འབྲི་མོ།
ང་ཕྱི་རྒྱལ་མགོ་སེར་ཞིག་དང་འཕྲད་ནས།
ངས་སྐྲ་སྤུ་བཏོགས་ནས་རང་མགོར་བཏགས།
ང་རྒྱ་གར་ཁ་སྤུ་ཅན་ལ་ཐུག་ནས།
ངས་ཁ་སྤུ་བཅད་ནས་རང་ཁར་སྦྱར།
ང་རྒྱ་ནག་སྐྱི་དཀར་ཞིག་དང་འཕྲད་ནས།
ངས་སྐྱི་མོ་བཤུས་ནས་རང་ལུས་གོན།
ཧ་ ཧ། ད——–
ད་ང་ཅི་འདྲའི་སྟོབས་ཅན་བསམ།
ཡིན་ཡང་།
ངས་ཡར་གྱོན། མར་འདོགས་བྱེད་པའི།
མེ་ལུང་ནང་གི་རང་གཟུགས་དེ་ནི།
མི་མིན་འདྲེ་མིན་དུ་གྱུར་འདུག།
ང་། བོད་ཅེས་པའི་གཟུགས་རིས་དེ་ཡལ་སོང་།
ང་། བོད་ཅེས་པ་དེ་གང་ན་ཡོད།
ཨ། ཡ་ ཡ །
དེ་ནི། དེ་ནི ཅི་འདྲའི་ངོ་ཚ་དགོས་པ་ལའང་།
************
ང་རྒྱ་ནག་ཡུལ་ནས་ཐོན་པ་ནས།
ངས་རྒྱ་སྐད་ད་མ་དིག་ཞིག་བཤད།
ང་རྒྱ་གར་ཡུལ་དུ་གནས་ཡོད་པས།
ངས་ཧིན་རྡི་འཆའ་མ་འཆོལ་ཞིག་བཤད།
ང་ཕྱི་གླིང་ཡུལ་དུ་འགྲོ་དགོས་པས།
ངས་དབྱིན་སྐད་དག་ལ་མ་དག་བཤད།
རེད་ཡ། ད་ལྟ།
ད་ལྟ་ངས་སྐད་རིགས་བཞི་འཛོམས་བཤད།
ཨ། ལ་ ལ།
ང་ནི་ཅི་འདྲའི་མཁས་པར་བསམ།
ཡིན་ཡང་།
ངའི་བརྗོད་ཚིག་དེ་ནི།
ང་རང་མ་གཏོགས་གཞན་གྱིས་མི་རྟོགས།
གོ་རྒྱུ་མེད་པའི་འདྲེ་སྐད་དུ་གྱུར་འདུག།
ངའི་དྭངས་གཙང་གི་ཕ་སྐད་ཉམས་སོང་།
ང་། བོད་ཅེས་པ་དེ་གང་ན་ཡོད།
ཨ། ཡ་ ཡ།
འདི་ནི། འདི་ནི ཅི་འདྲའི་སྐྱོ་བ་ལའང་།
༼གསལ་བཤད། དེ་རིང་ཞོགས་པར་སློབ་ཕྲུག་བུ་མོ་ཞིག་གིས་རེ་སྐུལ་ཞུས་པ་ལྟར་འདིར་བཀོད་པ་ཡིན། ༽
གཅེས་འོས་སློབ་ཕྲུག་འབྲི་མོ་ལགས།
དངོས་གནས་བསམ་བློ་གཏོང་དགོས་པ་ཞིག་བྲིས་འདུག་པས་ན། ཐུགས་རྗེ་ཞེས་ཐོག་མར་ཞུ་འདོད་བྱུང་། གང་ལྟར།
