རྩོམ་པ་པོ། སོ་ཧྥེ་ བསྟན་འཛིན་སི་ལེ་ཌེ།
སྒྱུར་པ་པོ། པད་མ་ཆོས་སྒྲོན་གྱིས།
“བསྟན་སྐྱིད་ཆུང་དུས་ནས་བློ་ཁོག་ཆེན་པོ་ཞེ་དྲག་ཡོད་རེད། ཁོང་མོ་སྤྱི་ལོ་༡༩༥༠ཡས་མས་སུ་ཀ་ལི་ཀ་ཏར་ཁ་བྲལ་ནས་ཨ་རིའི་ནེའུ་ཡོག་མཐོ་སློབ་ཅིག་གི་ནང་སྨན་སྦྱོང་དུ་ཕྱིན། མོ་གནམ་ཐང་ནས་འགྲོ་ཁར་ང་དང་ཕ་ལགས་ངེད་གཉིས་ཡོངས་སུ་བློ་ཡིད་ལས་འདས་སུ་འཇུག ཁོ་མོས་ཞེ་སེམས་ཐག་པའི་ངེད་གཉིས་ལ་ལྟ་ཞོར། སེམས་པ་སྐྱོ་མདོག་ལ་་་་་ང་ནི་འགྲིག་ཐག་ཆོག་ཡིན་ཟེར་ཞོར་བུད་སོང་ལ། ཁ་བྲལ་ཁར་མིག་ཆུ་ཐུག་པ་གཅིག་ཀྱང་མི་གཏོང་བས་མ་ཚད། ད་དུང་དགའ་སྤྲོས་ཁེངས་བའི་ཟོལ་གྱིས་་་་བྷེ་བྷེ་་་ལབ་ནས་ཕྱིན་སོང་་”
གོང་ཚིག་དུམ་འདི་ནི་ངའི་རྨོ་རྨོ་ཨ་མས་མོ་རང་གི་བུ་མོ་གཉིས་པ་སྟེ། ང་རང་གི་རྨོ་རྨོ་ལགས་སུ་བཤད་པའི་སྐད་ཆ་རེད། ངའི་རྨོ་རྨོ་ནི་ཕུགས་བསམ་ཆེན་པོ་ཡོད་མཁན་ཞིག་ཡིན་ཡང་། ཕུགས་བསམ་དེ་ངའི་ཡང་མེས་ཀྱི་དམིགས་ཡུལ་དང་གཏན་ནས་འདྲ་ཡི་མེད། ངའི་རྨོ་མོའི་རྨོ་མོ་དགུང་ལོ་བཅོ་བརྒྱད་སོན་སྐབས། བཞོན་རྟ་དྲེལ་ཆུང་ཞེས་པར་བཞོན་ནས་ལྷ་སར་བསྐྱོད། ལྷ་སར་ཁོང་མོའི་ཨ་ཕ་ཨེསེ་ཊྲཔེལོ་ལེགས་ལྡན་(S. W. Laden la,)་ཡོད་སར་ཕྱིན། སྐབས་དེར་ཨ་མེས་ལེགས་ལྡན་ནི་༧རྒྱལ་དབང་བཅུ་གསུམ་པས་ཐད་བསྐོས་གནང་བའི་ལྷ་སའི་ཉེན་རྟོག་བདེ་སྲུང་རུ་ཁག་གི་སྤྱི་ཁྱབ་མགོ་དཔོན་རེད།
སྤྱིར་ངའི་རྨོ་མོའི་རྨོ་མོ་དམ་པ་ཁོང་མོ་ནི་སྤྱི་ལོ་༡༩༠༥ ལོར་བཀའ་བློན་སྤུག་ནས་སྐྱེས་ཤིང་། དེ་གར་སློབ་གྲྭར་འགྲིམ་པ་དང་། ལག་རྩེ་སྤོ་ལོ་དང་། ལྦོ་ཡི་ལིན་(violin) རོལ་ཆ་སོགས་ཀྱང་སྦྱོང་རྒྱུའི་སྐལ་བ་ལྡན་ཡོད། ཁོང་མོའི་ཨ་ཕའི་འདོད་པ་བཞིན་ཤེས་ཡོན་སློབ་སྦྱོང་བྱས་ཤིང་། སྐབས་དེར་བུད་མེད་ཅིག་གིས་སློབ་སྦྱོང་བྱ་རྒྱུ་ནི་རྒྱུན་ལྡན་ཞིག་མིན། ཁོང་མོ་སློབ་གྲྭ་འགྲུམ་རྒྱུའི་གོ་སྐབས་བྱུང་བ་ཙམ་མ་ཡིན་པར་སློབ་སྦྱོང་ལ་ཧུར་བརྩོན་ཆེ་ཞིང་། སློབ་ཚན་ཚང་མར་སྤྲོ་སྣང་ཆེན་པོ་ཡོད་མཁན་ཞིག་ཡིན་སྐད་འདུག
