དགེ་འདུན་གྱིས།
སུམ་བཅུའི་དུས་དྲན་ ༥༠ ཐམ་པ་བ་འདི་འཁོར་ལ་ཉེ། འདི་ནི་ངའི་ལོ་ཚད་དང་ཧ་ལམ་གཅིག་པ་རེད། ང་ཆུང་དུས་སུ་དར་དམར་འོག་གི་དཔའ་བོ་ཆུང་ཆུང་ཞིག་ཡིན། མའོ་ཙེ་ཏུང་ལ་དགའ། ལིས་ཧྥིན་ལ་སློབ་སྦྱོང་བྱས། དཔའ་བོ་ཏུང་ཚོ་རིས་ཀྱི་སྙིང་སྟོབས་དང་དཔའ་མོ་ལིས་ཧུ་ལིན་གྱི་གསར་བརྗེའི་སྙིང་སྟོབས་དེ་ཚོ་ངའི་ཀློག་དེབ་དང་ཁ་བྲལ་མ་མྱོང་། ངའི་སྐེ་ན་དར་དམར་ཡོད་ལ། ང་ནི་”དམར་ཆུང་དམག་”ཆུང་ཆུང་ཞིག་ཡིན། ང་ཙམ་ཞིག་ག་ལ་ཡིན་ཏེ། ངའི་མི་ཐོག་འདི་ཡང་དེ་ལྟར་ཡིན། ང་དང་མི་ཐོག་གཅིག་པའི་ན་གཞོན་སྟོང་ཕྲག་མང་པོ་དེ་ལྟར་ཡིན། ང་ཚོས་ཕྱི་རོལ་གྱི་འཛམ་གླིང་མི་ཤེས་ལ། བོད་ཀྱི་ལོ་རྒྱུས་མི་ཤེས། ང་ཚོས་རྒྱལ་བ་རིན་པོ་ཆེ་ཕྱི་ལ་ཕེབས་པ་མི་ཤེས་ལ། པཎ་ཆེན་རིན་པོ་ཆེ་བཙོན་དུ་ཚུད་པའང་མི་ཤེས། གལ་སྲིད་ཤེས་ན་ཡང་རབ་རིབ་ཅིག་ཤེས།
མའོ་ཙེ་ཏུང་ཤི། ཧྥ་གོ་ཧྥིན་སླེབས། པཎ་ཆེན་རིན་པོ་ཆེ་བཙོན་ནས་གྲོལ། བོད་ཀྱི་ས་ཁུལ་ཡོངས་རྫོགས་ལ་ཆོས་དང་རིག་གཞུང་གི་ངར་ཤུགས་ཤིག་སླེབས། རྒན་པ་དང་གཞོན་པའི་བར་དུ་མཐུད་རྒྱག་པའི་ལས་ཀ་སྟེ། མཁས་པ་རྒན་པ་ཚོས་བོད་ཀྱི་རིག་གནས་བསྐྱར་གསོ། མི་རབས་གཞོན་པ་ཚོས་མི་རིགས་ཀྱི་ལ་རྒྱ་རྩོད་པ་དེ་ཤུགས་ཆེར་དར། གབ་ཡིབ་གསང་བ་བཅས་བརྒྱུད་ནས་ངས་ཀྱང་རྒྱལ་བ་རིན་པོ་ཆེའི་སྐོར་ཤེས། ངས་ཀྱང་མི་ལ་རས་པ་ཤེས། ཅང་མ་འགོར། ༡༩༨༧ ལོའི་སྐད་གྲགས་ཆེ་བའི་གྱེན་ལངས་དེ་སླེབས། ང་ཡང་བཙན་བྱོལ་ལ་སླེབས། བོད་རིགས་ཁྲི་ཕྲག་དང་བཅས་པ་བཙན་བྱོལ་ལ་སླེབས། བོད་མི་གཞིས་བྱེས་གཉིས་ཀྱི་བར་དུ་བརྩེ་དུངས་དང་ཤ་ཁྲག་གི་འབྲེལ་ཐག་མཁྲེགས་པོ་ཞིག་ཚུགས། བོད་ཀྱི་གནས་ཚུལ་ངོ་མ་ཇི་ཡིན་གྱི་གནས་ཚུལ་དེ་གྲོང་ཁྱེར་ནས་གྲོང་གསེབ་ལ་ཁྱབ། དབུས་ནས་མཐའ་ལ་ཁྱབ།
