ཁ་བའི་ལྷ་མོ།
ཉི་ནུབ་ཀྱི་འཚམས་འདྲི
རྒྱང་རིང་ནས་ལག་གཡུག་བྱས
ཉི་མ་དལ་བོའི་ངང་ནས་ལ་མོ་བརྒྱབས
སེམས་བསམ་པའི་གཏིང་རུམ་ཞིག་དྲན
ལ་མོ་བརྒལ་ཟིན་པའི་ཉི་མ་ཧྲིལ་བོ
རྒྱང་བཞུད་བྱས་ཚར་ན
སེམས་པའི་རི་མོ་སྐྱ་བོ་ཇེ་མང་དུ་སོང
སེམས་པའི་ས་ཁྲ་ཇེ་རྙོག་བུད
ཉི་ནུབ་ནི་སྨག་རུམ་ཞིག་དང
ཉི་འཆར་ནི་མཛེས་སྡུག་དེ་ཡིན
བདག་འཛིན་མ་ཐུབ་པའི་ཉིན་དང
གཅེས་སྐྱོང་བྱེད་མ་ཐུབ་པའི་ལོ་ཟླ
ཉིན་ཟླ་ལོ་གསུམ
ངས་ནམ་ཡང་བརྩེ་བ་སྟེར་མ་ཐུབ་པར
རྒྱང་ནས་རྒྱང་དུ་བཞུད་སོང་
ཕབ་ཁ་ཞིག་དང་ཕམ་ཁའི་མེ་ཏོག་མང
༢༠༡༧/༣/༧ལ་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་བུ་མོ་སྡོད་ཁང་གི་ཁང་ཐོག་ནས་བྲིས