བར་མ་རྐེད་ཅིག་ནས་བོད་མི་རིགས་འདི་ཡང་བོར་བརླག་འགྲོ་རྒྱུའི་ཉེན་ཚབས་ཆེ་གི ཆལ་མ་ཆོལ་ཞིག་ནས་བོད་མི་རིགས་ཀྱི་གོམས་གཤིས་ཀྱང་བརྗེད་རྒྱུའི་ཉེན་ཁ་ཆེ་གི ཡ་མ་བརླ་ཞིག་ནས་བོད་མི་རིགས་ཀྱི་འདུ་ཤེས་བོར་རྒྱུའི་ཛ་དྲག་ཆེ་གི སད་མ་སད་ཅིག་ནས་བོད་མི་རིགས་ད་དུང་རྗེས་ལུས་ཡང་ལུས་སུ་འགྱུར་ཉེན་ཆེ་གི
དེ་བས་ན། རིགས་མཐུན་བོད་པ་ཚང་གི་རྗེས་སྐྱོང་མི་རབས་གསར་བ་རྣམ་པ་ལགས། ང་ཚོའི་མི་རིགས་ཀྱི་ཁ་སྟབས་དང་ཉེན་ཚབས་ཆེ་བའི་གནས་སྟངས་ལ་གཞིགས་ནས། ལག་ལེན་གྱིས་འགན་ལེན་དང་དཔྱད་སྟོབས་ཀྱིས་རིག་རྩལ་བསྒྲིམས་ཏེ་མ་འོངས་པའི་མདུན་ལམ་དེ་དམིགས་ཚད་ཡོད་པ་ཞིག་ལ་ཕྱོགས་ཐུབ་དགོས་པ་ཁྱེད་རང་ཚོར་བབས་པའི་ལྡོག་མེད་ཀྱི་འགན་འཁྲི་ཞིག་རེད།
འབྲི་མོ་ལགས་ནས་གོ་རྒྱུ་ཅན་གྱི་རྩོམ་ཡིག་ཡག་པོ་བྲིས་གནང་འདུག་་་་་ཐུགས་རྗེ་ཆེ་་་་མི་མཐུད་ཤུགས་རྒྱོབས་ཨ་་་
རང་ཉིད་ཆོས་སྲིད་ཟུང་འབྲེལ་ང་ཚོ་དེང་རབས་ཀྱི་རྗེས་སུ་འབྲངས་པའི་བོད་མི་ཚད་ལྡན་ཅན་ཞིག་དང་། ཞོགས་དུང་ སོགས་གློད་གྲོལ་ཡོང་སླད་དང་སྐྱེ་རྒུ་མདོའི་འཆི་གསོན་རྣམས་ལ་ཕན་པའི་ལས་འགུལ་གནང་བར་ཚང་མས་རྗེས་སུ་ཡི་རང་དང་ཆབས་ཅིག འདི་རིང་སྤྱི་་ཟླ་ ༥ པའི་ ༡༤ ནས་བོད་ཟླ་བཞི་པ་ས་ག་ས་ག་ཟླ་བའི་ཚེས་གཅིག་འགོ་ཚུགས་པ་ནས། སྤྱི་ཟླ་ ༥ པའི་ཚེས་ ༢༧ དང་། སྤྱི་ཟླ་ ༦ པའི་ཚེས་ ༡༢ ལ་གནམ་གང་འཁེལ་བ་སོགས་དྲྭ་གྲོགས་རྣམས་ཀྱིས་ཐུགས་ལ་བཅངས་ནས་འགྲོ་སོང་ཆུང་ལ་ ཕན་ཡོན་ཆེ་བའི་དམར་ཟས་དང་ཆང་སོགས་སྤོངས་ཐབས་ཡོང་བའི་དྲན་གསོ་དང་རེ་བསྐུལ་ཞུ།
ཐོག་མར་མེ་ལུང་ཞེས་པ་མེ་ལོང་བཅོས།
དེ་མིན་བསམ་རྒྱུ་ཡོད་ནི་ཞིག་བྲིས་འདུག ད་ལྟའི་དུས་སུ་བོད་མིན་རྒྱ་མིན་ཧིན་མིན་དབྱིན་མིན་གྱི་བོད་པ་ཡིན་ཟེར་མཁན་མང་གི
ངས་བལྟས་ན།
རྒྱ་སྐད་རྩ་བ་ནས་མི་ཤོད་པ་ལས་ཁྱེད་ཀྱིས་ད་མ་དིག་ཞིག་བཤད་པ་འདི་ཡག་པོ་ཡིན་པ་དང་།
ཧིན་རྡིའི་སྐད་ཧ་མི་གོ་བ་ལས་ཁྱེད་ཀྱིས་འཆའ་མ་འཆོལ་ཞིག་བཤད་པ་དེ་ལས་ལེགས་ལ།
ད་དུང་དབྱིན་སྐད་སྦྱང་ནས་དབྱིན་ཡུལ་འགྲིམ་པའི་དམིག་ཡུལ་ཡོད་པ་འདི་བརྗོད་ངག་འོས་བ་ཞིག་རེད།
རྒྱུ་མཚན་ནི་ཁྱེད་ས་ལ་བསྡད་ནས་འབྱུང་འགྱུར་གི་འཚོ་བ་ལ་རེ་སྒུག་བྱེད་མཁན་ཞིག་མེད་པར་འབད་བརྩོན་བྱེད་མཁན་ཞིག་རེད་འདུག།
ད་མ་དིག་གི་སྐད་ཆ་ཤོད།།
ཆ་མ་ཆོད་ཀྱི་ལས་ལ་རྩོམས།།
ད་མ་བདེ་ཡི་ལམ་ལ་བུད།།
ནམ་ཞིག་རང་ཉིད་རྒྱལ་བར་འགྱུར།།
ཨ་མཆོག་ཆོས་དར་ལགས།
ཡིན་ཡང་། ཚིག་ལྷད་བཤད་པ་ལས་སྐད་རིགས་གཞན་པ་མ་ཤེས་ན་ བཟང་ངམ།
ང་ལ་phoneཐོང་ཤོགས།
ངས་ 电话རྒྱག་གི་ཡོད།
དེ་དག་ནི་བོད་སྐད་ཉམས་པའི་གཞི་རྩ་མ་རིད་དམ།
༣ པའི་རང་གི་མཆན་བུ་ནང་ལ། སྤྱི་ཟླ་ ༥ པའི་ཚེས་ ༢༧ ལ་ས་ག་ཟླ་བའི་ཚེས་༼༡༥༽བཅོ་ལྔ་འཁེལ་བ་ཡིན་སྟབས་རང་གིས་ཤེས་པའི་སྡིག་པ་སྣ་གཅིག་སྤོངས་ཐབས་དང་། དགེ་བ་སྣ་གཅིག་མེད་ནའང་གནང་ཐབས་ཞུ།
བོད་སྐད་ཉམས་པ་ཡིན་མིན་ཐོག་མར་གང་འདྲ་ཞིག་ལ་བོད་སྐད་ཚད་ལྡན་ཟེར་བར་རེག་ལས་བསམ།
ཐོག་མར་ཐོན་མི་སམས་བྷོ་ཊའི་སྐབས་ཀྱི་བོད་སྐད་དེ་ང་ཚོའི་སྐབས་འདིར་100% བེད་སྤྱོད་བཞིན་མེད་པ་ནི་བརྗོད་མི་དགོས་ལ་དེ་ཡང་སྐད་ཡིག་གི་ཡར་རྒྱས་ཡིན་པར་གཞིར་བཟུང་། སྐད་ཡིག་གི་མཁོ་བྱ་ནི་མི་དང་མིའི་བར་ལ་བརྡ་སྤྲོད་པ་ཡིན་པ་དེ་མཐོང་། དེ་ན་དུས་དང་མཐུན་པའི་མིང་ཚིག་གསར་བ་རེ་ལོ་རྒྱུས་ནང་བྱུང་ཡོད་ལ་མ་འོང་བར་ཡང་བྱུང་རྒྱུ་ཡིན་པས་སྐྱོན་མི་འདུག་བསམ།།
གོང་གི་རང་གི་མཆན་བུར་ཆད་པ་སྣོན་ཞོར་དུ། སྤྱི་ཟླ་ ༥ པའི་ཚེས་ ༢༧ ལ་ས་ག་ཟླ་བའི་ཚེས་༼༡༥༽བཅོ་ལྔ་འཁེལ་བ་ཡིན་སྟབས་རང་གིས་ཤེས་པའི་སྡིག་པ་སྣ་ གཅིག་སྤོངས་ཐབས་དང་། དགེ་བ་སྣ་གཅིག་མེད་ནའང་གནང་ཐབས་ཞུ།
