(དུས་བབ་དྲ་ཐོག་གི་བསྟན་འཛིན་ཚེ་དཔག་གི་ཟིན་བྲིས་ནས་བླངས།)
གཅིག བོད་ཡུལ་ནས་སྐྱེས་ཤིང་རྒྱ་ཡུལ་ནས་འདས་པ།
ང་ཕོད་ངག་དབང་འཇིགས་མེད་ནི། བོད་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོ་འཁྲུངས་ཡུལ་རྒྱ་མ་ཞེས་པའི་ཡུལ་དེའི་ནང༌། ཕྱི་ལོ་ ༡༩༡༠ ་ལོའི་ཟླ་ ༢ པའི་ནང་སྐྱེས་ཤིང༌། དེ་རིང་བཟང་པོ་བཅུ་འཛོམས་ཀྱི་ཉིན་སྟེ། ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༢༣ ཉིན་པེ་ཅིན་ནས་འདས་གྲོངས་སུ་གྱུར།
ང་ཕོད་ནི་ཁོང་རང་མག་པར་འགྲོ་ཡུལ་གྱི་ཁྱིམ་གཞིའི་མིང་ཡིན། ཁྱིམ་མིང་དེའི་སྟེང་ནས་ཁོང་ཉིད་གཞུང་ཞབས་ཁོངས་སུ་ཞུགས་ཤིང༌། དམའ་རིམ་གཞུང་ཞབས་ནས་བཀའ་བློན་གྱི་གོ་གནས་སུ་ཐེམ་པ་རིམ་འཛེགས་བྱས། ཤོད་ཚུལ་ལ། བོད་ཀྱི་ལོ་རྒྱུས་སྟེང་ལོ་ན་ཆུང་ཤོས་ཀྱི་བཀའ་བློན་ཡིན་པར་ཡང་བཤད།
ང་ཕོད་སྐྱེས་པའི་ཕྱི་ལོ་ ༡༩༡༠ ལོ་དེ་ནི། རྒྱ་ནག་མན་ཇུ་གཞུང་གིས་རྒྱ་དམག་༼བོད་ཀྱི་ལོ་རྒྱུས་ཁག་ན་འདི་ལ་ལུའུ་ཅུན་རྒྱ་དམག་ཅེས་བཀོད་ཡོད༽སྟོང་ཕྲག་མང་པོ་བོད་དུ་བཏང་སྟེ། ཟླ་ ༡ ཚེས་ ༣ ཉིན་རྒྱ་དམག་ལྷ་སར་སླེབས་པ་དེ་ག་རང་ལ་རྩེ་ཕོ་བྲང་དང༌། གཙུག་ལག་ཁང་ལ་མེ་མདའ་མང་པོ་བརྒྱབ་པ་སོགས་ཀྱི་ཉེན་ཁའི་གནས་སྟངས་དེའི་འོག་ནས། ཉིན་དེ་ག་རང་གི་མཚན་མོར་རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་བོད་ནས་རྒྱ་གར་ནང་ཉེན་གསོལ་དུ་ཕེབས་པའི་ལོ་རེད།
གཉིས། བོད་གཞུང་དང་རྒྱ་གཞུང་གི་གོ་ཐོབ།
ལོ་རྒྱུས་རྣམས་སུ་གསལ་བ་ལྟར་ན། ང་ཕོད་ཀྱིས་བོད་གཞུང་དགའ་ལྡན་ཕོ་བྲང་གི་གཞུང་ཞབས་གནང་སྐབས་རིང༌། བཤེར་དཔང་དང༌། རྩིས་དཔོན། ཞིབ་ཁང་དོ་དམ། མདོ་སྤྱི། བཀའ་བློན་བཅས་ཀྱི་གོ་གནས་དང་ལས་འགན་སྒྲུབ་ཡོད། ང་ཕོད་ལོ་ན་གསུམ་གྱི་སྐབས་དེར། བོད་གཞུང་གི་སྐུ་ཚབ་དང་རྒྱ་གར་དབྱིན་གཞུང་གི་སྐུ་ཚབ། རྒྱ་ནག་གཞུང་གི་སྐུ་ཚབ་བཅས་ནས་སིམ་ལའི་ཆིངས་ཡིག་ལ་མིང་རྟགས་བཀོད། དེ་ནི་བོད་རང་བཙན་གྱི་དན་རྟགས་མང་པོའི་ནང་གི་གཅིག་ཏུ་རང་དབང་ལྡན་པའི་ལོ་རྒྱུས་སྨྲ་བ་དག་མགྲིན་དབྱངས་གཅིག་གིས་སྨྲ་ཞིང་ཡོད།