བཙན་བྱོལ་ནང་ཡང་བོད་ཀྱི་གནད་དོན་འདི་དང་འཛམ་གླིང་གི་འགྱུར་བ་སྣ་ཚོགས་རིགས་བོད་ལ་ཁྱབ་པར་བྱེད་པའི་ལས་འགུལ་ཞིག་སླེབས། འདི་ནི་ཕལ་ཆེར་སྒེར་པའི་ཐོག་ནས་བྱུང་བར་འདོད། དམངས་གཙོ་དང་དུས་བབ་ལྟ་བུའི་ཚགས་པར། ནོར་ཝེ་རླུང་འཕྲིན་ཁང་ལྟ་བུའི་རླུང་འཕྲིན། དེ་ནས་རྒྱ་ཆེ་ས་ནས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་དང་ཨ་རིའི་བོད་སྐད་རླུང་འཕྲིན། རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་སོགས་ནས་བོད་སྐད་ཐོག་གསར་འགྱུར་སྤེལ་བ་དེ་བོད་དུ་སླེབས། བོད་ཀྱི་ས་ཆ་ཁུག་ཀྱོག་ཁག་ཏུ་སླེབས། གསར་འགྱུར་གྱི་སྟོབས་དེས་བོད་ལ་ཤུགས་རྐྱེན་ཐེབས།
དེ་ནས་དྲ་རྒྱའི་འཕོ་འགྱུར་ཆེན་པོ་དེ་བྱུང་ནས་༼འགོག་རྐྱེན་ག་ཚོད་ཡོད་མེད་ལ་མ་ལྟོས་པར་༽བོད་ནང་གི་བོད་མི་དང་འཛམ་གླིང་གི་ས་ཁུལ་གཞན་གྱི་བོད་མི་ཚོས་གནས་ཚུལ་བརྗེ་ལེན་གྱི་གོ་སྐབས་རྩ་ཆེན་འདི་བྱུང་བ་རེད།
ད་ནི་ ༢༠༠༦ ལོར་སྐྱབས་མགོན་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་སྐབས་སྟག་ལྤགས་དང་གཟིག་ལྤགས་གྱོན་ན་ཐབས་སྐྱོ་བོ་དང་ངོ་ཚ་དགོས་པ་ཡིན་པ་སོགས་ཀྱི་བཀའ་ཕེབས་པ་རེད།༼http://www.tibetnature.net/༽ དེ་འཕྲལ་བོད་ཀྱི་ས་ཁུལ་གང་ས་ནས་རྒྱུ་དངོས་རྩ་ཆེ་ནོར་བུའི་གྲས་ལ་བརྩི་བ་དེ་ཚོ་མེར་བསྲེགས་བཏང་། འདི་ཡང་བོད་ཀྱི་མི་མང་རྣམས་ནི་སྔོན་བཞིན་གནས་ཚུལ་མི་ཐོབ་མཁན་དང་མི་ཤེས་མཁན་ཞིག་མིན་པའི་དཔང་རྟགས་རེད།
དེ་ནས་ ༢༠༠༨ ལོའི་གྱེན་རྒོལ་ཆེན་མོ་རེད། ལྷ་ས་ནས་གྱེན་རྒོལ་བྱུང་བའི་སྐར་ཆ་ཁ་ཤས་ཀྱི་ནང་ཚུན་ལ་དེའི་གནས་ཚུལ་དེ་དག་བོད་ནང་དང་བོད་ཕྱི་ལ་ཁྱབ་པ་རེད།