འབྲི་མོལགས། ཡག་ཐག་ཆོད་བྲིས་འདུག ད་དུང་གང་ཐུབ་འབད་བརྩོན་གནང་རོགས།
གཡག་གི་འོ་མ་འཐུང་གི་སོང་བ་ཡིན་ཏེ། ས་དེ་རུ་གཡག་གི་སྐྱག་པ་མང་ཐག་ཆོད་ནས་དྲི་མ་ཁ་སོང་།
ད་མགོ་རུལ་སོང་་ཧ་ཧ་ཧ་ཧ་ཧ
མགོ་རུལ་ལགས།
གཡག་ལ་གཅིན་པ་མ་གཏོགས་འོ་མ་མེད། དྲི་མ་ཁ་སོང་བ་དེ་ཁ་སོང་ང་དེ་ཁག་མེད་གི།
ཁྱོ་དངོས་ནས་བོད་ཟེར་བ་དེ་རེད་ཡ། ཁྱོའི་མགོ་རུལ་དེ་ཁག་མེད་གི།
མགོ་རུལ་ལགས།
གཡག་གི་འོ་མ་འཐུང་འདོད་ན་བོད་གཞུང་ཟློས་གར་ཁང་གིས་ལྷ་མོ་འཁྲབ་པའི་སྐབས་ལ་ཕེབས་དང་གཡག་གི་འོ་མ་རེག་གི་རེད་ད། དེ་མིན་མདོ་དབུས་ཁམས་གསུམ་ན་ཁྱོད་ལ་གཡག་གི་འོ་མ་རེག་མི་ཡོང་གོ་་་་ཧ་ཧ་ཧ
སྒོར་མོ་ལས་སྐུ་འཕྱྭ་གལ་ཆེ་ཞེས་པས་སེམས་འཚབ་སླངས། ང་ཚོས་ཉིན་གཅིག་ལ་དུས་ཚོད་བཅུ་དྲུག་ལས་ཀ་བྱས་པ་ཡིན་ཞེས་པས་ངུ་བཅུག གཉའ་ཁྲི་གཙན་པོ་ནི་སྐྱ་སེང་བུ་ལྔའི་ནང་གི་གཡུལ་ངོ་བརྟན་པ་ཞེས་པ་དེ་ཡིན་ནོ་ཞེས་པས་མགོ་འཐོམ་བཅུག ཞོགས་དུང་སྐོར་གྱི་མཆན་བུ་ཚོས་ཁོང་ཁྲོ་སླངས། འདི་ན་དགོད་ཁ་སློང་ཀྱིན་འདུག་པས་དངོས་གནས་ཁ་བརྡ་རང་རེད། ཡག་པོ་འདུག ཁ་དྲོ།
སློབ་མ་འབྲི་མོ་ལགས་མུ་མཐུད་འབད་བརྩོན་གནང་དང་། བློ་ཡི་འཆར་སྒོ་ནས་ཁྱེད་ལ་རྩོམ་གཞིའི་ཡོན་ཏན་རྒྱས་པའི་ངོ་འདུག མགྱོགས་པོ་ད་ཆ་དབྱིན་ཡིག་ནས་སྙན་རྩོམ་བྲི་མཁན་འབྲོག་མོ་ཞུ་བ་ཞིག་འདུག་པ་དེའི་གྲོགས་སུ་གཤིབ་ཆོག་ས་རེད། དབྱིན་ཡིག་སྙན་ངག་པ་འབྲོག་མོ། བོད་ཡིག་སྙན་ངག་པ་འབྲི་མོ། ཧཧ། ང་ཚོ་བོད་པ་ཚང་གི་བུ་མོ་ཚོ་ངར་བ་འདུག ཕོ་གསར་ཚོ་ཤུགས་རྒྱོབ་རན་འདུག་ག
གྲོགས་ལ་ལ། འབྲི་མོ་བུ་མོ་མ་རེད། མགོ་རུལ་མགོ་རུལ་ཡོད་མ་རེད། མེ་ཏོག་དཀར་པོ་མེ་ཏོག་མ་རེད། ཧ་ཧ་ཧ་ཧ་