དེ་མཚུངས་ངའི་རྨོ་རྨོའང་མོ་རང་གི་ཨ་མ་ནང་བཞིན་ཕུགས་བསམ་ཆེན་པོ་ཡོད་མེད་བཤད་མ་དགོས་ཤིང་། གོམ་གང་གིས་མདུན་སྤོས་ཀྱི་ཚུལ་དུ་བཤད་ན། ཁོང་མོས་གླིང་ཆེན་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་རྒྱབ་ལ་བསྐྱུར་ནས་ནུབ་ཕྱོགས་ཨ་རིར་ཕྱིན། རྡོ་རྗེ་གླིང་ནས་སྐྱེས་ཤིང་འཚར་ལོངས་བྱུང་བའི་ཁོང་མོ་ནི་ཨ་རིར་སྨན་གྱི་སློབ་སྦྱོང་བྱེད་པར་ཕྱིན་པའི་བོད་མི་དང་བོ་དེའང་ཆགས་ཡོད། (སྤྲོ་སེམས་)དང་(གསོན་ཤུགས)ཞེས་ པའི་ཐ་སྙད་འདི་གཉིས་པས་གཞི་ནས་ཁོང་མོ་འགྲེལ་བརྗོད་ཐུབ་པར་སྣང་། ཡང་ཁོང་མོར་མཚོན་ན་ཨ་རི་ནི་འཛམ་གླིང་ཆེན་པོ་ཞིག་མཐོང་བྱེད་ཀྱི་མེ་ལོང་ལྟ་བུ་གྱུར་ཡོད།
ནེའུ་ཡོག་བྷར་ནར་ཊི་མཐོ་སློབ་ (Barnard College) དང་། དེ་ནས་ཀོ་ལུམ་པི་ཡ་ (Columbia ) གསོ་རིག་སློབ་ཆེན་ནས་སློབ་མཐར་ཕྱིན་པ་དང་། སློབ་གླིང་དེར་ནེའུ་ཇེ་སི་ནས་ཡིན་པའི་ཨ་རི་བ་ཞིག་དང་མོ་རང་ཁ་ཐུག་སྟེ། ཚེ་གཅིག་གི་སྐྱ་ཡར་གྱུར། རིམ་གྱིས་ཁོང་བཟའ་ཚང་ཉིས་ཆ་མཚོ་དམག་གི་སྨན་པ་བྱས་པར་བརྟེན། ལས་ཞོར་ནས་འཛམ་གླིང་གི་ས་ཕྱོགས་གང་སར་ལྟ་སྐོར་ཏུ་བསྐྱོད་རྒྱུའི་གོ་སྐབས་ཀྱང་བྱུང་འདུག་ལ། བལ་ཡུལ་ཏུ་ཞི་བདེ་སྲུང་སྐྱོབ་དམག་(peace corp)གི་ཁུངས་སུ་ཞུགས་གནང་བ་དང་། མཐར་ཁོང་བཟའ་མི་གཉིས་ཀྱིས་ནེའུ་ཇེར་སེ་ནས་ཀ་ལི་ཧོར་ཉི་ཡར་སྤོར་གྱིས། དེར་ཁྱིམ་གཞིས་བཟུང་བ་དང་ཕྲུ་གུ་བཞི་སྐྱེས་བའི་ཁྲོད་ཀྱི་ཆེ་ཤོས་གཉིས་པ་ནི་དེ་རིང་གི་ངའི་ཨ་མ་ལགས་རེད། དེ་ལྟར་ངའི་ཨ་མ་དང་མོའི་སྤུན་མཆེན་རྣམས་ནི་ངེད་ཚང་གི་བོད་མི་ཕྱེད་ཀ་བར་གྱུར།
ངའི་ཨ་མར་མཚོན་ན། མོ་རང་གི་ཤ་དང་རུས་བའི་གསེང་དུ་ཁོང་མོའི་ཨ་མས་རྒྱ་ཆེ་བའི་ཕུག་བསམ་རང་ཆས་སུ་གྲུབ་ཐོག སྐད་གྲགས་ཅན་གྱི་པིརིནསེཀྲོན་(Princeton )སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས། རྩོམ་པ་པོ་ཞིག་ཆགས་འདུན་གྱི་ཕུགས་བསམ་དེས། མོ་རང་གཅིག་པུ་འཛམ་གླིང་གང་སར་སྐོར་བསྐྱོད་དུ་ཁྲིད་པ་དང་། ཡང་ཆུང་ནས་ས་རྒྱུས་ཆུ་རྒྱུས་ཆེ་བའི་ཨ་རི་བཞག་སྟེ། འཚོ་ལམ་ཡན་གར་བ་ཞིག་བཙལ་ཏུ་ཕྱིན། ཁོང་མོ་སླར་ཡང་རྡོ་རྗེ་གླིང་དུ་ལོག་ནས་མོ་རང་གི་ཨ་མ་དང་ལྷན་དུ་ཡུན་རིང་ལ་བསྡད་པ་དང་། དེ་གར་རྩོམ་ཡིག་འབྲི་སྦྱོང་གི་ལས་སུ་བཞུགས། རྗེས་སུ་ཉི་ཧོང་གཙུག་ལག་སློབ་གླིང་ཞིག་གི་སློབ་དཔོན་གྱི་ཕྱག་ལས་གནང་ཞིང་། དེ་ནས་ཨ་རི་བ་ཡིན་པའི་ངའི་ཕ་ལགས་དང་ཁ་ཐུག་ཅིང་། ཉི་ཧོང་གི་རྒྱལ་ས་ཀྲོག་ཀོ་ནས་སྐྱེས་པའི་ང་དང་ནུ་བོ་གཉིས་ལ་མཚོན་ན། ངེད་ཚང་གི་བཞི་ཆའི་གཅིག་གི་བོད་མི་ཡིན་པའི་མི་ཐོག་ཏུ་གྱུར།