ཕྱི་ལོ་ ༡༩༥༠ ཟླ་ ༡༠ ཚེས་ ༦ ནས་ ༢༠ བར་གྱི་ཆབ་མདོའི་དམག་འཁྲུག་ནི་ཡ་ང་བ་ཞིག་ཡིན། ཉིན་གྲངས་བཅོ་བརྒྱད་དེའི་རིང༌། བོད་དམག་ལྔ་སྟོང་བདུན་བརྒྱའི་ཚེ་སྲོག་ཤོར་བ་དེས། སྐབས་དེའི་བོད་དམག་སྤྱི་འབོར་གྱི་སུམ་ཆ་གཅིག་ཟིན་ཡོད་ཅེས་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ལགས་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོར་བཀོད་ཡོད། དུས་ཚོད་དེའི་ནང༌། ང་ཕོད་ཀྱིས་རྒྱ་གཞུང་ལ་མགོ་འདོགས་ཞུས། ལོ་དེ་གའི་ཟླ་བ་ ༡༡ པའི་ཚེས་ ༩ ཉིན་ང་ཕོད་ཀྱིས་གོང་ས་མཆོག་ལ་ཏར་འཕྲིན་ཞིག་ཕུལ་འདུག་པ་དེའི་ནང༌། བོད་གཞུང་གིས་འཐུས་མི་མངགས་གཏོང་གིས་རྒྱ་ནག་དབུས་གཞུང་དང་ཞི་གྲོས་དགོས་པའི་གྲོས་མགོ་བཏོན་ཡོད། ཕྱི་ལོ་ ༡༩༥༡ ཟླ་ ༥ ཚེས་ ༢༣ ཉིན་ང་ཕོད་ངག་དབང་འཇིགས་མེད་ཀྱི་སྣེ་ཁྲིད་པའི་འཐུས་མིོ་ཚོས་པེ་ཅིན་ནས་༼བོད་ཞི་བའི་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐན་དོན་ཚན་བཅུ་བདུན༽ཟེར་བར་མིང་རྟགས་བཀོད། དུས་ཚོད་དེ་ནི། ཕྱི་ལོ་ ༡༩༥༠ ལོའི་ཟླ་ ༡ ཚེས་ ༢་ཉིན་མའོ་ཙེ་ཏུང་གིས་མོ་སི་ཁོ་ནས་བོད་ལ་དཔུང་འཇུག་གི་བཀོད་མངགས་གནང་བའི་རྗེས་འབྲེལ་དུ། ལོ་དེ་གའི་ཟླ་ ༦ ཚེས་ ༦ ཉིན་དམག་སྡེ་ཨང་བརྒྱད་པའི་དཔུང་དམག་འབའ་ཐང་དུ་འབྱོར་བ་དང༌། ཟླ་ ༧ ཚེས་ ༢༤ ཉིན་མཚོ་སྔོན་གྱི་རྟ་དམག་རུ་ཁག་ཟེར་བ་སྐྱེ་དགུ་མདོར་འབྱོར་བ། ཟླ་ ༨ ཚེས་ ༢༦ ཉིན་ཞིན་ཅང་གི་རྟ་དམག་རུ་ཁག་ཟེར་བ་མངའ་རིས་སྒེར་རྩེར་འབྱོར་བ་བཅས་རྒྱ་ནག་གི་དྲག་པོའི་དཔུང་དམག་གིས་བོད་ཤར་ཕྱོགས་མདོ་སྨད་ཡོངས་རྫོགས་དང༌། མདོ་སྟོད་ཀྱི་ཤར་ཕྱོགས་ཆ་ཚང་དྲག་པོའི་དཔུང་གིས་བཙན་བཟུང་བྱས་ཚར་ནས་བོད་དབུས་སུ་དཔུང་དྲག་པོའི་བཙན་འཛུལ་གྱི་གྲ་སྒྲིག་འཐུས་ཚང་གྲུབ་ཡོད་པའི་དུས་སྐབས་རེད།
ང་ཕོད་ངག་དབང་འཇིགས་མེད་ལ་མཚོན་ན། ངོ་ལོག་ཟིང་འཁྲུག མང་གཙོའི་བཅོས་བསྒྱུར། རིག་གནས་གསར་བརྗེ་སོགས་ཀྱི་ལས་འགུལ་གང་གི་སྐབས་སུའང་རྡུང་རྡེག་དང་འཐབ་རྩོད་ཅི་ཡང་ཕོག་མེད། དེ་ནི། བོད་ཀྱི་ཉེ་རབས་ལོ་རྒྱུས་ནང༌། རྒྱ་ནག་གཞུང་གི་དབང་བསྒྱུར་འོག་བོད་གཞུང་གི་གཞུང་ཞབས་ཡིན་ནོ་ཅོག་གཙོ་བོར་བྱས་པའི་གནད་ཡོད་མི་སྣ་སུ་གང་དང་ཡང་བསྡུར་ཐབས་མེད་པའི་ལོ་རྒྱུས་ཤིག་ཆགས་ཡོད། ཁོང་གིས་རྒྱ་ནག་གཞུང་ལ་མགོ་འདོགས་ཞུས་པ་ནས་དེ་རིང་བར་གྱི་གནས་དང་ལས་འགན་གཙོ་གྲས་ནི། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ་བཅས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲང་གཞོན་པ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་གསུམ་པ། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་པ་བཅས་ཀྱི་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཀྱི་གོ་གནས་དེ་ཚོ་རེད། ཁག་ཅིག་གིས་ང་ཕོད་ཀྱིས་རང་ཉིད་དཀར་འདོན་ཞིག་ནི་ངེས་པར་བྱ་ངེས་ཡིན་པའི་ཡིད་ཆེས་དང་རེ་སྒུག་ཀྱང་དེ་རིང་བར་དུ་བྱས་པ་རེད་དེ། འདི་ལྟར་འདས་གྲོངས་སུ་ཕྱིན་པ་དེས། ད་ནི་བདེན་དཔང་ཞིག་མེད་པར་ཆགས་སོང་ཞེས་ཕངས་སེམས་བྱེད་པའང་དུ་མ་མཆིས། དེ་ཙམ་ནི་ཁོ་རང་འདས་གྲོངས་སུ་གྱུར་པ་དེར་ཕངས་སེམས་སྐྱེ་གཞི་རེད་སྙམ་དུ་འདོད།
གསུམ། ང་ཕོད་ཀྱིས་བོད་ཀྱི་གནད་དོན་གླེང་སྟངས།
ང་ཕོད་ཀྱིས་བོད་དོན་ཐད་གསལ་བཤད་ཅིག་གནང་བ་ནི། གོ་མིན་ཏང་གིས་སྐྱག་རྫུན་བཤད་པ་ནང་བཞིན་གུང་ཁྲན་ཏང་གིས་ཀྱང་བོད་ཀྱི་ལོ་རྒྱུས་གླེང་སྐབས་སྐྱག་རྫུན་ཤོད་ཀྱི་འདུག་ཅེས་པ་ཞིག་ཡོངས་ཁྱབ་ཏུ་བཤད་ཡོད་པ་དེ་ཙམ་རེད། འདི་ཙམ་ནི་ཁོས་བདེན་པ་ཞིག་བཤད་པ་དེར་ཟད། ང་ཕོད་ལ་མཚོན་ན། ལོ་རྒྱུས་ཀྱི་ཤེས་ཡོན་གཏིང་ཟབ་པོ་མེད་དུ་ཆུག་ཀྱང༌། རང་ཉིད་དངོས་སུ་བརྒྱུད་མྱོང་བའི་སྤྱི་ཚོགས་ཀྱི་གནས་སྟངས་དེ་ནི་གསལ་གསལ་ཐིང་ཐིང་ཤེས་ཀྱི་ཡོད་པ་རེད་དེ། བོད་ཀྱི་དངོས་ཡོད་གནས་སྟངས་ཐད་དང༌། ཡང་ན་ལོ་རྒྱུས་ཀྱི་དངོས་བྱུང་དེ་ཚོར་འགན་འཁྱེར་བའི་གླེང་བཤད་ཅིག་ནི་ཕལ་ཆེར་བྱས་མྱོང་མེད། ཡོངས་གྲགས་མཐོང་དུ་ཡོད་པའི་ཁོའི་རྩོམ་ཡིག་དང་གླེང་གཏམ་དག་གི་ནང༌། བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན། བོད་ལྗོངས་ཀྱི་སྤྱི་ཚོགས་གསར་པ་ནི་བདེ་སྐྱིད་ལྡན་པ་ཞིག་ཡིན་ཞེས་པ་ཙམ་རེད། དཔེར་ན། ཕྱི་ལོ་ ༡༩༨༣ ལོའི་ཟླ་ ༡༢ ཚེས་ ༢༦ ཉིན་མའོ་ཙེ་ཏུང་གི་མི་ཚེའི་སྐོར་ལ་བཅར་འདྲིར་ལན་འདེབས་བྱས་པའི་སྐད་ཆ་དང༌། ཕྱི་ལོ་ ༡༩༨༨ ལོར་སྤེལ་བའི་རྩོམ་བྲིས་༼བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྲོས་མོལ་བྱས་པའི་གནས་ཚུལ་རྗེས་སུ་དྲན་པ༽ཞེས་པ་དང༌། ཕྱི་ལོ་ ༡༩༩༡ ལོར་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་ནས་ལོ་བཞི་བཅུ་འཁོར་བར་རྗེས་དྲན་དུ་སྤེལ་བའི་རྩོམ་བྲིས་༼ བོད་ཀྱི་ལོ་རྒྱུས་གོང་དུ་འཕེལ་བའི་འགྱུར་མཚམས་རླབས་པོ་ཆེ་༽ཞེས་པའི་རྩོམ་བྲིས་སོགས་ཀྱི་ནང༌། བོད་ཀྱི་དངོས་ཡོད་གནས་སྟངས་དང་འཚམ་ཐབས་མེད་པའི་བརྗོད་ཚིག་མང་པོ་ཞིག་སྤེལ་ཡོད། དཔེར་ན། བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་པ་དེ་ནི་བོད་ཀྱི་ཞིང་བྲན་བཅིངས་འགྲོལ་བཏང་བ་ཙམ་དུ་མ་ཟད། དུས་མཚུངས་སུ་བོད་བོད་ལྗོངས་ཡོངས་གཞི་ནས་སྐྱོབ་ཐུབ་ཡོད། ཅེས་སོགས་བཀོད་ཡོད། སྔ་ལོ་སྟེ་ ༢༠༠༨ ཟླ་ ༣ ཚེས་ ༢༨ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བོར་བྱས་པའི་བོད་ཁུལ་ཡོངས་ནས་རྒྱ་ནག་གཞུང་ལ་ཞི་རྒོལ་ལས་འགུལ་སྤེལ་མུས་ཀྱི་སྐབས་དེར་སྤེལ་བའི་གཏམ་བཤད་ནང༌། རང་ཉིད་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་མི་ལོ་བརྒྱ་ཐམ་པའི་སྔ་ཕྱིའི་གནས་སྟངས་དང༌། རྣམ་པ་མི་འདྲ་བའི་བོད་ཀྱི་སྤྱི་ཚོགས་གསར་རྙིང་གཉིས་ཀྱི་གནས་སྟངས་ལ་རྒྱུས་མངའ་ཡོད་པའི་དཔང་མི་ཞིག་ཡིན་པ་གླེང་གཞི་བྱས་ཏེ། ཏཱ་ལའི་རུ་ཚོགས་ཀྱིས་དུས་ནམ་ཡང་བོད་འདི་མེས་རྒྱལ་དང་ཁ་བྲལ་གྱི་བྱ་སྤྱོད་སྤེལ་གྱི་ཡོད་པ་དང༌། བོད་རང་བཙན་ནི་བོད་ཀྱི་ལོག་སྤྱོད་རུ་ཁག་གིས་བོད་འདིར་ཞིང་བྲན་ལམ་ལུགས་བསྐྱར་གསོ་བྱེད་པའི་དམིགས་ཡུལ་ཞིག་ཡིན་པ་བཅས་གླེང་ཡོད། འདི་ནི་ཁོ་རང་མི་ལོ་བརྒྱ་ཐམ་པར་འཚོ་གཞེས་རིང་གི་གླེང་གཏམ་མཐའ་མ་དེ་རེད་ལ། ཁོང་གི་མི་ཚེ་མཐའ་མའི་གཏམ་བཤད་དེ་འདི་འདྲ་ཞིག་ནས་མཚམས་ཆད་པ་དེར་ཅུང་ཕངས་སེམས་དང་བཅས་ཏེ་འདི་ཙམ་བྲེལ་སྟབས་ཀྱིས་གླེང་བར་ཐལ་ལོ།།
ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ།
གྲོགས་པོ་ལགས་ནས་གསུང་བ་ནང་བཞིན་ང་ཕོ་ཁོང་ལ་ཉམས་མྱོང་དང་སྐུ་དབང་ཞེ་དྲག་ཡོད་པ་རེད་དེ་ང་ཚོར་ཕན་པའི་ལས་དོན་དེ་ཙམ་མཐོང་གསལ་ལ་བསྒྲུབས་མྱོང་མེད་ཚོད་རེད། ཁོང་ཉིད་རྒྱ་དམར་གྱི་གཡོ་འོག་ལ་ཚུད་པ་ནས་ད་བར་དུ་མི་ལོ་འདི་འདྲའི་རིང་ལ་ཁོང་གིས་བོད་དོན་ཕར་ཞོག་མཐའ་ན་ཆོས་དང་རིགས་གཞུང་། མི་རིགས་རང་གི་གོམས་གཤིས་སོགས་གཅེས་འཛིན་གནང་དགོས་པའི་འབོད་བསྐུལ་ཙམ་ཡང་ཆེར་གནང་ཡོད་ས་མི་འདུག གང་ལྟར་ཁོང་གིས་དོན་མཚན་བཅུ་བདུན་ཟེར་བ་དེ་བཙན་དབང་གིས་བཞག་སྟངས་ཐད་ཀྱི་ལོ་རྒྱུས་ངོ་མར་གསང་བའི་ཐོག་ནས་བྲིས་ཡོད་ན་ག་ལེར་གསལ་ཡོང་གིན་རེད།
