ཀླུ་སྨྱོན།
ཐབ་ཚང་གི་ཕྱི་སྒོ་ཕྱེ་ཐེངས་རེ་རེར།
ཁ་གཏད་ཀྱི་ཁང་པ་དེར་བསྡད་ཡོད་པའི་བགྲེས་མོ་ཁེར་འདུག་དེར་གྲགས་འགུལ་ཅི་ཡང་མེད་པ་རྒྱུན་ལྡན་ཡིན།
འདི་ལོའི་སྟོན་མཇུག་ནས་བཟུང་།
ངས་མོ་རང་ཚར་གཅིག་ཀྱང་མཐོང་མ་སོང་།
མོ་གྲོངས་ཟིན་པ་ཡིན་ནམ།
ཡང་ན་རང་གི་བུ་ཕྲུག་དང་ཚ་བོ་ཚ་མོ་གང་རུང་ཞིག་གི་ཁྱིམ་དུ་ནང་མི་ལྷན་འཛོམ་གྱི་ཆེད་དུ་སོང་བ་ཡིན།
ཡང་ན། སྨན་ཁང་ཞིག་ཏུ་ཆེས་མཐའ་མཇུག་གི་མཁའ་དབུགས་དེ་རྔུབ་ཏུ་སོང་བ་ཡིན།
ངས་མི་ཤེས། ངས་ངོ་མ་མི་ཤེས།
ཁྱིམ་མཚེས་གཉིས་པ་སྟེ།
བཟའ་ཟླ་གཉིས་དང་བྱིས་པ་གཉིས།
ད་དུང་བྱིས་གཉོར་མ་དབྱིན་སྐད་འཁྱར་འཁྱོར་བཤད་མཁན་དེ།
བྱིས་པ་དེ་གཉིས་ངའི་མིག་མདུན་ནས་སྐྱེས་ཤིང་ཆེ་རུ་འཚར།
བྱིས་པ་དེ་གཉིས་ངའི་མིག་མདུན་ནས་ཞོགས་པ་སྔ་བོར་སློབ་གྲྭར་འགྲོ་བཞིན་ཡོད།
ཁྱིམ་ཚང་ཕྱུག་པོ་ཞིག་ཡིན་མིན་མི་ཤེས་ཀྱང་།
ལྗོངས་རྒྱུར་འགྲོ་ཐེངས་ཅུང་མང་བས།
བཟའ་ཟླ་གཉིས་ཀར་ལས་ཀ་ཡག་པོ་རེ་ཡོད་པ་ཡིན་ནམ།
ཡང་ན།
ཕ་མ་གང་ཞིག་གི་ཤུལ་བཞག་རྒྱུ་ནོར་འབོར་ཆེན་ཞིག་རག་ཡོད་པ་འདྲ།
ཁྱིམ་མཚེས་གསུམ་པ་སྟེ།
ལས་འཁྱུར་ངལ་གསོ་བྱས་ཟིན་པའི་བཟའ་ཟླ་གཉིས།
ཁྱོ་བོ་དེ་ཞོགས་པ་སྔ་བོར་ཡར་ལངས་ནས་མེ་འབུད་ཇ་སྐོལ་བྱེད་ཅིང་།
རྒན་མོ་དེ་ཉི་མ་སུམ་བརྒྱ་དྲུག་ཅུར་ཕྱི་ལོགས་སུ་མི་འགྲོ་བར་ནང་ལས་གང་ཞིག་ལ་མགོ་འཁོར་ནས་སྡོད།
ཁོ་ཚང་གི་མེ་ཏོག་ལྡུམ་ར་ཆེ་རྒྱུ་མེད་པ་དེའི་ནང་དུ།
ཁྱོ་བོ་དེས་བདག་སྐྱོང་ལེགས་པོ་བྱས་པའི་མེ་ཏོག་སྣ་ཚོགས།
དཔྱིད་ཀ་དང་དབྱར་ཁར་དྲི་ཞིམ་འཐུལ་བཞིན་མཛེས་སྡུག་གིས་བཞད་ཡོང་།
ཁྱོ་བོ་དེས་ད་དུང་ལོ་ལོན་ཁེར་འདུག་མ་འདིའི་ཁང་པར་གཙང་སྦྲ་དང་།
ཁང་པའི་གཡས་གཡོན་གྱི་རྩྭ་ངན་བཀོག་ཅིང་ཤིང་ཕྲན་གཏུབ་པ་ཡང་རྒྱུན་ལྡན་ཞིག་ཡིན།
ཁྱིམ་མཚེས་བཞི་པ་ཚང་སྟེ།
