འོད་ཟེར་གྱིས་བརྩམས་པའི་། “ང་ཕོད་འཇིགས་མེད་ལགས་གློ་བུར་དུ་ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་ནས་ཕབ་དགོས་དོན་གང་ཡིན་ནམ།” ཞེས་པ་དེ་ཨིན་ཡིག་ཏུ་བསྒྱུར་པ་དེ”་རི་མཐོ་ས་གཙང་”ཞེས་པའི་དྲ་དེབ་ཏུ་བཀོད་འདུག དེའི་འབྲེལ་ཐག་ནི་གཤམ་གསལ་ལྟར་རེད།
http://highpeakspureearth.com
གོང་གསལ་རྩོམ་དེ་རྒྱ་ཡིག་ན་ཡོད་པ་གཤམ་གསལ་འབྲེལ་ཐག་ན་འདུག
http://highpeakspureearth.com/2012/唯色《自由亚洲电台藏语部主任阿沛·晋美为何突/?lang=zh-hans
འོད་ཟེར་རང་གི་དྲ་བ་ “མཐོང་མི་ཐུབ་པའི་བོད་”ཅེས་པ་ཡོད་པ་འདི་ན་འདུག
http://woeser.middle-way.net/2012/11/blog-post_9.html
ང་ཕོད་འཇིགས་མེད་ཕུད་དགོས་དོན་གང་ཡིན་ནམ། ངོ་མ་རྒྱུ་མཚན་ཆེན་པོ་ཡོད་ངེས་རེད། བསང་བ་བཟོ་དགོས་དོན་གང་ཡང་མི་འདུག་སུས་ཤེས་པ་ཡིན་ན་གསལ་བཤད་བཟོ་དགོས་ངེས་རེད། གལ་སྲིད་མི་ཞིག་ལས་གནས་ནས་ཕབས་དགོས་པའི་གནད་དོན་བྱུང་བ་ཡི་ན་ན་མི་དེར་སྐྱོན་ངེས་ཅན་ཞིག་ཡོད་པར་ཕལ་ཆེར་ངེས་པ་རེད། དེ་འདྲའི་རིགས་དེར་སྤྱི་ཚོགས་ནང་དུ་ཁ་གསལ་གཏིང་གསལ་བཟོ་དགོས་པར་གལ་ཆེན་ཡིན་པར་ཡང་འབྱུང་འགྱུར་དེ་འདྲའི་རིགས་མི་ཡོང་བར་ཕན་ཐོགས་ཡོད་ཁར་མི་གཞན་གྱི་དག་སྣང་ཡོང་བར་ཕན་ཐོག་ཡོད་ངེས་ཡིན་པའི་འབྲེལ་ཡོད་ནས་ཕྱི་གསལ་ནང་གསལ་བཟོ་དགོས།
བདེན་པ་ཕུ་དེད།
ང་ཕོད་འཇིགས་མེད་ཀྱི་ལས་གནས་ནས་ཕྱིར་ཕུད་བྱེད་པའི་གནས་ཚུལ་དེ་ལ། མདོ་སྨད་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རིག་པ་ཞིག་བཏང་ན་འདི་འདྲ་ལྟ་བུ་རེད།
གནས་ཚུལ་དེ་འདིར་འོད་ཟེར་ལགས་བརྒྱུད་ནས་ཡོང་། ཁོང་ལ་ང་ཕོད་འཇིགས་མེད་དང་ཁོང་གི་ལས་རོགས་རྣམས་ཀྱིས་བཤད། ལས་རོགས་དེ་ཚོར་ང་ཕོད་འཇིགས་མེད་ཀྱིས་བཤད། ང་ཕོད་འཇིགས་མེད་ལ་ཨེ་རླུང་ཚང་གི་མགོ་པ་དེས་བཤད། མགོ་པ་དེ་ལ་སྐལ་ལྡན་བློ་གྲོས་ཀྱིས་བཤད། སྐལ་ལྡན་བློ་གྲོས་ལ་སྤྱི་འཐུས་སྤེན་པ་ཚེ་རིང་དང་བཀའ་ཤག་ནས་བཤད། བཀའ་ཤག་ལ་ཟམ་གདོང་རིན་པོ་ཆེས་བཤད། ཟམ་གདོང་རིན་པོ་ཆེ་ལ་བར་མི་དཀྲུག་ཤིང་པ་དེ་ཚོས་ཨེ་རླུང་ཚང་ཟམ་གདོང་རིན་པོ་ཆེ་ལ་དགའ་པོ་མེད་ཚུལ་བཤད། དཀྲུག་ཤིང་པ་དེ་ཚོས་ཀརྨ་རྒྱ་མཚོའི་བཅར་འདྲི་ཉན། ཀརྨ་རྒྱ་མཚོས་འཇམ་དབྱངས་ནོར་བུ་ལ་བཅར་འདྲི་བྱས། འཇམ་དབྱངས་ནོར་བུས་དེ་སྔོན་བཀའ་ཤག་དྲང་པོ་མིན་པ་དང་རང་བཙན་གློད་གཏོང་བྱས་སོང་ཟེར་ནས་རྙོག་དྲ་བཤད། འཇམ་དབྱངས་ནོར་བུར་དེ་ལྟར་ཤོད་མཁན་རྡ་རམ་ས་ལ་དང་བོད་གཞུང་ལ་རྟག་ཏུ་སྐྱོན་འཛུགས་བྱེད་མཁན་གྱི་མི་དེ་ཚོས་བཤད། རྟག་ཏུ་བོད་གཞུང་ལ་རྙོག་དྲ་བཙུགས་མཁན་དེ་ཚོའི་ནང་ལ་ཁ་ཤས་ལ་རྒྱ་ནག་གཞུང་གིས་རྒྱུ་ནོར་གྱི་བླུ་བྲིད་བྱས། རྒྱ་ནག་གཞུང་ལ་བོད་པ་རྒྱུག་ཁྱི་དེ་ཚོས་ཕྱི་རྒྱལ་ནས་བོད་རང་བཙན་རྩོད་ཀྱི་འདུག་ཟེར་ནས་དཀྲོག་གཏམ་བཤད། དཀྲོག་གཏམ་པ་དེ་ཚོར་སུས་བཤད་པ་རས།
འདིའི་རྒྱབ་ན་གནད་དོན་དང་རྙོག་དྲ་གཉིས་ཀ་ཡོད་གི
དང་པོ།
ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤེ་ཡ་རླུང་འཕྲིན་ཁང་གཉིས་ཀ་ད་དུང་ཡང་ཁྲིམས་ཀྱི་དབང་བསྒྱུར་ལས་གང་ཟག་གི་དབང་བསྒྱུར་ཤུགས་ཆེ་བ་དང་གང་ཟག་སྒེར་བ་རེ་གཉིས་ཀྱི་དབང་ཆའི་འོག་ན་འཁོར་བསྐྱོད་བྱེད་བཞིན་དེ་གནད་དོན་འདིའི་འབྱུང་རྐྱེན་ཨ་མ་ལྟ་བུ་རེད། འདིའི་དཔེ་མཚོན་གཙོ་བོ་ནི་ལས་ཁུངས་འདི་གཉིས་ཀྱིས་ལས་བྱེད་འདེམས་སྒྲིག་བྱེད་སྟངས་ཀྱི་སྒང་ལ་གསལ་བོ་འདུག བྱེད་སྟངས་འདི་ལ་ངེས་པར་དུ་འགྱུར་བ་ཞིག་མ་ཕྱིན་བར་དུ་ད་ཐེངས་ཀྱི་གནད་དོན་འདི་ལྟ་བུའི་རིགས་མ་འོངས་པར་བསྟུད་མར་འབྱུང་གི་རེད།
གཉིས།
གོང་དུ་རྒད་པོས་བཤད་པ་བཞིན། ད་ཐེངས་ཀྱི་གནད་དོན་འདི་གཙོ་བོ་དཀྲུགས་ཤིང་བརྒྱབ་ནས་མཐའ་འབྲས་འདི་ལྟ་བུ་ཞིག་བྱུང་བ་ཡིན་པ་འདྲ། དཀྲུགས་ཤིང་འདིའི་གཏེ་བོ་དེ་སྐལ་ལྡན་བློ་གྲོས་ཡིན་པ་ཡང་མི་མང་གིས་མ་ཤེས་རུང་ཨེ་རླུང་ཚང་གི་ལས་བྱེད་ཚོས་ཤེས་ཀྱི་ཡོད་པ་རེད། སྐལ་ལྡན་བློ་གྲོས་ཀྱིས་ཕུ་དཀྲུགས་མདའ་དཀྲུགས་བྱེད་པའི་བློ་ཁོག་དེ་གང་ནས་རྙེད་པ་རེད་ཅེ་ན། དེ་སྐལ་ལྡན་བློ་གྲོས་དང་ང་ཕོད་འཇིགས་མེད་གཉིས་ཀར་འདྲི་དགོས་རེད། གནད་དོན་འདིའི་ཐད་ཁ་བརྡ་དྲ་བ་ལྟ་བུས་ང་ཕོད་འཇིགས་མེད་དང་སྐལ་ལྡན་བློ་གྲོས་གཉིས་ཀར་བཅར་འདྲི་བྱེད་དགོས་རེད།
གསུམ།
ཨེ་རླུང་ཚང་ན་སྐལ་ལྡན་བློ་གྲོས་ཀྱིས་འདྲེ་མོའི་བྲོ་གར་འཁྲབ་ཀྱི་ཡོད་པ་ནང་བཞིན་ཨ་རླུང་ཚང་ན་ཚེ་བརྟེན་དབང་ཕྱུག་ཟེར་བས་ཡང་འདྲ་མི་འདྲ་འཁྲབ་ཀྱིན་ཡོད་པ་རེད་ཟེར། ཁ་སང་གནས་ཚུལ་གོ་བ་བྱས་ན། ཨ་རླུང་ཚང་གི་ལས་བྱེད་ཚོར་བོད་ལ་མ་གྱོན་ཟེར་མཁན་གྱི་གཏེ་བོ་དེ་ཚེ་བརྟེན་དབང་ཕྱུག་ཟེར་མཁན་མི་རྒན་དེ་རེད་ཟེར། གཅིག་བྱས་ན་ཨ་རླུང་ཚང་གི་བློ་བཟང་རྒྱ་མཚོ་ཡང་ཚེ་བརྟན་དབང་ཕྱུག་ཟེར་མཁན་དེས་ག་ལེར་དཀྲུགས་ཤིང་བརྒྱབ་ནས་ངོ་ཕོད་འཇིགས་མེད་ཀྱི་རྗེས་ལ་གཏོང་ན་ཐང་།
མདོར་ན། ཨེ་རླུང་ཚང་དང་ཨ་རླུང་ཚང་གཉིས་ཀ་གཙང་མ་བཟོ་བའི་དུས་ལ་བབ་འདུག་མ་གཏོགས་རྗེས་མ་ལས་ཁུངས་འདི་གཉིས་ཀྱིས་སོ་སོའི་ནང་ཁུལ་དུ་དམག་འཁྲུག་རྒྱག་ན་ཐང་གི
ང་ཕོད་གནས་དབྱུངས་དང་པ་དེ་ལས་ཁུང་ནང་དུ་སྙོག་འཛིང་ད་དུང་ཡང་ལྷག་ཡོད་འདུག། རླུང་འཕྲིན་ཁང་གི་ལས་བྱེད་ཚང་མ་འཚབ་འཚབ་ངང་བསྡད་ཡོད་པ་དང་ཤེས་ནོ་ཡིན་ན་ང་ཕོད་གྱི་ཁྲིམས་གཏུག་བྱེད་འཆར་ཡོད་འདུག། བསམ་ཚུལ་ལ་གནས་དབྱུངས་དང་པ་དེ་རྒྱུ་མཚན་ག་རེ་དོན་དུ་ཡིན་མིན་གསལ་བྱེད་དགོས་བ་རེད། ཡིན་ནའང་ང་ཕོད་གནས་དབྱུངས་བཏང་བ་དེ་ཧང་སང་དགོ་བ་དེ་འདྲ་ཞིག་མ་རེད་འདོད།
ཨ་རིའི་CIA ཡི་རྒད་པོ་དེ་ལ་བྱུང་བའི་དོན་དག་འདྲ་པོ་ཞིག་ཆགས་ཡོད་ས་རེད། དེ་མིན་སྲིད་དོན་གྱི་དབང་གིས་དབྱུངས་བའམ་དཔལ་འབྱོར་ལྐོག་ཟ་སོགས་ཀྱི་གནད་དོན་ལས་དཕྱུངས་ན་ཕྱི་རོལ་ཡུལ་ལ་སྨྲ་འོས་པ་དང་སྨྲ་རུང་བ་ཁྲིམས་དང་ཡང་མཐུན་པ་ཞིག་ཡིན་པ་ཨ་རིའི་གོམས་སྲོལ་ཡིན། སྟི་དགའ་ཞིག་ཡིན་ས་རེད།
ཨ་རིའི་ཁྲིམས་ལུགས་ལྟར་ན་གོ་གནས་དང་ལས་གནས་ནས་དཕྱུངས་ཚེ་ཐད་ཁར་ཁྲིམས་ཁང་ནས་ལས་བདག་ལ་གཏུག་བཤེར་བྱེད་ཆོག་པ་མ་རེད། EEOC ཟེར་བའི་སྲིད་གཞུང་གི་ལུས་ཁུངས་དེ་ལ་བརྒྱུད་ནས་ཐག་གཅོད་བྱེད་དགོས་པ་དང་། དེས་ཐག་མ་ཆོད་ཚེ་ཉིན་དགུ་བཅུའི་ནང་དུ་ས་གནས་ཁྲིམས་ཁང་ལ་གཏུག་བཤེར་གྱི་ཞུ་ཡིག་འབུལ་དགོས། མཐོང་ཆུང་ཤན་འབྱེད་ཀྱི་གྱོད་དོན་discrimenation ཡིན་ན་ལྟ་མོ་བལྟ་རྒྱུ་ཡོད་པ་རེད། གྱོད་དང་མུ་གེར་ཤི་རྒྱུ་མེད་ཟེར་བ་ལྟར་ཏང་གི་ཚོགས་ཆེན་༡༨ཀྱི་སྐབས་འདི་ཕོ་གྱོད་མདའ་བརྡར་མོ་གྱོད་མདུང་བརྡར་བྱས་ནས་དམར་ཤོག་ཚོགས་པ་སམཡ
ཅོག་རོང་གི་མི་ལགས། གོང་གི་མཆན་ནང་སྟི་དགའ་ཟེར་བའི་དོན་ཅི་རེད།
དགོངས་དག སྟུ་ལ་ལས་རོགས།
ང་གྲྭ་བ་ཡིན་ཆ་ནས་མིང་ཚིག་དེ་བེད་སྤྱོད་མང་པོ་བཏང་མ་མྱོང་བས་ནོར་སོང་། ཕྱིན་ཆད་བེད་སྤྱོད་མང་པོ་བྱེད་རྒྱུ་ཡིན།
ཁྲིམས་རྩོད་པ་རག་ཡོད་མེད་མི་ཤེས། འོན་ཀྱང་ཁྲིམས་གཏུག་བྱེད་རྒྱུ་ཡིན་པ་ཐག་གི་ཆོད་ཡོད་འདུག། ཤེས་ནོ་ཡིན་ན་ལས་ཁུང་ནང་གི་ལས་བྱེད་བོད་པ་ཞིག་ལ་དོགས་པ་བྱེད་གྱིན་ཡོད་པ་འདྲ། མི་འགྱིངས་པར་གནས་ཚུལ་གསལ་པོ་ཆག་གི་བསམས། ཡིན་ནའང་ད་རེས་ཚེ་རིང་འོད་གསལ་ལགས་ཀྱི་ང་ཕོད་འཇིག་མེད་གྱི་སྐོར་ལ་བྲིས་པའི་བསམས་ལ་ཐད་པ་མེད། རྒྱུ་མཚན་ནི་ང་ཕོད་གནས་དབྱུངས་དང་འགྲེལ་གནས་ཚུལ་གཞན་བཤད་མི་དགོས་པ་མང་པོ་ཞིག་བསླབས་འདུག། དེ་དག་ནི་ང་ཕོད་གྱི་ལས་ཀ་དང་འབྲེལ་བ་ཡོད་གྱི་མ་རེད་བསམས། དཔེར་ན་གོང་ས་མཆོག་དང་བཙན་བྱོལ་བསྐོར་མང་པོ་ཞིག་བསླབས་འདུག། འདི་དག་ནི་ས་གནས་རང་གི་འགྲོ་ལུགས་དང་འགྲོ་སྟངས་གསལ་པོ་མ་ཤེས་པ་རང་རེད་མ་གཏོགས་གཞན་གང་ཡང་མ་རེད།
དགོངས་དག སྟུ་ལ་ལས་རོགས་ཟེར་བ་དེའི་དོན་ཡང་ཧ་གོ་མ་སོང་། སྟུ་ལ་ལས་རོགས། ང་ལ་ལས་རོགས་སྟོབས་རྒྱལ། སྟུ་ལ་ལས་རོགས། མཇེ་མ་རེད་དམ།
ཙོག་རོང་གི་མྱི་ལགས་རང་རང་ཚོད་ཚོད་ལ་ཅིག་བཤད་བསྡད་ན་ཅི་ཕན། ང་ཕོད་འཇིགས་ལགས་བུ་མེད་ལ་དགའ་མཁན་མ་རེད། ད་རེས་ཀྱི་གནས་ཚུལ་ནི་བུ་མེད་ནས་བྱུང་བ་ཞིག་མ་རེད།
ཚེ་རིང་འོད་གསལ་གྱི་མུན་ནག་ལུང་བ་ནས་ཚོད་དཔག་བྱས་ནས་བསྡད་ཡོད་པ་རེད། བཙན་བྱོལ་དང་ཕྱི་རྒྱལ་ན་ཡོད་པའི་བོད་པ་ཡོད་དོ་ཅོག་དཀར་བོ་ལྷ་རྐྱང་རྐྱང་རེད་བསམ་ནས་བསྡད་ཡོད་པ་རེད། རྒྱ་གུང་ཁྲན་ལས་ཐུ་བའི་བོད་པ་བཙན་བྱོལ་ན་ཡོད་པ་ཁོ་མོའི་བློའི་ཡུལ་དུ་འགོང་བ་མ་རེད། ཁག་མེད་མ།
འོད་ཟེར་ལགས་ཀྱིས་རྩོམ་ཡིག་དེ་ཅུང་ཙམ་བྲི་སྔ་དྲག་སོང་སྙམ། གནས་ཚུལ་གསལ་པོ་མ་ཆགས་གོང་ནས་སྡོམ་ཚིག་འགོད་ཁག་པོ་རེད། དེ་བཞིན་པད་མ་འཕྲིན་ལས་ཀྱིས་གསུངས་པ་བཞིན་མང་པོ་ཞིག་མཉམ་དུ་བསྲེས་འདུག
ཨོ་ཡ། མིན་ན་ཡག་བྱུང་། སྤྱིར་བོད་མགོ་ནག་སྤྱི་བོ་གནམ་བསྟན་ཚོས་ལས་འདི་རིགས་ཀྱི་ཐོག་ནས་འཆུག་གིན་འཇུག་པ་མ་རེད། ཕ་དམ་པ་བཟི་རུང་དོན་དམ་པ་རླུང་ལ་མི་བསྐུར་ཟེར་བ་བདེན་པ་རེད།
ཨ་རི་ན་ལས་ཀ་ཤོར་སོང་བ་་མི་བརྒྱ་ཕྲག་སྟོང་རེད་་་་དེ་འདྲའི་ཧ་ལས་འདོག་ཁ་བོ་མ་བཤད་རོགས།
ཆུང་ཆུང་ཆེན་པོར་བཟོ་དགོས་དོན་ཅི་ཡོད་་་་་་
