ཀླུ་སྨྱོན་ཧེ་རུ་ཀ
ངའི་གཟན་ཤམ་སྟོན་པའི་ན་བཟའ་ཡིན། །
ངའི་ལག་པ་འདྲེ་ཡི་ཕྱག་མཚན་ཡིན། །
ངའི་རྩོམ་གྱི་ཕྱེད་ཀ་ཆགས་སྲེད་ཡིན། །
ངའི་མི་ཚེ་ཕྱེད་ཀ་ལྡོམ་པོ་ཡིན། །
སྐར་མ་མཚོ།
ཁྱོད་ལྡོམ་ནས་སྡོམ་པ་ཤོར་ཉིན།།
ཁྱོད་འདྲེ་ཞིག་ཡིན་ནོ་ཤེས་ཐལ།།
ཁྱོད་ཆགས་པས་ཆད་ནས་ཡོད་དུས།།
ཁྱོའི་མི་གཞི་ལྷང་ལ་བུད་ཐལ།།
ཀླུ་སྨྱོན་ཧེ་རུ་ཀ
སྨན་སྐར་མཚོ་སྐར་མ་ཁྲ་རིལ་མ། །
ང་ཀླུ་སྨྱོན་འོག་ནས་མ་ལོག་བར། །
ཁྱོའི་གཉའ་མ་སྦལ་ཁ་དྲོད་འཇམ་མ། །
དེ་འཁྱག་གི་མ་འཇུག་ཁྱོད་ཅིག་གསལ། །
སྐར་མ་མཚོ།
ཁྱོའི་གདོང་གི་པགས་པ་གླང་ཀོ་རེད།།
ཁ་མྱི་ཁས་རལ་ཐབས་མེད་ཚོད་རེད།།
ཁྱོའི་གནས་ཚང་རྒྱ་ཡུལ་རྒྱ་མོ་རེད།།
རིགས་རྒྱུད་པ་སྔ་ནས་གནོག་ལོས་ཡོད།།
ཀླུ་སྨྱོན་ཧེ་རུ་ཀ
ངའི་མཇེ་མགོ་ཡིད་བཞིན་ནོར་བུ་ཡིན། །
ངའི་མཇེ་སྐེད་ལྕགས་ཀྱི་རྡོ་རྗེ་ཡིན། །
ངའི་མཇེ་རྩ་ནགས་ཀྱི་རྫོང་ཞིག་ཡིན། །
འདིའི་ཡན་ན་དངོས་གྲུབ་ཁྱོད་ལ་མེད། །
སྐར་མ་མཚོ།
ཁྱོའི་ཆོས་ལུགས་ནུབ་ཕྱོགས་ཆགས་སྤྱོད་རེད།།
ཁྱོའི་ལྟ་བ་ནང་བསྟན་རྨས་ཐབས་རེད།།
ཁྱོའི་དམིགས་པ་ཤོག་བུའི་བམ་ཁ་རེད།།
ཁྱོའི་ཕ་ཕུག་དེད་ན་དེ་འདྲ་རེད།།
ཀླུ་སྨྱོན་ཧེ་རུ་ཀ
ཁྱོས་འདེད་རྒྱོ་བླ་ལོག་གྲྭ་ལོག་རེད། །
ཁྱོ་དགོས་རྒྱོ་བླ་མཇེ་གྲྭ་མཇེ་རེད། །
ཁྱོའི་དམིགས་ཡུལ་དཀོར་ཟས་དཀོར་ཆུ་རེད། །
འདིའི་ཡན་ན་ཕྱི་ནང་ཁྱོད་ལ་མེད། །
སྐར་མ་མཚོ།
གཡག་བསད་ནས་རྔ་མས་དར་ལྕོག་ཅེས།།
དཔེ་འདི་ལས་ལྷགཅིག་མ་རྙེད་ཐལ།།
དཀོར་ཟས་ནས་ཆགས་སྨྱོན་ཆགས་སོང་ནོ།།
རྗེ་གཤིན་རྗེ་ཁྲིམས་ན་གསལ་ལེར་ཡོད།།
ཀླུ་སྨྱོན་ཧེ་རུ་ཀ
དཀོར་ནག་པོ་ཟེར་ནས་སྨོད་པ་དེ། །
སྔགས་མི་ཤེས་མདོ་སྡེ་རྒན་པོའི་ལུགས། །
ཁྱོས་གདན་གསུམ་ལྷ་ཡི་དཀྱིལ་འཁོར་དུ། །
འཁྱེར་ཤེས་ན་ཚོགས་ཀྱི་འཁོར་ལོ་ཡིན། །