ངའི་ཨ་མའི་བརྩོན་པར་རྟག་ཏུ་གྱུར་བ་ཡོད་མ་མྱོང་ལ། སློབ་གྲྭ་ནས་ད་བར་མོ་རང་གི་ལས་ཀ་ཡོད་ཚད་མོའི་ལོ་ཚད་ལས་འགོངས་པ་ཤ་སྟག་ཡིན་སྐད་འདུག ཁོང་མོ་ལ་དམིགས་བསིལ་སྐད་ཡིག་གི་བྱང་རྩལ་ཁྱད་པར་བ་ཅིག་ཡོད་ལ། མོས་དབྱིན་ཇིའི་མ་སྐད་ཀྱི་སྟེང་། ཧྥ་རིན་སིའི་སྐད་ཡིག་དང་། སི་པན་གྱི་སྐད་ཡིག ཉི་ཧོང་གི་སྐད་ཏོག་ཙམ་སྐྱོན་ཤེས་པ་བཅས། མདོར་ན་སྐད་ཡིག་སྣ་མང་གི་རྨང་གཞི་ཡོད་པའི་མཐུན་རྐྱེན་འོག ཁོང་མོས་རྩོམ་པ་པོ་རོའ་ན་ཌོ་ཨ་རན་ན(Reinaldo Arenas’)་ཡི་བརྩམས་སྒྲུང་༼རྒྱ་སེ་མེ་ཏོག་རྙིང་བ༽(Old Rosa. )ཞེས་པ་དབྱིན་བསྒྱུར་བྱས་པ་ནི་མོ་རང་གི་བརྩམས་ཆོས་ཐོག་མ་རེད། མོས་སློབ་དཔོན་ཆེན་པོའི་སློབ་ཁྲིད་ཀྱི་ལས་ཞོར་ཏུ། དུས་རྒྱུན་རང་ཉིད་ཨེ་ཤ་ཡའི་ཡུལ་ལུང་གང་སར་སོང་བའི་མྱོང་ཚོར་ཟིན་བྲིར་ཕབས་པ་གཙོས། ཁྲག་རྒྱུན་གྱི་ཕྱེད་ཀ་བོད་པ་ཡིན་པའི་འདུ་ཤེས་ཀྱིས་སམ། སྟབས་བདེ་པོར་བཤད་ན། བར་ལམ་༼ཨ་རི་བའི་གཡུ་འབྲུག་ཚོ་༽ཞེས་མོ་རང་ཨ་རིའི་བོད་པ་ཡིན་པའི་མྱོང་ཚོར་གཞིར་བཟུང་བྲིས་པའི་བརྩམས་སྒྲུང་ཞིག་པར་བསྐྲུན་གནང་ཞིང་། དུས་རྒྱུན་བོད་དོན་ལས་འགུལ་རིགས་ཀྱི་ཆ་ཤས་ལེན་གང་ཐུབ་བྱེད་ཀྱིན་འདུག
ངའི་རྨོ་མོའི་རྨོ་མོ་ནས་སྤྲོད་བྱས་པའི་བརྩོན་སེམས་དེ་ང་ལ་ཡོད་ཆོག་པར་སེམས། དེ་བས་ངས་ང་དང་ངའི་དམིགས་འདུན་མངོན་འགྱུར་ཡོང་ཐུབ་ལ་འབད་བརྩོན་ལྷོད་མེད་བྱས་ཐོག ངའི་བཞི་ཆ་གཅིག་གི་བོད་པའི་འབྲེལ་བ་འདི་བརྗེད་མི་རུང་བ་དྲན་བསྐུལ་དང་། ཡང་དྲན་བསྐུལ་ཙམ་གྱིས་མི་ཆོག་པའི་བསམ་བློ་ཞིག་གི་དབང་གིས། ལོ་འདིའི་དབྱར་ཁའི་གུང་སེང་དང་བསྟུན་ང་རྡ་རམ་ས་ལར་ཡོང་དགོས་པ་དྲན་སོང་། འདིར་འབྱོར་སྐབས་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་ནས་དང་བླང་དགེ་རྒན་བྱས། རྡ་རིམ་ས་ལར་སླེབས་རྗེས། ས་ཁུལ་འདི་སྐྱིད་སྣང་དོད་པོ་ཞིག་ཏུ་ཚོར་ཞིང་། རང་གི་གང་ལྕོགས་ཀྱི་ལས་ལ་ཧུར་ཐག་བྱས་ཁུལ་ཡང་། ང་ལ་ས་འདི་དང་འབྲེལ་ཐག་ཆེན་པོ་ཡོད་པའི་ཚོར་སྣང་དེ་མུར་བྱུང་མ་སོང་། དེ་ནི་ངས་ང་རང་བོད་མིའི་ཆ་ཤས་ཤིག་ཡིན་པ་མ་ཤེས་པ་ག་ལ་ཡིན། ང་རང་ལོ་ན་གསུམ་བཞི་ཡིན་པའི་སྐབས་ཐོག་ནས། རྡོ་རྗེ་གླིང་དུ་བོད་མི་ཡིན་པའི་ངའི་ཤ་གཉེན་ཚོར་ང་དང་ངའི་ནུ་བོ་གུང་སེང་ནམ་བྱུང་ལ་ཐུག་འཕྲད་དུ་གཏོང་གི་ཡོད་མོད། ཉི་ཧོང་གི་ཨ་རི་བའི་མིང་ཐོག་ནས་འཚར་ལོངས་བྱུང་བའི་ང་ལ་མཚོན་ན། ངའི་རྒྱུད་དུ་ཉི་ཧོང་བའི་ཡུལ་གོམས་གཤིས་ལུགས་དང་། ཨ་རི་བ་ཞིག་ཡིན་པའི་ངོ་རྟགས་དེ་སྲ་བརྟན་དུ་གྲུབ་འདུག ཡིན་ནའང་། རྡ་རིམ་ས་ལ་ནས་བོད་མི་དང་འགྲོགས་འདྲིས་ཇེ་ཟབ་ཏུ་སོང་བ་དང་སྦྲགས། ང་དང་ཁོང་ཚོའི་བར་ན་མི་ཚེ་རིན་ཐང་དང་། བསམ་བློའི་ཁྱེར་ཕྱོགས་གང་འཚམ་ཞིག་གཅིག་མཚུངས་སུ་གྲུབ་པ་དང་། བོད་མའི་ཡིན་པའི་ངའི་ཕ་མེས་ཡང་མེས་ཀྱི་འབྱུང་ཁུངས་ལ་གོ་རྟོགས་ཇེ་གསལ་ནས་ཇེ་ཟབ་དུ་སོང་།
ཨ་རིར་ཡོད་པའི་ཤ་གཉེན་དང་། ཉི་ཧོང་དུ་ཡོད་པའི་གྲོགས་གྲོགས་མོ་ཚོ། མ་ཟད་འདི་གའི་ངོ་ཤེས་གང་མང་ཞིག་གིས་་་ངས་རང་གི་ཟླ་ངོ་གཅིག་དང་ཕྱེད་ཀའི་དབྱར་གནང་གི་དུས་ཚོད་འདི་ནས་སྐྱེལ་དོན་ཅི་ཡིན་ཞེས་དྲིས་སྐབས། ངས་དེ་སྔོན་ནས་བོད་ཀྱི་བུད་མེད་ལྷན་ཚོགས་གོ་ཐོས་ཅུང་ཟད་ཡོད་རབས་དང་། དེའི་དབང་གིས་ལས་ཁུངས་འདི་ནས་དང་ཞབས་བྱེད་འདུན་སྐྱེས་ཞེས་ལན་ཐུང་ངུ་ཞིག་གིས་འགྲིག་པ་བྱས་ཀྱིན་ཡོད།
བོད་ཁྱིམ་སློབ་གྲྭའི་ཕྲུ་གུ་ཚོར་དཔེ་ཁྲིད་དང་། བུད་མེད་ལྷན་ཚོགས་ནས་ཉམས་ཞིབ་ཀྱི་ལས་ཀ་བྱེད་ཞོར། གཡས་གཡོན་གྱི་མི་ཚོར་འབྲེལ་གཏུགས་དང་ཁ་བརྡ་ལན་མང་བྱས་མཐར། བོད་མི་་་་་་ངས་ང་ཁོ་ཚོ་དང་འབྲེལ་བ་ཟབ་མོ་ཞིག་ཡོད་པའི་ཚོར་ཤུགས་དེ་དྲག་ཏུ་སོང་། བོད་མི་་་་་སུ་དང་སུ་ཞིག་རང་གི་ཕ་ཡུལ་ཏུ་ལོག་མ་ཐུབ་ཅིང་། ས་མཐར་ཞིག་ནས་ཁྱིམ་གཞིས་བཟུང་སྟེ་བུ་ཕྲུག་སྐྱེས་ཤིང་ནར་སོན་པར་བྱས། བུ་ཕྲུག་་་་་སུ་དང་སུ་ཞིག་རང་གི་ཕ་མ་ཚོ་ཆེས་དགའ་སའི་གངས་ཀྱི་རི་རྒྱུད་དང་། ལྷུང་ལྷུང་དུ་འབབ་པའི་གཙང་བོ་དག་མཐོང་མ་མྱོང་ཡང་། མཐོང་འདོད་ཆེ་བ་ཀུན་གྱིས་རྟོགས་པར་གྱུར་འགྲོ། ས་མཐའ་འདི་ནས་རྡ་སའི་བོད་མི་ཚོས་འདི་ལྟར་རང་དབང་གི་འཚོ་གནས་དང་། རང་ལ་བདག་པའི་རྒྱལ་ཁབ་ཅིག་བསྐྱར་གསོ་འབྱུང་སླད་འབད་འབངས་གནང་བའི་བྱེད་བབ་འདིས། ང་ལའང་བོད་དང་ངའི་ཡབ་མེས་ཀྱི་ཤུལ་བཞག་གཅེས་འཛིན་ཐད་ཞབས་ཞུ་ཕྲན་ཚེགས་ཤིག་སྒྲུབ་རྒྱུར་སྐུལ་མ་ཐེབས་སུ་བཅུག