ང་ཕོད་འཇིགས་མེད་ཀྱི་ཚབ་ཏུ་སུ་ཕེབས་ཀྱི་ཡོད་ན། རྐུབ་སྟེགས་སྟོང་པར་བཞག་ན་ཉག་ཕྲ་བའི་དུས་འདིར་བོད་དོན་ལ་འཐུས་ཤོར་འགྲོ་ངེས་རེད། གཞན་ཡང་། ང་ཕོད་འཇིགས་མེད་ལགས་ཀྱིས་བོད་ཡིག་གསར་འགྱུར་ཁང་དེའི་ནང་དུ་ནུས་པ་ཅི་འདྲ་ཐོན་ཚུལ་དང་། ཁོང་གི་འཇོན་ས་དང་མི་འཇོན་ས་དེ་ཚོ་གླེང་ཙམ་གླེང་ཙམ་བྱས་ན་སྤྱི་དོན་ལ་ཕན་པར་འདོད།
ཨ་རི་དང་། རྒྱ་ནག བོད་གསུམ་གྱི་ཆབ་སྲིད་ཀྱི་གྲུབ་མཐའ་གང་ཡང་གསལ་པོ་ཤེས་ཀྱི་མེད་པའི་ངོས་ནས་བལྟས་ན། ང་ཕོད་བུ་ལ་ནི་སྒྲ་དང་དགག་སྒྲ་ཡོད་པ་ཁོ་རང་གི་གསལ་བཤད་དེ་བོད་མི་དམངས་ལ་བྱེད་རྒྱུ་གལ་ཆེན་པོ་རེད་སྙམ།
འདྲེ་རྐང་ཐོ་ནི་འདྲེ་རྐང་ཐོ་རང་རེད། སེམས་ཁྲལ་ལས་བྱེད་མི་ཞིག་ཡིན་པའི་ཆ་ནས། ཁྱོད་འདྲེ་རྒན་རྐང་ཐོ་གྱི་སེམས་ཁྲལ་བྱེད་ཤེས་གྱི་མ་རེད། གང་ཡིན་ཟེར་ན་རྐང་ཐོ་ཡིན་པས་ཆ་ནས་ཧ་ཧ་ཧ་་་
ང་ཕོད་འཇིགས་མེད་ཀྱི་ཚབ་ལ་ལྕགས་མོ་འཚོ་ཛ་གི ཤིང་ཙན་ཏན་ཤུལ་ལ་ཙན་ཏན།
ང་ཕོད་གྱི་ཚབ་ལ་སྟོབས་རྒྱལ་ལགས་བཞག་ཚར་འདུག། ང་ཕོད་གྱི་སྐུ་རྟག་སྟོང་པ་བཞག་ཡོད་མི་འདུག་ཁོ་རེ།
ང་ཕོད་འཇིག་མེད་ལས་གནས་ནས་ཕྱིར་ཕུད་བཏང་བའི་གནས་ཚུལ་སྐོར་དེ་རང་དབང་དང་མང་གཙོའི་ཡུལ་གྱི་བོད་མིས་མ་ཤེས་པ་དང་མ་བཤད་པའི་སྔོན་ནས་བཙན་དབང་དུ་གནས་པའི་འོད་ཟེར་ལགས་ནས་ཤེས་པ་དང་བཤད་པ་དེ་ཡ་མཚན་རེད། ཕྱི་སྡོད་བོད་མི་རྣམས་ཀྱིས་གནས་ཚུལ་འདི་གསང་རྒྱ་དམ་པོ་དེ་འདྲ་བྱེད་དགོས་དོན་གང་ཡིན་ནམ། སྐུ་དྲག་དང་འབྲེལ་བའི་གནས་ཚུལ་ཡིན་པས་རེད་དམ། ཡང་སྙིང་ཕྱི་གསལ་ནང་གསལ་མེད་པའི་བོད་དོན་གསར་ཁང་གི་འགན་འཛིན་ང་ཕོད་སྐོར་གྱི་གནས་སྟངས་དེས་གསར་ཁང་འདིར་ཡང་དོག་པ་ཟ་དགོས་པ་ཞིག་འདུག།
ང་ཕོད་འཇིགས་མེད་ལགས་ཀྱི་བོད་ཡིག་ཆུ་ཚད་དེ་ག་འདྲ་ཞིག་ཡོད་པ་རྩ་བ་ནས་རྒྱུས་མེད། ཁོང་གི་ལོ་རྒྱུས་ལ་རོབས་ཙམ་བལྟས་ན་ཆུང་དུས་ནས་གཙོ་བོ་རྒྱ་ཡིག་སྦྱངས་ཡོད་པ་འདུག གཞན་གསར་འགྱུར་ལས་རིགས་ཀྱི་འགོ་གཙོ་བྱེད་དགོས་དུས་གསར་འགྱུར་དང་འབྲེལ་བའི་ཤེས་ཡོན་མང་པོ་ཞིག་ལོས་དགོས། ཁོང་གིས་བོད་ཡིག་ཐོག་ནས་བྲིས་པའི་རྩོམ་ཡིག་མཇལ་མྱོང་མེད། རྒྱ་ཡིག་ཐོག་ནས་བྲིས་པ་ཡང་མཇལ་མ་མྱོང་། རྒྱ་ཡིག་ཐོག་ནས་གསར་འགོད་པ་ལ་ལན་བཏབས་པ་འགའ་མཐོང་སོང་། ༩༥ལོར་གསར་འགོད་པ་ལ་ལན་བཏབས་པ་ཞིག་གི་ནང་། ཁོང་རང་ཉིད་རང་བཙན་ལ་མོས་པ་ཡོད་གསུངས་འདུག གཞོན་ནུ་ཚོགས་པའི་ཚོགས་མི་ཡིན་མིན་ནི་མི་ཤེས། ད་གཏུག་བཤེར་བྱེད་དགོས་ཡོད་ན། དུས་ཚོད་མང་པོ་འགོར་བ་རེད། གཏུག་བཤེར་འགྲོ་ས་small claim courtཟེར་བ་དེ་ནི་ཡིན་གྱི་མ་རེད།
ང་ཕོད་འཇིག་མེད་ལགས་ཀྱི་བོད་ཡིག་གི་ཤེས་ཚད་དང་གསར་འགོད་ལས་རིམ་གྱི་གནས་ཚད་སྐོར་བཤད་རྒྱུ་དེ་ཕྱིར་ཚ་བ་རེད། དེ་ལས་ཁོང་ལས་གནས་དེ་ནས་ཕྱིར་ཕུད་བྱས་དགོས་དོན་གྱི་རྒྱུ་རྐྱེན་དང་བྱུང་རིམ་སྐོར་གླེང་རྒྱུ་དང་། ཡང་ན་འདས་པའི་མི་ལོ་བཅུ་གྲངས་ཞིག་གི་རིང་ལ་ཁོང་གི་གསར་འགྱུར་ལས་གནས་དང་འབྲེལ་བའི་དགེ་སྐྱོན་སྐོར་གླེང་དགོས།
ངོ་ལུག་གིས་བཤད་པར་བདེན། ཚེ་རིང་འོད་ཟེར་ལགས་ཀྱིས་གནས་སྟངས་མགོ་མ་ཚོད་གོང་ལ་སྔ་ཐོན་རྒྱབ་དྲག་སོང། ལས་ཁུངས་ནང་གི་གནས་ཚུལ་ཚང་མ་ཚེ་རིང་འོད་ཟེར་ལགས་ཀྱི་ཤེས་པ་མ་རེད། ཨ་རིའི་ནང་ལ་ཁྲིམས་ཡོད་པ་རེད་ང་ཕོག་བུ་ལགས་ཀྱིས་ཁྲིམས་བཏུགས་བྱེད་རྒྱུ་ཐག་གཅོད་འདུག་དེ་ཐོབ་ཐང་རེད་ལ་འོས་པ་རེད། འོན་ཏང་ལས་བྱེད་པ་དང་ཕྱི་ལོག་གི་མི་ཚོད་གནས་ཚུལ་ཛ་མ་ཚོད་པར་འུར་ལངས་ན་ལེགས་པོ་མིན་པ་རེད། དགེ་ལས་གནོད་ཆེ་བ་ཡོད་ནི་རེད། གཙོ་བོ་ངག་ཕོད་བུ་ལགས་ཀྱིས་ཨེ་ཤི་ཡའི་འགོ་ཁྲིད་བྱས་པའི་རིང་ལ་འ༷གན་ཡོད་པའི་ལས་ཀ་ག་རེ་བྱས་ཡོད་མེད་ལྟ་དགོས་ནི་རེད། ད་ལྟ་ངག་ཕོད་བུ་ལགས་ཀྱི་ཚབ་ཏུ་སྟོབས་རྒྱལ་བཞག་པ་དེ་ངོ་མ་མ་རེད་ཟེར་ངོ་མ་འཚོལ་གྱི་ཡོད་པ་འདྲ། ངོ་མ་འཚོལ་གྱི་ཡོད་ན་བོད་ནང་གི་བོད་མི་དེ་ཚོར་སེམས་ལ་འཁོར་མཁན་ཞིག་དང་ཨ་རི་གཞུང་གི་དངུལ་ཆུ་བཟོད་དུ་མ་བཏང་མཁན་་་གྱི་ལས་ཀ་འགན་འཁུར་མཁན་ཞིག་དང་གསར་འགྱུར་གྱི་ལས་རིམ་ཡར་རྒྱས་གཏོང་ཐུབ་མཁན་གྱི་འཇོན་ཐང་ཅན་ཞིག་་འཚོལ་རོགས་དེ་ནི་ང་ཚོའི་རེ་བ་དེ་ཁོ་ན་དང་ད་ལྟའི་བོད་ནང་དུ་ཛ་དྲག་ཆེ་བའི་སྐབས་དགོས་ངེས་ཤིག་ཀྱང་ཡིན། འགན་འཁུར་ཐུབ་པའི་མི་དེ་འདྲ་ཞིག་བྱུང་ན་བོད་ཨ་སུ་སླེབས་ཀྱང་ཁྱད་པར་སྤུ་ཙམ་མེད་ཞུ་ནེ་ཡིན།
ཚེ་རིང་འོད་ཟེར་གྱི་རྩོམ་ཡིག་ཏུ་ང་ཕོད་འཇིགས་མེད་ལས་ཁུངས་ལས་ཕུད་སྟངས་ཀྱི་བརྒྱུད་རིམ་ལ་སྐྱོན་བརྗོད་བྱས་པ་ལས་གནད་དོན་གང་ཡིན་དང་མཇུག་འབྲས་ཀྱི་ཐད་ལ་གང་ཡང་བྲིས་མི་འདུག དེར་བརྟེན་”སྡོམ་ཚིགས་འགོད་རྒྱུ་སྔ་དྲགས་པ་རེད”་ཟེར་བའི་སྐད་ཆ་དེ་ལ་འཇུ་ས་གང་ཡང་མི་འདུག རྒྱ་ཡིག་ཤེས་ན་མོ་རང་གི་དྲྭ་ཚིགས་སུ་ལྟོས་དང་ཤེས་ངེས། འུ་ཚང་གི་མཛངས་མས་རྒྱ་ནག་ནས་ང་ཚོར་གནས་ཚུལ་ཚུར་སྤྲད་པ་ལ་དགའ་རྒྱུ་ཞིག་ཀྱང་འདུག་ལ་སྐྱོ་རྒྱུ་ཞིག་ཀྱང་འདུག་གོ།
སྡོམ་ཚིག་འགོད་རྒྱུ་སྔ་དྲག་སོང་ཟེར་དོན་ནི། འོད་ཟེར་ལགས་ཀྱིས་ང་ཕོད་འཇིགས་མེད་ལས་ཁུངས་ནས་འབུད་སྟངས་དེ་དང་། ཁོང་རང་ཉིད་བོད་ཀྱི་ལས་ཁུངས་ནས་མར་འབུད་ཚུལ་དེ་གཉིས་བསྡུར་བའི་ཚུལ་དུ་བྲིས་ནས་མང་གཙོའི་སྤྱི་ཚོགས་ནང་གི་བྱེད་སྟངས་དེ་ཧ་ལམ་དམར་གཞུང་སྤྱི་ཚོགས་ནང་གི་བྱེད་སྟངས་ལ་ཡང་མི་དོ་བ་ལྟ་བུའི་སྐྱོན་བརྗོད་བྱས་པ་དེ་ཅུང་ཙམ་ཐལ་དྲག་སོང་སྙམ་པ་དང་། སྐད་ཆ་དེ་དག་གི་ཤུགས་རྐྱེན་ཆེན་པོ་ཡོད་པ་བསམ་ནས་ཟེར་བ་ཡིན།
ན་ཚ་རྙིང་བ་ཞིག་ལ་འོད་ཟེར་གྱིས་ཚྭ་བཏབ་སྟེ་ཆེན་པོ་བཟོས་པ་ལས་ཅང་མ་རེད། ལས་ཁུངས་ཤིག་ལ་མཚོན་ན་དོན་དག་དེ་འདྲ་རྒྱུན་ལྡན་རེད། ན་ནིང་གཞོན་ནུའི་ཚོགས་གཞོན་སོགས་ལ་ལྟོས་དང་དེ་ནས་ཧ་གོ་ཡོང་།
ཀྭ་ཡེ་ཁོ་བོ་དྲ་ཐོག་སླེབས་ཙ་ན།
ཁ་བརྡ་ནང་གི་མཆན་པ་ཐ་ཐོར་ཚོས།
ག་ཡང་རྐུབ་ཀྱག་མ་བརྟན་མ་ཚུགས་ཞེས།
ང་ཕོད་གནས་ནས་དཕྱུངས་ཞེས་ག་ཆད་སྨྲ།
ཅ་ཅོ་འདོན་ལ་དགའ་བའི་འོ་སྐོལ་རྣམས།
ཆ་རྒྱུས་ཡོད་མེད་མི་ལྟ་བཤད་ལ་དགའ།
ཇ་ཡུན་ཙམ་གྱི་བསམ་བློ་རེ་བཏང་ནས།
ཉ་དང་འདྲ་བའི་ལྕེ་དེ་ད་གདོད་འགུལ།
ཏ་ལ་ལ་འདྲའི་ཉམས་ཆུང་མར་མེ་ལ།
ཐ་ཤལ་རླུང་གིས་བདས་ནས་བསད་པ་ལྟར།
ད་ལྟའི་ཀླད་པ་མེད་པར་དྲར་འཁྱམ་པའི།
ན་གཞོན་མི་བུ་འདི་དག་གྱི་རེ་ན།
པ་ཤི་བླ་རྒན་འཛམ་གླིང་ཡུལ་གྲུར་ཉུལ།
ཕ་ས་ཕ་ཤུལ་རྒྱ་མི་ཇག་པར་གཏད།
བ་ཕྲུག་འདྲ་བའི་རྩམ་ཟན་འོ་སྐོལ་གྱིས།
མ་ཡི་ནུ་ཞོ་དྲན་ནས་ས་མཐར་ལྷུང་།
ཙ་ར་བཅད་ནས་རྒྱབ་ནི་གས་ཀྱང་རུང་།
ཚ་བའི་མེ་དཔུང་རང་ལུས་བསྲེགས་ན་ཡང་།
ཛ་ལང་རྒྱ་ཡི་གཞུང་ལ་རྒོལ་ནུས་པའི།
ཝ་ལྟར་མི་ཞུམ་ང་ཚོའི་དཔའ་བོར་སོམས།
ཞ་ཞ་སྒྱིད་དང་འཕྲེད་འཕྲེད་ཁ་དག་གིས།
ཟ་སྒོ་ཕྱེ་ནས་བསགས་པའི་རྒྱུ་ནོར་རྣམས།
འ་མོ་ཉིད་ཀྱི་རང་བཞིན་མ་ཤེས་ཏེ།
ཡ་གིའི་སྟེང་ནས་མ་གིའི་ཐང་ལ་ལྷུང་།
ར་རྡང་གཅིག་གི་ར་གུ་ར་ཕྲུག་ལྟར།
ལ་རྒྱ་མ་འཆོར་འོ་སྐོལ་བོད་པ་ཚོ།
ཤ་སྡུག་འབུ་སྡུག་མ་བྱེད་མཐུན་སྒྲིལ་གྱིས།
ས་འབར་རྡོ་འབར་བྱས་ནས་སྤྱི་ཚིས་སྒྲུབས།
ཧ་ཅང་གདམས་རྒྱུ་བཤད་རྒྱུ་མང་དྲག་ན།
ཨ་མའི་བུ་ཡི་ཐུགས་ལ་འགལ་ན་ཕོངས།
ཧ་ཅང་མི་སྨྲའི་བརྟུལ་ཞུགས་བཟུང་བཟུང་ན།
ཨ་སྐྱ་ང་ཡིས་ཚོད་ཅིག་མ་ཟིན་ཐལ།
འུ་ཚང་གི་མཛངས་མས་ང་ཚོར་རྒྱ་ནག་ནས་ཚུར་གནས་ཚུལ་སྤྲད་པ་དེར་དགའ་རྒྱུ་ཞིག་འདུག་ལ་སྐྱོ་རྒྱུ་ཞིག་ཀྱང་འདུག སྐད་ཆ་དེར་ཤིན་ཏུ་འཐད།
ངག་ཕོད་སྲས་ཀྱི་གནས་དོན་དེར་རྙོག་དྲ་ཆེན་པོ་ཡོད་རེད། འོད་ཟེར་གྱིས་བཤད་པའི་སྐད་ཆ་མང་པོ་བདེན་པ་རེད། རིམ་པས་ཤེས་ཀྱི་རེད།
ཡ་ཡ་ད་ཡིན་ད་ལྟད་མོ་ཞིགཡོད་པ་འདྲ་ཕྱིར་ནུབ་མེད་པར་ཚང་མའི་ཁ་མངོག་རེས་བྱོས་ཨ་་་་་་་་་་་
ངའ་གན་སྔོན་མ་ཞིག་ལ་དུས་དེབ་ཞིག་གི་སྟེང་ལ་ང་ཕོད་འཇིགས་མེད་ཀྱིས་བྲིས་པའི་རྩོམ་ཞིག་མཐོང་བ་དྲན། རྩོམ་ཐུང་དེའི་མིང་ལ་ཁ་བ་ཟེར། ལྷུག་རྩོམ་འདྲ་བ་ཧ་ཅང་ཡག་པོ་ཞིག་བྲིས་འདུག་དྲན།
དངརྙོག་དྲ་འགོ་བཙུགས་སོང་། གཤམ་གྱི་རྒྱ་མི་འདིས་གསང་བ་ཚང་མ་བཏོན་འདུག
བོད་པ་ཚོས་གང་ཡང་ཤེས་ཀྱི་མེད་ཚོད།
http://blog.boxun.com/hero/201211/dongsai/9_1.shtml
འདིའི་དྲྭ་ཐོག་ཏུ་འགོད་མཁན་དེ་རྒྱ་མི་མ་རེད། བོད་པ་ལྡོང་སྲས་ཞེས་པ་དེ་རེད། འདིའི་དྲྭ་ཐོག་ལ་ང་ཕོད་སྲས་གནས་དབྱུང་བཏང་རྗེས། བོད་པའི་ལས་བྱེད་པ་རྣམས་སེམས་འཚབ་བྱེད་བཞིན་ཡོད་ཚུལ་དང་། ཟླ་འདིའི་ཚེས་དྲུག་ལ་བློ་བཟང་སྙན་གྲགས་བོད་པ་ཚོ་ལ་བསམ་བློའི་སློབ་གསོ་གཏོང་དུ་མངགས་ཚུལ་སོགས་འཁོད་འདུག དེས་ན་འདི་ནི་གོང་དུ་༢༽ རྒད་པོ་ནས། བཤད་པ་དང་འདྲ་བའི་གནས་ཚུལ་ཞིག་ཡོད་པའི་དོགས་པ་རང་ཤུགས་ཀྱིས་སྐྱེ་འོང་གི་འདུག
http://blog.boxun.com/hero/201211/dongsai/9_1.shtml
ངོ་ལུག་ལགས། དེ་འདྲ་ཡིན་ན་སྔ་དྲགས་སོང་ཟེར་ནས་གོ་རྒྱུ་གང་ཡང་མི་འདུག དེ་བས་ཐལ་དྲགས་སོང་ཟེར་དགོས་པ་མིན་འགྲོ།
ནང་དོས་སྙིང་བསྡུས་ཤིག་བོད་ཡིག་ནང་བསྒྱུར་དང་། དྲ་གྲོགས་ཚོ།
རླུང་འཕྲིན་ཁང་གི་ལས་བྱེད་མང་པོ་ཞིག་བློ་ཕམ་གྱིས་གྲོས་བྱས་ཏེ་ཉིས་ཤས་ལས་མཚམས་འཇོག་མིན་ཐད་གྲོས་བྱས་པ་འདྲ། དེའི་ཆེད་དུ་ང་ཚོའི་གཞུང་ཚབ་སྐུ་ངོ་བློ་སྙན་ལགས་ཕེབས་ཡོད་འདུག ཞིབ་གསལ་མ་ངེས། གནད་དོན་ཞིག་ཏན་ཏན་ཡོད་འདུག