ཕྱི་ནང་གི་བོད་རིགས་མང་པོས་ཕུན་དབང་ཕྱོགས་ལ་མིག་གིས་བལྟས་ནས། ང་ཕོད་ཕྱོགས་ལ་ཉན་ཡོད་ལེ་རེད། འོན་ཀྱང་ང་ཕོད་ཁོ་བོད་རྒྱའི་གནད་དོན་ཏིལ་འབྲུ་ཙམ་ཡང་གླེང་སློང་མེད་པར་དེ་རིང་འཆི་བདག་ཞགས་པས་ཁྲིད་སོང་ལེ་རེད། དེ་ནི་དཔའ་བོ་སྟག་འདྲ་བ་དང་། སྡར་མ་ཝ་ཡི་ཁྱད་པ་རེད། གཅིག་དེ་ནི་ཁྲོ་ལྕགས་ལྟར་བུ་བརྡུང་ཞིང་བརྡུང་ཞིང་འཁྲེག་ཏུ་སོང་བ་རེད་ལ། གཅིག་པོ་དེ་ནི་ལུག་པགས་ལྟར་བུ་འཕུར་ཞིང་འཕུར་ཞིང་མཉེན་དུ་སོང་བ་རེད། དཔའ་མ་དང་སྡར་མ་ཟེར་ན་ཁྱད་པ་དེ་འདྲ་བ་ཡོད་ལེ་རེད།
ཉེ་ཆར་གབ་ཚིག་གཅིག་ཏུ།
བཙན་པོ་ཁབ་ཀྱི་སྣ་བོ་ཆེ།། རྫ་ངོམ་སུམ་མདོ་དམག་ལ་ཆས།།
ཁབ་ཅེས་བོས་སྐད་གོ་བའི་ཚེ།། རང་གི་གོ་མཛོད་སྲེག་པོ་སུ།།
ང་ཕོད་ཀྱིས་གནད་འགག་ཆེ་བའི་བཙན་རྫོང་ཞིག་གཏོར་ཡོད་པ་རེད། དེ་ནི་ཉེ་བའི་ལོ་རྒྱུས་ནང་བོད་རྒྱ་ཁོངས་ཡིན་པར་རྒྱ་ནག་ལ་སྒྲུབ་བྱེད་ཡོད་པ་མ་རེད་སྙམ། དེ་བས་སྐུ་ཕྲེང་བཅུ་བཞི་བའི་གསེ་ཁྲི་མངའ་གསོལ་གྱི་མཛད་སྒོ་རྒྱ་མིས་གཙོ་སྐྱོང་བྱས་པ་ཡིན་ཟེར་ནས་གོ་མིན་ཏང་གི་རྗེས་སུ་གུང་ཁྲན་ཏང་འབྲངས་ཏེ་བོད་རང་བཙན་མིན་པའི་སྒྲུབ་བྱེད་གཙོ་བོ་ཞིག་ལ་བརྩི་གི་ཡོད་པ་རེད། ང་ཕོད་ཀྱིས་སྒྲུབ་བྱེད་དེ་ཐབས་མཁས་པོའི་ཐོག་ནས་ཡོངས་སུ་གཏོར་ནས་ཡང་སྐྱར་དེ་ལ་ལག་པ་འཆང་རྒྱུ་མེད་པ་ཞིག་བཟོས་པ་རེད། དེ་ཡང་གནད་འགག་ཅིག་རེད་སྙམ།
རྩ་བའི་སྲིད་དོན་གྱི་ལོ་རྒྱུས་འདི་ཚོ་གནད་འགག་ཆེན་པོ་ལོས་ཡིན་ཏེ་དེ་ལས་ཀྱང་གལ་ཆེ་བ་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་ཡོད་པའི་གཅིག་གྱུར་གྱི་རིག་གཞུང་འདི་རེད། མཁས་དབང་ཟླ་བ་ནོར་བུས་ཀྱང། བོད་ཀྱི་རིག་གཞུང་འདི་སྲིད་དོན་ལས་གལ་ཆེ་བ་ཡིན་པ་ལྟ་བུ་ཞིག་གསུངས་ཡོད་པ་རེད།