དེ་ནས་ལོ་འདིའི་ལོ་གསར་གྱི་གནས་ཚུལ་རེད། “མགོ་ནག་བོད་རིགས་སྤྱི་བོ་གནམ་བསྟན་”ཡོངས་ལ། ལོ་གསར་མི་བྱེད་པའི་རྐྱེན་རྩ་འདི་དག་གང་ཡིན་གོ་བརྡ་གསལ་པོ་ཞིག་འཕྲོད་ཡོད་པ་རེད།
འདི་ལྟར་བསམས་དུས། ལོ་རབས་བདུན་ཅུ་དང་བརྒྱད་ཅུ་བའི་སྐབས་སུ་བོད་ཀྱི་ཤེས་ཡོན་པ་ཁག་གཅིག་ལས་གཞན་མི་མང་བྱིངས་ནི་ད་དུང་རྨོངས་པའི་ནང་གཉིད་ཡུར་ནས་ཡོད་མོད། ལོ་རབས་དགུ་བཅུ་པ་དང་ད་ལྟའི་ལོ་རབས་འདི་དག་གི་སྐབས་སུ་ཧ་ལམ་བོད་རིགས་ཡོངས་རྫོགས་གཉིད་ནས་ཡུར་གྱིས་བཞེངས་ཏེ། དེ་རིང་གི་བོད་ཀྱི་འཇིག་རྟེན་འདིའི་ནང་གི་བྱུང་བ་ཡོད་ཚད་རིལ་གྱིས་ཤེས་པའི་དུས་ཚོད་གཅིག་ལ་སླེབས་པ་རེད་བསམས། མངའ་རིས་སུ་བོད་མི་གཅིག་བསད་པ་ཡིན་ན་དེའི་མྱ་ངན་དེ་མདོ་སྟོད་སྨད་ནས་བྱེད་པའི་དུས་ཚོད་གཅིག་ལ་སླེབས་པ་རེད། གནས་ཚུལ་ཁྱབ་སྤེལ་གྱི་རིམ་པ་འདི་ལ་བརྟགས་ཚེ། དེ་རིང་གི་བོད་ནི། སྔར་བྱུང་མ་མྱོང་བའི་ཆིག་སྒྲིལ་ཞིག་རེད། སྔར་བྱུང་མ་མྱོང་བའི་གདུང་སེམས་མཉམ་སྐྱེད་ཅིག་རེད། ད་ཆ་བོད་མི་ཚོ་ནི་སུས་ཀྱང་ “རྒྱལ་གཅེས་ཆོས་གཅེས་”སོགས་བརྗོད་ནས་མགོ་བསྐོར་གཏོང་ཆོག་ཆོག་ཅིག་གཏན་ནས་མེད་པ་རེད། གནས་ཚུལ་འདི་ལ་བལྟས་ཚེ། ངའི་རེ་བ་དེ་ཇེ་གསོན་རེད་ལ། ངའི་སྤོབས་པ་དེ་ཇེ་འཕེལ་རེད། འདི་འདྲའི་ཆིག་སྒྲིལ་གྱི་ནུས་པ་དང་འཕེལ་རིམ་འདིས་འབྱུང་འགྱུར་གྱི་ལོ་ངོ་བཅུ་ཕྲག་གི་ནང་དུ་བོད་སྤྱི་ལ་འགྱུར་བ་ག་འདྲ་ཞིག་འདྲེན་རྒྱུ་ཡིན་མིན་ཐད་ལ་ཡང་སྒུག་མི་ཐུབ་པའི་དགའ་སྣང་ཞིག་གིས་ཚོད་དཔག་བྱེད་དགོས་པར་གྱུར།
ད་ནི་མཐའ་མའི་དོན་ཚན་དེ། གཅེས་པའི་ཚེ་སྲོག་ཤོར་བའི་དཔའ་བོ་དང་དཔའ་མོ་དག་ལ་ཕྱག་འཚལ། བསྟོད། རྗེས་སུ་ཡི་རངས་ཞུའོ།།
