སྦྲ་ནག་ཚང་གི་སྨྱི་ནག
ཕ་ཡུལ་མི་གཅིག་ས་ཐག་རིང་གི །
དགའ་ས་གཅིག་པ་ཡ་ཆུང་སེམས་རེད།།
སྨྲ་ལྕེ་རྒོད་པས་སྨྱི་ཁ་ཆེ་རུང་།།
སྔོན་ལས་འཛོོམས་ས་བཙོ་ཁ་བདེ་ཁམས།།
དགའ་བ་འབུམ་གྱིས་རྟ་ཕོ་ཤོར་ས།།
འཇོ་སྒེག་སྙིང་གི་གཡུ་ཆུང་དྲུག་དཀར།།
རྩེད་འཇོ་བྲང་སྐྱེས་རྦ་རླབས་འཕྱོ་བས།།
བརྩེ་བ་དམར་ཆུང་སྙིང་ལ་འཐིམ་སོང་།།
ཆ་གཅིག་སྙིང་གི་པདྨོ་བཞད་དུས།།
སྨྱི་ཁ་གཏམ་གྱི་མེ་ལྕེ་འདྲ་བོ།།
སུ་དང་གང་གི་རྣ་ལ་བབ་རུང་།།
ང་དང་དབང་མོའི་བརྩེ་བ་མི་འགྱུར།།
ཁྱོད་ལ་དགའ་ན་དགའ་མའི་མིག་ཆུ་འདོན།།
ང་ལ་དགའ་ན་ཁྱོ་གའི་སྡང་སེམས་སྐྱེས།།
དགའ་སྡང་མང་པོའི་གཡུལ་ས་ཆེན་པོ་ནས།།
འུ་གཉིས་བརྩེ་བ་རིན་ཆེན་གསེར་ལས་དཀོན།།
ང་ལ་དགའ་བའི་མོ་དེ་རྒྱབ་ན་ཡོད།།
ཁྱོད་ལ་དགའ་བའི་ཕོ་དེ་རྒྱང་ན་ཡོད།།
འུ་གཉིས་བརྩེ་བ་སེམས་པའི་ནང་ན་ཡོད།།
བརྩེ་བ་ཟབ་མོ་ལོ་དང་ཟླ་བ་འགོར།།
སེམས་འདི་འདྲེས་ན་ཆུ་དང་འོ་མ་རེད།།
ལུས་འདི་འགྲོགས་ན་ནོར་བུ་དགའ་འཁྱིལ་འདྲ།།
ཧ་ཧ་དགོད་སྒྲའི་མི་ཚེ་དབྱར་གཞུང་འདི།།
སུ་ཞིག་མ་དགའ་ངེད་གཉིས་འགྲོགས་རྒྱུ་ཡིན།།
2014ལོའི་བོད་ཟླ་3་པའི་ཚེས་8ཉིན་ཞོགས་སྐྱ་རེངས་དང་ལྷན་དུ་བྲིས།