ལོ་རྒྱུས་ནང་སྲིད་དོན་གྱི་ཁྱབ་ཁོངས་ལ་འགྱུར་བ་མང་པོ་ཞིག་ཕྱིན་ཡོད་པ་རེད། སྐབས་རེར་གཅིག་གྱུར། སྐབས་རེར་ཁ་ཐོར། སྐབས་རེར་ཆེ་བ། སྐབས་རེར་ཆུང་བ་སོགས། ཡིན་ནའང་བོད་ཀྱི་རིག་གཞུང་གི་ཁྱབ་ཁོངས་དང་། རིག་གཞུང་གི་ལོ་རྒྱུས་ལ་འགྱུར་བ་ཕྱིན་ཡོད་པ་མ་རེད་སྙམ།
དེ་ལྟར་རང་ལ་རང་གི་ལོ་རྒྱུས་དང་རིག་གཞུང་། སྐད་དང་ཡི་གེ་ཡོད་པའི་མི་རིགས་ཤིག་ཡིན་ཕྱིན་རྒྱལ་སྤྱིའི་ཐོག་
དེ་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཞིག་ཡོད་པ་དང་། མར་ཁེ་སི་དང་ལེ་ཉིན་གྱི་མི་རིགས་ལྟ་བའི་ནང་ཡང་། མི་རིགས་གང་ཞིག་མི་རིགས་སམ་རྒྱལ་ཁབ་ཅིག་ནང་བསྡད་ན་འདྲ་ཡང་ན་ལོགས་སུ་ཐོན་འདོད་ཡོད་ན་འདྲ་དེ་ལ་དེ་ལྟ་བྱེད་པའི་ཐོབ་ཐང་ཡོད་པ་མཁས་པ་མང་པོ་ཞིག་གིས་དྲངས་ཡོང་གི་ཡོད་པ་འདི་ཚོ་དངོས་གནས་གནད་འགག་ཆེན་པོ་ཞིག་རེད་འདོད།
རང་བཙན་ཡིན་མིན་ཡང་ག་ཚོད་སྒྲུབ་ཐུབ་ན་ཡག་པོ་ལོས་ཡིན་ཀྱང་། རང་ཉིད་ལ་ཡོད་པའི་ཁྲིམས་ཐོག་གི་ཐོབ་ཐང་དེ་ཚོ་ཡག་པོ་ངོས་ཟིན་ནས་དེ་ལོན་ཐུབ་ལ་འབད་པ་ཡིན་ན་སྔོན་མ་རང་བཙན་མིན་ཡང་རྗེས་སུ་རང་བཙན་ཡོང་བའི་ལམ་ཁ་ཞིག་ཡོད་པ་རེད།
ཁྱེད་ཚོ་མཆོད་མེ་དྲ་རྒྱའི་ནང་རྒྱུགས་དང་། ཕུན་དབང་གིས་མར་ཁེ་སི་ལེ་ཉིན་གྱི་མི་རིགས་ཀྱི་བདག་དབང་དང་འདྲ་མཉམ་སོགས་ལས་འཕྲོས་ཏེ་གཞུང་ལུགས་ཀྱི་རྒྱབ་རྩ་མཐུག་ཅིང་རྒྱུ་མཚན་དང་གནས་ལུགས་རྡོ་སྒྲིག་སྒྲིག་བྱས་ཡོད་པའི་རྩོམ་ཡིད་དབང་གཡོ་བར་བྱེད་པ་ཞིག་བྲིས་འདུག ད་མཁས་པ་ཟེར་ནས་མིང་གིས་འབོད་ས་ཞིག་ཡོད་ན་ཁོང་ལྟ་བུ་ལ་དེ་ལྟར་འབོད་འོས་སུ་མཐོང་། ད་གཞན་མི་ཤེས། ངོ་མ་དད་པ་འདྲ་ཟིག་སྐྱེ་གི་འདུག
དེ་ནས་སེང་རྡོར་གྱི་དྲ་རྒྱའི་ནང་། སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་བོད་ཀྱི་ས་ཁོངས་ཚང་མ་གཅིག་གྱུར་བྱེད་དགོས་པའི་སྐོར་ལ་བསམ་འཆར་དོན་ཚན་གསུམ་བཀོད་འདུག་པ་དེའང་བསྔག་པར་འོས་པ་ཞིག་རེད།
ང་ཕོད་འདི་ལྟར་འཇིག་རྟེན་དང་ཁ་གྱེས་སོང།་་་་་་་བོད་མི་ཚོས་ད་དུང་ཁོ་ལ་ཕྱི་རྗེས་ཡོད་མེད་གླེང་ནས་བསྡད་ཡོད།་་་་་་་་་་གང་ལྟར་ང་ཕོད་ནི་སྐབས་འཚོལ་རང་ལུགས་པ་ཞིག་དང།་་་་མི་སྒེར་གྱི་ཁེ་ཕན་གཙོ་གཉེར་བ་ཞིག་ཡིན།་་་་་་་ཁོང་ལ་མི་རིགས་ཀྱི་ལ་རྒྱ་སྐྱེ་ས་ཡས་ནས་མེད།་་་་་་་་་རྒྱུ་མཚོན་ཁོང་ནི་ཁོག་པ་ཡོངས་རྫོགས་ཝ་སྙིང་གིས་ཁེངས་༷༷པའི་སྡར་མ་ཞིག་ཡིན།་་་་་་་་་་ཁོང་ཉིད་འཆི་བ་ལ་ཤིན་ཏུ་སྐྲག་ཀྱང་ལོ་བརྒྱ་ལོན་པས་ཟུར་ཐབས་མ་བྱུང་དེ་ནི་ཁོང་གི་མི་ཚེ་ཁྲོད་ཀྱི་སེམས་ཁྲལ་ཆེ་ཤོས་ངོས་འཛིན་དགོས།
