ཆང་སྐྱེས།
ཕ་ས་གསེར་གྱི་ལུང་པ་སྒང་ན་ཡོད།།
ཕ་མའི་གདམས་ངག་ཟབ་མོ་སྙིང་ན་ཡོད།།
ཕ་སྐད་གཙང་མའི་འགྱུར་ཁུགས་ངག་ན་ཡོད།།
ང་ནི་གདོང་དམར་བོད་ཀྱི་རྒྱུད་པ་ཡིན།།
དབྱངས་གསལ་སོ་བཞི་གཏན་གྱི་མདུན་མ་ཡིན།།
སུམ་རྟགས་དག་གསུམ་ནོར་གྱི་རྒྱན་ཆ་ཡིན།།
སྙན་ངག་ཟློས་གར་འཚོ་བའི་ཁ་སྣོན་ཡིན།།
ང་ནི་གདོང་དམར་བོད་ཀྱི་རྒྱུད་པ་ཡིན།།
འབྲོག་པའི་རྩྭ་ཐང་ང་ཡི་རྩེད་ཐང་ཡིན།།
རྟ་ནོར་ལུག་གསུམ་བདག་གི་རྩེད་རོགས་ཡིན།།
སྦྲ་ནག་གྲུ་བཞི་ཁོ་བོའི་ཁྱིམ་གཞི་ཡིན།།
ང་ནི་གདོང་དམར་བོད་ཀྱི་རྒྱུད་པ་ཡིན།།
གངས་དཀར་རི་བོ་བདག་གི་རུས་རྐང་ཡིན།།
རྨ་འབྲི་གཙང་གསུམ་ང་ཡི་ཁྲག་རྒྱུན་ཡིན།།
ཁྲི་ཤོར་རྒྱལ་མོ་ཁོ་བོའི་བླ་མཚོ་ཡིན།།
ང་ནི་གདོང་དམར་བོད་ཀྱི་རྒྱུད་པ་ཡིན།།
ཡག་པོ་འདུག འདི་ལ་དབྱངས་གཅིག་རག་སོང་།
ཆང་སྐྱེས།
ཕ་ས་གསེར་གྱི་ལུང་པ་རྒྱང་ན་ཡོད།།
ཕ་མའི་གདམས་ངག་ཟབ་མོ་སྙིང་ན་ཡོད།།
ཕ་སྐད་གཙང་མའི་འགྱུར་ཁུགས་ངག་ན་ཡོད།།
ང་ནི་གདོང་དམར་བོད་ཀྱི་རྒྱུད་པ་ཡིན།།
དབྱངས་གསལ་སོ་བཞི་གཏན་གྱི་མདུན་མ་ཡིན།།
སུམ་རྟགས་དག་གསུམ་བོད་ཀྱི་གཅེས་ནོར་ཡིན།།
སྙན་ངག་ཟློས་གར་འཚོ་བའི་ཁ་སྣོན་ཡིན།།
ང་ནི་གདོང་དམར་བོད་ཀྱི་རྒྱུད་པ་ཡིན།།
འབྲོག་པའི་རྩྭ་ཐང་ང་ཡི་རྩེད་ཐང་ཡིན།།
རོང་གི་སྒོ་ཞིང་ང་ཡི་རྩེད་ར་ཡིན།།
ཞིང་འབྲོག་གཉིས་ཀ་ང་ཡི་ཁྱིམ་གཞི་ཡིན།།
ང་ནི་གདོང་དམར་བོད་ཀྱི་རྒྱུད་པ་ཡིན།།
གངས་དཀར་རི་བོ་བདག་གི་རུས་རྐང་ཡིན།།
རྨ་འབྲི་གཙང་གསུམ་ང་ཡི་ཁྲག་རྒྱུན་ཡིན།།
ཁྲི་ཤོར་རྒྱལ་མོ་ཁོ་བོའི་བླ་མཚོ་ཡིན།།
ང་ནི་གདོང་དམར་བོད་ཀྱི་རྒྱུད་པ་ཡིན།།
བློ་བཟང་ལགས་ཀྱིས་བདག་གི་གཞས་ཚིག་འདི་ལ་ཞིབ་དག་བྱས་པ་དང་དབྱངས་གཅིག་རེག་སོང་ཞེས་པ་ལ་ཐུགས་རྗེ་ཆེ་ཞུ།
བློ་བཟང་ལགས་ཐུགས་རྗེ་ཆེ