དགེ་རབ་ཀྱིས་བཤད་པ་འདི་བདེན་པ་རེད། ད་ཡིན་ན་ངོ་མ་བོད་མི་ཚོ་གཉིད་ལས་སད་འདུག འདང་རེ་བརྒྱབ་ན་ལོས་ཀྱང་ཡིན། ལོ་ངོ་དྲུག་ཅུའི་ཙམ་གྱི་རིང་ལ་གཞན་གྱིས་གཉའ་གནོན་འོག་ནས་བསྡད་པ་རེད། ད་ནི་འདི་ལྟར་བོད་ཕྱི་ནང་གཉིས་ནས་མཐུན་ལམ་རྡོག་རྩ་གཅིག་གིས་དགྲ་བོར་ཁ་གཏད་བྱས་ཡོང་དུས་ང་ཚོའི་རེ་བའང་ཇེ་ཆེ་རེད་ལ། དེ་དང་བསྟུན་ནས་གུང་ཇག་གིས་གཞིས་ལུས་བོད་མིའི་སྟེང་དུ་དྲག་གནོན་ཡ་ང་བ་བྱེད་སྟངས་འདིར་བློ་ཚབས་ཀྱང་ཧ་ཅང་ཆེན་པོ་འདུག གང་ལྟར་ཅི་ཙམ་འགོར་མིན་ལ་མ་ལྟོས་པར་ང་ཚོར་དགའ་ཁ་ཞིག་ཡོད་པ་ཁོ་ཐག་རེད། ཡིན་ནའང་ང་ཚོ་སོས་དལ་ནས་སྡོད་མི་ཉན་པར་ད་དུང་མི་རེ་ངོ་རེས་ནས་བློས་གཏོང་ག་རེ་ཡིན་རུང་བྱེད་ཐུབ་དགོས་རྒྱུ་རེད་འདོད་ཀི དེ་ནས་ང་ཚོའི་དོན་དུ་གཟི་བརྗིད་ཀྱིས་གཤེགས་ཟིན་པའི་དཔའ་བོ་དཔའ་མོ་ཚོར་སེམས་གཏིང་ནས་མྱ་ངན་གུས་མདུད་ཞུ།།
ད་ནི་བོད་མི་ཚོར་རེ་བ་འདུག ཚོར་བ་ཡང་འདུག སེམས་ཤུགས་ཀྱང་འདུག ཆིག་སྒྲིལ་ཡང་འདུག
ད་ཡིན་ན། མཉམ་ལས་བྱེད་དགོས་བའི་དུས་ཚོད་རེད། གཅིག་གཞོགས་གཅིག་གིས་སྐྱོར་བཞིན། ཕན་ཚུན་མཉམ་རུབ་བྱོས།
སྒེར་བའི་སེམས་ཤུགས་སྤྱི་ལ་སྤུངས་རོགས། སྒེར་བའི་ལས་དོན་སྤྱི་བར་བྱེད་རོགས། ང་ཚོར་མཚོན་ན། ད་ལྟའི་གནས་སྟངས་འདིར།
མཉམ་རུབ་དང་མཉམ་ལས་ཟེར་བ་འདི་གཉིས་ཧ་ཅང་གལ་ཆེ་གི་བསམ།
མིའི་རིགས་ཀྱི་སྤྱི་ཚོགས་ཟེར་བ་འདི།
ཡར་ལངས་རྒྱུར་དུས་ཚོད་ཀྱི་སྔ་གཞུག་དང་འཇོན་ནུས་ཀྱི་སྔ་གཞུག འགྱུར་བའི་སྔ་གཞུག་ཤོར་བ་རེད་མ་གཏོགས།
མཉམ་རུབ་དང་མཉམ་ལས་ལ་བརྟེན་ནས་ཚང་མ་ཡར་ལངས་འདུག་ག ད་ཡིན་ན་། ཕྱི་སྡོད་བོད་རིགས་ཚོས་ཕྱི་ལོགས་ནས་མཉམ་རུབ་དང་མཉམ་ལས་བྱས།
གཞིས་བཞུགས་བོད་རིགས་སྤུན་ཟླ་ཚོས་བོད་ནང་ནས་མཉམ་རུབ་དང་མཉམ་ལས་བྱས། ང་ཚོའི་གནས་སྟངས་ལ་ཏན་ཏན་ཡག་ས་ནས་འགྱུར་བ་འགྲོ་གི་རེད་སྙམ།