བུ་མོ་ང་རང་ཡང་ངའི་ཨ་མ་ནང་བཞིན། ངའི་ཨ་མའང་མོ་རང་གི་ཨ་མ་ནང་བཞིན། ཨ་མ་དེའང་མོའི་ཨ་མ་ནང་བཞིན། འགྲུལ་བཞུད་ཅིག་གི་རྡོག་མགོ་ཐོན་པ་ནས་སོ་སོའི་འཇིག་རྟེན་ལ་ངོས་འཛིན་དང་། རང་རང་གི་དམིགས་ཡིད་མངོན་འགྱུར་གནང་ཐབས་བྱེད་སྲོལ་ཡོད་པ་བཞིན། ངས་ཀྱང་མདུན་དུ་ཡོད་པའི་འཚོ་གནས་རྙིང་བ་རྒྱབ་ལ་བསྐྱུར་ཏེ་རང་བློར་འཚམས་པའི་འགྲུལ་བཞུད་ཅིག་གི་འགོ་རྩོམ་ཟིན་ལ། རང་ལ་རན་པའི་མི་ཚེ་ཞིག་གི་ལམ་སྣེ་འཁྲིད་འདོད་ཡོད་ཀྱང་། ཐག་ཉེ་རིང་དང་། ཕྱོགས་གང་དུ་ཕྱིན་ཀྱང་རུང་། ཆེད་སྦྱོང་གང་ཡིན་ན་འདྲ། ཐག་ཆོད་གང་བྱས་ལ་མ་ལྟོས་པར། ངེད་ཚང་གི་བུད་མེད་འདི་དག་གིས་བོད་དང་འབྲེལ་ཐག་བཅད་མེད་པ་ནི། ངའི་ཡིད་སྨོན་སྐྱེས་ས་ཁོ་ན་དེ་ཡིན་ལ། ཆད་མེད་པ་གང་ཞིག་མུ་མཐུད་རྒྱུན་བསྲིངས་འདོད་པའི་ངའི་སེམས་ཀྱི་རྒྱུན་སྐུད་འདི་ཡང་རྩ་ཆེན་དང་། རྒྱུན་སྐུད་འདིས་ང་དང་བོད་དམ་ཏུ་སྤྲེལ་ཡོད་ལ། ཅིག་ཤོས་ནི་སྤྲེག་ཐག་དེ་བཅད་པ་དང་ཆད་འགྲོ་པའི་སྐད་ཆ་མ་ཡིན་པར། འདོར་ཏུ་མེད་པའི་རང་ཉིད་ཀྱི་ཆ་ཤས་ཤིག་ཡིན་ལོས་ཆེ།
སྤྱིར་ཨ་རི་བ་ཚོས་ང་ཚོ་ག་ས་ག་བ་ནས་ཡིན་ཞེས་ལབ་སྲོལ་ཡོད་པ་བཞིན། ཨ་རི་ནི་དེ་ལྟར་མི་རིགས་དང་། ཡུལ་ལུང་། ཐ་ན་ལོ་རྒྱུས་སོགས་ཀྱང་སྣ་མང་མཉམ་འདྲེས་ཀྱི་རྒྱབ་ཁབ་ཅིག་ཡིན་མོད། ང་རང་བོད་ཀྱི་ལོ་རྒྱུས་ལ་མྱོང་གོམས་ཡོད་མེད་ལ་མ་ལྟོས་པར། རང་ཉིད་བོད་མི་ཞིག་ཡིན་པའི་ལོ་རྒྱུས་དེའང་གསུབ་ཐབས་མེད་ལ། ཅིག་ཤོས་འདི་ནི་ཕ་མེས་ཀྱིས་ང་ལ་གནང་བའི་ཤུལ་བཞག་ནོམ་སྐལ་ཡང་ཡིན་ཆོག
སང་ལོའི་དབྱར་གནང་བསམ་བློར་འཁོར་སྐབས། ང་སླར་ཡང་རྡ་སར་ཡོང་ན་ཡོང་ས་ཞིག་དང་། ཡོང་ནས་ལས་རྒྱུ་ཞིག་ཡོད་པ་ལྟ་བུའི་སེམས་ཚོར་འཁོར་ཡོང་གི ཉི་ཧོང་ནི་ཕྱིར་ལོག་སའི་ཁྱིམ་གཞིས་ཡིན་མོད། བོད་མི་དང་བོད་མིའི་སྤྱི་ཚོགས་ལ་འདྲིས་གཤིབ་ལས་བྱུང་བའི་ཚོར་སྣང་ཞིག་ལ། བོད་མིའང་ངའི་ཞེ་སེམས་ནང་ལ་ལོག་སའི་ཁྱིམ་གཞིས་དེ་ཡིན་སྣང་འཆར་གི