ང་ཕོད་ཀྱི་མི་གཞི་ནི་དར་ལྕོག་ཅིག་དང་མཚུངས་རླུང་གིས་རྒྱུ་ཕྱོགས་ལྟར་འགྲོ།
ང་ཕོད་ཀྱི་མི་གཞི་ནི་སྤྲང་མ་ཞིག་དང་མཚུངས་མེ་ཏོག་གང་དུ་བཞེད་ན་དེའི་ཕྱོགས་སུ་འགྲོ།
དེ་ནི་ངས་ང་ཕོད་ལ་བཅངས་པའི་རེ་བ་ཡིན།
ཡེ་ནས་མེད་
ཨོ་ཡ་ད་དུས་བབ་ཚང་གི་བོན་པོ་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་གྱི་ཟིན་བྲིས་དང་ཧི་གཟུགས་ཟིན་བྲིས་ཚང་གི་དྲ་ཐག་འདི་ལ་གཅིག་གཟིགས་དང་། བོད་ཀྱི་གླུ་མ་རིག་འཛིན་སྒྲོལ་མའི་སེམས་གཏམ་མིག་ཆུ་ཤོར་བ་ཞིག་འདུག་ཡ།
ཧི་གཟུགས་ཟིན་བྲིས། http://www.tibettl.com/blog/u/yangjianma/archives/2009/22919.html
http://www.tibettl.com/blog/u/yangjianma/archives/2009/22920.html
བོན་འཐུས་སྨོན་ལམ་མཐར་ཕྱིན་གྱི་ཟིན་བྲིས་དྲ་ཐག
http://www.tibettimes.net/blogs.php?id=66&post_id=6162
བོད་རྒྱའི་གནད་དོན་ལ་ཉམས་མྱོང་དང་དབང་ཆ་ཅུང་ཆེ་བའི་ང་ཕོད་ངག་དབང་འཇིགས་མེད་ཀྱིས་བོད་མི་རིགས་གི་སེམས་ལ་བཅང་བའི་རེ་བ་ དུས་ནམ་ཡང་བསྒྲུབས་མྱོང་མེད་པའི་ ཁོང་འཆི་བདག་གཤིན་རྗེས་ཁྲིད་པ་ཕྱི་མེད་ན་སྔ་མེད་གི་ མི་འདི་འདྲ་ བོད་ཕྱི་ནང་གང་ན་ཡོད་ནས་ ཨ་ཁུ་འཆི་བདག་ལ་སྔ་ཙམ་ནས་ཁྲིད་རོགས་གྱིས་ཞུ་དགོས་
ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ།
ང་ཕོད་ཤི་བ་འདི་བོད་མི་རིགས་དགྲ་བོ་ཅིག་ཉང་དུ་སོང་བ་རེད། དེ་རིང་ང་ཚོ་ཚང་མས་དགའ་སྤྲོ་གནང་དགོས་ཧཧཧཧཧཧཧཧཧ་སྐྱིད་པ་ལ
རྒྱ་ནག་གི་རྒྱུག་ཁྱི་ཚོས་རྒྱུག་ཁྱི་རྒན་པ་ཤི་དུས་སྡུག་ངལ་བྱ་བཞིན་མཐོང་དུས་ང་དེ་ལས་སེམས་པ་སྐྱིད་པ་དེ་རིང་ནི་བཀྲ་ཤིས་པ་དོན་གྲུབ་པ་རྒྱུག་ཁྱི་ཤི་བ་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ
ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ།
ང་ཕོད་ནི་བོད་མི་རིགས་ཀྱི་ཞབས་འདྲེན་རེད། ཁོ་ཡོད་པ་ལས་མེད་པ་དགའ་ཁོང་ཁྲོ་སློང་མཁན་རེད། བོད་མིའི་ནང་ན་ཁོ་ལ་མ་ཎི་བགྲང་མཁན་ཀླད་མེད་ཁ་ཤས་ལས་ཡོད་རྒྱུ་མ་རེད། ཡིན་ཡང་ནང་པའི་རྗེས་འཇུག་པ་ཞིག་གི་ངོས་ནས་ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཁོ་སྐྱེ་བ་རྗེས་མར་རང་གི་འཚོ་བ་དང་ཁེ་ཕན་ཆེད་མི་རིགས་ཤིག་གི་དོན་དག་བློས་གཏོང་མཁན་མི་ཆགས་པར་ཤོག
བོད་རང་བཙན་མ་ཤོར་ཙམ་ལ་ང་ཕོད་ཀྱི་བསམ་བློ་འཁྱེར་ཕྱོགས་དེ་འབྲིང་འབྲིང་ཡིན་ཚོད་འདུག ཕྱིས་སུ་ལྷད་སྐྱོན་བྱུང་དོན་གང་ཡིན་ནམ། ཁོ་ནམ་རྒྱུན་སྐུ་འདུན་ལ་མི་ཕྱེད་པའི་དད་པ་ཡོད་མཁན་ཞིག་ལ་མཚོན་ན། རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་རྣམ་པར་པཎ་ཆེན་རིན་པོ་ཆེ་སྐུ་སྒེར་གྱིས་གསོལ་སྟོན་བཤམས་པར་ཆེད་མངགས་ང་ཕོད་སྐད་བཏང་ན་ཡང་སླེབས་ཡོད་ཚོད་མི་འདུག དེས་ཅི་ཞིག་བསྟན་འདུག དེ་བཞིན་ང་ཕོད་མིང་ཆེ་བ་ལས་ང་ཚོ་བོད་ཕྱི་ནང་གཉིས་སུ་ང་ཕོད་དང་འདྲ་བ་གང་མང་ཞིག་ཡོད་ཀི་ཡ། དཔེར་ན་་་་་་་་་་་་་་་་་་་་་་་་་་་་་་་་་་་བསམ་བློ་ཐོངས།
གངས་རིའི་བུ་ལགས། ང་ཕོད་བོད་མི་རིགས་ཀྱི་ཞབས་འདྲེན་ཡིན་དགོས་དོན་ནི། ཁོས་རང་དོན་དང་གཞན་དོན་གཉིས་ལས་རང་དོན་གདམས་པ་རེད། ཁོས་མའོ་ཚེ་ཏུང་དང་རྒྱལ་བ་རིན་པོ་ཆེ་གཉིས་ལ་མའོ་ཚེ་ཏུང་གདམས་པ་རེད། ཁོས་རྒྱ་བོད་གཉིས་ལས་རྒྱ་གདམས་པ་རེད། དེ་འདྲ་བྱེད་མཁན་འུ་ཚོའི་སྤྱི་ཚོགས་ནང་ན་ད་དུང་ཡོད་ཁོ་ཐག་རེད། དེའི་ཐོག་བསམ་ཚུལ་རེ་གཏོན་རོགས།
ང་ཕོད་ཀྱིས་རྒྱ་བདམས་པ་རེད་ཟེར་ན། ༧རྒྱལ་བ་༧པཎ་ཆེན་རྣམ་གཉིས་ཀྱིས་ ༡༩༥༡ ལོ་ནས་ ༡༩༥༩ བར་དུ་རྒྱ་མ་འདེམས་པར་ག་རེ་གནང་ནས་བཞུགས་པ་རེད། ༡༩༥༦ ལོར་ ༧རྒྱལ་བ་རིན་པོ་ཆེ་རྒྱ་གར་ལ་སྟོན་པའི་འཁྲུངས་སྐར་དུས་ཆེན་ལ་ཕེབས་བཞིན་དུ་བོད་དུ་ཕྱིར་ལོག་རྒྱུའི་ཐག་གཅོད་གནང་དོན་ག་རེ་ཡིན་ནམ། ༡༩༥༤ ལོར་༧རྒྱལ་བ་རིན་པོ་ཆེ་པེ་ཅིན་དུ་མའོ་ཙེ་ཏུང་ལ་ཐུག་ཏུ་ཕྱིན་པ་དེའང་ང་ཕོད་ཀྱི་ཇུས་ཉེས་ཡིན་ནམ། ལོ་རྒྱུས་ནི་ཁྲོམ་སྐོར་གྱི་སྐད་འབོད་བྱེད་པ་དང་མི་འདྲ་ལ། སྙན་ངག་འབྲི་བ་དང་དེ་བས་ཀྱང་མི་འདྲ།
གཡུ་འབྲུག་གི་དེ་བདེན་པ་རེད། ངས་ཁོས་རྒྱ་གདམས་པ་རེད་ཅེས་པ་དེ་འདྲ་ཞིག་ལ་གོ་རྒྱུ་མིན། ཁོས་མི་ཚེའི་ནང་རྒྱ་མིའི་རྒྱུག་ཁྱི་ཁོ་ན་བྱས་བསྡད་པ་དེ་དང་འབྲེལ་དགོས་པ་ཡིན།