ནང་དོན་སྙིང་བསྡུས་ཤིག་བོད་ཡིག་ནང་བསྒྱུར་དང་། དྲ་གྲོགས་ཚོ།
གོང་དུ་ལྡོང་སྲས་དྲྭ་ཡིག་ཏུ། ངག་ཕོད་སྲས་ཨེ་རླུང་ལ་ཕྱག་ལས་བསྒྲུབས་རིང་། རང་བཙན་ཕྱོགས་ཁག་དང་། ངོ་རྒོལ་པ་ལ་བཤད་ཆའི་གླེང་སྟེགས་བསྐྲུན་ཡོད་ཚུལ་ལ་བསྙད་ནས་གནས་དབྱུང་བཏང་བ་དང་། ངག་ཕོད་སྲས་བློ་བུར་གྱི་གནས་དབྱུང་བཏང་བ་ལས་འོག་གི་བོད་མི་ལས་རོགས་ཚོས་ངོས་ལེན་བྱེད་འདོད་མེད་པ་ལ། བློ་སྙན་ལགས་ཆེད་གཏད་དུ་བསམ་བློའི་སློབ་གསོ་གཏོང་དུ་ཕེབས་ཚུལ་སོགས་ཞིབ་པར་འཁོད་འདུག
གོང་དུ་ལྡོང་སྲས་དྲྭ་ཡིག་ཏུ། ངག་ཕོད་སྲས་ཨེ་རླུང་ལ་ཕྱག་ལས་བསྒྲུབས་རིང་། རང་བཙན་ཕྱོགས་ཁག་དང་། ངོ་རྒོལ་པ་ལསྐད་ཆའི་གླེང་སྟེགས་བསྐྲུན་ཡོད་ཚུལ་ལ་བསྙད་ནས་གནས་དབྱུང་བཏང་བ་དང་། ངག་ཕོད་སྲས་བློ་བུར་གྱི་གནས་དབྱུང་བཏང་རྗེས་འོག་གི་བོད་མི་ལས་རོགས་ཚོས་ངོས་ལེན་བྱེད་འདོད་མེད་པ་ལ། བློ་སྙན་ལགས་ཆེད་གཏད་དུ་ཟླ་འདིའི་ཚེས་༦ལ་བསམ་བློའི་སློབ་གསོ་གཏོང་དུ་ཕེབས་ཚུལ་སོགས་ཞིབ་པར་འཁོད་འདུག
ཀྭ་ཡེ་ཁོ་བོའི་དྲྭ་གྲོགས་དང་། །
ཁ་བརྡའི་ནང་གི་མཆན་པ་ཚོས། །
ག་ས་ག་ལ་ཤོད་བཞིན་པའི། །
ང་ཕོད་གནས་དབྱུངས་གསལ་ཆ་སྟོནད། །
ཨེ་རླུང་ཚང་དང་ཨ་རླུང་ཚང་གཉིས་བོད་སྤྱི་བའི་ཆེད་དུ་ཕྱག་ལས་གནང་མཁན་གྱི་གསར་འགྱུར་ལས་ཁུངས་གཉིས་ལ་བསྒྱུར་ན་ཐབས་ཤེས་ཡག་པོ་གཅིག་རང་ཡོད་པ་རེད། དེ་གང་རེད་ཟེར་ན།
ཨ་རིའི་གྲོས་ཚོགས་ལ་སྙན་ཞུ་བརྒྱབ་ནས་ལས་ཁུངས་འདི་གཉིས་ཀྱི་འགོ་བ་དང་ལས་བྱེད་ཚང་མ་གཙང་མ་བཟོ་དགོས་རེད་མ་གཏོགས་རྙོག་དྲ་མང་ནས་མང་དུ་མ་གཏོགས་ཉུང་དུ་འགྲོ་གི་མ་རེད།
དེའི་རྒྱུ་མཚན། ལས་ཁུངས་འདི་གཉིས་ཀྱི་ལས་བྱེད་ཀྱི་གྲུབ་ཆ་དང་ལས་བྱེད་གསར་བ་འདེམས་སྒྲིག་བྱེད་སྟངས་ཀྱི་སྟེང་ན་ཧ་ཅང་གསལ་བོ་ཆགས་ཡོད་པ་རེད། ལས་ཁུངས་འདི་གཉིས་ཀྱིས་བོད་མི་མང་དང་བོད་དོན་ལ་སྤྲད་པའི་དངུལ་དག་ཟ་གི་ཡོད་པ་བོད་རྒྱ་ཆེའི་མི་མང་གིས་བརྗེད་མི་ཉན་པ་མ་ཟད་ངེས་པར་དུ་ཤེས་དགོས་རེད།
ལྷག་པར་དུ། མ་འོངས་པར་ལས་ཁུངས་འདི་གཉིས་ཀྱིས་ལས་དོན་ནོར་འཁྲུལ་ཅན་ཅི་ཞིག་བསྒྲུབས་རུང་། བོད་ཡིག་གི་དྲ་བ་དང་ངོ་དེབ་སོགས་ཀྱི་སྒང་ནས་སྡུག་པ་མ་ཡིན་པར་ཐད་ཀར་ལས་ཁུངས་ཨ་མ་དང་གྲོས་ཚོགས་ལ་བསམ་ཚུལ་ཡིག་ངག་གཉིས་ཐོག་ནས་ཐོངས་དང་ཕུ་དཀྲུགས་མདའ་དཀྲུགས་བྱེད་མཁན་ཚོས་བླ་འདར་གི་རེད།
ཨེ་རླུང་ཚང་གི་འགོ་འཁྲིད་ཟུར་བ། ང་ཕོད་འཇིགས་མེད། ( ང་ཕོད་ཀྱི་བུ། སྐུ་དྲག་གི་རྒྱུད་པ།)
ཨ་རླུང་ཚང་གི་ད་ཡོད་འགོ་བ། བློ་བཟང་རྒྱ་མཚོ། (སྲིད་བློན་ཀླུ་ཁང་པའི་ཚ་བོ། སྐུ་དྲག་གི་རྒྱུད་པ།)
ང་ཕོད་འཇིགས་མེད་ཕྱིར་ཕུད་ཀྱི་ཉེས་ཅན་པ། སྐལ་ལྡན་བློ་གྲོས། (རྣམ་རྒྱལ་གྲ་ཚང་གི་གྲ་ལོག བོད་རང་བཙན་ལ་ངོ་རྒོལ་བྱེད་མཁན)
ང་ཕོད་འཇིག་མེད་ལགས་ལས་གནས་ནས་ཕྱིར་ཕུད་བྱས་སྐོར་དེ་གནས་ཚུལ་ཟ་ཟིན་ཙམ་ལས་ཞིབ་གསལ་བོད་པའི་དྲ་གནས་སོགས་སུ་ཐོན་རྒྱུ་མི་འདུག། གང་ལྟར་གནས་ཚུལ་དེའི་འབྱུང་རྩ་དང་བྱུང་རིམ་སྐོར་མི་རྣམས་ཀྱིས་དོག་པ་ཆེན་པོ་ཡོད་པའི་སྐད་ཆ་མང་པོ་གོ་རྒྱུ་འདུག། འོན་ཀྱང་མི་གཅིག་གི་ལས་གནས་ཤོར་བར་དེ་ཙམ་གྱི་དོ་གལ་མི་ཆེ་ནའང་། ཨེ་རླུང་བོད་གནས་གསར་ཁང་འདི་བཞིན་རྒྱུན་གནས་དང་ཡར་རྒྱས་དགོས་རྒྱུ་ནི་གལ་གནད་རེད།
ཧུ་སྐལ་ལྡན་བློ་གྲོས་ཟེར་བ་དེ་སྔོན་མ་ཨ་རིས་དུས་འཁོར་དབང་ཆེན་སྐབས་གཞོན་ནུའི་སྟོད་གོས་ཚོང་འགྲེམས་བྱེད་མི་ཆོག་བཤད་མཁན་བྱབ་ཆུང་དེ་མ་རེད་པས། ད་ཁོ་ལྟོས་ཤིག་ཡང་ཨེ་རྔུང་ཚང་གི་རང་བཙན་ལྟ་གྲུབ་ཅན་གྱི་ལས་བྱེད་གཅིག་ཕུད་པ་འདྲ་ད་ཁོ་སྙིང་རྗེ་ཁོ་རང་ཡང་་་་་་་་་་་་་་་་་་ཡིན་འགྲོ།
སྐད་ཆ་གོ་བར་ཞིག་ལ། དང་པོ་ངག་ཕོད་བུ་ལགས་ལོ་གཅིག་གི་ནང་དགོངས་པ་འགྲོ་དགོས་པའི་ཐག་གཅོད་བྱས་ནེ་རེད་འདུག ལས་བྱེད་པ་རེ་གཉིས་ཀྱི་འགོ་ཁྲིད་བྱས་་གདུང་སེམས་བྱས་ཁུལ་གྱིས་འགོ་ཁྲིད་ལ་ཡི་གེ་སྤྲད་སོང་བར་དེས་གློ་བུར་དུ་འབུད་པ་རེད་ཟེར། ལས་བྱེད་པ་དེ་ཚོས་ང་ཕོད་བུ་ལ་རོགས་པ་བྱེད་པ་ཡིན་ནམ་གནོད་སྐྱལ་བ་ཡིན་དོགས་གཞི་རེད་འདུག ང་ཕོད་བུ་ལ་རྒྱབ་སྐྱོར་གྱི་ཡེ་གེར་ལས་བྱེད་པ་སོ་སོའི་འདོད་མོས་ཡོད་མེད་མ་བསམ་པར་ལས་ཀའི་དུས་ཚོད་ལ་ས་ཡིག་རྒྱབ་ནེ་ཅུག་གི་ཡོད་ས་རེད། རྙོགས་ཕྲ་དེ་ལ་ཁ་ཕྱོགས་འགྱུར་འགྲོ་གི་ཡོད་ས་རེད། མའུ་རྩེ་ཐུང་གིས་སྐད་ཆ་ཞིག་དྲནབྱུང། གོ་སྐབས་བཙལ་ནས་དགྲ་བོ་ཕམ་ཉེས་གཏོང་དགོས་ཟེར་བ་ལྟར་ལས་བྱེད་པའི་ནང་ང་ཕོད་བུ་ལ་རྒྱབ་སྐྱོར་བྱེད་ཁུལ་གྱི་གོ་སྐབས་བཟུང་ནས་སྒེར་གྱི་དགྲ་བོ་ཕམ་ཉེས་སུ་གཏོང་བའི་ཐབས་ཤེས་བཏང་གི་ཡོད་ས་རེད།་ཧཧཧཧཧ་རྙོགས་ཕྲ་ཆེན་པོ་རེད་འདུག
སྐད་ཆ་གོ་བར་ཞིག་ལ། དང་པོ་ངག་ཕོད་བུ་ལགས་ལོ་གཅིག་གི་ནང་དགོངས་པ་འགྲོ་དགོས་པའི་ཐག་གཅོད་བྱས་ནེ་རེད་འདུག ལས་བྱེད་པ་རེ་གཉིས་ཀྱི་འགོ་ཁྲིད་བྱས་་གདུང་སེམས་བྱས་ཁུལ་གྱིས་འགོ་ཁྲིད་ལ་ཡི་གེ་སྤྲད་སོང་བར་དེས་གློ་བུར་དུ་འབུད་པ་རེད་ཟེར། ལས་བྱེད་པ་དེ་ཚོས་ང་ཕོད་བུ་ལ་རོགས་པ་བྱེད་པ་ཡིན་ནམ་གནོད་སྐྱལ་བ་ཡིན་དོགས་གཞི་རེད་འདུག ང་ཕོད་བུ་ལ་རྒྱབ་སྐྱོར་གྱི་ཡེ་གེར་ལས་བྱེད་པ་སོ་སོའི་འདོད་མོས་ཡོད་མེད་མ་བསམ་པར་ལས་ཀའི་དུས་ཚོད་ལ་ས་ཡིག་རྒྱབ་ནེ་ཅུག་གི་ཡོད་ས་རེད། རྙོགས་ཕྲ་དེ་ལ་ཁ་ཕྱོགས་འགྱུར་འགྲོ་གི་ཡོད་ས་རེད། མའུ་རྩེ་ཐུང་གིས་སྐད་ཆ་ཞིག་དྲནབྱུང། གོ་སྐབས་བཙལ་ནས་དགྲ་བོ་ཕམ་ཉེས་གཏོང་དགོས་ཟེར་བ་ལྟར་ལས་བྱེད་པའི་ནང་ང་ཕོད་བུ་ལ་རྒྱབ་སྐྱོར་བྱེད་ཁུལ་གྱི་གོ་སྐབས་བཟུང་ནས་སྒེར་གྱི་དགྲ་བོ་ཕམ་ཉེས་སུ་གཏོང་བའི་ཐབས་ཤེས་བཏང་གི་ཡོད་ས་རེད།་ཧཧཧཧཧ་རྙོགས་ཕྲ་ཆེན་པོ་རེད་འདུག
སྐལ་ལྡན་བློ་གྲོས་ཀྱིས་རྒྱབ་རྟགས་ངོམས་ནས་བོད་པའི་སྤྱི་ཚོགས་ནང་མ་སྐྱིད་པ་བཟོས་པ་རེད།
དེ་ནི་དུས་འཁོར་དབང་ཆེན་སྐབས་རེད། གྲ་ལོག་འདིར་མི་རིགས་ཀྱི་ལྟ་བ་མི་འདུག ཨ་ཙི་སྡུག་འདྲེ་འདི་་་་་་་་་་་་་་་་་་་་་་་་་་་་
གང་ལྟར་རླུང་འཁྲིན་ཁང་གཉིང་པོ་འདི་ཐོག་མར་གསར་དུ་འཛུགས་སྐབས་སུ་ཨ་རིའི་རོགས་རམ་འོག་ནས་བོད་གཞུང་གིས་རེ་བ་ཆེན་པོ་བྱས་ནས་བཙུགས་པ་རེད་ལ། རེབ་བརྒྱག་པ་བཞིན་ལོ་མང་རིང་དུ་གྲུབ་འབྲས་ཡང་བྱུང་ཡོད་པར་མངོན་གསལ་རེད། སྤྱིར་བཏང་ཞུས་པ་ཡིན་ན་གསར་ཁང་འདི་གཉིས་ཀྱིས་ལས་དོན་གང་འདྲ་ཞིག་སྒྲུབ་ན་བཙན་བྱོལ་གཞུང་གིས་ལོང་ཕྱོགས་དང་མཐུན་དགོས་ངེས་རེད། ཡིན་ན་ཡང་ངས་འདི་ལྟར་བརྗོད་སྐབས་དྲ་འབུ་ཚོས་ཁ་མིག་འགྲད་ནས་ལ་ངན་སྨས་འདྲ་མིན་བཟོ་ངེས་ཡིན་པ་ཡང་ཤེས་ཀྱི་ཡོད། ད་ལེན་ང་ཕོད་འཇིགས་མེད་གོ་གནས་ཕབས་པར་དེ་གཞུང་གིས་ལོང་ཕྱོགས་དང་མ་མཐུན་ནས་ཕབས་པ་ཡིན་ན་ངས་རྗེས་སུ་ཡིད་རང་ཞུ། དེ་མིན་མཐོང་ཐོས་མི་འདོད་པས་གནས་ཚུལ་སྐྱུག་མེར་ལོང་བ་དེ་འདྲ་རིགས་ནས་བྱུང་ཡོད་ཚེ་ཁྲིམས་ཐོགས་ནས་ཐེར་འདོན་བཟོ་རེས་དགོས་ངེས་རེད། སྤྱིར་མང་གཙོས་རང་དབང་དང་། གསར་འགོད་རང་དབང་སོགས་ལ་ཁས་ཆེར་འདོག་བྱས་ནས་རང་སྣང་གང་ཤར་གྱིས་ལས་སུ་མི་འཇུག་པའི་རེ་བ་ཞིག་འབྲེལ་ཡོད་དག་ལ་བསྐུལ་ལོ། །
ང་ཕོད་འཇིགས་མེད་ལགས་ཀྱི་སྐོར་ལ་ཞེ་དྲག་རྒྱུས་མེད། ཡིན་ནའང། གོང་དུ་དྲ་འབུ་རེ་འགས་ཨེ་རླུང་ལས་བྱེད་རེ་འགའི་བྱེད་བབ་ཀྱིས་ལས་མཚམས་འཇོག་དགོས་ཚུལ་བཤད་ཀྱི་འདུག དེ་གཏན་ནས་ཡིན་རྒྱུ་མ་རེད་འདོད། གང་ཡིན་ཞེ་ན། དེ་འདྲའི་མགོ་ཁྲིད་མཐོ་ཤོས་ཤིག་ཡོད་ན་དེ་གླེན་པ་ཞིག་ཡིན་ཐག་ཆོད་རེད། གང་ཡིན་ཞེ་ན། ང་ཕོད་འཇིགས་མེད་ཀྱི་ཕྱག་ལས་གནང་སྟངས་ལ་གང་ཟག་གསུམ་པ་བའི་འགྲེལ་བཤད་དགོས་ཀྱི་མ་རེད་བསམས། མགོ་ཁྲིད་དེ་དག་གིས་མཁྱེན་ནས་དེ་སྔ་འགན་འཛིན་དུ་བསྐོས་པས་རེད། ད་ཐེངས་མཚམས་འཇོག་བྱ་དགོས་བྱུང་ཡོད་ན་དེར་འགྲེལ་ཨེ་རླུང་ལས་ཁུངས་གཞུང་འབྲེལ་རང་གི་བཀོད་ཁྱབ་གཏོང་གི་རེད་འདོད། དེར་ཆ་འཇོག་བྱས་ན་ཡག་གི་རེད་བསམས།
དེ་ནས་ཞོར་འཕྲོས་ཤིག་ལ། བདེན་པ་དང་སྤྱི་དོན་ལས་ལ་ཁ་ཐག་གཏན་བྲལ་དུ་སོང་ཞིང། ཆོལ་ཁའི་ཤོག་ཁག་རུ་དཔུང་གི་བརྒྱུད་འཛིན་པ་ཉུས་ཤས་ཤིག་ནས་དྲ་ལམ་རེ་འགར་སློབ་དཔོན་ཟམ་གདོང་རིན་པོ་ཆེར་གཞི་མེད་སྐྱོན་བརྗོད་དང་༧གོང་ས་ཆེན་པོར་ཟུར་ཟ་བྱེད་ཀྱི་ཡོད་པ། དེང་སང་ལོང་པ་འོན་ལྐུགས་མིན་པ་ཚང་མར་གསལ་ཆུབ་གྱུར་ཡོད་པ་ལྟར། གོང་དུའང་དྲ་འབུར་བརྫི་བ་དེའི་རིགས་ཀྱིས་དཀྲུགས་ཤིང་བྱེད་ཀྱི་འདུག ངས་ཚིག་ཐག་ཆོད་པོས་བཤད་ཐུབ་པ་ཞིག་ལ། གལ་སྲིད་ང་ཕོད་འཇིགས་མེད་ཀྱི་ཕྱག་ལས་གནང་སྟངས་ཀྱང་ཨེ་རླུང་ལས་ཁུངས་ཀྱི་ལས་བྱེད་༧གོང་ས་ཆེན་པོའི་མཛད་འཕྲིན་ལ་ཟུར་ཟ་གནང་མཁན་རེ་ཙམ་ཡོད་པ་དེ་ལྟ་བུ་ཡིན་ན། ༧གོང་ས་ཆེན་པོ་དང་བོད་མི་རིགས་ཀྱི་ཟུངས་ཁྲག་ལས་གྲུབ་པའི་ལས་ཁུངས་དེར་ཁྱོན་ནས་མ་བསྡད་ན་ཡག་གི་རེད་ལ། མངོན་གསལ་མིན་པའི་ཇུས་གཞི་དེ་འདྲ་འདོན་མཁན་ཞིག་ཡིན་ན་ཐག་གཅོད་དེ་ཏག་ཏག་རེད་ཅེས་ཁ་གསང་པོའི་ཐོག་ཞུ་འདོད་བྱུང།། གལ་སྲིད་དེ་འདྲ་ཞིག་མིན་ན་རྒྱུ་མཚན་ངོ་མར་ངང་སྒུག་བྱ་འདོད་བྱུང།།
