁྱད་པར་ཆེར་མེད། འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་སྐབས་ཞིག་ནས་ཁྱད་པར་བཟོས་པ་ཞིག་རེད། བོད་ལ་གནའ་བོའི་དམག་དར་དེ་ལས་རྒྱལ་དར་ཡོད་པ་གང་དུའང་མ་གྲགས། ཡོད་ན་ཁུངས་སྟོན་དང་དགའ་བསུ་ཞུ་ངེས། བོད་ཀྱི་དམག་དར་ལ་བརྟེན་རྒྱལ་དབང་བཅུ་གསུམ་པའི་དུས་སུ་ཉི་ཧོང་གི་མཁས་དབང་ཆིང་མོའུ་་སློབ་དཔོན་ཟེར་བས་(青木教授)བོད་ལ་རྒྱལ་དར་བཟོས་པ་བདེན་པ་རེད། ཁོ་རང་གི་ལོ་རྒྱུས་སུ་བྲིས་འདུག་པས་གཟིགས་རོགས། །སྐུ་ཉིད་ཚིག་གི་ཞིབ་ཆ་ལ་ཐུགས་མཉེས་པོ་ཡོད་ཚོད་འདུག་མོད། གནའ་བོའི་ལོ་རྒྱུས་དང་ཡིག་རྙིང་ལ་ཞིབ་འཇུག་བྱེད་སྐབས་ཚད་ལ་ཕབས་པའི་རྒྱ་མོ་རྐང་ཐོ་མའི་ལྷམ་དེ་མི་ཆེན་གྱི་རྐང་ལྷམ་མི་ཡོང་པའི་སྐབས་ཀྱང་ཡོད་པས་མཁྱེན་པར་མཛོད། །
འོད་གསལ་ལགས། ཡིག་ཟམ་དང་རྒྱལ་སྤྱིའི་ཡིག་ཟམ་སོགས་ཚིག་གི་སྤུ་རིས་འབྱེད་ལ་སྤྲོ་ན་མི་ལེགས་ཞུ་རྒྱུ་མེད། ༡༽ ཡིག་སྐུར་གཏོང་རེས་ཙམ་རྒྱ་ནག་ལ་ལོ་ལྔ་སྟོང་གོང་ནས་ཡོད་མོད།དེ་ལྟ་བུའི་རེ་འགའ་པ་ལ་ཡིག་ཟམ་ཞེས་བརྗོད་མཁན་མ་མཐོང་། ཡིག་ཟམ་གྱི་ལས་ཁུངས་། སྒྲིག་གཞི། དུས་ཡུན། འགྲོ་སོང་སོགས་འཐུས་སྒོ་ཚང་ཞིང་གྲ་འགྲིགས་ཤོས་ནི་ཇིང་གིར་རྒྱལ་པོའི་དུས་རབས་སུ་བྱུང་བ་ལྟ་བུ་སྔོན་གྱི་ལོ་རྒྱུས་གང་དུ་ཡང་མ་གྲགས། རྒྱ་བོད་ཀྱི་དེབ་ཐེར་དུ་མ་གྲགས་ཞེས་ཉིད་ཀྱིས་ཐག་བཅད་པ་ལ་སུ་ཡིད་རྟོན། ཡོན་རྒྱལ་རབས་ཀྱི་གསང་བའི་ལོ་རྒྱུས་ཆེན་མོ་ཞེས་པ་(༡༣༨༢་)ལོར་རྒྱ་ནག་ཡི་གེར་བསྒྱུར་པ་དང་། ཉེ་་དུས་དབྱིན་ཡིག་ཏུ་ཡོད་པ་གཟིགས་དང་ཉིད་ཀྱི་མ་རིག་པའི་མགོ་ལ་རྡོག་ཐོ་ཞིག་རྒྱག་ཐུབ་ངེས་རེད། མ་ཟད་ཐ་ཐར་མི་རིགས་ཀྱི་ལོ་གཅིག་སྟོང་ཞེས་པ་ལའང་མགོ་ནས་མཇུག་བར་ལན་གཅིག་གཟིགས་དང་ཐུགས་ཀྱི་མུན་པ་སེལ་བར་ངེས། ༢༽ རྒྱལ་དར་དང་དམག་དར་གཉིས་ལ་གནའ་བོའི་དུས་སུ་ཁྱད་པར་ཆེར་མེད། འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་སྐབས་ཞིག་ནས་ཁྱད་པར་བཟོས་པ་ཞིག་རེད། བོད་ལ་གནའ་བོའི་དམག་དར་དེ་ལས་རྒྱལ་དར་ཡོད་པ་གང་དུའང་མ་གྲགས། ཡོད་ན་ཁུངས་སྟོན་དང་དགའ་བསུ་ཞུ་ངེས། བོད་ཀྱི་དམག་དར་ལ་བརྟེན་རྒྱལ་དབང་བཅུ་གསུམ་པའི་དུས་སུ་ཉི་ཧོང་གི་མཁས་དབང་ཆིང་མོའུ་་སློབ་དཔོན་ཟེར་བས་(青木教授)བོད་ལ་རྒྱལ་དར་བཟོས་པ་བདེན་པ་རེད། ཁོ་རང་གི་ལོ་རྒྱུས་སུ་བྲིས་འདུག་པས་གཟིགས་རོགས། །སྐུ་ཉིད་ཚིག་གི་ཞིབ་ཆ་ལ་ཐུགས་མཉེས་པོ་ཡོད་ཚོད་འདུག་མོད། གནའ་བོའི་ལོ་རྒྱུས་དང་ཡིག་རྙིང་ལ་ཞིབ་འཇུག་བྱེད་སྐབས་ཚད་ལ་ཕབས་པའི་རྒྱ་མོ་རྐང་ཐོ་མའི་ལྷམ་དེ་མི་ཆེན་གྱི་རྐང་ལྷམ་མི་ཡོང་པའི་སྐབས་ཀྱང་ཡོད་པས་མཁྱེན་པར་མཛོད། ། (ཡིག་ནོར་བཅོས། )
གནའ་སྔ་མོའི་དུས་སུ་བཙན་པོའི་དམག་དཔུང་འདྲེན་དུས་སུ་སྟོང་སྡེ་སོ་སོར་རུ་དར་མི་འདྲ་བ་འཕྱར་རྒྱུ་ཡོད་ཚུལ་ཆོས་འབྱུང་མཁས་དགའ་ལས་ཅུང་ཟད་གསལ་འདུག དེ་མིན་རྒྱལ་དར་ཟེར་བ་ཞིག་ཡོད་ཚོད་མི་འདུག ཐང་ཡིག་ལས་བོད་ཀྱི་སྐོར་མང་པོ་བྲིས་འདུག་མོད་བོད་ཀྱི་རྒྱལ་དར་གྱི་སྐོར་ཞིག་ནི་མི་འདུག
དམག་དར་ལ་དབྱེ་ན་རུ་བཞི་རྒྱལཔོའི་དར་དང་ལྔར་ཕྱེས་པ་མང་། སོག་པོ་དང་མཉྫུའི་སྐབས་སུ་གུང་རུའམ་དབུས་རུའི་དར་དེ་རྒྱལ་པོའི་དར་རེད། གུང་རུ་དང་དབུས་རུ་གཅིག་ཡིན་པའི་སྐབས་དང་། སོ་སོ་ཕྱེ་བའི་སྐབས་ཀྱང་ཡོད། །ཚིག་ལ་རྩོད་ན་རྒྱལ་པོའི་དར་དང་རྒྱལ་དར་གཅིག་མིན་བྱས་ན་ཆོག་མོད། སྔོན་ཆད་དབུས་དར་དེ་ལས་རྒྱལ་པོ་དང་རྒྱལ་ཁབ་ལ་དར་དམིགས་སར་ཞིག་ཀྱང་མེད་ཚོད་རེད། མཉྫུའི་སྐབས་སྤྱི་དར་ཟེར་བ་རེ་ཡོད་པ་དམག་སྤྱི་ཆེན་མོའམ་བཀོད་འདོམས་པའི་དར་རང་རེད། དེ་ལ་རྒྱལ་དར་ཞེས་བཏགས་པའི་ཡིག་ཆ་མ་མཐོང་། བོད་ཀྱི་སྤྱི་དར་སྟག་སེང་ཁྱུང་འབྲུག་ཡོད་པའི་རླུང་རྟའི་དར་བོ་ཆེ་ཡིན་ནམ་སྙམ་པས་དཔྱད་འཚལ། །ཐང་ཡིག་གསར་རྙིང་དུ་བོད་ཀྱི་དམག་མི་དང་འཚོ་བར་འབྲེལ་བའི་སྐོར་མང་དུ་བྱུང་བར་ཡང་རྒྱལ་དར་བྱ་བ་ཡེ་ནས་མེད། བོད་ཀྱི་རུ་དར་སྐོར་རྒྱས་པ་བློན་པོ་བཀའ་ཡི་ཐང་ཡིག་གི་སྟོང་སྡེའི་དམག་རྟ་ལ་དཔྱད་པའི་སྐོར་ན་བཞུགས། སེངྒེ་ཁ་སྤྲོད་ཀྱི་དར་གཡོ་རུ་སྟོད་ཀྱི་དམག་དར་ཡིན་པར་བཤད་ཡོད་དེ། གཡོ་རུ་སྟོད་ཀྱི་དམག་དཔོན་ནི། །མྱང་སྟག་བཟང་གཡུ་བརྟན་བྱ་བ་ཡིན། །རུ་རྟ་ནི་སྣག་གི་བྱ་མ་ཞོན། །རུ་དར་ནི་སེངྒེ་ཁ་སྤྲོད། །རུ་སྒབ་ནི་ཞང་མ་བཞེངས་སྟོས་ཆུང་། །ཡིག་ཚང་ནི་ཟངས་ཀྱི་ཡི་གེ། །དམག་བཞེད་ནི་ཞ་ཉེའི་ཐེམ་བུ་བརྡོལ་བ་འདྲ། །མགོ་གྲངས་ནི་སུམ་འབུམ་ལྔ་ཁྲི་ཡོད། །ཅེས་བཤད་པར་གཟིགས་འཚལ། །རྣམ་སྲས་སྲིན་གསེབ་མའི་ལོ་རྒྱུས་སུའང་རུ་དར་སྐོར་བཞུགས། །