སྒྱུར་པ་པོའི་མཆན: [རྩོམ་འདི་བུ་མོ་་སོ་ཧྥེ་ བསྟན་འཛིན་སི་ལེ་ཌེ་ལགས་ཀྱིས་བྲིས་པ་དང་། ཁོང་མོ་ད་ཆ་རང་ལོ་བཅུ་དྲུག་རེད་འདུག་ལ། ཁ་ཉིན་མོ་རང་སློབ་གྲྭའི་དབྱར་གནང་སྐབས་འདི་ག་རྡ་སར་ཡོང་བ་དང་འབྲེལ། སྐབས་དེར་མོས་ངེད་བུད་མེད་ལྷན་ཚོགས་སུ་ཟླ་གཅིག་རིང་དང་བླངས་ལས་ཞབས་གནང་ཞིང་། འགྲོ་ཁར་མོ་རང་གི་མྱོང་སྣང་དང་འབྲེལ་བའི་རྩོམ་འདི་བཞག་ནས་ཕྱིན་སོང་། ངས་རྩོམ་ཡིག་འདིས་དེང་སྐབས་རང་ཉིད་བོད་མི་ཡིན་པར་སྒྲུབ་རྒྱུར་ཤུགས་རྒྱག་མཁན་དང་། ཡང་ན་བོད་གྲལ་ནས་ཐོན་དེ་གཞན་རྫུས་བྱ་རྒྱུར་སྤྲོ་སྣང་ཅན་གང་ཡིན་རུང་། སེམས་ཚོར་དང་ལོ་རྒྱུས་གཞི་གཅིག་དུ་སྤྲེལ་ཐུབ་མཁན་གྱི་གསམ་ཚུལ་འདི་ཚོར་ལྟ་རིན་ཡོད་པར་མཐོང་ནས་བསྒྱུར་བ་ལགས]
འདི་བུད་མེད་ཚོགས་པའི་ཚོགས་མིས་བསྒྲུབ་འོས་པ་ཅིག་རེད་སྙམ། བཟང་གི ལེགས་བྱ། དོན་བཟང་། འགྲིག་བྱ།
་་་་ ང་རང་བོད་ཀྱི་ལོ་རྒྱུས་ལ་མྱོང་གོམས་ཡོད་མེད་ལ་མ་ལྟོས་པར། རང་ཉིད་བོད་མི་ཞིག་ཡིན་པའི་ལོ་རྒྱུས་དེའང་གསུབ་ཐབས་མེད་ལ། ཅིག་ཤོས་འདི་ནི་ཕ་མེས་ཀྱིས་ང་ལ་གནང་བའི་ཤུལ་བཞག་ནོམ་སྐལ་ཡང་ཡིན་ཆོག ་་་་ཟེར།
ད་དུང་ནུབ་ཕྱོགས་ཡུལ་གྲུ་ཁག་ན་འདི་ལྟ་བུ་འགྱུར་ཟིན་པའམ་འགྱུར་བཞིན་པ་འགྱུར་བར་འགྱུར་བ་ཇི་ཙམ་ཡོད། མི་རིགས་གཞན་འགྱུར་གྱི་གནས་སྟངས་འདི་མཐོང་ན་ངོ་མ་མཚན་མོ་གཉིད་ཀྱང་མི་ཡོང་ཀི
མི་འདིའི་(S. W. Laden la,) བོད་མིང་༼ ལེགས་ལྡན་༽མིན་བསམ་པ་ཞིག་ཡོད། དྲ་གྲོགས་ནང་ཤེས་མཁན་ཡོད་ན་གསལ་བོ་བཟོ་རོགས་་་
ལེགས་ལྡན་ས་ཧེབ་ཟེར་བ་དེ་རེད། སྲིད་དོན་རྒྱལ་རབས་ནང་ན་འདིའི་སྐོར་ཡོད། དེ་མིན་པའི་ལོ་རྒྱུས་ཁ་ཤས་ལས་ཀྱང་མི་འདིའི་སྐོར་གསལ་ས་འདུག
བོད་ཀྱི་ལོ་རྒྱུས་རྒྱུ་ཆ་གདམས་སྒྲིག་དེབ་ཞིག་ལས་ཀྱང་འདིའི་སྐོར་གསལ་གི་ལགས།
བར་དོ་བ་འདི་ཚོ་སྙིང་རྗེ་རེད།
མི་ཐོག་འགའི་རྗེས་སུ་བོད་མི་བར་དོ་བས་བཀང་གི་རེད།
ང་མི་འདི་འདྲ་མང་བོར་ཐུག་པ་དང་བསམ་ཚུལ་བརྗེ་རེ་ཡང་བྱས་མྱོང་།
ཆོད་ཡོད་མ་རེད་ལགས། མི་འདི་རིགས་ལ་རིན་ཐང་ཅང་མེད།
ཉི་མ་རེ་བརྗེ་ན་བསམ་བློ་རེ་འཁོར་ཡོང་གི་རེད་ལ། ཉི་མ་རེ་བརྗེ་ན་སྐད་ཆ་རེ་བཤད་ཡོང་གི་རེད།