གོང་དེར་དྲ་བུ་མང་པོས་བསམ་ཚུལ་བཤད་སོང། ད་ངའི་དུས་ཚོད་ལ་སླེབས་པ་འདྲ། ངས་ནི་ཤེས་པ་དེ་སྔོན་མ་ངག་ཕོད་འཇིགས་མེད་ལགས་ཁོང་གི་སྒེར་གྱི་གནས་བཏང་་གཅིག་གི་དབང་ནས་དགོངས་པ་ཞུས་དུས་ལ་
ལས་བྱེད་པས་ཀརྨ་རྒྱ་ཚོ་ཚབ་ཆགས་ཀྱི་བསམ་ནས་དགོངས་པ་མ་ཞུ་རོགས་རེ་བ་འདོན་པ་རེད་ཟེར་གྱི་འདུག
ད་ལྟ་ངག་ཕོད་འཇིགས་མེད་ལགས་ལས་ཁུངས་ནསདགོངས་པ་བཏང་དུས་ལས་བྱེད་པས་དགོངས་པ་བཏང་ན་འགྲིག་གི་མ་རེད། ཚུར་ལས་ཀ་སྤྲོད་དགོས་པ་རེ་བ་འདོན་གྱི་ཡོད་ས་རེད། རྒྱུ་མཚན་ནི་་སྐལ་སྐལ་བློ་གྲོས་ངག་ཕོད་འཇིག་མེད་ལགས་ཀྱི་ཚབ་ལ་བཞག་གི་རེད་ཞེ་སྣང་གིས་རེ་བ་བྱེད་ཀྱི་ཡོད་ས་རེད། ཨེ་རླུང་ཁང་གི་ལས་བྱེད་པ་ནི་གསར་འགོད་པ་རེེད་ད་རེད་ལ་དངོས་ནས་སྲིད་དོན་ལ་ངོ་མ་མཁས་པ་རེད་འདུག སྲིད་བྱུས་ངན་པ་ཟེར་དགོས་ནི་རེད་དམ་མཁས་པ་ཟེར་དགོས་ནི་རས་ད་ལྟ་བཤད་མ་ཐུབ་ཀྱང་སྲིད་བྱུས་དེ་ནང་ཁུལ་དུ་མ་རྒྱབ་པར་རྒྱ་ནག་ལ་ཁ་གཏད་ཐུབ་ན་ཅི་མ་རུང་། ཨོ་དངོས་ནས་ཨེ་རླུང་ཁང་གི་ལས་བྱེད་པའི་སྲིད་བྱུས་ངན་པ་རེད་དེ། ད་དུང་ཉིན་མ་རིང་དུ་རིང་དུ་སོང་དུས་རྙོགས་ཕྲ་ཆེ་རུ་ཆེ་རུ་འགྲོ་ནེ་རེད།
ཀ་ཡེ་གསོན་དང་སྙིང་གི་སྤུན་ཟླ་ཚོ། །ཁ་བརྡ་དྲྭ་བའི་སྟེང་གི་འཁྱལ་གཏམ་ལ། །ག་དུས་ཡིན་ཀྱང་བདེན་མིན་སྣ་ཚོགས་འདུག །ང་ཡིས་ཕལ་ཆེར་སྣང་མེད་ངང་དུ་བཞག །ཅ་ཅོས་དབྱེན་དཀྲུག་ལས་ལ་བྱང་བ་ཡི། །ཆ་ཤས་ཕྱོགས་རིས་ཆེ་བའི་སྐལ་བློ་ནི། །ཇ་ཁའི་ཞག་བཞིན་ཁ་ལ་གཡེང་བ་ལས། །ཉ་གང་ཟླ་ལྟར་ཡོ་འཁྱོག་མེད་པ་མིན། །ཏཱ་ལའི་བླ་མའི་དགོངས་པ་ཡིན་ནོ་ལོ། །ཐ་ཆད་ཁོ་པས་རང་བཙན་རྩོད་མཁན་གྱི། །ད་ལྟའི་རེ་བའི་མིག་འབུར་གཏད་ས་ཡི། །ན་གཞོན་ཚོགས་པའི་ཁྲོམ་ར་བཀག་ལ་སོམས། །
སྤྱིར་བཏང་ང་ཕོད་ལས་གནས་ནས་བུད་པ་དེའི་རྒྱབ་ལྗོངས་ངོ་མ་གང་ཡིན་མི་ཤེས། ཡང་སྙིང་ཁོ་ལས་གནས་ནས་ཕུད་ཡོད་མིན་གསལ་ཁ་གོ་མ་སོང་། ཡིན་ན་ཡང་། ཁོང་ལྟ་བུས་བོད་སྤྱི་ཚོགས་ལ་བྱས་རྗེས་རླབས་ཆེན་བཞག་ཡོད་པ་ངོས་འཛིན་བཞིན་ཡོད། ལོ་ངོ་མང་པོ་དེ་དག་གི་རིང་ལ་དཀའ་ངལ་སྐྱོན་ནས་བོད་མི་རིགས་ཀྱི་དོན་དུ་ཕྱག་ལས་ཡུན་རིང་གནང་བ་ལ་དགའ་བསུ་ཞུ་བཞིན་ཡོད།
ཁོ་བོས་བལྟས་ན། སྐལ་ལྡན་བློ་གྲོས་ནི། གསར་འགོད་པའི་ནང་ནས་ཤེས་ཚད་དང་འཇོན་སྟངས་ཡང་རྩེ་ཞིག་ཏུ་མཐོང་བཞིན་ཡོད། ཁོང་གི་བཅར་འདྲི་ཁག་ལ་དོ་སྣང་བྱོས་དང་། དྲི་བ་དོན་སྙིང་ལྡན་པ་དང་གནད་ལ་འཁེལ་བ་ཤ་སྟག་མངོན་རྒྱུ་ཡོད། དམིགས་བསལ་དུ། གཟའ་ཉི་མའི་གནད་དོན་གླེང་མོལ་ལས་རིམ་ལ་གསན་དང་། གསལ་པོར་ཤེས་ངེས་རེད། ང་རང་སྒེར་ངོས་ནས་ཁོང་ངོ་མི་ཤེས། ཁོ་བོས་བྲིས་པ་ནི། རྒྱུན་དུ་གསར་འགྱུར་ཉན་པའི་བརྒྱུད་རིམ་ལ་གཞལ་ནས་བཤད་བཞིན་ཡོད།
ང་ཕོད་ང་དབང་འཇིག་མེད་ཀྱི་བུ་འཇིག་མེད་ལགས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནི་ཨེ་ཤེ་ཡའི་ཡུལ་གྲུ་ཁག་ཅིག་གི་ནང་སྨྲ་བརྗོད་ཀྱི་རང་དབང་མེད་པའི་མི་མང་ཚོར་དངོས་བྱུང་ཁུངས་ལྡན་གྱི་གནས་ཚུལ་གོ་རྟོགས་སྤེལ་ཐུབ་པའི་ཆེད་དུ་ཨ་མེ་རི་ཀའི་གྲོས་ཚོགས་ནས་ཕྱི་ལོ་ ༡༩༩༦ ལོར་འགྲོ་གྲོན་བཏང་ནས་གོ་སྐབ་གསར་དུ་བཙུགས་པའི་རླུང་འཕྲིན་ལས་ཁང་ཞིག་ཡིན་པ་དང་མི་མང་གི་བསམ་ཚུལ་འདྲ་མིན་སྣ་ཚོགས་འདོན་སའི་གླེང་སྟེགས་ཤིག་ཀྱང་ཡིན།ཁོང་ཚོའི་གཞི་རྩའི་དམིགས་ཡུལ་ནི་རྒྱལ་སྤྱིའི་གསར་འགོད་བརྒྱུད་ལམ་ཁག་ལ་བརྟེན་ནས་དངོས་བྱུང་གི་གནས་ཚུལ་ཤེས་རྟོགས་ཐུབ་པར་བྱས་ནས་བསམ་བློ་འཆར་སྒོ་དང་སྨྲ་བརྗོད་ཀྱི་རང་དབང་དར་སྤེལ་གཏང་བ་རྣམས་ལ་ང་ཚོས་སྙིང་དབུས་ནས་ཐུགས་རྗེ་ཞུ་རྒྱུ་དང་ལས་གཞི་གསར་འཛུག་གནང་བ་རྣམས་མི་རབ་ནས་མི་རབ་བར་ཡལ་བར་མི་སྲིད་ལ་སྐུ་ཉེད་ཀྱི་བྱས་རྗེས་ཀྱང་ཡིན་འོན་ཀྱང་བྱ་དངོས་ཐམས་ཅད་འགྱུར་ལྡོག་འགྲོ་བ་ནི་ཆོས་ཉིད་ཡིན་པས་གང་ཟགས་ཞིག་དུས་རྟག་དུ་ཚོགས་པའི་མགོ་ཚོར་གནས་དགོས་པ་མ་ཐོང་་་དེ་བས་འཇིག་མེད་ལགས་ནི་བློ་སྒོ་ཆེ་བེའི་ཤེས་རིགས་ཕུལ་གསུམ་ཚོགས་པས་རང་གི་ཤེས་འབྱོན་རང་དབང་ལུང་པར་རང་མི་རིགས་ལ་ལེགས་སྐྱེས་འབུལ་བ་ཡོང་པ་ལས་སམ་མེད་རེ་ཟུང་གི་བརྗོད་པ་ཞིན་གཞན་ཀྱི་ཕྲག་དོག་ལ་དགོས་ལེན་ཆེད་དུ་མེན་ལ་དེ་བས་ཀྱང་རང་ལ་དཔོན་གནས་ཆེད་ཀྱང་མན། གལ་ཏེ་ཁོང་རྒྱ་ནག་ལ་ཡོད་ན་རྫོང་རིམ་པ་ཡན་ཀྱི་དཔོན་གནས་ཐོབ་རྒྱུ་ནི་གོར་མ་ཆགས་པས་ཕྱོགས་ཚང་མས་ན་༣་ཀྱི་རྨོངས་འཆར་་ལ་སམ་ཤེས་ཐུབ་པ་ཁྱེན་
ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་འདི་ཨ་རིས་དབུས་གཞུང་གི་འཛིན་སྐྱོང་འོག་ཡིན་དུས་ཨ་རིས་རྩ་ཁྲིམས་བཞིན་འགྲོ་དགོས་ངེས་རེད། ཁོང་ལ་ནག་ཉེས་ཡོད་ན་ཨ་རིས་དམག་སྤྱིའི་ཆེ་མོ་ཡང་འགན་འཛིན་ནས་ཕབ་པ་བཞིན་རེད་། ཁོང་གི་བོད་རང་བཙན་འདོད་མཁན་ལ་གླེང་སྟེག་གནང་བའི་ཉེས་པའི་འོག་འགན་འཛིན་ནས་ཕབ་པ་མིན་པར་ཤོག།
གནས་ཚུལ་འདི་དང་རང་བཙན་པར་ངོ་རྒོལ་བྱེད་པའི་ལས་འགུལ་གཉིས་འབྲེལ་བ་འདུག མདོར་ན། རང་བཙན་རྩོད་པ་དང་། རང་བཙན་རྩོད་མཁན་ལ་རྒྱབ་སྐྱོར་བྱས་ན། མཐའ་གཅིག་ཏུ་བོད་གཞུང་གིས་ངོ་རྒོལ་བྱེད་པ་དང་། ཐད་ཀ་དང་ཐད་ཀ་མིན་པའི་བྱ་སྤྱོད་ཐོག་ནས། སྒེར་ལ་བརྡུང་རྡེག་གཏོང་བ་འདི་གསལ་ཆ་དོད་དུ་འགྲོ་བཞིན་འདུག
སྐུ་ཚབ་བློ་བཟང་སྙན་གྲགས་ཨེ་རླུང་གི་ལས་བྱེད་པས་ལས་ཀ་མཚམས་འཇོག་ཆེད་སློབ་གསོར་སྐྱོད་པ་རེད་མིན་འདུག ཁོང་དེ་གར་གཙོ་བོ་ལས་བྱེད་པ་རྣམས་ལ་ང་ཕོད་ལ་རྒྱབ་སྐྱོར་གྱི་ལས་འགུལ་མཚམས་འཇོག་བྱེད་པར་སྐུལ་སློང་ཆེད་དུ་ཕེབས་འདུག
ལོ་ཁ་ཤས་ཀྱི་གོང་དུ། ༡༩༨༩ལོར་བོད་གཞུང་ཕྱི་འབྲེལ་དང་དྲིལ་བསྒྲགས་ལྷན་ཁང་གིས་བཏོན་པའི་བོད་ཀྱི་གནད་དོན་སྐོར་རྒྱ་ཡིག་ཐོག་ཐོན་པའི་རྩོམ་བྲིས་བོད་བསྒྱུར་ཁག་ཅེས་པའི་ནང་དུ། ང་ཕོད་འཇིགས་མེད་ཀྱིས་བྲིས་པའི་བོད་ཀྱི་ཟིང་འཁྲུག་གི་རྒྱབ་ལྗོངས་ཞེས་པའི་རྩོམ་ཞིག་མཐོང་བ་དང་། སྐབས་དེར་ང་ཕོད་འཇིགས་མེད་ནི་བོད་མི་རྒྱལ་ཞེན་ཅན་ཞིག་རེད་སྙམ་བྱུང་། ཕྱིས་སུ་ཁོང་གི་ཕ་རྒན་གཤེགས་རྗེས། ངས་ང་ཕོད་འཇིགས་མེད་ཀྱི་མི་ཚེ་དང་འབྲེལ་བའི་སྐོར་ལ་རྩོམ་ཞིག་འབྲི་དགོས་སྙམ་ནའང་། དཔྱད་གཞི་སོགས་ཀྱིས་རྐྱེན་པས་ལྕོགས་མ་སོང་།
གྲྭ་ལོག་སྐལ་ལྡན་བློ་གྲོས་ངེད་གཉིས་༢༠༠༨ལོར་རྡ་ཤོད་གནམ་ཐང་ནས་ཐུག་ཅིང་ལྡི་ལིའི་བར་དུ་གནམ་གྲུའི་ནང་དུ་སྐར་མ་ཞེ་ལྔ་ཙམ་དུ་ཁ་བརྡ་བཤད་དེ་མཉམ་དུ་འགྲོ་མྱོང་ཡོད་པས་ཁོ་པ་ནི་ཆོལ་ཁ་དང་ཆོས་ལུགས་དབྱེ་འབྱེད་ལ་དགའ་བའི་གོང་བུ་ཞིག་ཏུ་འདུག་པ་དངོས་མཐོང་ཡིན་པས་མ་ཚད་མགོ་བདེ་དྲན་འཁྲུལ་རྒོད་ཅིང་ཁེ་བཟང་ཁོ་ནར་བརྩོན་པའི་མི་བུ་རྒྱབ་ཤེད་ཅན་ཞིག་ཡིན་པར་དེ་དུས་ཤེས་སོང་།
ཨེ་རླུང་དེ་བོད་གཞུང་དང་རྒྱ་ནག་གཞུང་། །སྐུ་དྲག་དང་གྲ་ལོག་སོགས་གང་ཡང་མ་རེད། ཁྲིམས་དང་མི་མཐུན་པ་མི་སོ་སོའི་དགའ་སྡུག་གིས་གནས་དབྱུང་གཏོང་ཆོག་ཆོག་དེ་ལས་ཀྱང་མ་རེད།
སྐྱོན་ཡོན་ག་འདྲ་ཡོད་མེད་ཨ་རི་ཁྲིམས་ཀྱིས་བཅད་པ་ལས་ང་ཚོ་མེ་རླུང་དམར་ནག་གི་ནང་དུ་སྤུན་ཟླའི་ཚེ་སྲོག་ཉིན་རེ་བཞིན་ཤོར་བ་དེ་ཚོའི་གནས་ཚུལ་ཨེ་རླུང་ཚང་གིས་བདེན་པ་ར་སྤྲོད་འཛམ་གླིང་ཁྱོན་ཡོངས་ལ་བསྒྲགས་པ་ཙམ་མ་ཡིན་པ་ནུས་པ་ཐོན་ཐབས་བྱེད་རྒྱུ་དེ་ལ་བལྟ་ཞིབ་དགོས་སྙམ། ཡར་རྒྱས་འགྲོ་རྒྱུ་མེད་པ་ཨེ་རླུང་ཚང་སྒེར་དོན་ལ་ཡར་མར་རྒྱུག་བསྡད་ཡིན་ན་རླུང་འཕྲིན་གསལ་ལ་མ་གསལ་དེ་འགྱུར་བ་མེད་པ་ཨ་རི་རྩ་ཁྲིམས་ཡིན་རྒྱུ་མ་རེད།
ཨ་རིའི་ནང་གི་ཚན་རྩལ་ཡར་རྒྱས་དེ་ཚོ་ཨེ་རླུང་ཚང་ལ་མེད་དམ།
འཕྲུལ་ཆས་ཡར་ཐོན་དེ་ཚོ་ཨེ་རླུང་ཚང་ལ་མེད་དམ།
གསར་འགྱུར་རྙིང་པ། བོད་ཡིག་ཆད་ནོར། འཕྲུལ་རྩལ་ཡར་རྒྱས་མེད་པ་ག་དུས་ཡིན་ན་སེམས་པ་སྐྱོ་སྐྱོ་ཨེ་རླུང་ཚང་གི་གོ་བའི་རེ་བ་ཡོད།
ད་ལེན་ང་ཕོད་དགོངས་པ་གནང་འདུག ད་དུང་ཨ་རིའི་རླུང་འཕྲིན་ཁང་གི་འགན་འཛིན་དེ་ལའང་ཞིབ་འཇུག་གནང་དགོས་འདུག མི་འདི་ཚོས་རླུང་འཕྲིན་གྱི་ལས་བྱེད་གསར་འདེམས་བྱེད་སྐབས་སོ་སོའི་ངོ་ཤེས་རྐྱང་རྐྱང་མ་གཏོགས་མང་ཚོགས་ནང་ཁྱབ་བསྒྲགས་ལེགས་པོ་མི་བྱེད་པ་དང།་་་བྱས་རྐྱང་སྔ་ས་ནས་སོ་སོའི་ངོ་ཤེས་རྣམས་འདེམས་བསྒྲུགས་བྱས་ཏེ་ལས་ཀ་སྤྲོད་རྐྱང་བྱེད། མང་ཚོགས་ཀྱི་ནང་ནས་སུས་འཇོན་པ་དང་སུ་ལ་ཤེས་ཡོན་ལེགས་མིན་མི་བལྟ་བར་ད་བར་སོ་སོའི་ཉེ་ལ་ཉེ་འཁོར་རྐྱང་རྐྱང་འདེམས་སྒྲུགས་བྱེད་ཀྱི་ཡོད་པ་ཚང་མས་ཤེས་གསལ་ཡིན། མི་མང་དཀྱུས་མར་མགོ་སྐོར་རྐྱང་རྐྱང་གཏོང་མཁན་གྱི་མི་དེ་དག་ལམ་འགྲོ་མི་ཡོང་ཐག་གི་ཆོད
ཨེ་རླུང་ཁང་གི་སྐལ་ལྡན་བློ་གྲོས་ཟེར་བ་དེ་ལས་རྒྱུ་མང་བ་ཡོད་མཁན་ཞིག་རེད་འདུག དེའི་སྐོར་ཉན་འདོད་ཡོད་ཚང་མས་གསུང་རོགས་གནང་།
