ཀླུ་སྨྱོན།
ཀླུ་སྨྱོན། དེང་སང་དྲ་ཐོག་ལ་གཞས་ཀྱང་འཆད་གྲབས་འདུག
གསལ་ལེ་རྒྱལ། ད་ངས་ཁྱོད་ལ་ཅིག་ལེན་དགོས་ས་རེད་ཀོ
ཀླུ་སྨྱོན། སྔགས་པའི་སྔགས་གླུ་ཚོ་ཡང་སྙན་མོ་ཡོད་ནི་རེད། རྒྱ་གར་གྱི་གྲུབ་ཆེན་ས་ར་ཧ་དང་བོད་ཀྱི་མི་ལ་རས་པ་སོགས་ནི་སྔགས་པའི་སྔགས་གླུའི་བླ་བརྒྱུད་ནང་གི་བརྗེད་མི་རུང་བའི་གྲས་ཡིན་ནི་རེད།
གསལ་ལེ་རྒྱལ། ཁྱོད་སྔགས་གླུ་བླང་ནས་ངར་ན་ཐང་མོད་ངས་ལན་ཕོག་ནི་མ་རེད།
གཤམ་གྱི་ཀ་རྟགས་ཅན་ནི་ཀླུ་སྨྱོན་དང་ས་རྟགས་ཅན་ནི་གསལ་ལེ་རྒྱལ་ཡིན།
རྩོམ་ཡིག་གི་འཕྲོ་ཀློགས།
སྒེར་གཅོད་གོང་མ་ཆེན་མོ་སུ་ཏ་ལེན་དང་། མའོ་ཙེ་ཏུང་གིས་ཐུགས་རྗེས་ལེགས་པར་བསྐྱངས་པའི་ཀ་ས་རྣམ་གཉིས་ཀྱི་བཀའ།
ཉི་འོག་ཏུ་འཁོད་པའི་འགྲོ་བ་ཡོངས་སུ་བཀའ་ཁྱབ་བཏང་བའི་གཏམ་འདིར་རྩ་འཛིན་དགོས་པའི་བཅད་རྒྱ་བཀའི་ཕེབས་སྒོར་སུ་གཏོགས་ཀྱི་དྲ་ལམ་ཡི་གེ་བ་ཚང་མས་ཧུར་ཐག་བྱེད་དགོས།
དངོས་གནས་རང་ཟ་ལོས་རྒྱལ་དང་ཀླུ་སྨྱོན་གཉིས་ཀས་ཅང་ཕྲིས་ནི་མ་རེད། ཚིག་བཅད་དམ་དུམ་རེ་བྲིས་ཡོད་ན་ཐང་། དེ་མིན་ད་རྒས་ནས་སྒུར་འགྲོ་དུས་ཅིག་ཕྲིས་ཀྱི་མེད་ནོ་ཤེས་སོང་ཟིག དེ་ཧ་ཅང་ཡག་པོ་རེད། སྤྱིར་བཏང་གང་དུ་ཕམ་ཟིན་པ་དག་གིས་དེ་རིང་གྲོད་པ་རྒྱགས་མཚམས་ཕྱིར་རང་གིས་མ་འཁྱོང་པའི་ལས་དེ་མིས་བྱེད་ཀྱི་ཡོད་དུས་མ་དགའ་ཤི་འགྲོ་ནོ་ཆོས་ཉིད་ཅིག་རེད། དེས་རྒད་པོ་གཉིས་ཀ་འཆི་ཁ་སེམས་དལ་བོ་མེད་པ་བསྟན་དང་ནི་རེད།
ད་ཁྱེད་གཉིས་ལ་སེམས་གཏམ་རེ་ཞུས་ན། སློབ་སྦྱོང་མ་ཡོང་ཡང་། རྒན་མོར་ཡག་པོ་བྱོས་ནས་མ་ཎི་རེ་བགྲང་ན་དེ་གས་འགྲིག་གི་རེད་བསམས་སོང་།