སྤོབས་པ་མཐའ་ཡས་ལ་གསལ་ཆ་འདུག ངས་ལྷ་ལྡིང་སྲས་ཟེར་བ་ཞིག་དྲན་བསྡད་འདུག བྱས་ན་དེ་ཡིན་ས་མ་རེད་་་་
རིན་ཐང་ལྡན་པའི་རྩོམ་ཡིག་འདི་འདྲ་བོད་ཡིག་ནང་བསྒྱུར་བར་རྟེན་འབྲེལ་ཞུ།
རིན་ཐང་ཅུང་མེད་གསུང་ན་བདེན་པ་འདྲ་མོ་འདུག མིའི་ཐང་ཙམ་ཡོད་སྲིད། མ་མཐར་སྒོར་མོ་བཙལ་ཐུབ་བགྱིད་རེད།
ལྟོགས་དུས་དགོས་མཁོ་ཡོད་དོ། བར་དོ་བ་དངོས་གནས་རེད་བསམ། ང་ལྟ་བུ་བར་དོ་ན་ཡོད། བར་དོ་བའི་བསམ་པ་ཆུ་རེད། ཡར་མར་གཉིས་ཀ་ལམ་རེད་མོ།
རང་དབང་རང་དབང་ཟེར་ཞོར།
སྒོར་མོ་བཙལ་ནས་ལུས་སོང་།
འདི་འདྲ་ཡིད་ལ་མ་འཁོར།
སྤུན་མཆེད་རྣམས་ལ་ཞུས་མེད།
ཀླུ་མཁར་བྱམས་ལགས། ལྷ་ལྡིང་སྲས་དབྱིན་བོད་དམག་འཁྲུགས་སྐབས་བཀྲོངས་ཤོར་བ་དེ་རེད། ལེགས་ལྡན་ས་ཧེབ་ལགས་ད་ལྷ་སའི་པུ་ལི་སིའི་མགོ་གཙོར་བསྐོས་བཞག་བྱས་པ་རེད་འདུག རྒྱལ་དབང་བཅུ་གསུམ་པ་བྲོས་བྱོལ་དུ་ཕེབས་ཤུལ་དུ་རྒྱ་མིའི་ཅུང་ཁྲ་ཟེར་བ་ཞིག་ཡོད་ཚོད། རྗེས་སུ་རྒྱ་དམག་ལ་ཕམ་ཉེས་བྱུང་རྗེས་སུ་བོད་གཞུང་གིས་ལྷ་སའི་བདེ་འཇགས་སྐོར་སྲུང་རྩིས་ལེན་བྱས་རྗེས་སུ་ལེགས་ལྡན་ལགས་སྦྱོང་བརྡར་ཡོད་མཁན་ཞིག་རེད་འདུག དེའི་སྐོར་སྲིད་དོན་རྒྱལ་རབས་སུ་ཡང་ཡོད་ཐོག་བོད་ཀྱི་ལོ་རྒྱུས་རྒྱུ་ཆ་བདམས་བསྒྲིགས་ཤིག་ལ་ལྷ་སར་པཡ་ལི་སི་བཙུགས་སྐོར་གྱི་ཆེད་རྩོམ་ཞིག་ཡོད་པ་རེད། དེའི་ནང་ལ་ཡང་ཁོང་གི་སྐོར་བྲིས་འདུག
S.W.Laden མིང་ཆ་ཚང་ལ་བསོད་ནམས་དབང་འཕེལ་ལེགས་ལྡན་ཞུ་བ་རེད། ཕྱི་ལོ་1876 ནས་1936བར་བཞུགས། འབྲས་ལྗོངས་པའི་ཁྱིམ་རྒྱུད་དུ་འཁྲུངས། སྐུ་ན་གཞོན་དུས་རྒྱ་གར་དབྱིན་དམག་ནང་ཞུགས། བོད་སྐད་དང་དབྱིན་སྐད། འབྲས་ལྗོངས་པའི་སྐད་ལ་བྱང་ཆ་ཆེ། དབྱིན་ཡིག་ནང་ཁོང་གི་ལོ་རྒྱུས་མང་དུ་ཡོད་དོ།
བོད་པ་ཚང་གིས་ཕ་ས་གསེར་གཞོང་འདྲ་བོ་ཤོར་ནས་ཐལ་། རིགས་རྒྱུད་གཙང་པོ་འདྲ་བོ་འཆོལ་ནས་ཐལ། རིག་གཞུང་གསེར་སྣག་འདྲ་བོ་ཡལ་གྱིན་འདུག
སྐྱེ་ས་བོད་ཡུལ་མིན་པའི་ཤ་རུས་བ།
མྱི་ཐག་བཞི་བའི་བོད་མི་ངོ་སོ་བསྟོད།
གང་ནས་སྐྱེ་ས་དེ་ལ་མ་ཆགས་པར།།
ཆགས་ས་མེད་པའི་གཞི་ཁ་སྟོང་བར་ཆགས།།
སེམས་དང་རུས་བར་རྐང་ཞིག་ཡོད་པའི་རྟགས།།
འཐབ་རྩོད་ཞིག་གི་རྔ་མ་སྐྱོངས་བའི་རྟགས།།