གནམ་ལོ་གསར་པར་བཀྲ་ཤིས་བདེ་ལེགས་ཞུ། བོད་ཀྱི་རྒྱལ་དར་བཟོས་སྐོར་པའི་སྐོར་སློབ་དཔོན་ཆེན་མོ་ཆིང་མོའུ་་ལགས་ཀྱི་(བོད་བསྐྱོད་ཟིན་ཐོ)ལ་གཟིགས། 《西藏滯在記》ཁོང་དང་བོད་ཀྱི་འབྲེལ་བ་ཤེས་པར་འདོད་ན་རྒྱལ་དབང་བཅུ་གསུམ་པའི་ལོ་རྒྱུས་ལ་གཟིགས་དང་། བློ་སྐྱེད་འབྱུང་བར་ངེས། 1965年在東京出版了英文版的《十三世達賴喇嘛》(Three Thirteenth Dalai Lama, The Centre for Asian Cultural Studies, Tokyo.)一書
བོད་ཀྱི་རྒྱལ་དར་བཟོས་པའི་་སྐོར་སློབ་དཔོན་ཆེན་མོ་ཆིང་མོའུ་་ལགས་ཀྱི་(བོད་བསྐྱོད་ཟིན་ཐོ)གོ་བདེར་བསྒྱུར་བ་ཡིན། རྒྱ་ཡིག་གི་དོན། བསྡད་པ། གནས་པ། རེ་ཞིག་བསྡད་པ་སོགས་ལ་འཇུག ཉི་ཧོང་གི་ཡི་གེའི་དོན་དངོས་(བོད་དུ་ཅུང་ཟད་བསྡད་པའི་ཟིན་ཐོ)འམ་(བོད་དུ་འགག་པའི་་ཟིན་ཐོ) འགག་ཟེར་དོན་སྐབས་དེར་དམག་འཁྲུགས་མང་པས་འགྲིམ་འགྲིལ་དེ་ཙམ་བདེ་བོ་མེད་པས་བསམ་བཞིན་དུ་བྲིས་པ་འདྲ། 《西藏滯在記》ཕལ་ཆེར་ལམ་འགག་པ་སོགས་སུ་བསྒྱུར་ཡང་རུང་བར་སེམས།
དྲི་མེད་ལྷག་བསམ་ལགས་་ཀྱིས་གསུངས་པ་ཧ་ཅང་བདེན། ཡུལ་སྡེ་དེ་མཚོན་བྱེད་ཀྱི་དར་དང་རྒྱལ་པོ་རྒྱལ་མོ་མཚོན་བྱེད་ལ་དར་ལོགས་སུ་ཡོད། དབྱིན་ཡུལ་གྱི་རྒྱལ་མོ་ཚང་ལ་དར་ཆ་ཡོད་པ་དེ་དབྱིན་ཡུལ་གྱི་དར་ཆ་མིན།
གྲོགས་པོ་ཚོ། འདི་ན་ཡང་Alexander Berzinཟེར་བས་བྲིས་པའི་རྒྱལ་བ་རིན་པོ་སྐུ་ཕྲེང་བཅུ་གསུམ་པ་དང་ཉི་ཧོང་གི་བར་གྱི་འབྲེལ་བ། བོད་ཀྱི་རྒྱལ་དར་བཟོས་ཚུལ། སྐབས་དེར་ཨུ་རུ་སུ་དང་ཉི་ཧོན་བོད་བཅས་ཀྱི་བར་གྱི་སྐོར་ལ་གླེང་མོལ་བྱས་པའི་རྩོམ་རིང་པོ་ཞིག་འདུག དབྱིན་ཡིག་གི་ཁ་བྱང་གཤམ་གསལ་འདི་རེད། Russian and Japanese Involvement with Pre-Communist Tibet: The Role of the Shambhala Legend
རྩོམ་འདི་དྲ་ཐོག་ནས་ཀློག་ཐུབ། བདེན་རྫུན་སྣ་ཚོགས་བྲིས་འདུག ཡིན་ན་ཡང་བསམ་བློ་གཏང་ས་འདུག ཞིབ་འཇུག་ཀྱང་བྱས་འདུག
ཁྱེན་རྣམ་པས་ཉི་ཧོང་ཟེར་ནས་འབྲི་བཞིན་འདུག་མོད་ཉི་ཡིག་ཧི་ར་རྒ་ནིའི་སྦྱོར་ཀློག་བྱས་ན་ཉི་ཧོན་ཟེར་ནས་འདོན་དགོས་པ་འདྲ་ཞིག་འདུག ངས་ཁན་ཅི་ནི་བཅུ་ཕྲག་ཁ་ཤས་ལས་ཀློག་མི་ཤེས། ཡིག་འབྲུ་གཅིག་ཡིན་ཡང་དག་པོ་རེ་འབྲི་ཐུབ་ན་ཡག་པོ་འདུག
དྲི་མེད་ལྷག་བསམ་ལགས། ཁྱེད་ཀྱི་གོང་དུ་འབྲུག་ལ་བོད་དང་མ་འབྲེལ་བའི་ལོ་རྒྱུས་རྙིང་པ་ཞིག་མེད་ཟེར་བ་དེ་ལ་ངས་བསམ་བློ་ཞིག་བཏང་བ་ཡིན། ཁྱེད་ཀྱིས་ཡིག་ཐིོག་གི་ལོ་རྒྱུས་གསུངས་པ་ཡིན་ན་དེ་རེད། སྤྱིར་ན་དེང་སང་ཞིབ་འཇུག་པས་བྲིས་པའི་དེབ་གཅིག་གཉིས་ཤིག་ང་ལ་ཡོད། དེའི་ནང་དུ་འདི་ལྟར་བྲིས་འདུག འབྲུག་གི་ད་ལྟའི་རྫོང་ཁ་ཞེས་པའི་སྐད་ཡིག་ཅན་གྱི་མི་སྡེ་འདི་བོད་དབུས་གཙང་ནས་གློ་བུར་དུ་ལྷགས་པའི་གཞིས་སྤོས་པ་རེད། དེའི་སྔོན་དུ་གཉུག་མར་གནས་པའི་སྡེ་ཚོ་དེའི་སྐད་ནི་རྫོང་ཁ་བོད་སྐད་མིན་པའི་སྐད་ཡིག་གཞན་ཞིག་ཡོད་པར་བཤད་འདུག འབྲུག་ལ་ཞིབ་འཇུག་བྱེད་བསམ་ན་རྙིང་མའི་བླ་མ་ཁ་ཤས་ཀྱི་རྣམ་ཐར་ན་འབྲུག་ཆེན་ངག་དབང་རྣམ་རྒྱལ་གྱིས་ཡུལ་དེ་དབང་བསྒྱུར་མ་བྱས་སྔོན་གྱི་སྐོར་ཅུང་ཙམ་རེ་བྲིས་འདུག
ཉི་ཧོང་ལ་ཉི་ཧོན་དང་། ལོ་གསར་ལ་ལོ་སར་དུ་བསྒྱུར་ན། Dalai Lama ཞེས་པ་ talai lama. ཞེས་འབྲི་ན་ཏ་ལའི་བླ་མའི་སྒྲ་ཇི་མ་ཇི་བཞིན་དུ་བསྒྱུར་བས་དེེ་ལྟར་འབྲི་འོ།།
སྔར་འབྱུང་བོད་ཁྲི་རལ་སྔོན་གྱི་ལོ་ལུས་གསལ་བ་སྤྱི་དང་། ཁྱད་པར་རྒྱལ་བློན་དང་དཔའ་རྟགས་གོ་མཚོན་གྱི་རིགས་ཅིག་གླིང་གེ་སར་གྱི་སྒྲུང་དང་སྦྱར་ནས་གསར་དུ་ཚོད་དཔག་བྱེད་ཐུབ་པ་མི་ཉུང་བ་ཅིག་མེད་འགྲོ་སྙམ་ལགས། ད་དེང་སང་ཆབ་སྲིད་ཛ་དྲག་གི་དུས་སུ་སྙིང་པོ་ཡོད་མེད་ཀྱང་མི་ཤེས་སོ། །
