གཡང་སྐྱབས་རྒྱལ།
དེ་རིང་གི་ལས་ཀ་ཚར་སོང་། སང་ཉིན་གྱི་ལས་ཀའི་གྲ་སྒྲིག་བྱེད་རན་ལ་ཉེ། བར་དེར་ང་ལ་ཆུ་ཚོད་ཁ་ཤས་རིང་གི་ངལ་གསོའི་དུས་ཚོད་ཅིག་ཡོད། དུས་ཚོད་འདིར་ངས་བྱིས་པའི་ནང་ལས་ལ་རོགས་བྱེད་ཆོག ངས་ཉལ་ཁང་གཙང་མ་བཟོ་ཆོག ངས་ནང་མི་ལ་དགུང་ཟས་བཟོས་ཆོག འོན་ཀྱང་ངས་དེ་ཚོ་གང་ཡང་མ་བྱས། ངས་དུས་བབ་དང་ཕ་ཡུལ་གྱི་དྲ་རྒྱའི་ཁ་ཕྱེ། ངས་ངའི་འཇིག་རྟེན་གྱི་གསར་འགྱུར་ཤེས་ན་འདོད།
ཕ་ཡུལ་དྲ་རྒྱའི་མདུན་ཤོག་གཅིག་པུ་ཡིས་ང་མགོ་ཡོམ་འཁོར་བཅུག་སོང་། གསར་འགྱུར་དང་པོ་ནི་ངའི་ཕ་ཚབ་དང་མ་ཚབ། ངའི་སློབ་དཔོན་དང་བླ་མ། ངའི་དཔོན་པོ་དང་རྒྱལ་པོ། ༧རྒྱལ་བ་དོན་གྱི་བདག་པོ་ལ་བསྙུང་གཞི་བཞེས་པའི་སྐོར་དེ་རེད། ངའི་ཡ་ཅུང་ནང་གི་སྙིང་རིལ་དམར་མོ་དེའི་དཀྱིལ་ལ་གྲི་ཆུང་ཞིག་བཏབ་པ་ལྟར་གྱི་ཟུག་གཟེར་ཞིག་ལངས། སྨན་པས་བཤད་པ་ལྟར་ན། སང་ཉིན་གཤགས་བཅོས་ཀྱང་ཞུ་སྲིད་ཟེར། བློ་མ་བདེ། བསྙུང་གཞི་འདི་ཡང་སྙིང་ཅི་ཞིག་ཡིན་ནམ་མ་ཤེས། དབྱིན་ཡིག་གི་ཚིག་དེ་ abdominal pain ཟེར་འདི་རེད། འདིའི་དོན་མ་ཤེས། ཚིག་མཛོད་དུ་བཙལ། ཚིག་མཛོད་ན། རིགས་མང་ལ་ལྕི་ཡང་སྣ་ཚོགས་ཀྱི་ནད་རྟགས་ཤིག་རེད་ཟེར། ངས་མ་ཤེས། དཀོན་མཆོག་མཁྱེན། གནམ་སྔོན་པོ་མཁྱེན། ས་དོག་མོ་མཁྱེན། ༧རྒྱལ་བ་དོན་གྱི་བདག་པོ་འདི་བསྙུན་བཞེས་པའི་མཛད་ཚུལ་མི་གནང་བ་ཞིག་མཁྱེན་མཁྱེན།
དེ་ནས་གློ་བུར་དུ་དྲ་རྒྱའི་ངོས་ནས་ནིའུ་ཡོག་ཁུལ་གྱི་བོད་རིགས་ཚོགས་པ་ཞིག་གིས་ཡེ་ཤུའི་སྐྱེས་སྐར་ཉིན་ཐུགས་སྤྲོ་གཏོང་རྒྱུ་ཡིན་པའི་གསལ་བསྒྲགས་ཤིག་མཐོང་། ཨ་ འདི་ཅི་རེད། ཡིད་མི་དགའ་ལ་བལྟས་ན་མ་འདོད། དེའི་གཡས་ན་ཀ་ལི་མེན་ཊོན་གཞིས་ཆགས་ཀྱི་རྐང་རྩེད་རུ་ཁག་ལ་འདི་ལོའི་རྒྱལ་ཡུམ་ཆེན་མོའི་གཟེངས་རྟགས་ཐོབ་པ་ལ་དགའ་བསུ་བྱེད་པའི་པར་གཅིག་འདུག