གདོང་མདོག་ཉེས་ཤིང་གཟུགས་པོ་རིང་བའི་མི་རྒན་སྐོར་ལོག་ཅིག
བེད་སྤྱོད་མེད་པའི་རླངས་འཁོར་རྙིང་ཧྲུལ་དྲུག་བདུན་ཞིག
ཕྱི་རོལ་གྱི་ལམ་ཁ་དང་སྒོ་རའི་ནང་དུ་ཆེས་མི་སྡུག་པའི་ཚུལ་དུ་འཇོག
ཁང་པ་སྙིང་རྗེ་བོ་དེའི་ཕྱི་རོལ་གྱི་རྩྭ་ལྡུམ་ཚང་མ་བདག་མེད་དུ་འཇོག་པས།
སྐབས་རེར་ཁྱིམ་མཚེས་ཇུས་གཏོགས་ཚ་བོ་ཚོས་ཉེན་རྟོག་པ་སྐད་བཏང་ནས་གྱོད་གཏུགས་ཀྱང་བྱེད།
རིག་གཞུང་དང་ཁོར་ཡུག་མི་འདྲ་བའི་ནང་འཚར་ལོངས་བྱུང་བའི་རྐྱེན་གྱིས།
ང་དང་ངའི་ཁྱིམ་མཚེས་ཚོར་མི་འདྲ་ས་མང་ཞིང་།
ལོ་ངོ་བདུན་གྱི་རིང་།
ཕན་ཚུན་བར་སྐད་ཆ་ཚིག་གཅིག་ཀྱང་བཤད་མྱོང་མེད།
ཡིན་ན་ཡང་འདྲ་ས་གཅིག་རང་ཡོད་པ་ནི།
ལོ་རེ་རེ་བཞིན།
ཉི་འོད་ཀྱི་ཡོལ་བ་ལྟ་བུའི་སྤྲིན་པ་མཐུག་པོ་ཞིག་གི་འོག་ནས།
དགུན་ཟླ་རིང་མོ་ཞིག་ཆར་སྨུག་གི་ཁྲོད་དུ་སྐྱེལ་དགོས་པ་དེ་འོ།
གསུངས་སྟངས་ལ་བལྟས་ན་སྐུ་ཉིད་ཨ་རིའི་ལུང་བ་ཁུག་ཅོག་ཞིག་ལ་ཡོད་ངེས་རེད། ཁྱེད་ལ་ཐུགས་ཁག་རྩ་བ་ནས་མི་འདུག གལ་ཏེ་དུས་ཚོད་མ་འཁྱོལ་ན། རྒྱ་གར་དུ་ལོག་ཤོག ཧ་ཧ་ཧ་
ལུང་བ་ད་ཁུག་ཀྱོག་ཅིག་ན་མེད་དེ་མིའི་སེམས་པ་དེ་ཁུག་ཀྱོག་ཅིག་ཏུ་འདུག་ཡ།
གཞོན་ནུ་དོན་འགྲུབ་གྱིས།
འགྲོ་བའི་ཚེ་འགྲོ་ནམ་མཁའ་གློག་དང་འདྲ།།
འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས།།
རི་གཟར་རྦབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།
ད་མི་དྲན་གི ཨ་མི་རི་ཀ་ནས་ཉིན་མ་གཅིག་ལ་མ་ནི་བརྗེད་རྒྱུ་ཡིན་པ་གཏན་འཁེལ་རེད་ཡ།
དྲ་གྲོགས་ཚོ་བཀའ་གྲོས་ལྷོད་པོར་ཡོངས་བའི་སྨོན་ལམ་ཡོད།།།
སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།། འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།། རི་གཟར་འབབ་ཆུ་བཞིན་དུ་མགྱོགས་མྱུར་འགྲོ།། ཟེར་བ་རེད་ཀོ་གཞོན་ནུ་གཤོབ་སྐྱལ་འདུལ་བ་ལུང་སྡེ་དྲུག་མ། དགེ་ལུགས་དཔེ་ཆ་ཏ་ལེན།། ཏ་ལེན་བོར་ནས་བོར་ཚིག ཟེར་བ་དེ་རེད་ཡ། གཅིག་བྱས་ན་རྡོ་རྗེའི་མཆེད་གྲོགས་ཚོ་ལ་བཙན་གཡེམ་བྱས་པའི་ཉེས་དམིགས་ཡིན་ན་ཐང་།
