ཐོད་འབུར་མ།
སྐྱ་རེངས་དྭངས་དུས་ཕུག་རོན་ཚང་ལས་འཐོན།
ཉི་འོད་འཕྲོད་ཁ་ཐང་ཆེན་ར་བ་ནང་།།
ཡུལ་བྱ་ཕུག་རོན་ཤོག་རྩལ་ངོམ་བཞིན་ཏུ།།
ཆ་ཡོད་ཇི་བཞིན་བདག་གི་ཕྱོགས་སུ་འཕུར།།
ཤིན་ཏུ་དགའ་བའི་སེམས་ཀྱི་ཚོར་བ་ལས།།
མྱུར་ཏུ་ཕུག་རོན་ལག་ཏུ་འཛིན་འདོད་ཆེ།།
ཉེ་ས་ཞིག་ནས་གམ་དུ་ཕྱིན་ན་ཡང་།།
ཕུག་རོན་སྐྲག་ནས་ང་དང་རྒྱང་བར་གནས།།
ཡུན་ཙམ་དེ་ལ་ཅེར་ནས་དྲན་མེད་གྱུར།།
སླར་ཡང་ཕུག་རོན་ཕྱི་ནུད་བྱེད་པས་ན།
དྲན་ཤེས་བྲལ་བའི་ལུས་ཀྱི་ཕུང་པོ་འདིར།།
ཚོར་བ་གསོན་པོ་སླར་ཡང་སོས་ནས་སོང་།།
འོན་ཀྱང་ཞུམ་མེད་སེམས་ཀྱི་བློ་སྟོབས་ལས།།
ག་ལེར་ཕུག་རོན་ངེད་གཉིས་མཐུན་ཐབས་ཀྱི།
གྲགས་ཅན་མི་སྣ་མཇལ་པ་ཇི་བཞིན་ཏུ།
ཕུག་རོན་ངེད་གཉིས་པར་འགའ་མཉམ་ཏུ་བླངས།།
ང་དང་ཕུག་རོན་ཡུལ་བྱ་ཡུལ་མི་ཙམ།།
སྐྱ་རེངས་དང་ནི་ནུབ་ཁའི་ཉི་འོད་མཚམས།།
རང་རང་སོ་སོའི་ཚང་དེ་མ་ནོར་བ།།
སྤྲོ་སེམས་ཁོག་ཏུ་འཛིན་ནས་ལོག་ན་དགའ།།
—ཐོད་འབུར་མ་དང་ཕུག་རོན་འཕྲད་པའི་ཚོར་བ།