ན་ཆུང་ཚོ་ལ་དགའ་བའི་སེམས་ཞིག་ཤོར།།
བོད་ལ་སྐྱ་རེངས་ཤར་བའི་ལྟས་ཞིག་ལྡན།
སྐུ་དྲག་གི་དུས་རབས་་རྫོགས་ཟིན་པ་རེད། ང་ཚོས་ཆ་ཚང་བའི་བོད་མི་ཚོར་བདག་པོ་བརྒྱག་ཐུབ་ཀྱི་མེད་པ།
བཞི་ཆ་གཅིག་ཅན་གྱིས་ག་རེ་བྱས་ཡ་རེད། ་རྡ་སར་ལས་ཀ་བྱས་བའི་ཉམས་མྱོང་ཡོད་མདོག་མདོག་བྱས་།
བུད་མེད་ཚོགས་པའི་ལག་ནས་ངོ་སྦྱོར་འདྲ་རེག་ན་ཕྱི་རྒྱལ་དུ་ལས་ཀ་བཙལ་ཡ་རེད། དགོ་སམཁོ་ཡོད་ན་བོད་པ་འབྲེལ་བ་བྱས་ཡ་རེད། བོད་པའི་འཁྲིས་ནས་དགོས་མཁོ་མེད་ན་འབྲེལ་བ་བྱས་གི་མ་རེད། དེ་འདྲ་མང་བོ་ཡོང་གི་རེད། ཧང་སང་ཡ་ཡོད་མ་རེད།
བུད་ཚོགས་པས་མོའི་ལག་ནས་ཅུང་མ་བླངས་རབས་གསུང་མ་སོང་། དེ་ཞུ་ཤེས་ཀྱི་ཡང་མ་རེད། སྐུ་དྲག་ཟེར་ན་ཞེ་ས་མ་ཞུས་ན་མི་དྲག་ཟེར་བ་རེད། མི་དྲག་གི་དུས་རབས་རྫོགས་ཨེ་ཡོད་ན།
བུད་མེད་ཚོགས་པས་ཅེས་པར་འཆོས་ནས་གོ་བ་ལེན་རོགས།
བུ་མོ་མཛེས་མ་ཞིག་འདུག ངས་མནའ་མ་ལེན་ཐག་ཆོད་ཡིན།
༼ང་ནི་བཞི་ཆ་གཅིག་གི་བོད་པ་ཡིན༽
ཟེར་བ་ལས་་་་ང་ནི་བོད་པ་ཕྱེད་ཀ་ཡིན་ཟེར་ན་གོ་བདེ་བཤད་བདེ་བ་འདུག
བཙན་བྱོལ་གྱི་ཕྱི་གཟུགས་གསལ་བོར་བསྟན་འདུག་པའི་རྩོམ་ཡིག་ཡག་པོ་འདི་ཧ་ཅང་དགེ་མཚན་འདུག
འདི་ནི་མོའི་སེམས་ཚོར་ཞིག་ཡིག་ཐོག་ཏུ་ཕབ་པ་ཙམ་རེད།
བསམ་གཏམ་སྒྲོལ་མ་ལ་སོགས་ཁ་ཤས་ཀྱིས་ཕྲག་དོག་བྱེད་དགོས་ཡ་མི་འདུག་སྙམ།
མོས་མོའི་ཕ་མ་ནས་བརྒྱུད་པའི་རིམ་པ་གསལ་བོ་བྲིས་འདུག
དངོས་ནས་སེམས་པ་སྐྱོ་བོ་འདྲ་ཞིག་བྱུང་སོང་།
ད་ལྟ་བོད་པ་མང་པོ་ཞིག་ཕྱི་རྒྱལ་ཡུལ་གྲུ་ཁག་ན་འདི་ལྟར་འགྱུར་བཞིན་ཡོད་རེད།
བོད་མོ་ཆུང་ཆུང་དེའི་བསམ་དོན་འགྲུབ་པར་ཤོག
༼ང་ནི་བཞི་ཆ་གཅིག་གི་བོད་པ་ཡིན༽
ཟེར་བ་ལས་་་་ང་ནི་བོད་པ་ཕྱེད་ཀ་ཡིན་ཟེར་ན་གོ་བདེ་བཤད་བདེ་བ་འདུག
ཟེར་བའི་ལན་དུ།
རྨོ་རྨོ་མི་རིགས་གཞན་དང་འདྲེས་ནས། ཨ་མ་སྐྱེས། ཨ་མ་ཡང་མི་རིགས་གཞན་དང་འདྲེས་ནས། བུ་མོ་རང་སྐྱེས་ན། ཕྱེ་ཀ་ལས་ལྷག བཞི་ཆ་གཅིག་ལ་གོ་དོན་དམིགས་བསལ་འདུག་སྙམ་ལགས།
ཀ་རྒྱལ་ལོ།
ང་བཞི་ཆ་གསུམ་བོད་པ་མིན་མ་ཟེར་བར་བཞི་ཆ་གཅིག་བོད་པ་ཡིན་ཟེར་སྟངས་ལ་གཞིག་ན་བུ་མོ་འདིས་ལེགས་ཉེས་གང་ཡིན་མི་ཤེས་ཏེ་བོད་པར་དགའ་ཞེན་ཡོད་པ་མཚོན་ཐུབ།