(ཏ་ལེན་ནི་ཕྲག་པར་ཁུར་རྒྱུ་དང་རྟའི་གོང་དུ་འཕེན་རྒྱུའི་ཁུག་མ་མགོ་གཉིས་མ་ཞིག་གི་མིང་།)
(བོར་ཚིག་ནི་ཡུལ་སྐད་དེ་གཏན་དུ་བོར་བའི་དོན།)
སྐྱེ་འཆི་ཉེལ་མགོ་བྱས་དེ་ཉིན་མཚན་བསྐྱལ།།
བོད་ཀྱི་མི་ལུས་སྲུང་དེ་གཞན་ཡུལ་འགྲིམ།།
རིགས་རུས་མི་མཐོང་རྒྱང་རིང་ཨ་རི་ནས།།
སེམས་ཀྱི་ཁུགས་ན་དཀྱིལ་བའི་སྡུག་བསྔལ་ལྕི།།
ཨོ་དཀོན་མཆོག་གསུམ། མྱིག་རྫོབ་འདིའི་ཁ་ནང་ཟོ་ནས་མདོ་ཚིག་འདྲ་སྐྱོར་ཡ་འདུག ཉི་མ་ནུབ་ཕྱོགས་ནས་དེ་རིང་ཤར་སོང་ཡ།
ལོ་ན་ལྔ་བཅུར་སླེབ་ལ་ཉེ་བའི་གཞོན་ནུ་ཟླ་མེད་ལགས། མྱིག་རྫོབ་ཀྱི་ཁ་ནང་ལ་མདོ་ཚིག་སྐྱོར་ཡ་ཡོད་མེད་ཀྱི་གནད་དོན་མ་རེད། ངས་ཁྱོད་ཐེངས་མ་མཛོ་རྒན་འདྲ་ཞིག་གི་ཐེངས་མ་གསུམ་ལ་ཕམ་པར་རྒྱག་ཚར་བ་རེད། དང་པོ་དགེ་ལུགས་དང་དོལ་རྒྱལ་གྱི་སྐོར། གཉིས་པ་ཁ་རྩོག་ལས་འཕྲོས་པའི་འདུལ་ལུང་སྡེ་བཞིའི་སྐོར། གསུམ་པ་དེ་རིང་གོང་གི་རྒྱ་ཆེར་རོལ་བའི་མདོ་ཚིག་གི་སྐོར་བཅས་རེད། ངས་ཁྱོད་དང་མོའོ་ཕྲུག་གཉིས་ཕམ་པར་རྒྱག་རྒྱུ་ཅུང་མང་སོང་ཡང་ཁྱོད་གཉིས་ཉོ་རུ་ཡོང་བ་རེད། ད་དུང་ཐེངས་མ་གཅིག་ལ་ཕམ་ན་དེ་ནས་ངས་ཁྱོད་ཀྱི་ཁ་ནང་དུ་འབི་ལི་བཅུག་ནས་ཁུ་བ་མ་ཐོན་བར་དུ་དཀྲུག་གི་ཡིན་དོ།། དེའི་རྗེས་སུ་ཁྱོད་ཀྱི་མིང་ལ་གཞོན་ནུ་ཟླ་མེད་ལས་ལོག་སྟེ། རྒན་པོ་ཁུ་འཐུང་ཟེར་གྱི་རེད།
གཞོན་ནུ་ཟླ་མེད། སེམས་ལ་ནན་མོར་ཟུངས། ད་ཁྱོད་ཡང་བསྐྱར་ངའི་ལག་ནས་ཐེངས་གཅིག་ལ་ཡང་ཕམ་ཆོག་གི་མ་རེད་དོ། རྒན་པོ་ཁུ་འཐུང་ཟེར་བའི་མིང་འདི་ཐོགས་རྒྱུ་ལ་གཤིས་གི་དོགས་ཟོན་བྱོས།
བུ་མ་འཛིངས་ན་མི་འཐུན་ཟེར་བའི་དཔེ་ལྟར། གཞོན་ཟླ་དང་མྱིག་རྫོད་གཉིས་གྲོགས་པོ་ཡག་པོ་ཞིག་ཆགས་གྲབ་འདུག དཔེ་ཡག་པོ་རེད
ཀླུ་སྨྱོན་ལགས་ཀྱི་སྐྱོ་མདོག་ལ། འདི་ནི་གཞན་ཡུལ་འགྲིམས་པའི་ཟུག་ངུ་ཞིག་ཡིན་བཟོ་འདུག ཁྱེད་ཀྱི་རྩོམ་དེ་ནས་ནུབ་ཕྱོགས་སུ་མི་དང་མིའི་བར་ན་རྒྱང་ཐག་རིང་བ་དེ་མངོན་གྱི་འདུག་ལ། རྩོམ་པ་པོ་རང་ཉིད་ཕྱི་ཡི་སྤྱོད་པ་མེད་ཀྱང་ནང་སེམས་སུ་ཁྱིམ་མཚེས་ཚོ་ལ་སྙིང་ཉེ་བ་དང་སེམས་པར་བཞག་མཁན་ཞིག་ཡིན་པ་མཚོན་གྱིན་འདུག ང་ཚོ་ཕ་མ་སྤུན་ཉེ་འཛོམས་པའི་ཕ་ཡུལ་ལ་ཁྱིམ་མཚེས་བར་ན་འདི་ལྟ་བུའི་གཟུགས་མེད་པའི་རྒྱང་ཐག་ཅིག་མེད་པ་རེད། ཡིན་ནའི་འབྲེལ་འདྲིས་ཆེ་ལ་ཁྱོད་དང་ང་ཡི་དབྱེ་བ་མི་གསལ་ཞིང་རང་རང་སོ་སོའི་འགན་འཁྲི་ཁ་ཐབས་གཞན་མགོར་གཡུགས་རྐྱང་བྱེད་པའི་ཕ་ཡུལ་གྱི་འཚོ་བ་དེ་ཡང་རྙོག་དྲ་ཚ་ལ་དབུགས་རིང་ནར་ནར་བཏང་དགོས་པ་ཞིག་རེད། ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་མི་ཚེ་སྐྱེལ་སྟངས་དང་ཁྱིམ་ཚང་གི་འདུ་ཤེས། དགའ་ཉེ་ཁྱིམ་མཚེས་ཀྱི་འབྲེལ་བ་སོགས་པར་ཁྱད་པར་གནམ་ས་ཆོད་པ་དང་། ཤར་ནུབ་སོ་སོར་ལེགས་པའི་ཆ་འདུག་ལ་སོ་སོར་མི་སྙིང་གཟན་པའི་ཆ་ཡང་མང་བ་རེད། ང་ཚོ་བོད་པ་རྣམས་ཀྱིས་རང་མི་རིགས་ལ་ཡོད་པའི་ཕ་མ་སྤུན་མཆེད་ལ་དུངས་བ་ཆེ་བ་དང་དགའ་ཉེ་ཁྱིམ་མཚེས་ལ་སེམས་རྩ་འཁོལ་བའི་ཆ་དེ་ནམ་ཡང་འདོར་མི་རུང་ལ། ནུབ་ཕྱོགས་པའི་རང་རང་གི་འཚོ་བར་རང་རང་གིས་འགན་ཁུར་བའི་རང་མགོ་རང་ཐོན་དང་རང་དོན་རང་གཅོད། གཞན་ལ་མི་བརྟེན་པའི་ཆ་ལ་སློབ་སྦྱོང་བྱས་ནས་ཕ་མ་བུ་ཕྲུག་ཕན་ཚུན་རྒྱབ་རྟེན་དུ་བསྙེས་ཀྱང་དང་གཅིག་གིས་མ་འཇོན་ན་གཅིག་གིས་འཁང་ར་དང་སེམས་འཁོན་བྱེད་པའི་གཞན་བརྙས་ཀྱི་ལུགས་སྲོལ་དེ་འདོར་དགོས་པ་འདུག
རེད་ཡ། ཕྱོགས་གཅིག་ནས་འདི་གའི་མི་རྣམས་ས་ཆ་ངེས་མེད་ནས་ཡོང་བ་ཏག་ཏག་ཡིན་པས་ཕན་ཚུན་ལ་ཆ་རྒྱུས་མེད་པ་དང་། རང་བཀུར་གྱི་བསམ་བློ་ཤུགས་ཆེ་བ་སོགས་ཀྱིས་མི་དང་མིའི་སེམས་པ་འདྲེས་ཐུབ་ཀི་མེད་པ་རེད།