གོང་གི་བཙན་བྱོལ་བ་གསུང་པར་ང་འཐད། ངག་ཕོད་བུ་ལ་ཨེ་རླུང་ཁང་དུ་ཞབས་རྗེས་ལོ་མང་ཞུས་པ་དང། ཁོང་གིས་རྒྱ་ནག་གི་སྐོར་ལ་བགྲོ་གླེང་ཧ་ཅང་གི་གནད་ལ་འཁེལ་བ་གནང་མཁན་ཤེས་ཡོན་ཆེན་པོ་ཞིག་ཡིན་ས་རེད། ཡིན་ནའི་གསར་འགྱུར་ལས་ཁང་གི་འཇོན་ཐང་མེད་པ་འདྲ། དྲང་པོར་བཤད་ན་ཁོང་རྩོམ་བྲིས་སྤེལ་མཁན་དང་དཔྱད་གཏམ་སྤེལ་མཁན་གྱི་ཕྱག་ལས་གནང་ན་ནུས་པ་འཕྲོག་ལྷག་དུ་འགྲོ་ནི་མ་རེད། དམིགས་བསལ་རྒྱ་ནག་སྐོར་ལ་དཔྱད་གླེང་བཏང་རྒྱུར་འཇོན་ཐང་ཅན་ཞིག་རེད་འདུག དེ་ནས་གཉིས་པ་དེ་ལ། སྐལ་ལྡན་བློ་གྲོས་ནི་འགོ་ཁྲིད་བྱེད་པའི་མི་མ་རེད། ཁོང་རང་གི་འཇོན་ཐང་དེ་གསར་འགྱུར་ཐོག་ལ་འདོན་ཐུབ་མཁན་ཞིག་རེད་འདུག གསར་འགོད་པའི་ནུས་པ་མ་བཟད་པར་གསར་འགོད་པ་སྤུས་དག་ཞིག་བྱས་ན་ལེགས། འགོ་ཁྲིད་ཟེར་ན། མི་བཟང་པོ་དང་གཤིས་བརྒྱུད་བཟང་པོ། ཁ་ཁུ་སིམ་པོས་ཁོ་ནས་ལས་དོན་ལ་ནུས་པ་ཐོན་གྱི་མ་རེད། འགོ་ཁྲིད་ནི་གཙོ་བོ་ལས་ཀ་དེའི་ཐོག་ལ་དབྱིངས་དང་དོ་སྣང་ཡོད་པ་གཙོ་བའི་སྒང་ལ་ལྷག་བསམ་ལྡན་པ། འཇོན་ཐང་ཅན། གྲུང་ཤ་འདོད་པ། རྒྱབ་མདུན་ངོ་ལྐོག་མེད་པའི་འགན་འཁུར་ཐུབ་མཁན། ལས་ཀའི་སྤུས་ཚད་ལེགས་སུ་གཏོང་ཐུབ་མཁན། ལས་བྱེད་པའི་སྤུས་ཀ་ལེགས་སུ་གཏོང་ཐུབ་མཁན། སྤྱི་པའི་ལས་དོན་འགྲིག་མ་འགྲིག་ལེགས་ཉེས་བསམ་ཕོད་པ་དང་ཤོད་ཕོད་མཁན། ལས་ཀའི་སྤུས་ཚད་ལེགས་སུ་གཏོང་རྒྱུར་ངོ་བསྟོད་མ་བྱས་པར་ཐད་ཀར་སྐྱོན་བརྗོད་བྱེད་ཐུབ་མཁན་ཞིག་དགོས་ཀི་ཡོད་པ་ང་རང་གི་ཡིད་ཆེས་བྱེད་ཀྱི་ཡོད། དེ་འདྲ་རེད་དམ།
ཁ་རྡར་ས་རང་རེད་དོན་གནས་དགོས་དབང་མི་འདུག་གོ་ལོ
དོན་དངོས་གནས་དབྱུངས་གཏོང་དགོས་ས་དེ་སྐལ་ལྡན་བློ་གྲོས་ཟེར་བའི་རྣམ་རྒྱལ་གྲྭ་ཚང་གི་གྲྭ་ལོག་དེ་ཡིན། མི་འདི་ལ་མི་རིགས་ཀྱི་ལྟ་བ་དང་མི་རིགས་ཀྱི་ལ་རྒྱ་མི་རིགས་ཀྱི་གདུང་ཞེན་ཟེར་བ་སྤུ་ཙམ་ཡང་མེད་མཁན་ཞིག་རེད། མ་ཟད་གསར་འགོད་རིག་པའི་གཞུང་ལུགས་ཀྱི་སློབ་ཆེན་ག་པར་ནས་ཐོན་པ་རེད། རྣམ་རྒྱལ་གྲྭ་ཚང་ནང་སྡོད་དུས་དཔེ་ཆ་མ་བལྟས་པར་གསར་འགོད་རིག་པ་སྦྱངས་བསྡད་པ་ནི་ཡིན་རྒྱུ་མ་རེད་པ། མ་གཞི་ནས་བོད་དང་བོད་མི་རིགས་ཀྱི་ཆབ་སྲིད་ཀྱི་ཁ་གཏད་ས་དེ་རྒྱ་གུང་ཁྲན་རེད། བྱས་ཙང་གུང་ཁྲན་ལ་ཆ་རྒྱུས་ཡ་རྒྱུས་ཏོག་ཙམ་དགོས་པ་རེད། སྐལ་བློ་ལ་མཚོན་ན་གུང་ཁྲན་ལ་ཆ་རྒྱུས་ཡ་རྒྱུས་ཕར་ཟད་རྒྱ་སྐད་ཚིག་གཅིག་ཀྱང་ཤེས་ཀྱི་མེད་ཚོད་ཡིན། བྱས་ཙང་རྒྱ་ནག་ནང་གསར་འགོད་ལས་དོན་གཉེར་དགོས་ན་ཁོ་ལ་མི་གཉིས་པ་ཞིག་དགོས་པ་རེད། མ་ཟད་ཁོ་པའི་བྱ་སྤྱོད་མང་པོ་ཞིག་མཐོ་སྒང་མི་རིགས་ཀྱི་ཁྲག་རྩ་འཕར་ལྡིང་བྱེད་བཞིན་པའི་མི་རབས་གསར་པའི་བློ་ཡུལ་ལ་མི་གཤོང་བ་དེ་འདྲ་རེད། བྱས་ཙང་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་བཀོད་འདོམས་འོག་མེད་དྲོ་སྙམ་པའི་དྭོགས་པ་ཡོད། མ་གཞི་ཁ་རྒྱུན་ལ། སྤྲང་པོ་རྟ་ལ་བསྐྱོན་ན་ས་གཞི་མིག་གིས་མ་མཐོང་། ཟེར་བ་དེ་རེད།
ང་ཕོད་ཅེས་པ་དེ་རྒྱུ་མཚན་གང་ལ་བརྟེན་ནས་ཕེབས་དགོས་བྱུང་བ་རེད། བོད་པ་ཚོས་བོད་ཡིག་སྦྱང་ས་ཡག་པོ་འདུག ཁ་བརྡ་ལ་ཕེབས་ཤོག
ཨེ་རླུང་སྤྱི་ཁྱབ་པ་དེ་རྒྱ་ནག་གི་རྒྱ་མོ་ཞིག་རེད། དེ་དང་སྐལ་ལྡན་བློ་གྲོས་གཉིས་སྔོན་མ་ནས་ལྐོག་ཏུ་དགའ་རོགས་ཡིན་ཚོད་འདུག །གནས་ཚུལ་དེའི་༧གོང་ས་སྐྱབས་མགོན་ཆེན་པོའི་དུས་དབང་གནང་སྐབས་གཞོན་ལྷན་གྱི་ཆབ་སྲིད་ནག་ཉེས་ཅན་གྱི་ཚོང་འགྲེམས་བྱེད་ཀྱི་འདུག་ཟེར་ནས་བཀག་པ་ཡང་གཙོ་བོ་རྒྱ་མོ་དེ་བརྒྱུད་ནས་སྐལ་བློ་ལ་རྒྱ་མིས་ལྐོག་དངུལ་སྤྲད་པ་རེད་ཟེར། ལོ་གཅིག་སྔོན་ནས་ང་ཕོད་འཇིགས་མེད་ཀྱིས་དགོངས་ཞུ་ཞུས་ཡོད་རུང་ཐག་གཅོད་བྱས་མེད་པ་རེད། སྤྱིར་མཁས་དབང་ཟམ་གདོང་རིན་པོ་ཆེས་ཡང་ང་འཇིགས་རྒྱ་མིའི་ཉུག་མ་རེད་ཅེས་མ་ཉེས་ཁག་གཡོག་གྱི་གསུང་བཤད་ཅིག་གནང་མྱང་ནའང་དེ་ནི་སྐལ་བློས་ཆོ་འཕྲུལ་ཞིག་ཡིན་པར་བརྗོད་བཞིན། མདོར་དྲིལ་ན་སྐལ་ལྡན་བློ་གྲོས་ཀྱིས་རྒྱ་མོ་དེ་དང་ལྐོག་འབྲེལ་བྱས་ཏེ་རྒྱ་དངུལ་ལྐོག་ཟ་བྱས་ནས་དོན་རྐྱེན་དེས་ང་འཇིགས་ཀྱིས་དགོངས་ཞུ་ཡང་བྱས་རབས་ཟེར། ད་ཐེངས་གློ་བུར་དུ་གནས་དབྱུངས་བཏང་བ་དེ་ཡང་རྒྱ་ནག་གིས་སྲིད་ཇུས་དང་འབྲེལ་བ་ཡོད་པ་ཞིག་རེད་ཅེས་ནང་གཏམ་ཞིག་ཐོས་བྱུང་། རྒྱ་མོ་དེ་ནི་རྒྱ་ནག་པའི་ལག་ཆ་བཟང་ཤོས་ཤིག་ཡིན་པས་དཔང་རྟགས་ཅན་ཞིག་ཡིན་པར་བརྗོད། བོད་པ་ཚང་སྙིང་མ་རྗེ། རྒྱ་མི་ལ་དངུལ་ཡོད། བོད་པ་ནི་དངུལ་ལ་དགའ།
གསེར་འབྲུག་སྡེར་ལྔ་ལགས། ཡང་ངེད་གཉིས་འདི་ནས་དོན་དག་གཅིག་གི་སྒང་ལ་མཐུན་གྱི་མི་འདུག། དེ་གང་ཡིན་ཟེར་ན་གསར་འགོད་རིག་པའི་གཞུང་ལུགས་ཀྱི་སློབ་ཆེན་ག་པར་ནས་ཐོན་པ་རེད། ལ་རེད་དེ་ནས་སྐུ་ཉིད་གྱི་ཨ་རི་རླུང་འཕྲིན་ཁང་དང་ཨེ་ཤ་ཡ་རླུང་འཕྲིན་ཁང་གཉིས་ཀྱི་ལས་བྱེད་ཚང་མ་ལ་ཞིབ་འཇུགས་ཞིག་བྱེས་དང་གསར་འགོད་རིག་པའི་གཞུང་ལུགས་ཀྱི་སློབ་ཆེན་ཐོན་པའི་མི་ག་ཚོད་ཞིག་ཡོད་ནམ། གསར་འགོད་རིག་པའི་སློབ་ཆེན་ཐོན་པའི་མི་གཅིག་ཡོད་གྱི་མ་རེད་བསམས། མཐའ་ན་ཐོ་སློབ་ཐོན་པའམ་ཐོ་སློབ་གྱི་ཤེས་ཚད་ཡོད་པའི་མི་ཧ་ཅང་ཉོང་ཉོངས་རེད། གྲངས་པོ་བཤད་ན་སྐལ་ལྡན་བློ་གྲོས་ལ་ང་ཡང་གཏན་དུ་དགའ་པོ་མེད་རྒྱུ་མཚན་ནི་ངེད་གཉིས་གཅིག་ཚོང་རེད། ིཡིན་ནའང་སློབ་སྦྱོང་གི་ཐད་ནས་བཤད་ན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་གི་ལས་བྱེད་ནང་ནས་ཁོང་ཡག་པོ་གྲས་ན་ཡོད་གྱི་རེད་འདོད། མདོར་བསྡུས་ནས་བཤད་ན་རླུང་འཕྲིན་གཉིས་གིས་ནང་གི་ལས་བྱེད་ཚང་མ་སློབ་སྦྱོང་གི་སྒང་ནས་སླེབས་ཡོད་པ་ེདེ་འདྲ་མ་རེད། ལས་བྱེད་མང་ཆེ་བ་ནང་མི་སྐྱང་རེད་དེ་ནས་དགའ་གཉེས་རེད་ཕལ་ཆར་འདིའི་རིགས་ལ་དབྱིན་སྐད་ནང་དུ་འདི་འདྲ་ཞིག་བསླབས་ཀྱི་མེད་འགྲོ( Family Business)
ང་ཕོད་དང་ཟླ་བ་སྒྲོལ་མ། ང་ཕོད་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་ཡིན་པའི་སྐབས་ལ་ཟླ་བ་སྒྲོལ་མ་གཉེན་སྒྲིགས་པ། ཟླ་བ་སྒྲོལ་མ་དེ་དེས་ཁམས་པའི་སྡེ་ཚན་གྱི་འགན་འཛིན་ཡིན་ས་རེད། ཁོང་གཉིས་ཀྱི་གསང་བའི་ཐོག་ནས་མོ་ཡི་སྟུ་དང་ཁོ་ཡི་འཇེ་གཉིས་ཐུགས་ནས་ལོ་ངོ་ཁ་ཤས་ཞིག་སོང་ཡང་ལས་བྱེད་སུ་གཅིག་གི་ཤེས་ཡོད་མི་འདུག། མཐར་མོ་ལ་བུ་སྐྱེས་ནས་ཟླ་ཁ་ཤས་སོང་ཡང་ལས་བྱེད་ཚང་མ་ད་དུང་ཤེས་ཡོད་མི་འདུག། ཅི་འདྲའི་གསང་མཁས་པ་ལ་། ཅི་འདྲའི་ལས་བྱེད་ལྐུག་རྒན་རྐྱང་རྐྱང།
ཨེ་རླུང་སྤྱི་ཁྱབ་འགན་འཛིན་རྒྱ་མོ་Libby་དང་ཨེ་རླུང་ལས་བྱ་བ་སྐལ་ལྡན་བློ་གྲོས་གཉིས་བར་འབྲེལ་བ་ཟབ་མོ་ཞིག་གི་ཐོག་ནས་འདས་པའི་ཨེ་རླུང་བོད་སྐད་སྡེ་ཚན་གྱི་ནང་དུ་རྒྱུན་ལྡན་མིན་པའི་གནས་ཚུལ་མང་པོ་བྱུང་ཡོད་པའི་གོ་རྒྱུ་འདུག། ད་ལན་ང་ཕོད་འཇིག་མེད་ལགས་ལས་གནས་ནས་ཕྱིར་ཕུད་བཏང་བ་དེ་ཡང་ཁོ་རྣམ་གཉིས་ཀྱིས་བཀོད་ཇུས་འོག་ཏུ་སོང་ཡོད་པའི་གནས་ཚུལ་ཡོང་གི་འདུག། དོན་གནས་འདི་ནི་མང་གཙོ་དང་རང་དབང་གི་རྒྱལ་ཁབ་ཞིག་ཏུ་སྲིད་དབང་སྒེར་སྤྱོད་ཀྱི་ལམ་ལུགས་ཀྱིས་སྤྱོད་ཚུལ་འཛིན་པ་ཡིན་ཚུལ་བཤད་མཁན་ཡང་འདུག། གང་ལྟར་རྒྱུན་ལྡན་དང་ཡོངས་གྲགས་མིན་པའི་ཨེ་རླུང་བོད་སྐད་གསར་ཁང་གི་འགོ་འཛིན་འཕོས་འགྱུར་དེའི་སྐོར་ཕྱིར་གསལ་ནང་གསལ་ཞིག་ངེས་པར་དུ་དགོས་རྒྱུ་རེད། གཞན་དུ་ན་རྒྱ་དམར་གྱིས་སྲིད་དབང་གཅིག་སྡུས་ལམ་ལུགས་ཀྱི་མི་སྣ་འདེམས་སྒྲུབས་བྱེད་པ་དང་གཉིས་སུ་མེད་པ་འགྱུར་རྒྱུ་ལས་མི་འདུག། ད་ལན་གྱི་གནས་ཚུལ་འདི་སྐལ་ལྡན་བློ་གྲོས་ཀྱི་ས་འོག་དར་ཐག་གིས་བོད་རང་བཙན་དང་དབུ་ལམ་དབར་འགལ་ཟླ་ཆེད་བཟོས་ཀྱིས་འོག་ནས་བྱུང་བ་ཡིན་པའི་སྐོར་གསར་ཁང་དེ་ཉིད་ཀྱི་ལས་བྱེད་མང་པོས་བཤད་ཀྱི་ཡོད་ཚུལ་དང་། འོན་ཀྱང་ཨེ་རླུངསྤྱི་ཁྱབ་དབུ་འཛིན་རྒྱ་མོ་Libby ནས་གསར་ཁང་གི་ལས་བྱེད་སུའི་ཀྱང་གསན་ཚུལ་འདིའི་སྐོར་གླེང་རྩོད་མི་ཆོག་པའི་སྐད་ཆ་བྱུང་ཡོད་ཚུལ་ཡང་འདུག། བོད་སྐད་སྡེ་ཚན་གྱི་དབུ་འཛིན་ལས་ཚབ་གསར་པ་ཡང་རྒྱུན་རིམ་དང་མི་མཐུན་པའི་མི་སྣ་ཞིག་བཀོད་ཡོད་འདུག། དེ་ཡང་ཨེ་རླུང་བོད་སྐད་སྡེ་ཚན་གྱི་དབུ་འཛིན་གཞོན་པ་རྐམ་རྡོ་རྗེ་ལགས་ཡོད་བཞིན་དུ་ཁོང་གི་གཤམ་འོག་གི་ལས་བྱེད་འབེན་པ་སྟོབས་རྒྱལ་ལགས་དབུ་གསར་ལ་བཀོལ་འདུག། བྱུང་རིམ་དེར་ཡང་ཡ་མཚན་ཞིག་ཏུ་གྱུར་འདུག། དེས་ན་ཨེ་རླུང་གི་གནས་ཚུལ་འདི་ལ་ནང་ཁྲོམས་མང་པོ་ཞིག་ཐོན་རྒྱུ་ཡོད་པའི་རྣམ་པ་གསལ་པོ་འདུག་གོ།
སྐལ་ལྡན་བློ་གྲོས་ཀྱི་ལོ་རྒྱུས་ངོ་སྤྲོད་གནང་ཐུབ་མཁན་་འདྲ་ཨེ་ཡོད་ན།
གཟའ་ཉི་མའི་གནད་དོན་གླེང་མོལ་གྱི་ལས་ཚན་ལ་གསན་དང་། སྐལ་ལྡན་བློ་གྲོས་ཀྱི་གསར་འགོད་ལས་རིགས་ཐོག་ལ་སློབ་སྦྱོང་ཚད་ཐོན་པོ་ཇི་ཙམ་ཡོད་མིན་དེ་ཡང་གསལ་པོར་ཤེས་ངེས། ཁོང་གི་བཅར་འདྲི་ཁག་གནད་ལ་འཁེལ་བ་ཤ་སྟག་བཏོན་པ་ལས། སྒྲོལ་དཀར་ལྟར་བཅར་འདྲི་རྒྱུན་ལྡན་ལྟར་མ་ཡིན་པ་ནི་གསལ་པོ་རེད། སྐལ་བློའི་བཅར་འདྲི་ཡིས་མི་མང་པོར་ལན་འདེབ་རྒྱུར་དཀའ་ངལ་འཕྲད་གིན་ཡོད། གང་ཡིན་ཟེར་ན། གནད་འགག་ཅན་གྱི་དྲི་བ་ཤ་སྟག་ཡིན་པས་རེད། ཤེས་ཚད་ཆ་ནས་ཨེ་རླུང་དང་ཨ་རླུང་སྡེ་ཚན་གཉིས་ཀྱི་མཐོ་ཤོས་རེད་འདུག ད་ཐེངས་ཀྱི་གནས་ཚུལ་འདིའི་ཐོག་དགའ་མི་དགའ་མིན་པར་དྲང་པོའི་ཐོག་བཤད་ན་ལེགས།
སྐལ་ལྡན་བློ་གྲོས་དང་ལྐོག་འབྲེལ་སྒོས་ང་ཕོད་འཇིགས་མེད་ཕྱིར་འབུད་གཏོང་མཁན་གྱི་རྒྱ་མོ་འདིའི་ལོ་རྒྱུས་མདོར་བསྡུས་ཤིག་འདི་ན་འདུག http://www.rfa.org/english/about/directors/rfa_libbyliu.html
ང་ཚོར་རྒྱུས་ཡོད་པའི་སྐལ་ལྡན་བློ་གྲོས་སྐོར་གྱི་གསར་འགྱུར་གཉིས་འདི་ན་འདུག
