བསྟན་འཛིན་ཀུན་བཟང་༼ཁ༽ འཛིན་གྲྭ་-༨ རང་ལོ་-༡༣ དཔེ་སྟོན་སློབ་གྲྭ།
ཚོགས་ཐེངས་གསུམ་པའི་དྲིལ་བུ་ཏིང་ཏིང་དེ་གྲགས་དུས།།
ང་ཚོའི་བོད་དགེ་ཟླ་བ་འཛིན་ཁང་དུ་འཛུལ་ནས།།
འཛིན་གྲོགས་རྣམས་ལ་རྩོམ་ཡིག་སྙན་མོ་ཡི་བརྗོད་གཞི།།
རེས་གཟའ་ཉི་མའི་སྐོར་གྱི་བྱ་སྤྱོད་རྣམས་བྲིས་གསུངས།།
ཡིད་འོང་ཉི་མ་སེར་པོའི་བཅོས་མིན་གྱི་འཛུམས་མདངས།།
མཛེས་པའི་མེ་ཏོག་ཕྲ་མོ་རྙེད་པ་དང་འདྲ་ཡོད།།
དྭངས་ཤིང་གཙང་བའི་རྒྱུག་ཆུ་མུ་མཐུད་ནས་བཞུར་བཞིན།།
བྱིའུའི་གཤོག་པ་ཐོགས་ཏེ་ལྷོ་ཕྱོགས་སུ་འཕུར་རོ།།
སེམས་ཀྱི་བདེ་བ་འཚོལ་བའི་དཔེ་སྟོན་གྱི་མཐའ་ན།།
སྒེག་ཉམས་གར་གྱིས་འགྱིང་བའི་སྤྱང་གྲུང་གི་སློབ་མ།།
རང་ཉིད་སོ་སོའི་ལས་རྣམས་ཧུར་ཐག་གི་བྱས་མོད།།
དྲིལ་བུའི་ལྡིར་སྒྲ་ཐོས་དུས་ཞོགས་ཟས་དེ་རོལ་འདོད།།
ཟས་བཅུད་ལྡན་པའི་ཞོགས་ཟས་དྲི་ཞིམ་གྱི་འཐུལ་མོད།།
ཡར་གྱི་མི་བསྟན་གྲོད་པའི་སྐད་ཤུགས་ཤིག་རྒྱབ་དུས།།
རང་དབང་མེད་པར་གཟུགས་པོ་ཞོགས་ཟས་ཀྱི་ཕྱོགས་སུ།།
ནམ་མཁའི་དབྱིངས་སུ་མདའ་མོ་རྒྱབ་པ་ལྟར་རྒྱུགས་ཡིན།།
གུས་མོའི་བརྩེ་བའི་ཨ་མར་ཁ་པར་ཞིག་བཏང་མོད།།
ཁོ་མོའི་སྐད་ཆ་བཤད་དུས་སྙིང་ཁར་དྲོད་སླེབས།།
ང་ཡི་སྙིང་གཏམ་ཡོད་ཚད་ཨ་མ་ལ་བཤད་ཡིན།།
གུས་མོའི་སྐྱོ་བའི་མིག་ཆུ་ཤུམ་ཤུམ་དུ་བཞུར་སོང།།
རིན་ཐང་ཆེ་བའི་དུས་ཚོད་བེད་མེད་ཀྱི་ཕྱོགས་སུ།།
རིམ་བཞིན་བསྐྱོད་པའི་ཚོར་བ་གང་ཞིག་བཏང་སྐབས།།
རང་གི་རང་ལ་འགྲམ་ལྕག་ཚ་པོ་ཞིག་བཞུས་འདོད།།
དབུགས་རིང་བླངས་ནས་སྒེའུ་ཁུང་ཕྱི་ལོག་ལ་བལྟས་ཚེ།།
འཁར་རྒྱུགས་བཙུགས་པའི་སྤོ་བོ་རྒས་ཁོག་ཅིག་མཐོང་སོང།།
མི་ཞིག་ཐ་མག་ནག་པོ་ཞིམ་པོའི་ངང་འཐེན་ཚེ།།
སྣ་ལ་དྲི་མ་འཐུལ་དུས་སྣ་ཁུང་འདི་འགག་སོང།།
རེས་གཟའ་ཉི་མིའི་མཐར་འཇུག་ཁྲོམ་དུས་ལ་བསྐྱོད་ཡིན།།
ཕར་རུ་དགའ་སྤྲོའི་རྩེད་མོ་འདྲ་མིན་གྱི་ཁེངས་འདུག།།
རྩེད་འཇོར་རོལ་བའི་བྱིས་པ་ཆུང་ཆུང་རྣམས་མཐོང་དུས།།
སེམས་ལ་སྤྲོ་སྐྱིད་མེ་ཏོག་སྣ་ཚོགས་ཡང་བཞད་བྱུང།།
རེས་གཟའ་ཉི་མའི་དུས་ཚོད་མིག་མདུན་ནས་རྫོགས་དུས།།
སེམས་པའི་གཏིང་ནས་དགའ་སྐྱོ་འདྲེས་མ་ཡི་ཚོར་པ།།
གྲང་གཞུང་དཀྱིལ་ནས་ཕྱི་ལ་ག་ལེར་ངང་སྐྱེས་དུས།།
དུས་ཚོད་ཆུ་ཟོས་སོང་པས་སེམས་པ་འདི་སྐྱོ་ཡོང།།
བུ་མོ་ཁྱེར་རང་ཡག་པོ་བྲིས་འདུག།མུ་མཐུད་གནང་བྲིས།
ཁྱེད་རང་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་མིང་དོན་མཚུངས་པ་ཞིག་རེད་