སྐར་མ་མཚོ།
ཁྱོར་རྟོག་པ་(རྟོགས་པ)མེད་པ་འཁྲུལ་མེད་རེད།།
ང་གྲྭ་བ་ཞིག་ལ་བཅོས་དང་ཐལ།།
ཁྱོད་དཀོར་ལ་དགའ་ནོ་ཤེས་དང་ཐལ།།
དེ་ཐོབ་ཐང་ཞིག་ལ་རྩིས་དང་ཐལ།།
(བདག་གི་ངོ་དེབ་ལས་དྲངས།)
ཤམས་ཐབས་གནམ་ལ་ག་བརྫིས་ནས་་་་་རླིག་པ་ཁྲོམ་ལ་བཤམ་ནོ་་་་རྣམ་འབྱོར་གྲུབ་རྟགས་མ་རེད་་བླ་རྒན་སྨྱོས་རྟགས་རེད་ལོ།
ཁྱི་འདུས་སྲང་ནས་བྱེད་ཀི་་་་བོང་མཇེ་ཉིན་གནར་མཚན་གནར་་་་ཀླུ་སྨྱོན་ཆགས་སྨྱོན་འདི་ཡིས་་་་རླིག་པ་ས་གཡུག་གནམ་གཡུག་་་་
ཚེ་རིང་སྐྱིད་ལ་དགའ་ནས་་་ཆགས་གཏམ་འབྲི་མགོ་བརྩམས་ཐལ་་་་་བསམ་དོན་མ་འགྲུབ་ནི་ར་་་གྲོལ་རྟགས་ཡིན་ཁུལ་བྱེད་ཀི་
ཆགས་པའི་ཀུན་ནས་བསྡམས་པའི་་་འཆང་བ་ཀུན་ལྡན་ཞིག་གིས་་་གྲོལ་བའི་ཕྱི་ཚུལ་བཟུང་ཡང་་་་ནང་ཁྲོལ་ས་རིས་ཐང་གསལ།
བདེན་ན་བརྫིས་་་་ཀླུ་སྨྱོན་་་ངར་བ་ཡིན་ན་བདེན་པ་ཁས་ལོངས་་་
ཀླུ་སྨྱོན་གྱི་ཁ་ལ་གང་བྱུང་བྱུང་མི་དོ་ཡ།
ལྷག་པར་ཚིག་འདི་ལ་སྙན་ཆ་ཡོད་ཀི
“སྨན་སྐར་མཚོ་སྐར་མ་ཁྲ་རིལ་མ། །
ང་ཀླུ་སྨྱོན་འོག་ནས་མ་ལོག་བར། །
ཁྱོའི་གཉའ་མ་སྦལ་ཁ་དྲོད་འཇམ་མ། །
དེ་འཁྱག་གི་མ་འཇུག་ཁྱོད་ཅིག་གསལ། །”
ཨ་ཁུ་ཀླུ་སྨྱོན་ཚང་ལ། མྱིང་ཡག་པ་རེ་ཡོད་པ་ཙམ་གིས། བུ་མོ་ཡག་མོ་ཞིག་མེད་ན་ཡང་། ཨ་ཁུའི་ཧུན་ཆུ་ཤོར་ཤོར་ལ་ཡོད་ས་རེད་མོ། ཨ་ལས་ངན་པོ། ད་ཁྱོས་མ་བལ་ནི་རེད། ཨ་གཉེན་མགོ་ཏིང་ཏིང་ཡ།
ཁྱོད་ཀླུ་སྨྱོན་ཀློའུ་རྒན་སྨྱོས་དང་ཐལ།།
ཁྱོད་སྨྱོས་ནས་ལོ་འགའ་འགོར་དང་ཐལ།།
ཁྱོའི་སྨྱོ་བཤད་ཁྲོམ་ལ་ཁྱབ་དང་ཐལ།།
ཁྱོད་སྨྱོས་པ་ཚང་མས་ཤེས་དང་ཐལ།།
ཁྱོས་གྲྭ་པའི་འཚང་འགའ་བསྔོགས་དང་ཐལ།།
ཁྱོས་རང་གི་གཤིས་ཀ་བསྟན་དང་ཐལ།།
ཁྱོས་རྫུནབཤད་ནོ་ལྷང་ང་བུད་དང་ཐལ།།
ཁྱོས་བཤད་བཤད་ཚང་མས་ཤེས་དང་ཐལ།།
ཁྱོད་གྲྭ་སར་ཡོད་པའི་ཡོད་པའི་ཉི་མ་དེར།།