སྤོབས་པ་མཐའ་ཡས་ལགས། ངག་རྒྱུན་ལོ་རྒྱུས་དང་། སྐད་ཡིག་རིགས་པས་དཔྱད་དོན་གྱིས་བདེན་དཔང་དངོས་མི་ནུས། ཀཿཐོག་པ་བསོད་ནམས་རྒྱལ་མཚན་སོགས་སྔོན་གྱི་བླ་མ་འབྲུག་ཡུལ་དུ་ཕེབས་མྱོང་མཁན་དང་། ཕྱིས་སུ་འབྲུག་པ་ཀུན་ལེགས་སོགས་འབྲུག་ལ་རྒྱུས་ཆེ་ཤོས་མིན་ནམ། གོང་དུ་འབྲུག་ཡུལ་རྒྱ་ནག་གི་ཁོངས་སུ་གཏོགས་ཟེར་དོན། ལྷ་སྲས་གཙང་མ་ཟེར་བའི་ལོ་རྒྱུས་མཐོང་མ་སོང་། ༡གཙོ་བོ་ཐང་རྒྱལ་རབས་སྐབས་སུ་མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལགས་ཁང་བཞེངས་ཚུལ། ༢རིན་སྤུང་པའི་སྐབས་སུ་མོན་ཡུལ་བོད་ཀྱི་འོག་ཏུ་སྡོད་མ་འདོད་པར་གོང་མ་མིང་རྒྱལ་པོ་ལ་ཐད་གར་འབྲེལ་བ་བྱས་ནས་འབངས་སུ་ཁས་བླང་ཚུལ། ༣མཉྫུའི་དམག་གོར་བོད་ཆེད་ལྷ་སར་འབྱོར་དུས་འབྲུག་གི་་སྐུ་ཚབས་ཚོགས་པ་ཆེད་གཅར་གྱིས་མངའ་འབངས་སུ་ཁས་བླངས་པར་མ་ཟད། རྒྱ་ནག་གོང་མས་དམག་དཔོན་ཆེན་པོ་ཧྥུ་ཁང་ཨན་ལ་བདག་སྤྲད་པ་དང་། དེས་ལྷོ་བྲག་སྡེ་སྲིད་ཀྱི་ཁོངས་སུ་བཅུག་པར་འབྲུག་པས་དེ་ཙམ་དགའ་མོས་མ་བྱས་ཀྱང་། རེ་ཞིག་དེ་ལྟར་ཐག་བཅད་ཚུལ་སོགས་བྲིས་འདུག རྒྱ་ནག་གི་ལག་ཏུ་འབྲུག་པ་རང་གིས་དཔོན་ཆེན་ཧྥུ་ཁང་ཨན་ལ་ཕུལ་བའི་ཡི་གེ། སྔ་མོའི་དུས་ནས་གོང་མ་བདག་པོ་ཆེན་པོའི་མངའ་འབངས་ཡིན་ཚུལ་བྲིས་ཡོད་པ་ཞིག་ཡོད་རབས་བཤད་འདུག དེ་ལ་རྩད་གཅོད་མང་པོ་བྱས་པ་ཡིན་ཏེ་ཕྲན་ལྟ་བུའི་ཁས་དམན་དབང་ཆུང་ཞིག་གིས་ངོས་བཤུས་ཙམ་ཡང་མཇལ་ཐུབ་རེ་མི་འདུག །
བོད་རྒྱལ་སིལ་བུ་འཐོར་བའི་ནག་ཉེས་དེ་ཆོས་ཅན། རྒྱལ་པོ་གླང་དར་མ་བཀྲོངས་མཁན་ལ་འགེལ་དགོས་ན་ཁྲི་རལ་པ་བཀྲོངས་མཁན་ལ་ཡང་གཅིག་མཚུངས་སུ་འགེལ་དགོས་པར་ཐལ། སྔོན་ཁྲི་རལ་པ་ཅན་མ་བཀྲོངས་ན་གླང་དར་མ་ཡང་བཀྲོངས་དགོས་མེད་པའི་ཕྱིར་རོ། ། ་་་་་ཟེར་བ་ཤིནད་ཏུ་བདེན་ནོ། །
སྐུ་ཞབས་དྲི་མེད་ལྷག་བསམ་ལགས།
ལན་ཞུ་རྒྱུར། རྩ་འཛུགས་ལེགས་པོ་དང་བྱེད་ལས་ཚད་མཐོན་པོ་ལྡན་པའི་ཡིག་ཟམ་ནི་ཇིང་གིར་རྒྱལ་པོའི་སྔོན་དུ་དར། ཡེ་ཤུ་མ་འཁྲུངས་སྔོན་སྤྱི་ལོ་དྲུག་པའི་ནང་རོལ་དུ་སྟག་གཟིག་གོང་མ་ས་ཡེ་རུ་སི་དང་། ཡེ་ཤུ་འཁྲུངས་སྔོན་དང་བོའི་ནང་གི་རོ་མན་གོང་
རྒྱལ་པོ་གཉིས་ཀྱི་དུས་སྐབས་སུ་ཡིག་ཟམ་ལེགས་པོ་བྱུང་། གཞན་ཡང་ཡིག་ཟམ་ཟེར་བ་ལས་སྦྲག་ཟམ་ཟེར་ན་མི་ལེགས་སམ། སྦྲག་སྐུར་སྐབས་སུ་ཡི་གེ་ཙམ་མ་ཡིན་པར་དངོས་རྫས་གཞན་དག་བཏང་གི་ཡོད་པ་རེད།
གཞན་ཡང་གནའ་བོའི་ལོ་རྒྱུས་ཀྱི་སྒང་དུ། དམག་དར་གྱི་རིགས་སྣ་ཚོགས་པ་བྱུང་ཡོད་ཀྱང་། དེ་དག་རྒྱལ་དར་རུ་བརྩི་ན་ག་ལ་འོས། གནའ་བོའི་སྐབས་སུ་དར་ཆ་རྣམས་མི་རུ་ཤོག་དང་དམག་སྡེ་རེ་རེ་མཚོན་བྱེད་ཙམ་ལས་རྒྱལ་ཁབ་མཚོན་གྱི་མེད། ཁྱེད་ཀྱིས་རྒྱལ་དར་དང་དམག་དར་གྱི་ཁྱད་པར་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་ཀྱི་སྐབས་སུ་བྱུང་བ་རེད་ཅེས་སྨྲ་བ་འཐད་མི་འོས། དུས་རབས་བཅུ་གསུམ་པའི་སྐབས་སུ་ཌེན་མག་རྒྱལ་ཁབ་ལ་རྒྱལ་དར་བཟོས་ཡོད་པ་མཁྱེན་རོགས། །
དྲི་མེད་ལྷག་བསམ་ལགས་ཀྱིས་འབྲུག་ལ་བོད་དང་མ་འབྲེལ་བའི་ལོ་རྒྱུས་རྙིང་པ་ཞིག་མེད་གསུངས་པ་ཡིག་ཐོག་གི་ལོ་རྒྱུས་ཡིན་ན་བདེན་པ་རེད། ཡིག་ཐོག་གི་ལོ་རྒྱུས་ལ་ཡང་དེང་སང་ཡོད་པའི་འབྲུག་ཡུལ་གྱི་ཆ་ཤས་ཤིག་སྟེ་བོད་དང་འདབས་སྦྲེལ་དུ་ཡོད་པའམ་འབྲུག་ནུབ་ཕྱོགས་དང་ཤར་ཕྱོགས་ཀྱི་ཆ་ཤས་ཅིག་མ་གཏོགས་འབྲུག་ཤར་ཕྱོགས་ཀྱི་ཆ་ཤས་རྒྱ་གར་དང་འདབས་སྦྲེལ་ཏེ་ཡོད་པ་དང་ལྷོ་ཕྱོགས་ཀྱི་ལོ་རྒྱུས་མི་གསལ། དེང་སང་རྒྱ་གར་ཨ་སམ་ཁུལ་དུ་ཡོད་པའི་མིར་ཅ་ཞེས་པའི་མི་རིགས་རྣམས་ཀྱིས་ཁོང་གི་ཡིག་ཐོག་ཏུ་འབྲུག་ཤར་ཕྱོགས་ཀྱི་ལོ་རྒྱུས་འགའ་ཞིག་ཡོད་ཅེས་བཤད་བཞིན་འདུག་ཟེར། གང་ལྟར་ངག་རྒྱུན་ལྟར་ན་བོད་དང་འདབས་སྦྲེལ་ཏེ་ཡོད་པའི་འབྲུག་མི་རྣམས་ཀྱིས་བོད་དང་འབྲེལ་བ་བྱས་པ་དང་། རྒྱ་གར་དང་འདབས་སྦྲེལ་ཏེ་ཡོད་པ་རྣམས་ཀྱིས་རྒྱ་གར་དང་འབྲེལ་བ་བྱས་ཡོད་ཚུལ་བཤད་སྲོལ་ཡོད། ཀ་ཐོག་པ་བསོད་ནམས་རྒྱལ་མཚན་ནི་འབྲུག་ཡུལ་སྤ་གྲོ་ཙམ་ལ་མ་གཏོགས་གཞན་ལ་ཕེབས་མེད་བསམ། དེ་བཞིན་བོད་ནས་ཕེབས་པའི་བླ་མ་མང་ཆེ་བས་བུམ་ཐང་དང་སྤ་གྲོ་སྤུངས་ཐིམ་ཕྱོགས་དང་འབྲུག་ཡུལ་ཤར་ཕྱོགས་སུ་ཀུར་སྟོད་སེང་རྫོང་རྣམས་སུ་ཕེབས་པ་ལས་འབྲུག་ཡུལ་གཞན་དཔེར་ན་བསམ་གྲུབ་ལྗོངས་མཁར་དང་དགེ་ལེགས་ཕུ་པདྨ་དགའ་ཚལ་སོགས་སུ་ཕེབས་མེད་པ་མ་ཟད། དེ་ཡང་གདུལ་བྱའི་ཕྲིན་ལས་བསྐྱངས་ཏེ་ཕེབས་པ་མ་གཏོགས་སྲིད་དོན་གྱི་ཆེད་དུ་ཕེབས་པ་མིན་ལ་སྲིད་དོན་གྱི་བྱ་བ་སྟེ་དཔྱ་ཁྲལ་ལེན་པ་སོགས་ཡང་གང་ཡང་བྱས་པའི་ལོ་རྒྱུས་མེད། འབྲུག་པ་ཀུན་ལེགས་ཀྱང་འབྲུག་དབུས་དང་ནུབ་ཕྱོགས་སུ་མ་གཏོགས་ཤར་ཕྱོགས་སུ་ཕེབས་མེད།
རིན་སྤུངས་པའི་སྐབས་སུ་མོན་ཡུལ་བོད་ཀྱི་འོག་ཏུ་སྡོད་མ་འདོད་པར་རྒྱ་ཡི་འོག་ཏུ་འཛུལ་ཡོད་ཟེར་བ་ནི་མ་བདེན་པའམ་ཡང་ན་མོན་ཡུལ་གྱི་ལུང་པ་གཅིག་ཡིན་སྲིད་སྙམ། དེ་ཡང་རིན་སྤུངས་པས་བོད་མངའ་དབང་བསྒྱུར་དུས་ཕལ་ཆེར་དུས་རབས་༡༦པའི་སྨད་ཙམ་ལ་ཡིན་སྙམ་པ་ཡོད་ལ། དེ་དུས་འབྲུག་ཡུལ་དུ་བོད་ཀྱིས་མོན་ཞེས་བོད་ཀྱི་ཡོད་ཀྱང་། མོན་ཡུལ་ཞེས་པ་ལུང་པ་གཅིག་མིན་པར་ལུང་པ་མང་པོ་ཞིག་གི་སྤྱི་མིང་ཡིན་ལ། ལུང་པ་ཀུན་ལ་དབང་བསྒྱུར་བའི་རྒྱལ་པོ་མེད་པར་ལུང་པ་རེ་ལ་རྒྱལ་པོ་རེས་དབང་བསྒྱུར་བྱས་ནས་བསྡད་ཡོད་རེད། ཞབས་དྲུང་ངག་དབང་རྣམ་རྒྱལ་འབྲུག་ལ་ཕེབས་དུས་ཀྱང་དེ་ལྟར་ཡོད་པ་ལས་ལ་ལ་ཞབས་དྲུང་དམག་གིས་བསད། ལ་ལ་ཡུལ་ཕུད་དེ་ཞབས་དྲུང་གིས་འབྲུག་ཡུལ་ཀུན་ལ་དབང་བསྒྱུར་བྱས་པ་རེད། ལུང་པ་རེ་ལ་རྒྱལ་པོ་རེ་ཡོད་ཚུལ་ནི་ཞབས་དྲུང་གིས་འབྲུག་ཡུལ་དབང་བསྒྱུར་བྱས་པའི་ལོ་རྒྱུས་རྣམས་སུ་ཡང་གསལ་ཞིང་། མ་ཟད་སྔོན་གྱི་མདོ་དམང་སོགས་གསུང་རབ་རྟེན་བཞེངས་ཀྱི་དཀར་ཆག་རྣམས་སུ་ཡང་གསལ་ཡོད། དེ་ལྟར་ཡིན་ཙང་སྔོན་མོན་ཡུལ་ལ་ལུང་ཚན་མང་དུ་ཡོད་པ་ལས་ལུང་ཚན་བྱེ་བྲག་པ་གཅིག་རིན་སྤུངས་པའི་འོག་ཏུ་ཡིན་སྲིད་མོད་ཀྱང་། དེང་སང་གི་འབྲུག་ཡུལ་ནི་དེ་དུས་ཀྱི་མོན་ཡུལ་ཀུན་བསྡོམས་པ་ཡིན་པས་དེ་དུས་ཀྱི་མོན་ཡུལ་བྱེ་བྲག་པ་གཅིག་གིས་དེང་དུས་ཀྱི་འབྲུག་ཡུལ་གྱི་ཚབ་མཚོན་མི་ནུས་སྙམ།
ལྷ་སར་འབྲུག་པའི་སྐུ་ཚབ་ཀྱིས་རྒྱ་ནག་གི་འོག་ཏུ་ཞུགས་རྒྱུའི་ཁས་བླངས་ཕུལ་སོང་ཟེར་བ་ནི་ཕལ་ཆེར་རྒྱལ་བ་སྐུ་ཕྲེང་༡༣པའི་སྐབས་སུ་ཡིན་པ་འདྲ། འབྲུག་པའི་ལོ་རྒྱུས་རྣམས་སུ་ནི་དེ་དུས་རྒྱ་ནག་གི་སྐུ་ཚབ་ཨམ་བན་ཞེས་པ་ཞིག་གིས་འབྲུག་ཡུལ་དུ་བཙན་འཛུལ་བྱས་ཏེ་འབྲུག་ཧད་ཕྱོགས་ལ་སླེབས་ཡོད་པ་དང་། དེ་དུས་འབྲུག་པ་རྒྱལ་པོས་རྒྱ་གར་དུ་ཡོད་པའི་དབྱིན་གཞུང་ལས་རྒྱབ་སྐྱོར་བླངས་ཏེ་ཨམ་བན་སླར་བོད་དུ་སློག་ཚུལ་བཤད་སྲོལ་ཡོད། ད་ནི་སུ་བདེན་ཤེས་ས་མ་རེད།
འོད་གསལ་ལགས། སྦྲག་ཟམ་ལྟ་བུ་ཞིག་རྒྱ་ནག་ལ་ལོ་ངོ་སུམ་སྟོང་གོང་ནས་ཡོད་པ་དང་། ཀོ་རི་ཡའི་སྒྲུང་དེབ་ཞིག་ཏུ་ཐང་རྒྱལ་རབས་སྐབས་སུ་དར་རྒྱས་ཆེན་པོ་ཡོད་ཚུལ་བཤད་འདུག དཔེར་ན་ཀོ་རི་ཡ་ནས་ཐང་རྒྱལ་ཁབ་དང་།དེ་ནས་དར་ལམ་བརྒྱུད་ཏ་ཟིག་གི་ཡུལ་ཚུན་ཆོད་ལ་ཡོད་པར་བཤད་འདུག དེ་ལྟ་བུའི་ལས་ཁུང་ནི་སྒེར་བ་དམག་ཤུགས་ཅན་རྣམས་དང་། སྐབས་རེར་ཇག་ཚོགས་ཀྱིས་སྟངས་འཛིན་བྱས་པའང་ཅི་རིགས་ཡོད། དེ་ལ་སྦྲགས་ཟམ་མི་ཟེར། འགན་སྲུང་ཁང་དང་སྐུ་སྲུང་ཁང་ཟེར། ཅ་ལག་ཡི་གེ་གང་ཞིག་བསྐུར་ནའང་ཆིངས་ཡིག་བྲིས། ལམ་ཐག་དང་དངོས་པོ་ལ་དཔག་པའི་རིན་ཚད་གཏན་འབེབས་བྱེད་པ་དང་། དུས་ཚོད་ངེས་ཅན་གྱི་ནང་དུ་འཕྲོད་ངེས་བྱེད་ཀྱིས་ཡོད། འཆར་ཅན་དུ་གྲང་བའི་ས་ཁུལ་ནས་དབྱར་ཀ་ལམ་དུ་ཞུགས་ཅིང་ཚ་བའི་ས་ལ་དགུན་དུས་སྡོད་པ་སྟེ་ལོ་གཅིག་གི་ནང་ལ་ལན་གཅིག་རེ་དང་། བཀའ་ཤོག་དང་དངོས་པོ་རྩ་ཆེན། དོན་དག་གལ་ཆེན་ལ་དམིགས་སར་གྱིས་ཚོགས་ཆུང་བཙུགས་ནས་སྐྱེལ་གནང་གི་ཡོད། དེ་ལྟ་བུ་ལ་སྒྲིགས་གཞི་ཞིག་ཡོད་ཀྱང་རྒྱུན་ལྡན་མ་ཡིན་པས་སྦྲགས་ཟམ་མམ་ཡིག་ཟམ་དང་མི་འདྲ། ཡང་བཀའ་འདྲི་ཞུ་རྒྱུ་ལ། ཌེན་མག་ཟེར་བ་དེ་དབྱིན་ཡིག་ཏུ་ཅི་ལྟར་འབྲི་དགོས། རྒྱལ་ཁབ་དེའི་དམག་སྤྱིའི་དར་དང་རྒྱལ་དར་ལ་ཁྱད་པར་ཡོད་དམ། དེ་གཉིས་གཅིག་ཡིན་ཚེ་དེ་ཡང་དམག་མི་གཙོ་བོའི་དར་གྱི་ཁོངས་སུ་འདུ་བར་སེམས།