བགྲོ་གླེང་གི་སླ་ངའི་ནང་ལ་རྙོག་ཚ་བོ་ཞིག་དཀྱིགས་ཡོད་ཀི ང་རྙོག་ལ་ཧ་ཅང་དགའ།
བོད་རིགས་སྤྱི་སྐད་དུ་བཅོས་ན།
ཀླུ་སྨྱོན། དེང་སང་ དྲ་ཐོག་ལ་ གཞས་ཀྱང་ འཆད་གྲབས་ འདུག
ས་ལེ་རྒྱལ། ད་ངས་ ཁྱོད་ལ་ གཞས་ཅིག་ ལེན་ དགོས་ས་ རེད།
ཀླུ་སྨྱོན་གྱིས། སྔགས་གླུ་ དེ་ཚོ་ཡང་ སྙན་པོ་ ཡོད་རེད། བླ་བརྒྱུད་ ཁྲོད་དུ་ བརྗེད་ མི་རུང་བའི་ གྲས་ རེད།
ས་ལེ་རྒྱལ་གྱིས། ཁྱོད་ཀྱིས་ སྔགས་གླུ་ བླངས་ནས་ ངར་དང་། ངས་ ལེན་ ཕོད་ས་ མ་རེད།
ཀས། དེང་སང་ རྩོམ་ འབྲི་འདོད་ཀྱང་། དཔྱིད་དུག་ ཕོག་ནས་ འབྲི་ ཐུབ་བགྱིད་ མི་འདུག
སས། ངས་ཅིག་ ཨུ་ཚུགས་ཀྱིས་ བྲིས་བ་ ཡིན་ཡང་། ཆ་ཚང་ མགོ་རྔ་ མེད་པ་ཞིག་ ཆགས་འདུག དྲ་ཐོག་ལ་ བཞག་ན་ མ་བཞག་ན་ བསམ་ནས་ བསྡད་ཡོད།
ཀས། དྲ་ཐོག་ཏུ་ ཞོགས།
སས། དེང་སང་ རྩོམ་གསར་ མེད་ནས་ མུ་གེ་ བྱུང་འདུག
་་་་་་་་་་་
་་་་་་་
་་་
ཁ་སང་ངའི་ལག་ཁྱེར་ཁ་པར་ཐོག་ནས་གྲོགས་པོ་ཞིག་གིས་མཐོ་སྒང་ཞེས་ཁོ་རང་གི་མཆན་མིང་སྤྱད་ནས་ང་རྙོག་ལ་དགའ་ཞེས་མཆན་ཞིག་བཏབ་ཡོད་ཀི དེ་རིང་ངས་བཏབ་པའི་མཆན་མིང་ལ་མཐོ་སྒང་ཞེས་མིང་གཞན་ཞིག་ཤར་སོང་། ངས་མཆན་མིང་འཇུག་སར་བལྟས་རྗེས་ད་བཟོད་ཧ་གོ་བ་ཡིན།
ཀླུ་སྨྱོན་ནི་སྲོལ་རྒྱུན་དང་དེང་རབས་ཀྱི་སྙན་རྩོམ། ནང་ཆོས་དང་འཇིག་རྟེན་གྱི་འཁྲིག་གཏམ་རྗེན་པར་སྨྲ་བ་སོགས་གང་གི་ཐད་ནས་ཀྱང་བྱང་ཆུབ་པ་ཞིག་རེད། ས་ལེ་རྒྱལ་གྱིས་ལོ་བཅུའི་སྔོན་དུ་ཐར་ཐོར་རེ་བྲིས་པའི་རྩོམས་ནི་རང་ཉིད་མགུ་ཙམ་ལས་བལྟ་རྒྱ་དང་རྩོམ་རྩལ་གང་གི་ཆ་ནས་ཀྱང་ཡིག་ངོ་ཆོད་ཙམ་རེད། ལོ་ཤས་ནང་ཁོང་གི་རྩོམ་རྩལ་ཡར་རྒྱས་ཆེན་པོ་ཕྱིན་འདུག་རྗེས་སུ་ཡི་རང་། བོད་ཕྲུག་འདི་འདྲ་མང་པོ་ཞིག་ཡོད་ན་རིག་གཟུང་ལ་ཕན་ཐོགས་ངེས་རེད། བསྔགས་པ་བྱེད་འོས། ཨུ་ཚུགས་འདི་ནི་ངེས་པར་དགོས་རྒྱུ་ཞིག་རེད། བཀྲ་ཤིས་བདེ་ལེགས་ཞུ།
ིཨེ། ཁྱེད་གཉིས་ཀས། བརྗོད་བྱ་གཙོ་བོ་དེ་ཁོག་ལ་སྦས་ནས། ་དོན་མེད་ཀྱི་ངག་འཆལ་ལ་དུས་ཟད། དཔེར་ན། མཛེས་མ་ཚེ་རིང་སྐྱིད་སྐྱིད་ནི་ཁྱེད་གཉིས་ཐུན་མོང་གི་ཐད་པ་བྱེད་པའི་ཡུལ་ཅན་ཡིན་ན། དེའི་ཐད་ལ་ཁྱེད་གཉིས་ཀའི་བསམ་ཚུལ་གླེང་ན་ཤིན་དུ་དོན་སྙིང་ལྡན།
དཔེར་ན་གསལ་ལེ་རྒྱལ་བན་ཆས་དེ་སྔགས་ཆས་ལ་སྒྱུར་དགོས་པ་མཛེས་མ་ཁོང་གི་ཆེད་དུ་མིན་ནམ། ཨ་ཁུ་ཀླུ་སྨྱོན་ཉིན་མཚན་ལྷོ་ཀོ་རི་ཡའི་བརྩེ་གདུང་གི་མུ་འབྲེལ་གློག་བརྙན་གཟིགས་ནས་སྤྱན་གཉིས་ཆུས་བརླན་པ་ཡང་མཛེས་མ་ཁོང་དང་འབྲེལ་བ་ཡོད་པ་མ་ཡིན་ནམ།
ཁྱེད་གཉིས་ཀྱིས་ཁོང་ལ་སེམས་ཤོར་པའི་གོ་རིམ་དང་ལྟ་ཚུལ་ཡོད་པའི་རྩོམ་ཞིག་ཡོད་ན་རིན་ཐང་ཞལ་མི་ཐུབ་པ་ཡིན། སྐུ་མཁྱེན་དགོངས་པ་བཞེས་རོགས།
ཨེ་རེད།
གནའ་དེང་མ་བྱིས་པ་ཡིན་དུས་སུ། །
མི་རྒན་པའི་སྐད་ཆར་ཡིད་ཆེས་ཏེ། །
ཁྱིའི་སྐྱག་པ་ཁ་རུ་བཅུག་པ་དང་། །
ཡང་ཁྱི་སྐྱག་ཐུ་བའི་ནང་བླུགས་ཏེ། །
མཛེས་འཇའ་ཚོན་འཛིན་ཕྱིར་ཐེངས་མང་བརྒྱུགས། །
ད་ལོ་ན་རྒས་ཤིང་འཁོགས་པ་དང་། །
སྣ་རྡོ་ལ་བརྡབས་ཐེངས་མང་པ་ཡིས། །
འཇའ་ཚོན་གྱི་ཁ་དོག་མཛེས་ན་ཡང་། །
དེ་འཛིན་ཐབས་མེད་པ་ད་གཟོད་རྟོགས། །
སྡུག་དེ་ཙམ་མྱངས་ནས་འདུག་པ་ལས། །
ལག་སྨྱུ་གུ་ས་རུ་གཡུགས་པའི་རྗེས། །
མགོ་བཏུམས་ནས་ཉིན་མཚན་གཉིད་ལ་སྐྱིད། །