སང་ཉིན་ལོ་ངོ་ལྔ་བཅུ་ཏག་ཏག་འཁོར་བའི་ཉིན་མོ་རེད། བོད་ནང་གི་བོད་མི་དག་གི་མགོ་ཐོག་དུ་ག་རེ་ཡོང་གྲབས་ཡོད་དམ་སྙམ་ན་དངོས་ནས་སེམས་པ་སྐྱོ་ལྷུང་ལྷུང་ཞིག་འདུག ཡིན་ཡང་། རང་གི་ཉེ་འབྲེལ་དག་ལ་ཁ་བརྡ་རེ་བྱེད་ཐུབ་ངེས་ཡིན། གཅིག་ཐང་ན་དེ་ཡང་རྒྱ་ནག་གིས་ཁ་པར་གྱི་སྐུད་ལམ་ཡང་བརྡ་རྟགས་བརྙན་ལེན་འཕྲུལ་ཆས་བཙུགས་ཡོད་ངེས་རེད། ང་ཚོ་ཕྱི་རུ་ཡོད་ཀྱང་། སེམས་པ་བོད་དུ་ལུས་པའི་སྡུག་བསྔལ་ཕྲན་པུ་ཞིག་ཡོད་ན་ཡང་བྱ་བ་གང་ཡང་བྱེད་ཐུབ་ཀྱི་མེད་པ་ནས་ཡོད་པར་གང་ཡང་བཤད་ཁག་པོ་རེད།
དགེ་འདུན་རབ་གསལ་ཨ་རིར་སོང་ཡང་གཞན་དག་ལ྄ྟར་ཌོ་ལར་ག྄ྱི་ད྄ྲ་བར་མ་ཚུད་པར་ར྄ྟག་ཏུ་བོད་མི་རིགས་ཀ྄ྱི་བདེན་དོན་དང༌། བོད་མི་རིགས་ཀ྄ྱི་ཆབ་ས྄ྲིད། བོད་མི་རིགས་ཀ྄ྱི་ལ་ར྄ྒ྄ྱ། བོད་མི་རིགས་ཀ྄ྱི་རིག་གཞུང་གི་རིན་ཐང་ག྄ླེང་བའི་ས྄ྐད་ཆ་མཚམས་ཆད་མ་མ྄ྱོང༌། ལ྄ྷག་པར་དུ་དགེ་འདུན་རབ་གསལ་ག྄ྱི་ས྄ྐད་ཆ་འདི་རིགས་ལ་གསོན་ཉམས་དོད་པོས་ཤེས་ཚད་མཐོ་དམན་ཀུན་ལ་བོད་མི་རིགས་ཀ྄ྱིས་ར྄ྟག་ཏུ་ད྄ྲན་དགོས་པའི་ལོ་ར྄ྒ྄ྱུས་ཀ྄ྱི་དོན་ས྄ྙིང་ངོ་ས྄ྤ྄ྲོད་པའི་ཁ྄ྱད་ཆོས་དམིགས་བསལ་བ་ཞིག་ལ྄ྡན། དགེ་འདུན་རབ་གསལ་བུ་ར྄ྒོད་པོ་ཁ྄ྱོད་ཀ྄ྱིས་མུ་མཐུད་དེ་འདི་ལ྄ྟའི་ར྄ྩོམ་ཡིག་འབ྄ྲི་དགོས། ཁ྄ྱོད་ཀ྄ྱིས་ཁོག་ར྄ྒ྄ྱ་ཡངས་པོ་དང༌། ལ྄ྷག་བསམ་དག་པས་ད྄ྲ་ཐོག་ནས་ས྄ྤ྄ྱི་ཡོངས་ལ་ཁ྄ྱབ་པ་དང་བོད་མི་རིགས་ལ་ཕན་པའི་ས྄ྐད་ཆ་ཅི་ཙམ་མང་པོ་བཤད་ཐུབ་ན་དེའི་ཚོད་ཀ྄ྱིས་གཞན་ལ་ར྄ྟོགས་སད་ཀ྄ྱི་གོ་ར྄ྒ྄ྱ་བས྄ྐ྄ྱེད་ཐུབ་པར་མ་ཟད། ད྄ྲ་ཐོག་གི་མི་མང་པོའི་ས྄ྐད་ཆའི་ག྄ླེང་ཕ྄ྱོགས་ལ་བཟང་ཕ྄ྱོགས་ཀ྄ྱི་འག྄ྱུར་བ་གཏོང་ཐུབ་པའི་རེ་བ་ཡོད།