ཐེ་ཝན་དུ་༧གོང་ས་མཆོག་གི་སྐུའི་ལྟོ་ཕད་བརླགས་པ།
ཉེ་བའི་ཆར་༧གོང་ས་མཆོག་ཐེ་ཝན་དུ་ཆིབས་བསྒྱུར་གནང་སྐབས། སྐུ་འཁོར་རྣམས་ཀྱི་ནང་དུ་སྔོན་མ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་གཞིས་གྲོང་གསུམ་པ་ཁང་ཨང་༩ པ་ནས་ཡིན་པ་དང་རྣམ་རྒྱལ་གྲྭ་ཚང་གི་གྲྭ་ལོག་ཡིན་པ། དེང་སྐབས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྐལ་ལྡན་བློ་གྲོས་ཟེར་བས་འཚང་ཀ་བརྒྱབ་ཡོད་འདུག་པ་དང༌། སྐུའི་ཞབས་འབྲངས་པས་མཉམ་སྦྱར་སྐུའི་ལྟོ་ཕད་༼ཞེ་ཚིག་སྦྱར་མ་ཤེས་པར་དྲ་གྲོགས་རྣམས་ ལ་དགོངས་སེལ་ཞུ་༽བསྣམས་ནས་ཕེབས་བཞིན་པའི་སྐབས་སྐལ་ལྡན་བློ་གྲོས་ཀྱིས་ཁོས་ཁུར་ཆོག་ཅེས་ཁུར་ནས་སོང་ཡོད་པ་དང༌། རྗེས་སུ་སྐལ་ལྡན་བློ་གྲོས་ཟེར་བས་སྐུའི་ལྟོ་ཕད་རླངས་འཁོར་གྱི་ནང་དུ་གཡུགས་ནས་སོང་ཡོད་པ་རེད། རྗེས་སུ་རྩད་གཅོད་བྱེད་པའི་སྐབས་རླངས་འཁོར་དེ་ཉེན་རྟོག་ལས་ཁུངས་ནས་ཡིན་འདུག་པ་དང༌།
རླངས་འཁོར་དེ་ཡང་རླངས་འཁོར་འཇུག་སའི་ནང་དུ་བཅུག་ནས་ཆུ་ཚོད་མང་པོའི་ནང་མ་རྙེད་པའི་གནས་ཚུལ་བྱུང་ཡོད་པ་རེད། གནད་དོན་འདིའི་ཐད་ནས་སྐུ་འཁོར་རྣམས་ལའང་ཁ་རྡུང་གཏོང་འོས་པ་ཞིག་རེད། དངོས་ཡོད་གནས་ཚུལ་གྱི་ཐོག་ནས་བཤད་ན་སྐུའི་ཞབས་འབྲངས་པ་ཞིག་ཡིན་པའི་ཆ་ནས་ལྟོ་ཕད་ཅིག་ཁུར་མི་ཐུབ་པ་ག་རེ་ཡིན་ཐེ་ཚོམ་གྱི་རང་བཞིན་དང༌། སྐལ་ལྡན་བློ་གྲོས་ལ་མཚོན་ན་དུས་རྒྱུན་གསར་འགྱུར་ནང་དུ་མི་མང་པོ་ལ་ཁ་གཏོང་མཁན་ཞིག་ཡིན་པ་མ་ཟད། རྡ་ས་ཡོངས་གླིང་སློབ་གྲྭའི་བདག་པོ་སྤྱི་རྒྱུ་སྒེར་བདག་སྤྱི་འཐུས་ཟླ་བ་ཚེ་རིང་གི་མཛུབ་མོས་གར་བསྟན་ཤར་བྱེད་མཁན་ཞིག་ཡིན་ཚུལ་འདུག འདི་དག་སྐབས་བབས་ཀྱི་གནད་དོན་དང་འབྲེལ་བ་མེད་ཀྱང་ཁོ་རང་གི་རང་བཞིན་ངོ་སྤྲོད་ཙམ་བྱས་པ་ཡིན། དོན་དངོས་སྐལ་མེད་ས་ལ་སྐེ་བསྲིངས་དགོས་དོན་ག་རེ་ཡིན་མིན་དང༌། ལྷག་པར་དུ་གནད་དོན་དེའི་ཐོག་གླེང་ཕྱོགས་སྣ་ཚོགས་ཡོང་བཞིན་པ་དང༌། དེ་ བས་ཀྱང་སྐུ་འཁོར་རྣམས་ལ་ཁ་གཏོང་མཁན་མང་པོ་ཡོད་པ་འདི་དག་ཕྱོགས་གང་ནས་བལྟས་ ཀྱང་སྐབས་འདིར་གཡོལ་ཐབས་མེད་པའི་ནོར་འཁྲུལ་ཤོར་མཁན་ནི་སྐལ་ལྡན་བློ་གྲོས་ ཟེར་བ་དེ་ཡིན་འདུག དྲ་གྲོགས་རྣམ་པས་གནད་དོན་འདིའི་སྐོར་རྩད་གཅོད་དང་བགྲོ་གླེང་གནང་རོགས།
“སྐལ་ལྡན་བློ་གྲོས་ཀྱིས་གཞོན་ལྷན་མཆོག་ལ་དགོངས་སེལ་ཞུ་དགོས།
བཙན་བྱོལ་བོད་གཞུང་འཁོད་པའི་སྟོད་གོས་བཀག་འགོག།
སྐལ་ལྡན་བློ་གྲོས་ཀྱིས་གཞོན་ལྷན་སྒྲིག་འཛུགས་དང་ཚོགས་གཙོ་ཚེ་དབང་རིག་འཛིན་མཆོག་ལ་འདི་ཟླའི་ཚེས་ ༡༥ གོང་དུ་ཡིག་ངག་གཉིས་ཐོག་ནས་ངེས་པར་དགོངས་སེལ་ཞུ་དགོས་ཤིང༌། གལ་སྲིད་དེ་ལྟར་མ་བྱས་ཚེ། ཁོ་པའི་བྱེད་ཕྱོགས་དང་བརྡ་ལན་ལ་དཔགས་པའི་ང་ཚོས་གོམ་པ་མདུན་སྐྱོད་ཀྱི་གདོང་ལེན་མཐར་ཕྱིན་པ་བྱ་རྒྱུ་ཡིན་”ཞེས་གཞོན་ལྷན་གྱིས་གསལ་བསྒྲགས་ཤིག་སྤེལ་སོང་།
ཝ་ཤིན་ཊོན་དུ་དུས་འཁོར་དབང་ཆེན་གསུངས་པ་དང་སྟབས་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དཔལ་འབྱོར་འདུ་འགོད་ཆེད། ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་ཟླ་འདིའི་ཚེས་༡༣ སྟོད་གོས་བཙོང་བཞིན་པའི་སྐབས། དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐལ་ལྡན་བློ་གྲོས་ཀྱིས་ཚོང་རྫས་ཀྱི་སྟོད་གོས་ཐོག་བཙན་བྱོལ་བོད་གཞུང་ཞེས་འཁོད་འདུག་པས། དེར་ཆབ་སྲིད་ཀྱི་ཤུགས་རྐྱེན་ཆེ་སྐོར་བརྗོད་དེ་ཚོང་རྫས་ཕྱིར་བསྡུ་དགོས་སྐོར་བརྗོད་པར་བརྟེན། གཞོན་ལྷན་གྱི་ཚོང་རྫས་ཕྱིར་བསྡུ་བྱེད་གོས་བྱུང་བའི་གནས་ཚུལ་སླེབས་འདུག ད་ལྟ་འབྲེལ་ཡོད་མང་པོས་སྐལ་ལྡན་བློ་གྲོས་ལ་འབྲེལ་བ་བྱེད་ཐུབ་ཀྱི་མེད་པ་རེད། ཟླ་འདིའི་ཚེས་༡༤ ཉིན་གྱི་ཆུ་ཚོད་༢ པའི་ཐོག་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་རྡ་སར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་དང་། སྐབས་དེར་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས། “སྐལ་ལྡན་བློ་གྲོས་ཀྱིས་ཁྲོམ་ར་ནང་སྟོད་གོས་དེར་ཆབ་སྲིད་ཀྱི་གནས་ཚད་ཤུགས་ཆེན་པོ་འདུག འདིར་བཙོང་ཆོག་གི་མ་རེད་ཅེས་བརྗོད་འདུག ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་ཐག་གཅོད་དེ་ཁྱེད་རང་སྒེར་གྱི་ཐག་གཅོད་རེད་དང་། དུས་དབང་གོ་སྒྲིག་ཚོགས་ཆུང་ཐག་གཅོད་རེད་ཅེས་དྲིས་སྐབས། དང་ཐོག་སྐལ་ལྡན་བློ་གྲོས་ཀྱིས་ང་སྒེར་གྱི་ཐག་གཅོད་ཡིན་སྐོར་བརྗོད་འདུག དེར་མི་མང་པོ་འཛོམས་པ་དང་། ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་ཁྱེད་སྒེར་གྱི་ཐག་གཅོད་ལ་ངོས་ལེན་དགོས་དོན་མི་འདུག་བརྗོད་སྐབས། སྐལ་ལྡན་བློ་གྲོས་ཀྱིས་ཚོགས་ཆུང་གི་ཐག་གཅོད་ཡིན་སྐོར་བརྗོད་པ་རེད། དེ་འདྲ་བཤད་པར་བརྟེན་བཅའ་ལག་བསྡུ་གསོག་རྒྱག་དགོས་པའི་གནས་ཚུལ་བྱུང་བ་རེད། གཞོན་ལྷན་གྱི་ངོས་ནས་ཚོགས་ཆུང་གི་ཐག་གཅོད་ཡིན་པར་ངོས་འཛིན་བྱེད་ཀྱི་མེད། ཡིན་ནའང་གཞོན་ལྷན་གྱིས་ཚོགས་ཆུང་ལ་དེའི་སྐོར་ག་འདྲ་རེད་ཅེད་ཡི་གེ་བཏང་ཡོད་”ཅེས་འགྲེལ་བརྗོད་བྱས་སོང་།
གསར་འགོད་པས་དེ་རྗེས་གཞོན་ལྷན་གྱི་མི་དང་སྐལ་ལྡན་བློ་གྲོས་བར་དུ་འབྲེལ་བ་བྱུང་ཡོད་མེད་སྐོར་དྲིས་པར། གཞོན་ལྷན་ཚོགས་གཞོན་དོན་གྲུབ་ལྷ་དར་གྱིས། “དང་ཐོག་གཞོན་ལྷན་གྱི་དབུས་རྒྱུན་དཀོན་མཆོག་ཡར་འཕེར་གྱིས་ལྡི་ལི་ནས་ཁ་པར་བཏང་སྟེ། འབྲེལ་བ་བྱུང་འདུག ཡིན་ཡང་ལན་གསལ་པོ་གང་ཡང་མི་འདུག དེ་རྗེས་ཁོང་གི་ཁ་པར་མི་གཞན་པས་བཀྱག་པ་ལས། ཁོ་རང་གིས་ལེན་གྱི་མི་འདུག་ཟེར། མི་གཞན་པས་བཀྱག་ནས་ལན་ཡོད་འཕྲོད་ཐབས་བྱེད་ཀྱི་ཡིན་ཟེར་གྱི་འདུག་”ཅེས་བརྗོད་སོང་། “སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་ལགས་སུ་གཞོན་ལྷན་གྱི་ཚོགས་གཙོས་ཁ་པར་བཏང་སྟེ། བཀའ་འདྲི་ཞུས་པར། ཁོང་གིས་གཞོན་ལྷན་གྱིས་ཅ་ལག་བཙོང་གི་ཡོད་སྐོར་གོ་བ་ལས། སུས་བཙོང་གི་ཡོད་དང་ག་རེ་བཙོང་གི་ཤེས་རྟོགས་མེད་ཅེས་ལན་གནང་ཡོད་པ་རེད་”ཅེས་འགྲེལ་བརྗོད་གནང་སོང་།
གཞོན་ལྷན་གྱིས་ཉིན་དེར་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན། འདི་ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་གནང་བཞིན་པའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དང་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྩ་དོན་ལས་འགུལ་ཆེད། དཔལ་འབྱོར་འདུ་འགོད་བྱ་བར་ཆེད་ཕེབས་གནང་བའི་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་ཚེ་དབང་རིག་འཛིན་མཆོག་གིས་ཕྱི་ཚེས་ ༡༣ སྔ་དྲོར་ཁྲོམ་རྭ་ནང་མར་ཁྲོམ་སྟོན་སྐབས། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ས་ཁུལ་གྱི་ཕྱི་ལོ་ ༢༠༡༡ ལོའི་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐལ་ལྡན་བློ་གྲོས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བཙན་འབྱོལ་བོད་གཞུང་ཞེས་པའི་མཚན་བྱང་འཁོད་པའི་སྟོད་གོས་དེ་ཆབ་སྲིད་ཤུགས་ཆེ་དྲག་པས་ཚོང་འགྲེམས་བྱེད་མི་ཆོག་པས། ཁྲོམ་རྭ་ནས་ད་ལྟ་རང་ཕྱིར་ཐོན་དགོས་ཟེར་བཤད་པ་མ་ཟད། ད་དུང་གནད་དོན་དེའི་ཐད་སྐུ་སྒེར་དྲུང་ཆེ་ཞེས་པའི་མཚན་ཡང་བེད་སྤྱོད་བཏང་འདུག་ཅིང༌། འབྲེལ་ཡོད་ལ་བཀའ་འདྲི་ཞུས་པར་སྐུ་སྒེར་དྲུང་ཆེ་ཚེ་རྒྱམ་ལགས་ཀྱིས་གཞོན་ནུས་ཅ་ལག་འཚོང་བཞིན་ཡོད་པ་གོ་ཐོས་བྱུང་བ་ཙམ་ལས། ཁྲོམ་རྭའི་ནང་སུས་ག་རེ་བཙོང་མིན་ཐད་ང་ཚོར་གང་ཡང་མེད་ཅེས་བཀའ་གསལ་པོ་ཕེབས་འདུག་ཅིང༌། སྐལ་ལྡན་བློ་གྲོས་ཀྱིས་དེ་ལྟར་སྐུ་སྒེར་དྲུང་ཆེའི་མཚན་ཡང་བེད་སྤྱོད་ལོག་པར་བཏང་བ་དང༌། གལ་སྲིད་ད་ལྟ་རང་ཚོང་ཆས་བསྡུ་གསོག་བརྒྱབ་ནས་ཕྱིར་མ་ཐོན་ན། སྤྱི་བདེ་མི་སྣ་སྐད་བཏང་ནས་ཕྱིར་འབུད་བྱ་རྒྱུ་ཡིན་ཟེར་བའི་འཇིགས་སྐུལ་དང་བཅས། གཞོན་ལྷན་ཚོགས་གཙོ་མཆོག་དང་གཞོན་ནུའི་ཚོང་ཆས་རྣམས་ཚོང་ར་ནས་ཕྱིར་འབུད་བྱས་པའི་ཆེས་བློ་ཕམ་རང་བཞིན་གྱི་གནས་ཚུལ་ཐོན་འདུག
མི་ལོ་ ༥༢ ལྷག་བོད་གཞིས་བྱེས་ཁ་བྲལ་དུ་གྱུར་པའི་སྐྱོ་གནས་ཁྲོད། བོད་ནང་དུ་བཙན་བྱོལ་བོད་གཞུང་ངོས་འཛིན་གུས་བཀུར་བྱེད་མཁན་ཚོར་ཁ་བྲལ་ལོག་སྤྱོད་པ་ཟེར་ནས་དམར་གསོད་འཛིན་བཟུང་དང༌། གཅར་རྡུང་མནར་གཅོད་མྱོང་བཞིན་ཡོད་མོད། གཞིས་ལུས་མི་མང་ཚོས་རང་སྲོག་བློས་གཏོང་གིས་ཡུལ་གྱར་བོད་གཞུང་ཞེས་ཆེ་བསྟོད་ངོས་འཛིན་ཞུ་བཞིན་ཡོད་ཀྱང༌། ད་ཆ་བཙན་བྱོལ་རང་དབང་ལུང་པར་བཙན་བྱོལ་བོད་གཞུང་ངོས་འཛིན་གུས་བཀུར་དང་མཚན་བྱང་བེད་སྤྱོད་གཏོང་བར་འདི་ལྟར་སྡང་ཟུག་བྱེད་པ་ནི་ཇི་འདྲའི་བསམ་མི་ཕོད་པའི་ཡིད་སྐྱོའི་གནས་ཚུལ་ཞིག་མ་ཡིན་ནམ། ལྷག་པར་མི་ལོ་ ༦༠ ལྷག་བོད་ནང་དུ་རྒྱ་ནག་གིས་བོད་གཞུང་གི་མཚན་བྱང་དང་འབྲེལ་བའི་ངོས་འཛིན་རིགས་ཐབས་ཤེས་ཡོད་རྒུས་རྩ་མེད་བཟོ་ཐབས་བྱས་ཀྱང༌། གཞིས་ལུས་བོད་མིའི་སྙིང་སྟོབས་ལ་བརྟེན་ནས་རྩ་མེད་བཟོ་ཐུབ་མེད། འོན་ཀྱང༌། བཙན་བྱོལ་ནང་སྐལ་ལྡན་བློ་གྲོས་ལྟ་བུས་བཙན་བྱོལ་བོད་གཞུང་གི་མཚན་བྱང་བཀག་བསྡོམས་རྩ་མེད་གཏོང་ཐབས་བྱས་པ་ནི། བོད་ཀྱི་ལོ་རྒྱུས་དང༌། བོད་མི་མང་ལ་བརྙས་བཅོས་མཐོང་ཆུང་གི་གནད་དོན་ཚབས་ཆེན་ཞིག་ཆགས་ཡོད།