འབྲུག་དཀར་པོ་ལགས། མོན་ཞེས་པ་འབྲུག་པའི་སྤྱི་མིང་ཡིན་ཀྱང་རྒྱལ་ཁག་དུ་མ་ཡོད་པ་བདེན་པས་ཉིད་ཀྱི་བཞེད་པ་ལས་ཁ་གསལ་བཤད་རྒྱུ་མེད། སྐབས་དེར་མོན་གྱི་རྒྱལ་པོ་ཞེས་ཚབ་མཚོན་བྱེད་དེ་ཕལ་ཆེར་སྤ་གྲོ་ཡིན་ནམ་སྙམ། འབྲུག་རྒྱ་ནག་འོག་ཏུ་འཛུལ་བའི་ལོ་རྒྱུས་ལོ་སུམ་བརྒྱའི་ནང་དུ་ཐེངས་མང་པོ་བྱུང་མྱོང་ཡོད་ཟེར། དེ་ཡང་རྒྱ་ནག་གི་བཤད་སྲོལ་རེད། བདེན་པ་ཡིན་མིན་མི་ཤེས། ལོ་རྒྱུས་དང་ཡིག་ཆ་གསལ་བོ་ཡོད་ཟེར་བ་དེ། ༡༧༩༣་ཡས་མས་ཞྭ་དམར་དོན་རྐྱེན་བྱུང་སྐབས་སྟེ་གོར་བོད་དམག་འཁྲུགས་སྐབས་རེད། དམག་དཔོན་ཆེན་མོ་ཧྥུ་ཁང་ཨན་ཟེར་བ་དེ་རྒྱ་ནག་གོང་མའི་་ཉེ་་འབྲེལ་དང་སྲས་མོའི་དམག་པ་གཉིས་ཀ་རེད། དེ་ལ་ཕུལ་བའི་ཡི་གེ་ཞིག་ཡོད་ཅེས་རྫིག་གཏམ་བཤད་གནང་གི་ཡོད་པ་རེད། རྒྱ་ཡིག་ཏུ་རྒྱལ་དབང་བཅུ་གསུམ་པའི་སྐབས་དེ་སྨྲས་པ་ཙམ་ལས་ཞིབ་ཆ་མི་འདུག ཡང་དྲི་བ་ཞིག་ནི། འབྲུག་རང་བཞེད་དུ་ད་ལྟའི་འབྲུག་རྒྱལ་པོ་དེའི་རིགས་བོད་ཀྱི་ལྷ་སྲས་ཀྱི་གདུང་ཡིན་ནམ། མི་རབས་ཀྱི་ལོ་རྒྱུས་གཙང་མ་བཞུགས་ཨེ་ཡོད། འབྲུག་གི་གཞུང་ཡིག་ཏུ་དགོན་སྡེ་ག་ཚོད་ཡོད། ཆོས་བརྒྱུད་སོ་སོའི་མི་གྲངས་གསལ་བོ་ཞིག་གནང་བར་ཞུ།།
སྤྱིར་སྟངས་བོད་པས་སྔ་མོ་ཞིག་ནས་སེང་གེ་ལ་མཐོང་ཆེན་བརྩི་སྲོལ་ཡོད་འདུག། བོད་རྒྱལ་རིམ་བྱོན་གྱི་དབུ་ལ་་་དར་ལ་སེང་དཀར་མོའི་འགྱིང་ཐོད་ལ་བྱ་རྒྱལ་རྒོད་ཀྱི་ལྡེམ་ཕོད་བཙུགས་པ་་དང་་་དབྱི་དཀར་སྤྱང་དཀར་གྱི་སླག་པ་ལ་སྟང་གཟིག་གུང་གསུམ་གྱི་གོལ་ལག་བཏང་བ་་་བཅས་བསྣམ་སྲོལ་ཡོད་པ་བསྟན་འདུག། དཔེར་ན་སྲོང་བཙན་སྒམ་པོའི་་་ལ་ཐོད་དཀར་པོ་་་ལ་བྱ་རྒྱལ་རྒོད་ཀྱི་ལྡེམ་ཕོད་ཚབ་དུ་་བན་དེའི་སྐུ་འདྲ་ཞིག་བཙན་གྱིས་བརྫངས་པ་ལྟ་བུ་རེད། རྒྱལ་དར་དང་དམག་དར་གང་ཡིན་ཀྱང་སྔོན་བོད་རྒྱལ་བཙན་པོ་དམག་ལ་འཆས་དུས་ནམ་མཁར་ཕྱར་རྒྱུ་ཞིག་ནི་གཏན་གཏན་ཡོད་ས་རེད། ད་དུང་སྒྲ་བླ་དང་ཝེར་མ་དང་དཔའ་ཐུལ་སོགས་དམག་ལ་འབོད་དུས་་་་མཐོ་ནམ་མཁའ་དར་གྱིས་ཆོད་ལ་ཤོག། ས་གཞི་དམག་གིས་ཆོད་ལ་ཤོག་་་་ཟེར་ནས་འདོན་སྲོལ་འདུག། དཔེར་ན་བོན་ལུགས་སུ་་་མདའ་དར་་་ཞེས་པ་ཕྱྭ་ཁུག་གཡང་ཁུག་བྱེད་དུས་མདའ་ལ་དར་ཚོན་སྣ་ལྔ་བཏགས་ནས་དེ་ལ་མེ་ལོང་དང་རིན་ཆེན་རིགས་ཀྱིས་རྒྱན་ཏེ་ལག་པར་འཁྱེར་ནས་གཡབ་རྒྱུ་ཡོད། མདའ་དར་དེ་གྲོང་པ་སོ་སོའི་ནང་དུ་གཡང་རྟེན་ལའང་ཉར་སྲོལ་འདུག། དེའི་མདའ་དེ་དངོས་ནས་བྱས་ན་དམག་ས་ནས་རྒྱལ་ཁ་ཐོབ་པའི་མདའ་དེ་འདྲ་དགོས་ཀྱི་ཡོད་པ་འདྲ་འདི་ངའི་བསམ་ཚུལ་ཡིན། ད་དུང་དཔེ་ཆ་མང་པོའི་ནང་དུ་་་་རྒྱལ་མཚན་་་ཞེས་པ་ཞིག་ཡོང་གི་འདུག། དེང་སང་གཟུགས་སུ་མཐོང་བ་ནི་དགོན་པའི་ཐོག་དང་དར་ཆེན་གྱི་རྩེ་དང་བཀྲ་ཤིས་རྟགས་བརྒྱད་ནང་གསལ་པ་དེ་རེད། བོན་དཔེ་གང་ཞིག་ནང་་་གཡུང་དྲུང་གཏམས་པའི་བྲག་ཐོག་ཏུ། མི་ནུབ་རྒྱལ་མཚན་འཛུག་པར་ཤོག། ཟེར་ནས་འདོན་སྲོལ་ཡོད།
ང་ཚོ་བོད་ལ་སྔོན་མ་ཞིག་ནས་་་བང་ཆེན་་་ཟེར་བ་ཞིག་ཡོད་འདུག། ཡི་གེ་དང་ལོན་་་ཡང་ན་དངོས་རྫས་དེ་འདྲ་འཁྱེར་མཁན་ཞིག་ཡིན་ས་རེད། དེ་ག་དུས་བྱུང་བ་ཡིན་ནམ།
དུས་ཚོད་ཀྱིས་རྐྱེན་པས་ཞིབ་འབྲི་བྱེད་ཐུབ་མ་སོང་། །
དབྱི་དཀར་སྤྱང་དཀར་གྱི་སླག་པ་ལ་སྟག་གཟིག་གུང་གསུམ་གྱི་གོང་ལག་བཏང་བ་་བཅོ་རོགས་གནང།
བོན་པོ་ལགས། དུས་རབས་བདུན་པ་ནས་བོད་ལ་སེངྒེ་དང་འབྲེལ་བ་ཏན་ཏན་བྱུང་འདུག ནང་པའི་གཞུང་ནས། ཤཱཀྱ་སེངྒེ་དང་། སེངྒེའི་ང་རོ། སེངྒེའི་ཀ་ཐོ། སེངྒེའི་ཁྲི། སེངྒེའི་དར་སོགས་ཁྱབ་བརྡལ་དུ་བྱུང་འདུག གཅིག་བྱས་ན་བོན་རང་ལ་དེ་འདྲ་ཞིག་ཡོད་སྲིད། ད་ལྟ་ཁྱབ་ཆེ་བ་དང་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བ་ནི་རྒྱ་གར་ནག་གཉིས་རེད། རྒྱ་ནག་ལ་ནང་ཆོས་དར་ནས་སེངྒེ་དར་རྒྱས་ཕྱིན་པ་ཁོ་རང་གི་མཁས་པ་ཚོས་གླེང་གི་འདུག དེས་ན་རྒྱ་གར་གྱི་རྡོ་རིང་དང་ལྷ་ཡི་ཞོན་པ། མི་ཡི་མིང་ལ་སོགས་པར་སེངྒེས་ཁྱབ་པ་མཐོང་ཆོས་སུ་གྱུར་པས་དེ་ལས་བྱུང་ངམ་བརྟགས། མདའ་དར་ནི་བོད་ཀྱི་མི་ཚང་རེ་བཞིན་ལྷ་མིའི་སྲོག་མཁར་ཆགས་པའི་རྟེན་དུ་འཛུག་པ་བདེན་པ་རེད། ཡོངས་ཁྱབ་ཏུ་མདའ་ལ་རྩིས་ཆེན་བྱེད་མཁན་བོད་སོག་གཉིས་ལྟ་བུ་འཛམ་གླིང་ཡུལ་གྲུ་གང་དུའང་ཡོད་ཚོད་མི་འདུག གཞན་ཡང་མ་ནི་ཆོས་ལུགས་དང་། ས་མན་ཆོས་ལུགས། ཨིན་ཌི་ཨན་ཆོས་ལུགས་སོགས་གདོད་མའི་ཆོས་ལུགས་མང་ཆེ་བར་ལྷ་གསོལ་བ་དང་གཡང་འབོད་ཀྱི་ལག་ཆར་བརྩི་བ་གཅིག་མཚུངས་རེད།