ཨ་ལགས་སུམ་ཅང་ཟེར་བའི་ཝ་མོ་ཞིག་གིས་ཝ་ཕ྄ྲུག་ར྄ྒ྄ྱུ་ར྄ྔམ་ཅན་འགའ་དང་མཉམ་འབ྄ྲེལ་ག྄ྱིས་ལ྄ྡི་ལིར་ཐེག་ཆེན་ནང་བའི་རིག་གཞུང་ས྄ློབ་གཉེར་ཁང་ཟེར་བ་བཙུགས་ཡོད་པ་རེད། ཨེ་ཤི་ཡ་རང་དབང་ར྄ླུང་འཕ྄ྲིན་ཁང་གི་གསར་འགོད་པའི་ད྄ྲིས་ལན་དུ་བོད་ཀ྄ྱི་ནང་བའི་རིག་གཞུང་དར་ས྄ྤེལ་གཏོང་གི་ཡིན་ཟེར། རིག་གཞུང་དར་ས྄ྤེལ་ཇི་ལ྄ྟར་གཏོང་གི་ཡིན། ཐེག་ཆེན་ནང་བའི་རིག་གཞུང་གི་ངོ་རིས་གཏན་ནས་མཐོང་མ་མ྄ྱོང་བ་ཞིག་གིས་ཐེག་ཆེན་ནང་བའི་རིག་གཞུང་ས྄ྤེལ་ག྄ྱི་ཡིན་ཟེར་ན་ཧམ་པའི་གཏམ་དུ་མ་སོང་ངམ། མི་འབག་མགོ་མཐུག་ད྄ྲགས་ནས་རང་གི་འཕ྄ྲལ་ག྄ྱི་ཁེ་ཕན་ཕ྄ྲན་བུ་ཞིག་གི་ཆེད་དུ་བ྄ྱེད་མི་ཕོད་པ་གང་ཡང་མེད་ཚོད་འདུག ཉིན་རེའི་གསར་ཤོག་འདོན་ག྄ྱི་ཡིན་ཟེར། ཉིན་རེའི་གསར་ཤོག་འདོན་པ་ལ་ཤེས་ཡོན་ག྄ྱི་གནས་ཚད་དང༌། ར྄ྒ྄ྱུ་ཚགས་ཀ྄ྱི་མཐུན་ར྄ྐ྄ྱེན་ར྄ྒ྄ྱུས་ལོན་བ྄ྱེད་མ་མ྄ྱོང་བ་འད྄ྲ། ཉིན་ཤས་ལས་མི་འགོར་བ་རང་གི་ཨང་མགོ་བར྄ྫིས་ཡོང་བའི་ར྄ྫུན་གཏམ་འདི་འད྄ྲ་བཤད་ཐུབ་པ་ལ་བལ྄ྟས་ན་དངོས་གནས་ཧམ་པ་འདུག ས྄ྤ྄ྲུལ་ས྄ྐུའི་མིང་ཙམ་ལས་དོན་ལ྄ྡན་ག྄ྱི་ས྄ྤ྄ྲུལ་ས྄ྐུའི་མཛད་པ་མི་ས྄ྐ྄ྱོང་བའི་བ྄ྱ་ས྄ྤ྄ྱོད་ངན་པའི་བ྄ླ་ར྄ྫུས་འདི་རིགས་ཀ྄ྱིས་བོད་མི་རིགས་རིག་གཞུང་དང་བཅས་པའི་ཞབས་ནས་འད྄ྲེན་ག྄ྱི་ཡོད། ས྄ྤ྄ྱོད་ངན་མཚམས་མ་བ྄ྱས་ན་ནག་ཐིག་ཅན་ག྄ྱི་ལོ་ར྄ྒ྄ྱུས་ཀ྄ྱི་ལེའུ་ར྄ྣམས་རིམ་བཞིན་འབ྄ྲི་ངེས་ཡིན། ས྄ྡེ་གཏོགས་དང་བཅས་པའི་སེམས་ལ་ངེས་པར་བ྄ྱོས།
ཨ་ལགས་སུམ་ཅང་ཟེར་བ་དེ་གང་ནས་རེད།
ཚ་ཁོ་ར྄ྒ྄ྱལ་རོང་ཁུལ་ག྄ྱི་བ྄ླ་མ་ཞིག་ཡིན་རབས་ཟེར། ཐོག་མར་ར྄ྒ྄ྱ་གར་དུ་ཡོང་ནས་ར྄ྡ་སའི་ཀིར྄ྟི་བ྄ྱེས་པ་ག྄ྲྭ་ཚང་དུ་ལོ་གང་འཚམས་བས྄ྡད་པའི་ར྄ྗེས་སུ་བ྄ྲོས་བ྄ྱོལ་ག྄ྱིས་སེ་རར་སོང༌། དེར་ཡང་ལོ་མང་པོ་འདུག་མ་ཐུབ་པར་ས྄ྐ྄ྱ་མིན་སེར་མིན་བ྄ྱས་ནས་གང་སར་འཁ྄ྱམས། བར་ས྄ྐབས་སང་གྷ་ཕོ་སོགས་སུ་ངོ་མཚར་བའི་ར྄ྣམ་ཐར་མང་པོ་བས྄ྐ྄ྱངས་རབས་འདུག་