དེའི་འོག་ན་རྡ་རམ་ས་ལ་ན་རྒྱ་རྒོལ་གྱི་ལས་འགུལ་སྤེལ་བའི་གསར་འགྱུར་གཅིག་འདུག དེའི་འོག་ན་རྒྱ་རི་ཡིས་རྒྱ་ནག་གཞུང་ཕྱོགས་ནས་ལྷག་བསམ་ཟོལ་མེད་ཀྱིས་སྐད་ཆ་མ་བཤད་ཚེ་མ་འོངས་པར་དྲག་པོའི་ལས་འགུལ་ལངས་སྲིད་ཟེར་བའི་ཚིག་ཅན་གྱི་གསར་འགྱུར་ཞིག་འདུག དེའི་འོག་ན་བོད་ནང་གི་གཡེམ་ནད་ཨེ་སི་ཟེར་བ་སྔོན་འགོག་གི་ལས་བྱེད་པ་ཞིག་བོར་པ་རེད་ཟེར་བའི་གསར་འགྱུར་ཞིག་འདུག
འདི་ངའི་འཇིག་རྟེན་གྱི་གསར་འགྱུར་རེད། ངའི་སེམས་ཁམས་ལ་སྔོན་མ་ཞིག་ནས་ཕོག་ཟིན་པའི་རྨ་ཞིག་ཡོད། རྨ་ཁ་ཇེ་ཆེ་རེད། རྨ་ཁ་རྙིང་བ་དེ་ལ་ཁྲག་འཛགས་རྒྱུ་ཡང་མི་འདུག སང་ཉིན་གྱི་ངའི་འཇིག་རྟེན་ལ་རེ་བ་གསར་པ་ཞིག་ཡོད་པའི་སྨོན་ལམ་འདེབས། དེ་ནི་༧རྒྱལ་བ་དོན་གྱི་བདག་པོ་དང་འབྲེལ་བའི་གསར་འགྱུར་འདི་ཚོ་རྫུན་མ་ཡིན་པར་སྨོན། རྒྱ་རི་འདིས་ཀྱང་ང་ཚོའི་བོད་དོན་འཐབ་རྩོད་ཀྱི་དུས་ཚོད་འཕྲོ་བརླག་ལ་མི་གཏོང་བར་སྨོན་ལ། ཁོས་རང་གིས་མི་ནུས་མི་ཐུབ་པའི་ལས་ཀ་ཞིག་འཇུས་ཡོད་པ་ཤེས་ཚེ་དེ་ནི་ལས་ཀ་མཚམས་འཇོག་པའི་དུས་ཚོད་དུ་ཤེས་པར་སྨོན། ད་དུང་་་་་
ཁ་སང་༧གོང་ས་མཆོག་གི་སྐུའི་འཕྲོད་བསྟེན་ཡག་པོ་འདུག་པ་མ་ཟད་རིང་མིན་ཉི་ཧོང་སོགས་སུ་ཆིབས་ཕེབས་གནང་གཏན་འཁེལ་བ་རེད་ཟེར། ད་ཡིན་ན་སྐད་ཆ་འདི་འདྲ་ཞིག་ཕྱི་ལོག་གི་གསར་འགྱུར་ཁག་ན་ཡང་ཐོན་ཡོང་གི་འདུག འདི་བདེན་པ་ཡིན་མི་སྲིད། བོད་མི་མང་ཆེ་བས་ལས་འབྲས་ལ་ཡིད་ཆེས་བྱེད་ཀི་ཡོད་རེད། ལས་འབྲས་ཟེར་བ་ངོ་མ་ཡོད་ན་འདི་བདེན་པ་མིན་པའི་སྨོན་ལམ་འདེབས།།
ང་ཚོ་ལ་གྲ་སྒྲིག་དགོས།