ཁྱོས་ང་ལ་བཤད་ནོ་ཨེ་དྲན་གི།།
ཁྱོས་འཇིག་རྟེན་འདི་ལ་སྙན་གྲགས་དགོས།།
དེ་མེད་ན་འཁོར་བ་སྟོང་པ་ཡིན།།
ཁྱོས་ཐེ་ཚོམ་མེད་ལ་བཤད་དུས་ན།།
ངས་ཁྱོད་ལ་ལན་ཟིག་བརྒྱབས་ནོ་དེ།།
ཕྱི་འཁོར་བ་སྒྱུ་མའི་རང་མདངས་རེད།།
ནང་སེམས་པ་འདི་ལ་བདག་རྒྱག་དགོས།།
ཆོས་འཇིག་རྟེན་གཉི་ག་ཁ་ཁ་རེད།།
ཁྱོད་མི་སྐྱིད་རང་གིས་ལས་ནོ་རེད།།
ངས་ཁྱོད་ལ་དགོས་ནི་གཏམ་ཟིག་བཤད།།
ཁྱོའི་མགོ་བོ་གཡས་གཡུགས་གཡོན་གཡུགས་རེད།།
ཁྱོའི་རྐང་བ་གཡས་བརྐྱངས་གཡོན་བརྐྱངས་རེད།།
ཁྱོའི་ལག་པ་གཡས་ཧྲིང་གཡོན་ཧྲིང་རེད།།
ཁྱོའི་རླུག་པ་གཡས་སྣར་གཡོན་སྣར་རེད།།
ཁྱོས་ང་ལ་ཡིད་ཆེས་མི་བྱེད་ཀི།།
ད་ལྟོས་ན་ཚང་མ་བདེན་ནོ་དེ།།
ངས་མ་བཤད་ཁྱོས་ར་ཤེས་ནོ་རེད།།
རྩེ་མཚར་གྱི་ཚུལ་དུའོ།།
ཁྱོས་ནི། མདོ་མཛངས་བླུན་ནང་ལ། ཁྱོ་ག་ཡིས་ལ་གོ་བས། ཁྱོས་དེ་ཁྱོད་ཀྱིས་ཞེས་པའི་དོན་དུ་བེད་སྤྱད་པ་ཤིནད་ཏུ་ནོར་བ་ཆེན་པོ་རེད་དོ།
ཀླུ་སྨྱོན་འབྲུག་སྨྱོན་གཉིས་ཀྱི་།
རྟོག་པས་སྨྱོན་འདོག་བྱས་ནས།
གང་བྱུང་མ་བྱུང་བྱེད་ཀི།
སྟོན་པ་བཞད་མོ་ཤོར་ཐལ།།
གྱི་ལིང་རྟ་ཕོའི་བང་ཁ་དྲི་བཞོན་དང་འགྲོགས་ཏེ།
སྟངས་སྟབས་སུག་བཞིའི་ས་རུ་ཟུར་གསུམ་ཞིག་བྲིས་སོ།
ཀླུ་སྨྱོན་ངག་དབྱངས་སྙན་པོས་སྐར་མཚོ་མའི་ཡིད་ལ།
སྲ་འཐས་རྡོར་རྗེ་དམར་པོས་མཛེ་རིས་ཞིག་བཀོད་མོད
ཀླུ་སྨྱོན་གང་གང་བྲིས་པ།
བདེན་རྫུན་གང་གང་ཡིན་རུང་།
ཀླུ་བྲིས་ཡང་ཡང་ཀློག་པར།
རྟོ་དཔྱོད་་ཡང་ཡང་འཁོར་རོ།།
ངའི་ཕྱུ་པ་དགེ་འདུན་ན་བཟའ་རེད།
ངའི་ལག་པ་ཁ་བརྡའི་བྲན་གཡོག་རེད།
ངའི་མཆན་བུའི་ཕྱེད་ཀ་དགག་གཞག་རེད།
ངའི་མི་ཚེ་ཕྱེད་ཀ་རྩེད་མོ་རེད། །
ཁྱོས་གདན་གསུམ་ལྷ་ཡི་དཀྱིལ་འཁོར་དུ། །
དང་།
ཁྱོར་རྟོག་པ་(རྟོགས་པ)མེད་པ་འཁྲུལ་མེད་རེད།། ་་་་ཟེར།