སེང་གེ་ཟེར་བའི་མིང་ཁོ་ན་རྒྱ་གར་གྱི་སྐད་རེད། བོད་ལ་རྒྱ་གར་རིག་གནས་ནང་འདྲེན་བྱས་པ་དང་དུས་མཚུངས་སུ་སླེབས། དེ་ཉིད་བོད་ཀྱི་དམག་དར་སྟེང་དུ་སེང་གེ་བཀོད་སྲོལ་ཡང་རྒྱ་གར་རིག་གནས་ནང་འདྲེན་བྱས་ཚུན་ལ་ཡིན་པར་ཐག་ཆོད།
སེག་གེ་ཟེར་བའི་ཚོག་འདི་མཐའ་གཅིག་ཏུ་རྒྱ་གར་ནས་བྱུང་བ་ཡིན་པར་གླེང་མི་ཐུབ། དེང་དུས་ཀྱི་རྒྱ་གར་ལ་ཆ་བཞག་པ་ཡིན་ན་མིའི་མིང་ཟུར་ལ་་་་སེང་་་ཟེར་བ་མང་ཆེ་བ་རྒྱ་གར་བྱང་ཕྱོགས་ཀྱི་མི་རེད། རྒྱ་གར་བྱང་ཕྱོགས་པ་མང་ཆེ་བ་སྔོན་ཞང་ཞུང་དང་བོད་ཀྱི་ཆར་གཏོགས་པའི་མི་རིགས་ཡིན་པར་སྣང་། ཡང་ན་ཞང་ཞུང་གི་རིག་གཞུང་དང་ཆེར་འབྲེལ་བའི་མི་རིགས་ཤིག་ཡིན་པ་རེད། དཔེར་ན་རྒྱ་གར་བ་མང་ཆེ་བས་སེང་གེ་ལ་་་་ཤཱེར་་་་ལབ་སྲོལ་འདུག་་་་དེ་ཡང་་་མཱ་ཧཱ་ཤཱེ་རོང་བཱ་ལི་་་ཟེར་བ་ལྟ་བུ་རེད། འདམ་སེང་ལ་ཡང་་་ཤཱེར་་་ཟེར་ལབ་སྲོལ་འདུག། རྒྱ་གར་བ་མང་ཆེ་བས་སྟག་ལ་་་བཱག་་་ལབ་སྲོལ་འདུག། དེ་འདྲ་ཡིན་དུས་་་སེང་་་ཟེར་བའི་སྒྲ་ཕྱོགས་འདྲ་བ་ཞིག་རྒྱ་གར་བས་འབོད་ཀྱང་་་གེ་་་་ཟེར་བ་དེ་ག་བ་ནས་བྱུང་བ་ཡིན་ནམ། ཡི་གེ་ཉིས་རྩིག་འབྲི་སྲོལ་ཡོད་ཙམ་གྱིས་དེ་ཉིད་རྒྱ་གར་ནས་བྱུང་ཡིན་པར་ཁུངས་ག་ལ་འཕེར། །
ཨ་མ་མ། ད་ས་དར་ཇི་དེ་ཚོ་ཡང་བོན་པོ་རེད་ཟེར་གི་འདུག ཧ་ཧ་ཧ་ཧ། རྩེད་མོ་ཡིན་ན་ཐལ་དྲག དངོས་གནས་ཡིན་ནའང་ཐལ་དྲག སྣ་འཐེན་ནས་ཁ་ལ་བཅུག་ཡ་གི་ལས་ཀ་རང་རེད།
ཨ་མ་མ། ད་ས་དར་ཇི་དེ་ཚོ་ཡང་བོན་པོ་རེད་ཟེར་གི་འདུག ཧ་ཧ་ཧ་ཧ། རྩེད་མོ་ཡིན་ན་ཐལ་དྲག དངོས་གནས་ཡིན་ནའང་ཐལ་དྲག སྣ་འཐེན་ནས་ཁ་ལ་བཅུག་ཡ་གི་ལས་ཀ་རང་རེད།།
Kashmirཁཱ་ཆེའི་ཡུལ་དེ་སྔོན་མ་དུས་མཚམས་ཤིག་ལ་ནང་བསྟན་རྒྱལ་ཁབ་ཡིན་པ་རེད་་་དེང་སང་ཕལ་ཆེར་་མུ་སི་ལིམ་་གྱུར་ཚར་བ་རེད། དེ་འདྲ་ཡིན་དུས་འགྱུར་ལྡོག་ཟེར་བ་སུ་ལ་ཡིན་ནའང་ཡོང་གི་རེད་བ། །
བོད་རྒྱལ་སིལ་བུ་འཐོར་བའི་ནག་ཉེས་དེ་ཆོས་ཅན། རྒྱལ་པོ་གླང་དར་མ་བཀྲོངས་མཁན་ལ་འགེལ་དགོས་ན་ཁྲི་རལ་པ་བཀྲོངས་མཁན་ལ་ཡང་གཅིག་མཚུངས་སུ་འགེལ་དགོས་པར་ཐལ། སྔོན་ཁྲི་རལ་པ་ཅན་མ་བཀྲོངས་ན་གླང་དར་མ་ཡང་བཀྲོངས་དགོས་མེད་པའི་ཕྱིར་རོ། ། ་་་་་ཟེར་བའི་གཏམ་དེ་ལ། འོ་ན་་་འབྲུག་ཡུལ་རང་བཙན་རགས་བ་དེ་བོད་པའི་དཀའ་དྲིན་ཉག་གཅིག་ཡིན་པར་ཐལ། ཞབས་དྲུང་ངག་དབང་རྣམ་རྒྱལ་བོད་པ་གཙང་མ་ཡིན་པ་གང་ཞིག་ཁོང་གིས་བཙུགས་པའི་རྒྱལ་ཁབ་ཡིན་པའི་ཕྱིར། ཡང་ན་་་བོད་པ་མེད་ན་འབྲུག་ཡུལ་རང་བཙན་དུས་ནམ་ཡང་མི་ཐོབ་སྟེ། ཞབས་དྲུང་ངག་དབང་རྣམ་རྒྱལ་བོད་པ་ཡིན་པ་གང་ཞིག་ཁྱེད་མེད་ན་འབྲུག་ཡུལ་ཟེར་བའི་རྒྱལ་ཁབ་དུས་ནམ་ཡང་འབྱུང་མི་སྲིད་པའི་ཕྱིར་རོ། ། སྐད་ཆ་འདི་འདྲ་བཤད་ན་རྒྱུ་མཚན་འདུག་གམ། །
དྲྭ་གྲོགས་རྣམ་པས་དྲྭ་རྒྱ་འདིར་གཟིགས་རོགས་རིན་བྲལ་རྩོམ་ཡིག་མང་པོ་འདུག། སྔོན་མ་བོད་ཡུལ་ས་མཐོར་གཅན་གཟན་་་སྟག་་་འཚོ་གནས་བྱེད་ཀྱི་ཡོད་རབས་དབྱིན་ཇིའི་མཁས་པ་ཞིག་གིས་བྲིས་འདུག། སྐར་ཁུང་རྩོམ་བསྒྱུར་བ་ཚོས་དྲྭ་རྒྱ་འདིར་གསལ་བའི་རྩོམ་ཡིག་རྣམས་བོད་ཡིག་ཐོག་ཕབ་ཐུབ་ན་ཡག་པོ་ཡོང་བ་འདུག། །
http://www.tibetarchaeology.com/august-2012/
གངས་ཅན་ས་མཐོར་་་སྟག་་་འཚོ་གནས་བྱེད་ཀྱི་ཡོད་པའི་དན་རྟགས་འདིར་འདུག། དེ་འདྲ་ཡིན་དུས་སྟག་དང་འབྲེལ་བའི་ལོ་རྒྱུས་ཡོད་ཚད་རྒྱ་གར་ནས་བྱུང་བ་ཞིག་ཡིན་དགོས་ས་མ་རེད་དོ།
http://news.bbc.co.uk/earth/hi/earth_news/newsid_8998000/8998042.stm