༢༠༠༩ ཟླ་བ་ ༣ ཚེས་༡༠་ནི་ཏཱ་ལའི་བླ་མ་གཙོ་བྱས་བོད་མི་རྣམས་བྱེས་ལ་གྱར་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་གྱི་ལོ་ཟླ་ཚེས་དུས་ཤིག་རེད། ལོ་འདི་བོད་མི་ཡོངས་ཀྱིས་ཆེས་གལ་གནད་ཆེ་བའི་ལོ་ཞིག་ཏུ་ངོས་འཛིན་བྱེད་དགོས། ལོ་འདི་ནི་ཏཱ་ལའི་བླ་མ་དང་། བཙན་བྱོལ་བོད་གཞུང་། ཚོགས་པ། དགོན་སྡེ་ཁག མི་སྒེར་སོ་སོའི་འཆར་གཞི་ལྡན་པ་དང་། སྒྲིག་འཛུགས་ཡོད་པ། རྒྱབ་སྐྱོར་ཡོད་པའི་གྲ་སྒྲིག་གང་ལེགས་བྱེད་འོས། ༢༠༠༩ ཟླ་བ་༣་ཚེས་༡༠་ནི་མི་ལོ་ལྔ་བཅུ་སྔོན་དུ་འགྱེལ་བའི་བོད་དེ་འཛམ་གླིང་གི་ས་ཆེན་འདི་འདར་བར་བྱེད་པའི་རྔམ་སྟོན་དང་ལས་འདྲ་མིན་ཞིག་རྩོམ་ཡ།
བོད་མི་ཚོ། ཁྱེད་ཅག་ལ་གྲ་སྒྲུག་ག་འདྲ་འདུག་གམ། ཉུང་མཐར་ཡང་མ་དངུལ་གསོག་པ། གུང་གསེང་གསོག་ནས་། མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་དེ་ལ་རང་ཉིད་ལ་མ་དངུལ་ཡོད་པ། དུས་ཚོད་ཡོད་པ་ཞིག་བཟོ་བཞིན་ཡོད།
ཕྲན་གྱིས་ཀྱང་དོ་དགོང་གི་བརྙན་འཕྲིན་གསར་འགྱུར་ལ་བལྟས། བརྙན་འཕྲིན་གསར་འགྱུར་གྱི་མཇུག་ཏུ། བོད་ཀྱི་སྐོར་ལས་འཕྲོས་པའི་ལེ་ཚན་ཞིག་འདུག ཤུགས་ལྡན་ཚོགས་པས་རྒྱལ་བ་རིན་པོ་ཆེར་ངོ་རྒོལ་བྱེད་གི་ཡོད་པ་དེ་རེད། རྒྱ་གར་ལྷོ་ཕྱོགས་ནས་ཡིན་པའི་གྲྭ་བ་གཉིས་ཀྱིས་རྒྱལ་བ་རིན་པོ་ཆེས་ཆོས་དད་རང་མོས་འཕྲོག་གི་ཡོད་པའི་སྐོར་བཤད་སོང་། དེ་ནས་ཤུགས་ལྡན་ཕྱོགས་གཏོགས་སུ་གྱུར་པའི་མགོ་སེར་ཡིན་པ་གྲ་བ་དང་ཨ་ནེ་ཚོས་ཏཱ་ལའི་བླ་མ་རྫུན་ཤོད་མཁན་ཞེས་སྐུར་བ་མང་པོ་ཞིག་བཏབ་སོང་། དེ་ནས་སྐུའི་གཅེན་པོ་ལྟག་འཚེར་རིན་པོ་ཆེས་ཨ་རིའི་གསང་བའི་ལས་ཁུངས་དང་འབྲེལ་བ་བྱས་ཏེ་བོད་ལ་དམག་ཆས་མཁོ་འདོན་བྱེད་པའི་སྟ་གོན་བཏིངས་པ་སོགས་བསྟན། དེའི་རྗེས།གསར་འགོད་པས་ག་རེ་འདྲ་པོ་ཞིག་བཤད་གི་འདུག་ཟེར་ན། བོད་ཀྱི་རིག་གཞུང་གི་ལྟ་གྲུབ་ནི་འཚེ་མེད་ཞི་བ་མ་རེད་ཅེས་མདོག་མདོག་ཁུལ་གྱིས་བཤད་སོང་། འདི་དག་གོ་དུས། ངའི་སེམས་སྐྱོ་བ་ལ་ཚད་མེད་པ་ཞིག་བྱུང་།
དེ་ནས་ཁ་བརྡར་ཚང་ལ་འཛུལ། རྒྱལ་བ་དོན་གྱི་བདག་པོར་བསྙུང་གཞི་བཞེས་པའི་གནས་ཚུལ་གོ་མ་ཐག ཕ་ཡུལ་ཚང་ལ་འཛུལ་དུས་གནས་ཚུལ་བདེན་པ་རེད། བྱེད་ཐབས་ནི་ཡོད་པ་མ་རེད། སྨོན་ལམ་འདེབས་རྒྱུ་ཞིག་ཡིད་ལ་དྲན། ངས་རྩེ་གཅིག་ཏུ་སྨོན་ལམ་ཞིག་བཏབ།
ད་ང་ཉལ་གི་ཡིན། གཉིད་དུས་གཡང་སྐྱབས་རྒྱལ་ནང་བཞིན་རྨི་ལམ་སྐྱིད་པོ་རེ་རྨིས་པར་ཤོག
Dharamshala October 10: Doctors successfully removed gallstones from His Holiness the Dalai Lama in a surgery carried out earlier today at Delhi’s Sir Ganga Ram hospital.
༧རྒྱལ་བ་རིན་པོ་ཆེའི་སྐུའི་བསྙུང་གཞི་དེར་གཤག་བཅོས་ལེགས་གྲུབ་བྱུང་བའི་གནས་ཚུལ་ད་ནངས་མཐོང་བྱུང་། སྤྱིར་བཏང་བསྙུན་གཞི་འདི་རིགས་ནི་གཤག་བཅོས་ཆེ་གྲས་མིན་པ་འདྲ་ལ། ངའི་གྲོགས་པོ་ཞིག་ལ་ཡང་འདི་འདྲ་བྱས་མྱོང་བ་རེད་ལ་ཁོ་ནི་དེང་སང་སངས་དྲགས་རེད། དེ་ལྟར་ན་ང་ཚོས་གནས་ཚུལ་བཟང་ཕྱོགས་ཤིག་ཀློག་གི་ཡོད་པ་རེད། དཀོན་མཆོག་མཁྱེན།
འདི་འཆར་ཅན་གྱི་སྐུ་གཟུགས་བརྟགས་དཔྱད་ཙམ་རེད་ཅེས་བརྗོད་འདུག་པས་ཉེན་ཚབ་ཅན་ཞིག་མིན་ངེས་རེད། ཡག་པོ་རེད། སྐུ་གཟུགས་འཕྲོད་རྟེན་བརྟགས་དཔྱད་གནང་རྒྱུ་དང་སྐུ་ངལ་གསོ་རྒྱུ་དེ་གལ་ཆེན་པོ་རེད།
བདུད་ཤི་ཁར་ལྷ་སེམས་སྐྱེས་ཞེས་པའི་དཔེར་ལྟར་སྤོབས་པ་ལ་དེ་རིང་ལྷག་བསམ་ཞིག་སྐྱེས་པ་དངོས་གནས་ཡ་མཚན་ཞིག་མ་རེད་དམ
དེ་ཡིན་ད་ཡིན། སྟོན་པ་ཐུགས་རྗེ་ཅན་གྱི་གཅུང་ལྷས་བྱིན་དམྱལ་བར་ལྷུང་སྐབས་གཞི་ནས་སངས་རྒྱས་ལ་དད་པ་སྐྱེས་ནས་ད་ནི་སྙིང་ཁུངས་རུས་པའི་གཏིང་ནས་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་བརྗོད་རྐྱེན་གྱིས་མ་འོངས་པར་རང་སངས་རྒྱས་རུས་པ་ཅན་ཞེས་པར་འགྱུར་རྒྱུ་ཡིན་པར་སྟོན་པས་ལུང་བསྟན་འདུག་ག