ཀླུ་སྨྱོན་ལགས་ཀྱིས།
ངས་མ་བཤད་ཁྱོས་ར་ཤེས་ནོ་རེད།།
ཡང་འདིར། ་་་ཁྱོས་ར་་་་ ཞེས་བྱེད་སྒྲ་དང་ལ་དོན་གང་མིན་པ་ཅིག་བྲིས་མི་འདུག་གམ། ལགས།
རྒན་ཀླུ་སྨྱོན་ལགས། སྙན་ངག་འདི་འདི་ལྟར་འབྲི་བ་ལས་སྐར་མ་མཚོ་དང་ཁྱོད་གཉིས་ལ་ཤགས་ལ་སོང་ནས་བརྙན་སྡེར་ཞིག་བཏོན་ན་ཡག་ས་རེད། ཧཧཧཧཧཧཧཧཧ་། ཨ་ལ་ཀུ་རེ་ཡིན་སྙན་མོ་འདུག། རྩྭ་ཐང་གི་ལ་གཞས་སྙན་མོ་དེ་དག་དྲན་ནས་ཡོངས་གི།
ཨ་ཁུའམ་རྒན་ཀླུ་སྨྱོན་ལགས། ཁྱོས་ར་ཞེས་པ་ཁྱོད་ཀྱིས་ཀྱང་ཞེས་པ་སྟེ་ཁ་སྐད་དོ།། འདི་ཙམ་ལ་ཡང་མ་བློ་ཁ་མ་ཕྱོགས་པའི་སྙན་ངག་པ་་་་་་་་་་
ཨ་མྱེས་ལགས། མྱིག་ཤ་ཐུར་ར་ལུག་བསྡད་ཡོད་ནོ་ཡར་ར་ཁྱོག་ག་ཞིབ་ཀི་ཅིག་ལྟོས་ར། ཁྱོས་ར་ཞེས་འབྲི་མཁན་དེ་ཀ་རྡོ་ཕྱག་གཉེར་བ་རེད་ལ་ངའི་རྩོམ་རེད། ཨ་མྱེས་མྱིག་ལུག་འདི་ཨང་།
ད་ལྟོས་ན་ཚང་མ་བདེན་ནོ་དེ།།
ངས་མ་བཤད་ཁྱོས་ར་ཤེས་ནོ་རེད།།
རྩེ་མཚར་གྱི་ཚུལ་དུའོ།། ཞེས་པ་ལ་
ངས།
ཀླུ་སྨྱོན་ལགས་ཀྱིས།
ངས་མ་བཤད་ཁྱོས་ར་ཤེས་ནོ་རེད།།
ཡང་འདིར། ་་་ཁྱོས་ར་་་་ ཞེས་བྱེད་སྒྲ་དང་ལ་དོན་གང་མིན་པ་ཅིག་བྲིས་མི་འདུག་གམ། ལགས། ལབ་ས་འདི་ནོར་འདུག་པས་དྲ་གྲོགས་ཀླུ་སྨྱོན་ལགས་ལ། དགོངས་དག་ཞུའོ། །
༤༠༽ ཀརྡོ་གཉེར་ཕྱག་པ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༧ གི་ཆུ་ཚོད་ ༡༢ སྐར་མ་ ༢༠
མཛངས་མའི་འགྲན་སྡུར་འགོ་བརྗོད་འོག་ལ་མཆན་བུ་པ།
༣༩༽ བན་དེ་བ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༧ གི་ཆུ་ཚོད་ ༡༢ སྐར་མ་ ༠༦
བོད་ཀྱི་བརྡ་དག་ཉམས་པའི་རྟགས་ཤར་བ་འདྲ་ཡུལ་སྐད་གྲོང་སྐད་ཕ་སྐད་ཕ་རྟགས་རྐྱང་བསྟན་ནས་བྲིས་ཡོང་གི་འདུག
དེ་མིན་ན་ཁ་བརྡ་འདི་ཨ་མདོའི་རྒན་ཁོག་ཁ་བརྡ་བྱེད་ས་ཡིན་བཟོ་འདུག ་་་་ཞེས་པ་ཡང་གསུངས་འདུག