དེ་རིང་ཁོ་པས་ཚོགས་མི་སུམ་ཁྲི་ལྔ་སྟོང་ལྷག་གི་ཚོགས་གཙོ་དང༌། བོད་རང་བཙན་གྱི་ངོ་བོ་ལྡན་པའི་བཙན་བྱོལ་བོད་གཞུང་གི་མཚན་བྱང་འཁོད་པའི་སྟོད་གོས་ཁྲོམ་ར་ནས་ཕྱིར་འབུད་བྱེད་པའི་ཐ་ཤལ་གྱི་བྱེད་སྟངས་དེ་ནི། དགྲ་བོ་རྒྱ་ནག་གི་སྡང་ཟུག་བྱ་ཡུལ་དང༌། བོད་གཞིས་བྱེས་གཉིས་ཀྱི་རེ་བ་ཡིད་ཆེས་བཅོལ་ས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང༌། བོད་རང་བཙན་འཐབ་རྩོད་ལ་མཐོང་ཆུང་ཁྱད་གསོད་བྱེད་པ་ཞིག་ཡིན་པ་མ་ཟད། ད་བར་མི་ལོ་ ༤༢ ལྷག་རིང་གཞོན་ལྷན་སྒྲིག་འཛུགས་ནང་འདས་གསོན་མང་པོས་བོད་ཀྱི་རྩ་དོན་ཆེད། བློས་གཏོང་དང་འགན་འཁུར་རིམ་ཞུས་ལ་བསམ་ཤེས་གུས་བཀུར་ཙམ་ཡང་མེད་པའི་རྣམ་འགྱུར་ཞིག་ཡིན་པས། བོད་པ་ཞིག་གིས་དེ་ལྟར་འཐབ་རྩོད་ལ་ཁྱད་གསོད་རྩིས་མེད་བྱས་པའི་ཡིད་སྐྱོའི་བྱེད་ཕྱོགས་དེའི་རྒྱབ་ལྗོངས་ལ་གནད་དོན་ཅི་ཞིག་དང༌། གང་ཟག་སུ་ཞིག་ཡོད་མེད་ཀྱང་བློ་འཚབ་ཀྱི་གཞི་རུ་གྱུར། མདོར་ན། དེ་ནི་དགྲ་དགའ་གཉེན་སྡུག་གི་གནས་ཚུལ་ཞིག་ལས་མ་འདས།
དེ་བཞིན་དེ་རིང་ྋགོང་ས་མཆོག་གི་མཚན་མཐོང་དང་ཐད་ཀར་འབྲེལ་ཆེ་བའི་དཔལ་ལྡན་སྐུ་སྒེར་དྲུང་ཆེའི་མཚན་ཡང་ཁོ་པས་བེད་སྤྱོད་ལོག་པར་བཏང་འདུག་པ་ནི། དུས་དབང་གོ་སྒྲིག་ཚོགས་ཆུང་གིས་ཚོགས་གཙོ་ཞིག་གི་བཟང་སྤྱོད་ཀྱི་འགན་འཁུར་དང་འགལ་བ་ཆགས་ཡོད་པས། ཧ་ཅང་བློ་ཕམ་ཆེ་ཞིང༌། གནས་ཚུལ་དེ་འདི་མུར་བཞག་ན་འབྲེལ་ཡོད་འདས་གསོན་མང་པོའི་བློས་གཏོང་རེ་བ་དང༌། སྒྲིག་འཛུགས་ཀྱི་ཆེ་མཐོང་ལ་འགན་མ་འཁུར་བ་ཞིག་དང༌། ལྷག་པར་ངན་པ་རྒྱ་ཡན་དུ་གཏོང་བའི་གནད་དོན་ལས་མ་འདས་པར་བརྟེན། སྤྱོད་ངན་ཐེར་འདོན་དང་སྒྲིག་འཛུགས་ཀྱི་ཆེ་མཐོང་སྲུང་སྐྱོབ་ཆེད་ཐོག་མར་བསྒྲགས་གཏམ་འདི་སྤེལ་བ་ཡིན།
ཁོ་རང་གིས་བརྒྱུད་ལམ་ཁག་དང་མང་ཚོགས་ཐོག་གཞོན་ལྷན་སྒྲིག་འཛུགས་དང་ཚོགས་གཙོ་ཚེ་དབང་རིག་འཛིན་མཆོག་ལ་འདི་ཟླའི་ཚེས་ ༡༥ གོང་དུ་ཡིག་ངག་གཉིས་ཐོག་ནས་ངེས་པར་དགོངས་སེལ་ཞུ་དགོས་ཤིང༌། གལ་སྲིད་དེ་ལྟར་མ་བྱས་ཚེ། ཁོ་པའི་བྱེད་ཕྱོགས་དང་བརྡ་ལན་ལ་དཔགས་པའི་ང་ཚོས་གོམ་པ་མདུན་སྐྱོད་ཀྱི་གདོང་ལེན་མཐར་ཕྱིན་པ་བྱ་རྒྱུ་ཡིན།
བོད་མི་ཡོངས་ཀྱིས་བཙན་བྱོལ་བོད་གཞུང་ལ་ལུས་ངག་ཡིད་གསུམ་གྱིས་ངོས་འཛིན་གུས་བཀུར་མུ་མཐུད་རྒྱུན་འཆང་ཞུ་རྒྱུ་ནི། བོད་རང་བཙན་གྱི་འདས་པའི་ལོ་རྒྱུས་སྲུང་སྐྱོབ་དང༌། མ་འོངས་བོད་རང་བཙན་སླར་གསོའི་དགོས་ནུས་གལ་ཆེན་ཞིག་ཆགས་ཡོད་པར་བརྟེན། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༧ ཉིན་བཙན་བྱོལ་བོད་གཞུང་ཞེས་པའི་མཚན་བྱང་མུ་མཐུད་བེད་སྤྱོད་གཏང་རྒྱུའི་གསལ་བསྒྲགས་སྤེལ་ཟིན་པ་ལྟར། སུ་ཞིག་གི་གནོན་ཤུགས་ཅི་ཞིག་བྱུང་རུང༌། བཙན་བྱོལ་བོད་གཞུང་ཞེས་པའི་མཚན་བྱང་མུ་མཐུད་བེད་སྤྱོད་གཏང་རྒྱུ་ཡིན་ཞིང༌། བཙན་བྱོལ་བོད་གཞུང་གི་མཚན་བྱང་འཁོད་པའི་སྟོད་གོས་རྣམས་ཀྱང་མུ་མཐུད་ཚོང་འགྲེམས་ཞུ་རྒྱུ་བཅས།
རི་མཐོ་ས་གཙང་གི་སྟེང་ན་འདིའི་སྐོར་ལ་བསམ་ཚུལ་བདུན་བརྗོད་འདུག
Namkha Drongpa 14/11/2012 02:24
Whatever, the reason for kicking out Ngapo Jigme, it is a reasonable ground impacting the function and goal of the RFA . It is nothing surprising to escort out an employee, especially with his status to avoid any misuse of official documents and codes. This is a portocol for all organizations if the employee have access to sensitive documents.
Jigme was appointed as the director, though he was fresh from school and had no administrative experience . Intact, it was at that time even criticized as an attempt to please has father. There are far better candidates but his connection both in Tibet and outside helped him.
REPLY
tibet radio 14/11/2012 05:00
See this. Lobsang Nyendak la is reeducating the staff at RFA.
http://blog.boxun.com/hero/201211/dongsai/9_1.shtml
REPLY
kunga Tsering 14/11/2012 13:43
Whatever the reasons of his dismissal from the post, but concern authority should let know the public the ground realities and truth..
REPLY
Ny tibetan 14/11/2012 23:20
The truth and reason for dismissing Mr. Jigme can only be revealed through honest cooperation of RFA president, Ms.Libby Liu. She has been busy visiting Dharamsala lately and kowtowing to the conservative members of our government. Kalden Lodoe is just a opportunist who doesn’t value fair and balanced news coverage and lack the democratic backbone.
REPLY
ny tibetan 14/11/2012 23:23
I always thought that RFA was free of governmental and personal influence but i guess i was wrong.
REPLY
སྐལ་བློ་ཡིས་གསར་འགོད་དྲི་བ་ལེན་སྐབས་སུ་ལན་མང་ཆེ་བ་ཁོ་རང་གིས་དྲི་བར་ཁོ་རང་གིས་ལན་རྒྱབ་ཀྱི་རེད། གླེང་མོ་བྱེད་ས་མི་གཞན་ལ་ཐོང་ཆུང་དང་ཁོ་རང་ཉིད་ཆེ་འདོད་ཀྱི་རྣམ་པ་ཡང་ཡང་སྟོན་གྱི་རེད། དེ་ཚོ་ནི་གསར་འགོད་ལས་རིམ་གྱི་གནད་ཚོད་དང་བྱང་ཆ་མེད་པའི་རང་རྟགས་རེད།
ཨེ་རླུང་ཁང་གི་ལས་བྱེད་པ་ཚོས་ང་ཕོག་འཇིགས་མེད་ལགས་སུ་རྒྱབ་སྐྱོར་བྱེད་དང་བྱེད། བྱེད་འོས་པ་ཞིག་ཀྱང་རེད་འདུག གང་ཡིན་ཟེར་ན། བོད་མི་རྣམ་ལོང་མ་མིན་ན་ཧ་གོ་ཚོད་རེད་ཞག ཨེ་རླུང་ཁང་གི་ལས་བྱེད་མང་ཆེ་བ་ང་ཕོད་འཇིགས་མེད་ལགས་ཀྱི་གྲོགས་པོ་དང། མ་ཅང་རྒྱག་རོགས། གྲོགས་པོའི་སྐྱེས་དམན། གྲོགས་མོའི་ཁྱོ་ཀ སྤུན་མཆེད་གཉེན་ཚན། སྤུན་མཆེད་ཀྱི་སྤུན་མཆེད། ཨ་ཅག་གི་ཁྱོ་ཀའི་སྤུན་ཀྱག་སོགས་རེད་འདུག ཁོང་ཚོའི་ལྟོ་གོས་ང་ཕོད་འཇིགས་མེད་ལགས་ཀྱི་སྤྲད་པ་སོང་ཙང་རྒྱབ་སྐྱོར་བྱེད་པ་མ་ཚད་མངོན་དུ་ཐོན་དགོས་པ་ཞིག་རེད་འདུག ཡང་ང་ཕོད་འཇིགས་མེད་ཀྱི་སྐྱེས་དམན་ཟླ་བ་སྒྲོལ་མ་ཟེར་མཁན་དེ་ནི། ལྟོ་ནང་ལ་ཟས་སྐྱག་པ་ཕྱི་ལ་གཏོང་མཁན་དང། སྡོད་ས་དཔྲ་བ་ལ་བསྡད་མིག་ལ་ཐལ་བ་ཤོས་མཁན་ཟེར་བའི་གཏམ་དཔེ་ལྟར་རྒྱལ་བ་རིན་པ་ཆེ་དང་བོད་གཞུང་གིས་བཙུག་པའི་སློབ་གྲྭར་ཕྱིན་ནས་སློབ་སྦྱོང་གི་གོ་སྐབས་ཡོང་རྫོགས་ལེན་ཚར་དུས། རྐུབ་གཞུང་ལ་བསྟེན་ཁ་ཐེ་ཝན་བོད་སོག་ལས་ཁུངས་ལ་ལྟས་ད་དུང་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་ཁ་བཏང་རྒྱུ་དྲན་པ་ངོ་ཚ་རྒྱུ་མེད་པ་རང་རྟགས་རང་རེད། དཔང་རྟགས་ལ་བོད་གཞུང་ལ་དཔྱ་ཁྲལ་དངུལ་(དེབ་ལྗང་ཁུ་)རྩ་བ་ནས་སྤྲད་མྱོང་མིན་འདུག ང་ཕོད་འཇིགས་མེད་ལགས་ཀྱི་སྐྱེས་དམན་དེ་བཀྲིས་པ་ཞིག་རེད་མིན་འདུག ཨེ་རླུང་ཁང་དུ་བོུ་མང་པོ་ཡོད་ཀྱང་སྡུག་ཤོས་དེ་བདམས་པ་འདྲ། ཕལ་ཆེར་ཁོང་རང་ལས་ཡིན་བསམ་ན་འདོད། གནས་ཚུལ་ཁ་གསལ་དུ་འགྲོ་གི་འདུག ད་དུང་ཤུགས་རྒྱབ་ཤོག་ཨ།
སུ་དང་སུ་ཡིན་རུང་། ཡོན་ཏན་ཡོད་པ་ཞིག་ལ་དོན་མེད་སྐྱོན་འཛུགས་ཀྱིས་རྒུད་དུ་བཅུག་པ་ཡིན་ན། གཤམ་གསལ་ལེགས་བཤད་དེའི་དོན་བསམ་དགོས་པར་མཐོང་སྟེ། ལེགས་པར་བཤད་པ་རིན་པོ་ཆེ་གཏེར་ལས།
ཆེན་པོ་རེ་ཞིག་རྒུད་གྱུར་ཀྱང་།
དེ་ལ་གདུང་བ་བསྐྱེད་མི་དགོས།
ཟླ་བ་རེ་ཞིག་གཟས་ཟིན་ཀྱང་།
དེ་མ་ཐག་ཏུ་གྲོལ་བར་འགྱུར།། ༡༨ །། ལེའུ་༢ པ། ས་པཎ་ཀུན་དགའ་རྒྱུལ་མཚན་གྱིས་གསུངས།
གལ་ཏེ་སྐྱོན་ཡོད་པ་ཞིག་ཡིན་ན། ཕམ་ཁྱེར་ནས་ཁ་བཙུམ་པ་གལ་ཆེའོ།། ཀུན་ལ་མཁོ་བའི་བསླབ་བྱའོ།།
་་་་་་་ སུ་ཞིག་གི་གནོན་ཤུགས་ཅི་ཞིག་བྱུང་རུང༌། བཙན་བྱོལ་བོད་གཞུང་ཞེས་པའི་མཚན་བྱང་མུ་མཐུད་བེད་སྤྱོད་གཏང་རྒྱུ་ཡིན་ཞིང༌། བཙན་བྱོལ་བོད་གཞུང་གི་མཚན་བྱང་འཁོད་པའི་སྟོད་གོས་རྣམས་ཀྱང་མུ་མཐུད་ཚོང་འགྲེམས་ཞུ་རྒྱུ་བཅས། ཟེར།
ཨེ་རླུང་ལ་འགོ་ཁྲིད་ཡག་ཕོ་ཞིག་མེད་པ་ཁོ་ཐག་རེད།སྐལ་ལྡན་པློ་གྲོས་ཙམ་མ་ཡིན་པར་དབུས་སྐད་ནང་ནའང་ཤ་ཉེ་ཡོད་ཕ་དང་།ཁམས་སྐད་ལ་ནི་ཕྱོགས་ཞེན ཡོད་མིན་མི་ཤེས། ཨམ་སྐད་ལ་རེབ་ཁོང་གི་མི་རྐྱང་རྐྱང་ཨམ་སྐད་མ་དག་པ་དང་རྒྱ་དམར་བསམ་པློ་མཁན་རྐྱང་རྐྱང་ཡིན་ས་རེད།ཁ་སང་གནམ་ལོ་ཡག་གི་བཤད་ཕ་ལྟར་ན།ལྕགས་མོ་འཚོ་ཡང་རེབ་ཁོང་ནས་ཆད་པའི་མི་ཁོངས་ཞིག་ཡིན་རབ་འདུག་པ་དང་དཔའ་ལྡན་རྒྱལ་ཐེངས་འདིར་ང་ཕོད་བུ་ལ་རྒྱབ་སྐྱོར་ཡི་གེར་ས་ཡིག་བརྒྱག་ཏུ་འཇུག་མཁན་རེད་ཟེར།ཨ་རི་ནས་ནང་མི་བུ་སྤུན་དང་གཟའ་ཟླ་ཆ་ཚང་ལས་ཁུངས་ཀཅིག་གི་ནང་ལ་ཚང་ས་ཡོད་པ་དེ།བོད་དོན་གྱི་པདེན་པ་རྩོད་རྒྱུར་ཨ་རིའི་རོགས་སྐྱོར་གནང་པའི་བོད་གྱི་རླུང་འཕྲིན་ཁང་གཉིས་ཕོ་དེ་རེད་ཟེར། ད་དུང་འདི་སྔོན་ཙམ་ལ་ཨེ་རླུང་གི་གསར་འགོད་པ་ཀླུ་འབུམ་བཀྲ་ཤིས་རྒྱ་དམར་གྱིས་བལ་ཡུལ་ནས་ཐད་ཀར་དམར་གསོད་གཏོང་རྒྱུར་ཉེན་གཡོལ་དུ་གཟའ་མི་ཆ་ཚང་ཨ་རིར་ཉེན་ཡོལ་དུ་ཡོང་ནས།ང་ཕོད་བུ་དང་དཔའ་ལྡན་རྒྱལ་གཉིས་ཀྱི་ལས་ཀ་སྤྲད་པར་ཁམས་སྐད་བདེ་ཚན་ཀྱི་བསམ་འཆར་པཏོན་ཕར།ང་ཕོད་བུ་དང་ཀརྨ་རྒྱ་མཚོ་དཔའ་ལྡན་རྒྱལ་གསུམ་ལ་ཀླུ་འབུམ་བཀྲ་ཤིས་ཀྱི་ལྐོག་བརྔན་སྤྲད་ནས།རྩོད་རྙོག་གནོན་ཙམ་བྱས་ཡོད་ན་ཡང་།ད་དུང་གླེང་ཆོག་ཆོག་གི་ངང་གནས་ཡོད་ཕ་རེད་ཟེར།ཨེ་རླུང་ནང་ན་ང་ཕོད་བུ་ལ་འོག་འབྲེལ་མ་ཐོག་མཁན་དང་རྒྱོ་འབྲེལ་ཡོད་མཁན་བུད་མེད་གསར་འགོད་ཕ་ཚོས་ཡང་འགྲན་བསྡུར་ཡོད་ཕ་རེད་ཟེར།དེ་བས་ད་དུང་རྔོག་ན་གཟོགས་མོ་ཡག་ཐག་ཆོད་ཡོད་ས་རེད།གནམ་ལོ་ཡག་ལ་སྐད་ཆ་མང་ཕོ་ལབ་ཡ་འདུག