བཙན་པོ་འུ་དུམ་མས་བོད་མི་རིགས་ལ་གནོད་པའི་བྱ་བར་རྒྱལ་གཅེས་དཔལ་རྡོར་པས་བསད་པ་ནི་འོས་པ་རེད།
ཁྱེད་ཀྱི་་་རྒྱལ་གཅེས་དཔལ་རྡོར་་་་བས་ལས་ཉེས་ཀྱིས་་་་་བོད་བཙན་པོའི་གསེར་ཁྲི་་་་་སྟོང་པ་བཟོས་པ་རེད། དེ་རིང་གི་བར་ཐལ་རྡུལ་གྱི་ཁྲོད་དུ་གཟིམས་པར་བྱས་སོ། །
རྒྱལ་གཅེས་པ་ཁོང་གིས་རང་གི་སྲོག་ལའང་མ་བལྟས་པར་བོད་མི་རིགས་ཆེད་བཙན་པོར་བརྫུ་བའི་མི་ངན་བསད་པས་བློ་བདེ་པོ་བྱུང་།
དར་མ་རང་གི་སྲས་འོད་སྲུངས་དང་ཡུམ་བརྟན། ཁྲི་རལ་པའི་སྲས་ལྷ་སྲས་གཙང་མ་ཡོད་པས་གསེར་ཁྲི་སྟོང་སྟངས་མེད་དོ།།
བན་དེའི་ཆོས་ལུགས་ཀྱི་འཚོ་བ་གཞན་ལ་བརྟེན་པའི་ལམ་ལུགས་དེ་བོད་མི་རིགས་ཀྱི་ཆེད་དུ་ཡིན་འགྲོ། རང་གི་གཅེས་པའི་རྒྱལ་ཁབ་འཐོར་ཞིག་ཏུ་སོང་ཀྱང་ད་དུང་བློ་བདེ་བར་གནས་ཐུབ་ན་ཁྱོད་བོད་མིར་སྐྱེས་པའི་གོ་མ་ཆོད་རེད། །
བོད་ཤོར་ནས་བློ་བདེ་ཐབས་མེད། གལ་ཏེ་རྒྱལ་གཅེས་པ་ཁོང་གིས་སྲོགི་འགྲོ་སོང་བཏང་མེད་ན་བོད་ཀྱི་མིང་སྔ་ནས་ཡལ་ཟིན་པར་འདོད།
དེས་ན་རྒྱལ་གཅེས་པ་ཁོང་གིས་བྱ་བཞག་ལ་བློ་བདེ་དགོས་པ་དེ་བོད་པ་ཡོད་དོ་ཅོག་གི་ལས་འགན་རེད་འདོད།
སྐུ་ཞབས་དྲི་མེད་ལྷག་བསམ་ལགས། ཌེན་མག་ཞེས་པ་དབྱིན་ཡིག་ཐོག་ལ་Denmark ཞེས་འབྲི། སྦྲག་ཟམ་གྱི་ལུགས་སྲོལ་ནི་ཇིང་གིར་རྒྱལ་པོ་མ་ཕེབས་སྔོན་དུ་དར་ཡོད། སོག་པོའི་གོང་མ་རྣམས་དང་ལྷག་ཏུ་སེ་ཆེན་རྒྱལ་པོའི་རིང་ལ་སྦྲག་ཚིགས་ཆིག་སྟོང་བཞི་བརྒྱ་སོགས་བཙུགས་ནས་སྔར་བས་ལྷག་པར་སྦྲག་ཟམ་གོང་འཕེལ་དུ་བཏང་བ་བདེན་མོད། ཁོ་ཚོ་དེའི་ལུགས་སྲོལ་དང་བོར་གཏོད་མཁན་ག་ལ་ཡིན། ལོ་རྒྱུས་སྒང་ལ་ད་ལྟ་ནང་བཞིན་སྦྲག་ཟམ་མྱུར་ཞིང་སྟོབས་ཤུགས་ལྡན་པ་བྱུང་མེད། ད་ལྟའི་སྦྲག་ཟམ་དང་བསྡུར་ཚེ་སོག་པོའི་དེའང་ཧ་ཅང་རྗེས་ལུས་ཡིན་པས། ཁྱེད་ལྟར་ན་སྦྲག་ཟམ་གྱི་ལུགས་སྲོལ་དེ་ད་ལྟའི་དུས་སྐབས་ལ་དབུ་ཚུགས་པ་རེད་ཅེས་འདོད་དགོས་པར་འགྱུར
སྐུ་ཞབས་འོད་གསལ་ལགས།༡༽་Denmarkརྒྱལ་ཁབ་ཀྱི་དར་ཆ་དེ་ཡང་དམག་དར་རེད་འདུག དམག་རྒྱལ་བ་དང་རྒྱལ་ཁབ་ཀྱི་སྤྱི་དར་བྱས་ཚུལ་རྒྱལ་ཁབ་ཀྱི་གཞུང་འབྲེལ་དྲ་རྒྱའི་ངོས་ན་ཡོད་པ་གཤམ་གསལ། Denmark.1219年,丹麥國王曾經為教宗遠征利沃尼亞的異教徒,國王瓦爾德馬二世帶領在戰況不利下祈禱勝利,一面紅白十字的旗幟從天而降,頓時丹軍士氣大增,戰況亦大為好轉,這面旗子成為了丹麥國旗。據說這面國旗是世界上最早的第一面國旗.འདི་ལ་ཉི་ཧོང་གིས་མཁས་པ་ཐེན་ཀྲུན་ཟེར་བ་ཞིག་གིས་ཆོས་ལུགས་དར་ཆ་དེའི་ཁྱབ་ཁོང་གི་སྤྱི་དར་བྱས་པ་འཛམ་གླིང་གི་ཡུལ་གྲུ་དུ་མར་ཡོད་པས་Denmarkརྒྱལ་ཁབ་ཀྱི་དར་ཆ་ཡང་ཆོས་དར་རེད། རྒྱལ་དར་ཐོག་མའི་སྲོལ་འབྱེད་བྱས་ན་མི་རུང་ཚུལ་བརྗོད་འདུག ༢༽ ཡིག་འབྲེལ་དང་སྐྱེལ་འདྲེན་ཡིག་ཟམ་ཇིང་གིར་རྒྱལ་པོའི་སྔོན་ནས་ཡོད་པ་ཕྲན་གྱིས་གོང་དུ་ཞུས་ཟིན། སྦྲག་ཟམ་སྦྲགས་ཚིག་འཆར་གཞི་ལྡན་པ་ཇིང་གིར་སྐབས་སུ་བྱུང་ཞེས་བཤད་པ་ཡིན། གནའ་བོའི་ལུགས་སྲོལ་ཞིག་ཡོད་པ་ཡར་རྒྱས་བཏང་བ་ཡིན་སྲིད། སོག་པོའི་གོང་མ་རྣམས་ཞེས་པ་སུའི་སྐབས་ལ་ཞུ། སོག་པོ་གཅིག་འགྱུར་གནང་མཁན་ཇིང་གིར་ཧན་ཡིན་པ་ཡིག་ཐོག་དང་དངོས་རྫས། ངག་རྒྱུན་ཡོངས་ལ་གྲགས། སོག་པོ་གོང་མ་ཞིག་གི་སྐབས་སུ་སྦྲག་ཚིག་ཡོད་པའི་ཡིག་ཆ་འདུག་ན་ཕྲན་ལ་གསུང་དང་གསེར་སྤྱི་རྒྱ་གང་སྤྲད་པ་ལས་ཀྱང་རྩ་ཆེན་དུ་བརྩི་ངེས། སེ་ཆེན་སོག་པོ་ཇིང་གིར་ཧན་གྱི་གོང་དུ་བརྩི་བ་ནོར་འཁྲུལ་རེད། ཇིང་གིར་ཕལ་ཆེར་(༩༡༡༦༢་་་༡༢༧༧)་བར་བྱུང་བ་རེད། སེ་ཆེན་ནམ་ཧོབ་ལི་ཧན།(༡༢༡༥་ནས་༡༢༩༤)བར་བྱུང་བ་རེད། དེས་ན་ཇིང་གིར་སྔོན་གྱི་སོག་པོའི་གོང་མར་ག་ལ་འགྱུར། ད་ལྟའི་སྐབས་ཀྱི་སྦྲག་ཟམ་ལུགས་སོར་གསར་བ་དེ་ད་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བཞིན་ད་དུང་སྔོན་ཞིག་ལ་བྱུང་བ་རེད་ཟེར་ན་མངོན་སུམ་ལ་བསྙོན་པ་ལས་འོས་མེད་པས་སོ། །
སྐུ་ཞབས་དྲི་མེད་ལྷག་བསམ་ལགས།
ཁྱེད་ཀྱིས་ངས་མཆན་བུ་ལ་ཀློག་ཉེས་ཆེན་པོ་བྱུང་འདུག །ཡང་སྐྱར་གཟིགས་དང་། སེ་ཆེན་རྒྱལ་པོ་ཇིང་གིར་གི་སྔོན་དུ་བྱུང་བ་ཞིག་ལབ་མེད། སོག་པོའི་གོང་མ་རྣམས་ནི་དུས་རབས༡༣དང་༡༤བའི་རིང་གི་སོག་པོའི་ས་སྐྱོང་རྣམས་ལ་འགྲེལ་གྱི་ཡོད། སེ་ཆེན་རྒྱལ་པོ་ནི་ཇིང་གིར་གྱི་ཡང་སྲས་དང་ཡོན་རྒྱལ་རབས་ཀྱི་དབུ་འཛུགས་མཁན་རེད།