ཨ་རིའི་ཡུལ་ལ་དུས་ཚོད་ཁོམ་མེད་ཅེས།།
ཀུན་གྱི་ཁ་ལ་མ་ཎི་འདོན་འདོན་སྒྲོག།
ཀླུ་སྨྱོན་རྒན་པོའི་བྲིས་སྟངས་མཐོང་རྒྱུ་ན།།
ཐམས་ཅད་ལས་མེད་སོས་དལ་བཞུགས་ལགས་སྙམ།།
ལོ་མང་རིང་ཁ་ཙམ་གྲགས་མ་མྱོང་བའི་ཁྱིམ་མཚེས། བདུན་ཕྲག་རེ་རེའི་ནང་ཁྱིམ་མཚེས་ཐོག་ལ་ཉེན་རྟོགས་མི་སྣ་སྐད་གཏོང་བའི་ཁྱིམ་མཚེས། ཤི་གསོན་ལ་ལྟ་རྟོགས་ཅི་ཡང་མེད་པའི་ཁྱིམ་མཚེས། རྒན་མོའི་གདོང་ཙམ་མཐོན་མ་མྱོང་བའི་ཁྱིམ་མཚེས། ཅི་འདྲའི་ལུང་བ་སྐད་གྲགས་ཅན་ཞིག་གི་ནང་དུ་ཅི་འདྲའི་རུ་ཁ་ཁྱིམ་མཚེས་སྐྱིད་པོ་རྐྱང་རྐྱང་། དངོས་གནས་ཡིད་སྨོན་འཆོལ་དགོས་པ་ཞིག མི་ཚང་མ་འགྲོ་འདོད་སྐྱེ་བ་ལ་ཁག་ཅི་ཡོད། ང་ནི་དེ་འདྲའི་ས་ཆ་ཞིག་ལ་མ་སླེབས་པར་ཤོག་ཅེས་སྨོན་ལམ་འདེབས་རྒྱུ་ཡིན།
དཔལ་དགྱེས་པ་རྡོ་རྗེས་༧ཀླུ་སྨྱོན་ལ་འཕྲིན་ཐུང་་བྱ་བ། །
ཀྱེ་ཀྱེ།
བཀུར་འོས་གཟུར་གནས་རྣམ་དཔྱོད་ཅན། །
གྲོགས་པོ་ཀླུ་སྨྱོན་ཧེ་རུ་ཀ །
བདེ་འཚམས་གཡུང་དྲུང་རིན་ཆེན་སྐུ། །
འཚོ་བཞེས་མཐོང་བས་སྣང་བ་སྤྲོ། །
ལྷ་མིན་གྲོང་ཁྱེར་ཁ་བརྡའི་གླིང་། །
བླང་དོར་སྟོན་པའི་རིས་མེད་པོ། །
དཀའ་ཐུབ་བཟོད་པའི་གཅེར་བུ་པ། །
ཡང་ཡང་མཇལ་བས་དགའ་སྤྲོ་བརྟས། །
ལོ་བདུན་བར་དུ་དེར་བཞུགས་ཀྱང་། །
ཁྱིམ་མཚེས་ཉེ་བས་མ་ཁྲེལ་ནས་། །
རང་ཚུགས་འཛིན་པའི་མི་བོ་ཁྱེད། །
དུས་བཞིས་དགའ་སྟོན་ངོ་མཚར་ཆེ། །
ཁ་བརྡ་གླེང་བརྗོད་མ་མྱོང་ཡང་། །
རྒྱང་མིག་གཟིགས་པའི་ཤེས་རབ་ཅན། །
ཕྱི་གླིང་དུད་འགྲོའི་འཚོ་བ་ལ། །
སུན་པ་མེད་པའི་སྙིང་རྗེ་ཅན། །
ད་དུང་རང་བཙན་མ་ཐོབ་བར། །
གསང་གསུམ་བགྲེས་རྒུད་བྲལ་བའི་ངང་། །
མཐའ་ཁོབ་རྒྱལ་ཁམས་ཀུན་འདུལ་ནས། །
རིས་མེད་དེད་དཔོན་མཛད་པར་མཁྱེན། །
ནམ་ཞིག་ཞི་བདེའི་ཉི་མ་འཆར། །
རང་ཆོས་ལྷག་བསམ་དུང་ཟླ་ཚེས། །