རབ་གསེལ་ལགས།
སྐུ་ཁམས་བཟང་། ཁྱེད་རང་གི་བསམ་ཚུལ་ནི་ཧ་ལས་པས་སློབ་གསོ་ཡོད་པ་དང་དོན་སྟོང་ཡོད་པའི་བསམ་ཚུལ་དང་སེམས་ཀྱི་རྒྱུན་རྟག་ཞིག་ཡིན་པ་ངས་ཚོར་བྱུང་། དེར་སྟེན་ངས་ཁྱེད་ལ་སེམས་འགུལ་བའི་ཕྱེད་རྩན་འབྱོལ་ནས་རྩམས་པའི་སྙན་ཚིགས་རྙིང་པ་ཞིག་དྲན་སྐུལ་བྱ་རྒྱུ་ཡིན།
འབྲོག་པའི་ལོ་རྒྱུས།
ཕུ་ལ་གངས་དཀར་ཡོད་། སྲིད་པའི་གངས་རི་ཡོད་། རྩེ་མོ་གནམ་ལ་ཐུགས། རྩ་བ་བརྟན།
གངས་དཀར་རྩེ་མོ་ནས། ཆུ་རྒྱུན་དངས་བསིལ་འབབ། གཙང་ཆུའི་རྒྱུན་བཟང་གིས། གཙང་ཆུ་རྒྱུག
ང་ཚོ་བོད་ཀྱི་འབྲོག་པར། ཟ་རྒྱུ་ཐུང་རྒྱུ་ཞིམ་ལ། ཆུ་ར་མར་དང་གཡག་ཤ། བཅུད་ཡང་ཆེ།
ང་ཚོ་འབྲོག་པའི་ལོ་རྒྱུས། ང་ཚོ་འབྲོག་པའི་ལོ་རྒྱུས། སྙན་ལ་རིང་།
གཡས་གཡོན་སྤང་གི་རིར། རྩ་དང་མེ་ཏོག་ཁེངས། སྨན་ནའི་མེ་ཏོག་གིས། དྲི་ཞིམ་ཁྱབ།
དེ་ལ་ནོར་ལུགས་རྣམས། གཞི་བདེ་བག་ཕེབས་རྒྱུག སྤང་རྩ་ཟ་བཞིན་དུ། དལ་པོར་རྒྱུག
ང་ཚོ་བོད་ཀྱི་འབྲོག་པར། ཟ་རྒྱུ་ཐུང་རྒྱུ་ཞིམ་ལ། ཆུ་ར་མར་དང་གཡག་ཤ། བཅུད་ཡང་ཆེ།
ང་ཚོ་འབྲོག་པའི་ལོ་རྒྱུས། ང་ཚོ་འབྲོག་པའི་ལོ་རྒྱུས། སྙན་ལ་རིང་།
ཕུ་ལ་གཡག་དང་འབྲིི། དཀར་པོ་ལུག་དང་ར། གཡས་རྒྱུག་གཡོན་རྒྱུག་བྱས། རྩེ་ལ་དགའ།
ང་ཚོ་བོད་ཀྱི་འབྲོག་པའི། གླུ་གཞས་གླེན། འབྲོག་པའི་ལོ་རྒྱུས་ནི། སྙན་ལ་རིང་།
ང་ཚོ་བོད་ཀྱི་འབྲོག་པར། ཟ་རྒྱུ་ཐུང་རྒྱུ་ཞིམ་ལ། ཆུ་ར་མར་དང་གཡག་ཤ། བཅུད་ཡང་ཆེ།
ང་ཚོ་འབྲོག་པའི་ལོ་རྒྱུས། ང་ཚོ་འབྲོག་པའི་ལོ་རྒྱུས། སྙན་ལ་རིང་།
༔༔༔༔༔༔༔༔༔༔༔༔༔༔༔