ལོ་རྒྱུས་པ་མང་བོས་ཌེན་མག་གི་དར་ཆ་དེ་ནི་དུས་ཡུན་རིང་ཤོས་ཀྱི་རྒྱལ་དར་དུ་བརྩི་སྟེ། འཛམ་གླིང་ནང་དུ་དོན་རྐྱེན་ཡ་མཚན་པ་རྣམས་ཁྱབ་བསྒྲགས་བྱེད་པའི་ལོ་རེའི་དུས་ཐོ་ཆེན་མོ་Guinness World Records ༢༠༡༠པར་བཀོད་པའི་ནང་དུ་དེ་ལ་Oldest state flag རྒྱལ་དར་རྙིང་ཤོས་ཞེས་པའི་མིང་ཐོབ། Stateཞེས་པའི་ཚིག་དེ་དོན་མང་བོར་འཇུག་ཀྱང་སྐབས་འདིར་རྒྱལ་ཁབ་ལ་གོ་དགོས། ཌེན་མག་གི་དར་ཆ་ལ་Dannebrog ཞེས་སུ་འབོད་ཅིང་། དེ་དུས་རབས་༡༣ པར་བྱུང་ནས་ད་ལྟའང་བཀོལ་སྤྱོད་བྱེད་བཞིན་པའི་རྒྱ་གྲམ་གྱི་རྟགས་ཅན་་དེ་རེད། རྒྱ་གྲམ་དེ་ནི་ཡེ་ཤུའི་མཚོན་རྟགས་ཡིན་ཀྱང་དེ་རང་ངོས་ནས་ཆོས་ལུགས་ཀྱི་དར་ཆར་མི་འཇོག །དཔེར་ན་བོད་ཀྱི་རྒྱལ་དར་ངོས་སུ་ཆོས་ལུགས་ཀྱི་མཚོན་དོན་དུ་མ་ཡོད་ཀྱང་ཆོས་ལུགས་ཀྱི་དར་ཆར་མི་བརྩི་བ་དང་མཚུངས། ཌེན་མག་གི་རྒྱལ་དར་དཔེར་བྱས་ནས་སི་བར་ཌིན་དང་། ནོར་ཝེ། ཨེ་སི་ཀན་ཌི་སོགས་ཡོ་རོབ་བྱང་མའི་རྒྱལ་ཁབ་རྣམས་ཀྱིས་དར་ཆ་བཟོས་པ་རེད།
དེས་ན་ཁྲི་སྲོང་གི་སྐབས་ཀྱི་བོད་ལྟ་ཅི་ཞོག།དེའི་སྐབས་ཀྱི་འཛམ་གླིང་གི་རྒྱལ་ཁབ་སུ་ལའང་རྒྱལ་དར་ཡོད་པ་མ་རེད། གནས་སྔོན་མར་རུ་དར་དང་དམག་དར་བྱུང་ཡོད་པ་བཞིན་དུ། བོད་ལའང་དེ་དག་སྔར་ནས་ཡོད་ཅིང་། མཁས་པའི་དབང་བོ་འཇམ་མགོན་བླ་མ་དགེ་འདུན་ཆོས་འཕེལ་གྱིས་སྔོན་གྱི་རུ་དར་ཚོ་རིམ་གྱིས་ད་ལྟ་བོད་ཡུལ་སྟོད་སྨད་བར་གསུམ་དུ་མཐོང་རྒྱུ་ཡོད་པའི་སྒོ་དར་དུ་འགྱུར་བར་་གསུངས་པ་དོན་ལ་གནས། གེ་སར་གྱི་སྒྲུང་དང་སྲུང་མའི་མཆོད་གསོལ་རྣམས་ཀྱི་ནང་དུ་བ་དན་དང་རུ་དར་གྱི་སྐོར་མང་བོ་འབྱུང་གི་ཡོད། ང་རང་ཆུང་དུས་ནས་དེ་ཚོའི་སྐོར་ཀློག་འདོན་གང་མང་བྱས་སྟབས་དར་ཆ་དེ་ཚོ་ག་འདྲ་ཡོད་སྙམ་ནས་མཚར་སྣང་སྐྱེ་གི་ཡོད། རྗེས་སུ་ཉི་ཧོང་གི་གློག་བརྙན་བཟོ་བ་བོ་སྐད་གྲགས་ཅན་ཨ་ཁུ་ར་ཁོ་རོ་སས་བཟོས་པའི་གནའ་བོའི་་ཉི་ཧོང་གི་དབང་སྒྱུར་གྲལ་རིམ་ནང་ཁུལ་གྱི་དམག་འཁྲུག་སྐོར་གྱི་གློག་བརྙན་རྣམས་མཐོང་ཚེ། ཁྲི་སྲོང་དང་གེ་སར་སྐབས་ཀྱི་གཡུལ་འགྱེད་ལ་དངོས་སུ་ཞུགས་ནས་རིང་ནས་གདུང་བའི་རུ་དར་གྱི་དགའ་མའི་ཞལ་རས་དངོས་སུ་མཐོང་བའི་སྣང་བ་ཤར་སོང་། སྐུ་ཚེ་རིང་།
དྲི་བཅས་རྟོག་གེའི་འཇིག་རྟེན་ན། །
མེད་དགག་ལ་སོགས་སྤྲོས་པ་མང་། །
ལྷག་པའི་ལྷ་ཡི་ཞལ་དེ་ནི། །
བསམ་མེད་དོན་ཡིན་དེ་མཐོང་མཛོད། །
ཉི་ཧོང་གིས་ཞིབ་འཇུག་བྱས་པའི་དེབ་ཞིག་ཏུ། Denmarkརྒྱལ་པོ་面國旗ཝར་ཏི་མ་གཉིས་པ་གཡུལ་སར་རང་ཕྱོགས་ཕམ་པའི་ཉེན་ཁར་ཐུག་པ་དང་འཕྲལ་ཏུ་ལྷ་ལ་གསོལ་འདེབས་བྱས་པས། ནམ་མཁའ་ནས་དར་དཀར་པོ་ལ་རྒྱ་གྲམ་དམར་པོས་མཚན་པ་ཞིག་བབས་པ་དང་། ལྷ་ཡིས་མགོན་སྐྱབས་བྱེད་པར་གོ་ནས་དམག་མི་རྣམས་ལ་སེམས་ཤུགས་དྲག་ཏུ་འབར་ཏེ་འཐབ་པས་གཡུལ་ལས་རྒྱལ། དེ་ནས་བཟུང་དར་ཆ་དེ་མི་མངས་ཡོངས་ཀྱིས་ལྷ་ཡི་གནང་བར་ཡིད་ཆེས་ཏེ་བཀྲ་ཤིས་པའི་དངོས་པོ་དང་།དད་རྟེན་བྱེད་པའི་སྲོལ་དུ་གྱུར། ཞེས་Denmarkརྒྱལ་ཁབ་ཀྱི་ཡིག་རྙིང་ཕལ་མོ་ཆེ་ནས་མགྲིན་གཅིག་ཏུ་གསུངས། ཞེས་འཁོད་འདུག རྒྱ་ནག་ལ་ལོ་སྟོང་ཕྲག་ཁ་ཤས་སྔོན་ནས་ལྷ་ཡི་དར་དང་། རྒྱལ་ཁབ་སུ་ཡིན་གྱི་མིང་ཡིག་དང་པོ་བཀོད་པའི་དར་ཆ་ཡོད་པ་དང་ན།ཉི་ཧོང་དུའང་དེ་བཞིན་ཡོད་མོད། དེ་ནི་དམག་རུ་མཚོན་བྱེད་དུ་བརྩི་བ་འདྲ།མ་ཟད་རྒྱ་ནག་ལ་ཧྥུ་ཤི་ཧྲིས་་སྐབས་།ཧ་ལམ་སྤྱི་ལོའི་སྔོན་གྱི་ཧ་ལམ་(༣༠༨༥)སྐབས་སུའང་གསེར་འབྲུག་གི་དར་ཆ་ཡོད་ལ་ད་ལྟ་དྭ་ཅོའི་ཆོས་ལུགས་ཀྱི་ལྷ་ཁང་ཡོངས་ལ་བཞུགས་པའང་ཆོས་ལུགས་ཀྱི་བླ་གནས་མཚོན་པའི་དར་ཆ་ཡིན་པ་ལས་རྒྱལ་ཁབ་ཀྱི་ངོ་བོ་མཚོན་པ་མིན་སྙམ། དེ་ལྟ་བུའི་དར་ཆ་ཅི་རིགས་པ་ཕྱིས་སུ་རྒྱལ་ཁབ་ཀྱི་དར་ཆར་གྱུར་པ་མི་ཉུང་བ་ཡོད་དོ། །
འོད་སྣང་འགྱེད་པའི་དཔྱད་པ་དང། །གསལ་རྗེན་སྟོན་པའི་བདེན་དཔང་གིས། །གནས་མིན་བརྒལ་བའི་རྩོད་པ་ཞི། །ཀུན་དགའི་དཔལ་ལ་རོལ་གྱུར་ཅིག །