རང་དབང་ཆོས་སྲིད་དར་བའི་དུས། །
མཉམ་འཛོམ་ཡོང་བའི་སྨོན་ལམ་ཞུ། །
འོན་ཀྱང་ན་མཐོ་བན་རྒན་ང། །
བདུད་བཞིའི་གཡུལ་ལས་མ་རྒྱལ་བས། །
ནམ་འཆི་ངེས་པ་མ་མཆིས་ཀྱང་། །
བསམ་པ་དཀར་པོའི་རེ་བསྐུལ་ཡིན། །
ཨ་ཏིའི་ཟབ་དོན་མྱོང་ཡོད་ན། །
ཨ་རིའི་བདེ་ཆེན་ཞིང་ཁམས་ནས། །
ཨ་ལགས་སྐྱིད་པའི་འཚོ་བ་དེ། །
འདི་བདེ་ཕྱི་སྐྱིད་གཉིས་ཀ་རེད། །
དེ་མིན་ཕྱི་གླིང་གཡོག་པོ་དང་། །
རང་གླིང་དཔོན་པོ་གནང་མཁན་འགས། །
དཀོན་མཆོག་དཀོར་འཕྲོག་བྱེད་པ་ཚོ། །
མཐོང་ན་ཞེན་པ་གཏིང་ནས་ལོག །
ཁྱད་པར་ཆོས་ལུགས་བདུད་ཁྱེར་ཚོས། །
དམ་པ་རྒྱུ་ནོར་འགྲེམ་སྟོན་ལས། །
ཐོས་བསམ་བསྒོམ་པ་གྱི་ན་བོར། །
ཕྱི་བརྫིག་ནང་སྟོང་ཀྱེ་མ་ཧོ། །
རབ་རྒྱན་ལྕགས་སྟག་གསར་ཚེས་ལ། །
ང་ཡང་གནས་དེར་ཡོད་པར་འདྲ། །
ཐུག་འདོད་ཤེས་འདོད་དངོས་ཡོད་ན། །
ཡིག་ཟོམ་རྒྱུད་ནས་འབྲེལ་བར་ཞུ། །
ཅི་དྲན་སེམས་ཀྱི་འཆར་སྒོ་བཞིན། །
ཅི་མཆིས་གབ་སྦས་མ་བྱས་པར། །
ཅི་བསམ་འགྲུབ་པའི་སྨོན་འདུན་བཅས། །
དཔལ་དགྱེས་རྡོ་རྗེས་ཐོལ་བྱུང་ཕུལ། །
ཞེས་དྲ་མིག་འདིས་ནང་སྤྱི་སེམས་ཅུང་བྱེད་ཤེས་མཁན་ཞིག་འདུག་སྙམ་ནས་དུས་ཆེད་ཀྱི་འཕྲིན་ཐུང་འདི་ཕུལ་བ་ཡིན་ནོ། ཕྱིས་སུ་ཁ་བརྡ་དྲ་བ་འདི་ཚོའི་ནང་ཡེ་ཡོང་གི་མིན་པས་ཤེས་འདོད་དང་འཕྲད་འདོད་ཡོད་པ་ཚོས་ང་ཡི་ཡིག་ཟོམ་ལ་ཡིག་བསྐུར་གནང་རོགས་མཁྱེན། བཀྲ་ཤིས་བདེ་ལེགས་ཞུ། །
ང་ཡི་ཡིག་ཟོམ་ནིkhenchenlama@yahoo.comཡིན་ནོ། ཞལ་དྲོ།
ཁ་བརྡའི་དྲ་བདག་ལ་ཡི་གེ་དེ་སྙེད་བཏང་ཡང་ཆུ་ནང་རྡོ་འཕོངས་པ་ནང་བཞིན་ནམ་ཁྱི་ཟུག་པ་ནང་བཞིན་རེད་འདུག་པས་ཕྱི་སུ་ཡིག་འཕྲིན་གཅིག་ཀྱང་གཏོང་མི་ཡོང་ཞུ།
ཚང་མ་ལ་བཀྲ་ཤིས་བདེ་ལེགས། ། ཤྲྰིས།།
ཨ་རིའི་དཔལ་འབྱོར་ཉམས་དང་གཅིག།
ཨ་མ་དབྱིན་མོར་འགལ་དང་གཉིས།།
ཨ་རིའི་ལས་གནས་ཤོར་དང་གསུམ།།
ཨ་ཁུ་ཀླུ་སྨྱོན་ཁོམ་པའི་རྒྱུ།།