ད་ནི་འདིར་མཆན་བདུན་བཅུ་དོན་དྲུག་ཙམ་ལ་སླེབས་འདུག གནས་ཚུལ་གྱི་འབྱུང་ཁུངས་གང་ཡིན་དང་། མཆན་གྱི་ཁ་ཕྱོགས་གང་དུ་འགྲོ་གི་ཡོད་པ་གསལ་པོ་ཆགས་འདུག འཐབ་ཕྱོགས་གཅིག་སྒྱུར་ཁང་གི་མི་སྣ་ཡང་མང་པོ་ཞིག་ཕེབས་འདུག དེང་སང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཁྱི་དང་ཞི་མིའི་འཁྲུག་པ་ཞིག་ཡིན་ནའང་འཐབ་ཕྱོགས་གཅིག་གྱུར་ཁང་ནས་དེ་རང་བཙན་དང་དབུ་མའི་རྩོད་པ་ཞིག་བཟོ་ཐབས་ལ་འབད་པ་བྱེད་ཀྱི་ཡོད་པ་རེད། ད་འདི་ནས་བདེན་པ་ཞིག་ལ་ལྟ་ཐུབ་པ་མི་འདུག གལ་སྲིད་ཁྱེད་རང་འཐབ་ཕྱོགས་གཅིག་གྱུར་ཁང་གི་སྦག་ལྕོག་གྲུ་བཞིའི་སྟེང་གི་སྦག་ཅིག་བྱེད་འདོད་ན་འདི་ཕེབས། གལ་སྲིད་བདེན་པ་ཞིག་འཚོལ་དུ་ཕེབས་ན་འདི་ནས་ཕེབས་ན་ལེགས།
་་་་་་་ ཨེ་རླུང་ནང་ན་ང་ཕོད་བུ་ལ་འོག་འབྲེལ་མ་ཐོག་མཁན་དང་རྒྱོ་འབྲེལ་ཡོད་མཁན་བུད་མེད་གསར་འགོད་ཕ་ཚོས་ཡང་འགྲན་བསྡུར་ཡོད་ཕ་རེད་ཟེར།དེ་བས་ད་དུང་རྔོག་ན་གཟོགས་མོ་ཡག་ཐག་ཆོད་ཡོད་ས་རེད།གནམ་ལོ་ཡག་ལ་སྐད་ཆ་མང་ཕོ་ལབ་ཡ་འདུག་་་་ཟེར།
༄༅།། དོ་ བདག་ མི་སྒེར་གྱི་དོན་ལ་ སྐུ་དྲག་དང་གྲ་ལོག་ལ་འཕྱ་སྨོད་མ་བྱེད་རོགས། སྐུ་དྲག་དང་གྲ་ལོག་མེད་ན་བོད་པའི་སྤྱི་ཚོགས་འདི་ཁུངས་འཁྱོལ་འཐབ་མེད། བོད་སྐད་འཁྱ་འཁྱོར་ཙམ་ལས་མི་ཤེས་པའི་མཁས་་དབང་དང་། གཏོང་ཡིག་ཙམ་ཡང་ཡག་པོ་འབྲི་མི་ཤེས་པའི་མཐོ་སློབ། དགྲ་གཉེན་ངོ་མི་ཤེས་པའི་ཀླད་སྟོང་ཚོ།།
ང་ཕོད་གནས་དབྱུངས་དགོས་དོན་སྐོར་ངས་མི་ཤེས་ཀྱང་། སྐལ་ལྡན་བློ་གྲོས་ནི། སྐད་ཀྱི་སྒྲ་གདངས་གཙང་ལ་འཚོར་ཤེས་ཡོད་པའི་ལས་བྱེད་ཀྱི་རླུང་འཕྲིན་ལས་ཀ་ལ་རྒྱབ་སྐྱོར་མུ་མཐུད་ནས་ཡོད་དོ། །
ཁྱོད་ཚོས་ང་འཇིགས་ལགས་ཀྱི་ལས་ཀ་ཤོར་སོང་བར་དེ་འདྲའི་ཚ་ཚ་འུར་འུར་གནང་དགོས་དོན་ཅི་རེད་དམ། ཨ་རི་ན་ཁ་སང་དེ་རིང་བོད་མི་ལས་ཀ་ཤོར་སོང་བ་དང་་་་རྩ་ནས་ལས་ཀ་མེད་མཁན་ཡང་མང་བོ་འདུག་་་ཁྱོད་ཚོས་ང་འཇིགས་སྐོར་ལ་དེ་འདྲའི་དོ་སྣང་གནང་དགོས་དོན་ཁོང་ནི་སྐུ་དྲག་ཅིག་གི་བུ་ཡིན་པས་རེད་དམ་་་ཡང་ན་ཁོང་གི་ལས་ཀར་ཧང་སང་བས་རེད་་་་གང་ལྟར་ཁྱོད་ཚོས་་མི་འདིའི་རྣ་བར་སུན་པོ་བཟོ་མཚམས་འཇོག་རྒྱུ་མ་རེད་པ།
ད་ངས་འཇིགས་མེད་ལགས་ཀྱི་སྐོར་ཞིག་ཞུས་ན་ ལོ་གཉིས་གསུམ་གོང་ལ་འཇིགས་མེད་ལགས་དང་གཤམ་འོག་ལས་བྱེད་པ་ཟླ་བ་སྒྲོལ་མ་གཉིས་་འབྲེལ་བ་་བྱུངནས་ཕྲུག་གུ་འཁོར་བས་གཉེན་འགྲིག་བྱེད་རྒྱུ་གཏན་་འཁེལ་ འོན་ཀྱང་ལས་ཁུངས་ཀྱི་སྒྲིགས་གཞིའི་ནང་ཟ་ཚང་ཞིག་སྡེ་ཚན་གཅིག་གི་ནང་ལས་ཀ་བྱེད་མི་ཆོག་པས་འཇིགས་མེད་ལགས་སྒེར་གྱི་གནས་དོན་ཐོག་ནས་དགོངས་པ་ཞུས་ སྐབས་དེ་དུས་ད་བར་ལས་ཁུངས་དེའི་ནངའཇིགས་མེད་ལགས་ཀྱི་བཀའ་དྲིན་འོག་ རྒྱ་གར་ནས་ཤར་རྒྱག་ལས་ཁུངས་དེའི་ནང་སླེབས་པ་དང་ ཁ་ཤས་ཡིག་ཚད་གཏང་མི་དགོས་པར་ལས་ཀ་རགས་པ་ ཡང་ཁ་ཤས་ལོ་མང་པོའི་རིང་ལས་ཀ་ཕྱེད་ཀ་རྩམ་ཡང་མེད་པར་བསྡོད
གནས་ཚུལ་ཆེན་པོ་བོད་ནང་གི་ད་ལྟའི་གནས་བབ་བཞག་ནས་མི་ཞིག་ལས་གནས་ནས་ཕབ་པ་ལ་མགོ་མ་འཐོམ་ཞིག བོད་པ་ཚོ། ཆོལ་གསུམ་སྤུན་ཟླ་ཚོ།
གོང་གི་གནད་ཚུལ་རྣམས་ཕྱོགས་བསྡོམ་ཞིག་བྱས་ན། སྐལ་ལྡན་བློ་གྲོས་དང་་ལས་བྱེད་པ་ཚོ་ཁྱོད་ཤི་ངསོན་གི་གཡུལ་སའི་འཐབ་རྩོདངར་མ་ཞིག་ཐུག་འདུག བོད་ནང་གི་དོན་ཆེན་གྱི་ཆེད་དུ་རྙོགས་ཕྲ་དེ་ཚོ་མཚམས་འཇོག་བྱེད་ན་དགའ་གི་རེད་ལ་་གོང་དེར་རྡོར་རྗེ་བཤད་པ་བདེན་པ་རང་ཨེ་ཡིན། ངས་གོ་བ་དེ་དཔལ་ལྡན་བརྒྱ་དང་རྒྱ་གར་ནས་ལེན་པའི་ལུང་འབུམ་གཉིས་ཀྱིས་རྒྱབ་སྐྱོར་ལ་ས་ཡིག་རྒྱབ་ཡོད་ས་མ་རེད། དེར་སོང་ཅང་ལས་བྱེད་འགོ་ཁྲིད་མཁན་རེ་གཉིས་ཀྱིས་ས་ཡིག་མ་རྒྱབ་མཁན་དང། ཚོགས་འདུར་མ་ཡོང་མཁན། རྒྱབ་སྐྱོར་བྱེད་དགོས་མེད་ཡི་གེར་བལྟས་ནས་ས་ཡིག་རྒྱག་གི་ཡིན་ཟེརནས་་ངང་འཐེན་བྱེད་མཁན་ལ་ལས་བྱེད་ལ་སྡང་ཟུག་དང་ཁོང་ཁྲོ་བྱེད་ཀྱི་ཡོད་ས་རེད། གནས་ཚུལ་དེ་རིགས་ཐབས་སྐྱོ་པོ་རེད། གནས་ཚུལ་དེ་རིགས་ཀྱིས་འཇིགས་མེད་ལགས་ཀྱིས་དག་སེལ་ལས་ཀར་ཡང་གནོད་ཀྱི་རེད། ་ལས་བྱེད་ནང་ཁུལ་དུ་བསམ་ཚུལ་ཡོང་གི་ཡོད་པ་རེད། འཇིགས་མེད་ལགས་ལ་རྒྱབ་སྐྱོར་བྱེད་འདོད་ན། དཔངས་རྟགས་འཕེར་པའི་རྒྱབ་སྐྱོར་དང་ལས་བྱེད་སོ་སོའི་འདོད་པའི་ཐོག་ནས་བྱས་ན་ནུས་པ་ཐོན་རྒྱུ་དང་གང་དུ་ཐུག་ཀྱང་དཔའ་ཞུམ་མི་དགོས་པ་ཡོང་གི་རེད་མ་གཏོགས་ལས་བྱེད་པ་ཁ་ཤས་ཤིག་གིས་བཙན་པོ་དབང་གིས་རྒྱབ་སྐྱོར་བྱེད་བཅུག་ན་ཁུངས་འཁྱོལ་གྱི་མ་རེད་ལ་ཁྲིམས་ལ་འགྲོ་གི་མ་རེད། ལས་བྱེད་པ་ཚོས་འཇིགས་མེད་ལགས་རྒྱབ་སྐྱོར་བྱས་པ་དེ་འཇིགས་མེད་ལགས་ཡག་པོ་ཞིག་པ་བསྟན་ཐུབ་ཀྱང་ཡག་པོ་ཡིན་པའི་དཔགས་རྟགས་འདྲངས་ནས་ཁུངས་བསྐྱལ་དགོས་པ་རེད། ཨ་རི་ནི་ཁྲིམས་ཀྱི་དབང་བསྒྱུར་གྱི་རྒྱལ་ཁབ་ཞིག་ཡིན་དུས་འཇིགས་མེད་ལགས་ཀྱིནོར་འཁྲུལ་མེད་ན་ཁྲིམས་བཏུགས་བྱ་དགོས་རེད།
ང་ཕོད་འཇིགས་མེད་ལགས་ཀྱིས་ད་བར་༧གོང་ས་མཆོག་མཇལ་མ་མྱོང་བའི་གནས་ཚུལ་འདུག དེ་བདེན་པ་རེད་དམ། བདེན་ན་དེ་ག་རེས་ཡིན་ནམ། ང་ཕོད་འཇིགས་མེད་ལགས་ཀྱིས་༧གོང་ས་མཆོག་ལ་མཇལ་ཁ་ཉི་མ་བརྒྱ་ལ་ཞུས་ཀྱང་དེས་༧གོང་ས་མཆོག་ལ་ཕན་ཐོགས་གང་ཡང་མེད་མོད། འོན་ཀྱང་རང་དབང་ལུང་པར་གནས་པའི་བོད་མི་ཞིག་དང་། ལྷག་ཏུ་ཤེས་ཡོན་ཅན་ཞིག་གིས་གནང་སྟངས་དེ་འདྲ་ཡིན་དོན་ག་རེས་ཡིན་ནམ། ༧གོང་ས་མཆོག་གི་བཀའ་དྲིན་མིན་ན་ཨེ་ཤའི་ཡའི་རང་དབང་རླུང་འཕྲིན་ཁང་གི་ནང་ལ་ང་པོད་འཇིགས་མེད་ཀྱིས་བསམ་བློ་འཁོར་ས་མེད་ངེས་རེད། ཕྱི་ལོ་༡༩༥༩ལོར་༧གོང་ས་མཆོག་རྒྱ་དམར་གྱི་ལག་འོག་ཏུ་ཚུད་ཡོད་ན། ད་ལྟ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ནང་བོད་དོན་སྐོར་གྱི་ཚིག་གཅིག་གོ་རྒྱུ་མེད་ངེས་ཡིན། ད་དུང་ཨེ་ཤི་ཡའི་ཀུན་གླེང་ལས་རིམ་ནང་༧གོང་ས་མཆོག་ལ་ཚིག་མཚོན་འདེབས་མཁན་རེ་ཟུང་ཡོད། ལྟས་ངན་ཁྱི་རྒན་དེ་ཚོའི་རིགས་ཕྱིར་ཕུད་བཏང་ན་ཡག་པོ་ཡོད། དེ་རིགས་རེ་རེ་བཞིན་ཕུད་དགོས་ངེས་རེད། ༧གོང་ས་མཆོག་ལ་སྐུར་འདེབས་ཞུ་མཁན་རྒྱ་མི་ལས་དགོས་དོན་མེད། རྒྱ་དམར་གྱིས་ཞབས་འདྲེན་ཞུས་པའི་སྒང་ལ་བོད་མིས་རྒྱབ་སྐྱོར་བྱས་ན་ཅི་འདྲ་ཨང་།
གང་ལྟར་ང་ཕོད་འཇིགས་མེད་ཟེར་བ་དེ་༧གོང་ས་མཆོག་གི་མཛད་འཕྲིན་ལ་སྤྱོད་པ་ལོག་མཁན་ཞིག་ཡིན་ན། ད་ཐེངས་ཁོ་པ་ཕྱིར་ཕུད་གཏོང་མཁན་དེ་སུ་ཡིན་ཡང་དེ་ལ་ང་ཚོ་བོད་ཕྱི་ནང་གི་མང་ཚོགས་ཀྱིས་ཐུགས་རྗེ་ཆེ། ད་དུང་དེའི་རིགས་ཕྱིར་ཕུད་གཏང་དགོས་ངེས་ཡིན།
འདིར་མཆན་མང་དྲག་འདུག དྲ་གྲོགས་ཚོར་ཨེ་རླུང་ལ་རེ་བ་བྱེད་བཞིན་ཡོད་ས་རེད། ཧ་ཧ་ཧ་ ང་ནི་ང་ཕོད་སྲས་ངོ་ཤེས་ཀྱི་མེད་ལ་ཇུས་གཏོགས་ཡང་མེད་དེ་མིན་་ལས་བྱེད་གཞན་ཡང་ངོ་མི་ཤེས། འདིའི་བསྐོར་ཨ་རི་གཞུང་ལ་འབྲེལ་བ་ཡོད་སྲིད། ང་ཚོར་ཇུས་གཏོགས་མེད་དོ།
༄༅།་གོང་དུ་དྲ་གྲོགས་གང་མང་གིས་བགྲོ་གླེང་གང་མང་གནང་སོང་། ཁ་ཤས་དོན་དངོས་ཀྱི་ཕྱོགས་ལ་འགྲོ་ཐུབ་ཀྱི་འདུག ཕལ་ཆེ་བ་ཞིག་གིས་འབྲེལ་མེད་དོན་གཞན་ཤ་སྟག་ཤོད་བཞིན་འདུག དེ་འདྲ་བཤད་ནས་དུས་་ཚོད་འཕྲོ་བརླག་ཏུ་ཕྱིན་ན་ཕན་ཐོགས་མེད།
ཐེངས་འདིར་ང་ཕོད་འཇིགས་མེད་ལགས་ཕྱིར་ཕུད་གཏང་དོན་གཙོ་བོ་དེ་ད་བར་ཁོ་པས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ནང་༧གོང་ས་མཆོག་གི་མཛད་རྣམས་དང་། མཛད་འཆར། དགོངས་གཞི་སོགས་ཁྱབ་བསྒྲགས་བྱེད་མ་བཅུག་པར་བཀག་འགོགས་བྱས་ཡོད་པས་རེད། དེ་བཞིན་༧གོང་ས་མཆོག་ལ་མ་ཉེས་ཁག་གཡོགས་ཀྱིས་ཉེས་འཛུགས་བྱེད་མཁན་རིགས་ལ་གཏམ་བཤད་ཀྱི་གོ་སྐབས་འདྲ་མིན་སྤྲད་པ་དང་། དེའི་རིགས་ཀྱིས་༧གོང་ས་མཆོག་ལ་ཞ་དང་ཞོར་ལ་ཟུར་ཟ་འདྲ་མིན་བྱེད་བཞིན་པ་སྔོན་ནས་ཨ་རིའི་གཞུང་གིས་ཤེས་བཞིན་པ་རེད། དེའི་རིགས་ཀྱིས་བོད་སྤྱི་བའི་ཆེད་ག་རེ་འཇོན་གི་ཡོད་མེད་འཛམ་གླིང་མི་མང་གིས་ཤེས་བཞིན་པ་རེད། དེར་བརྟེན་ཐེངས་འདིར་ཨ་རིའི་གཞུང་གིས་ང་ཕོད་འཇིགས་མེད་ལགས་ཕྱིར་ཕུད་བཏང་བ་རེད། དེ་འགྲིགས་བསྡད་ཡོད་པ་རེད། ཨ་རིའི་གཞུང་ལྐུགས་པ་མ་རེད། གྲོགས་པོ་ཚོ། ཨ་རིའི་གཞུང་ལྐུགས་པ་མ་རེད། གྲོགས་པོ་ཚོ། ཨ་རིའི་གཞུང་ལྐུགས་པ་མ་རེད། གྲོགས་པོ་ཚོ།
ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ལས་བྱེད་ནང་ལ་གཟིགས་དང། ལས་བྱེད་ཉུང་ཤས་ཤིག་ཤེས་ཡོན་གྱི་ཐོག་ནས་སླེབས་པ་རེད། དེ་མིན་མང་ཆེ་བ་དབུ་འཛིན་གྱི་ངོ་ཤེས་པ་དང་ལས་བྱེད་ཚོའི་ནང་མིའི་ཉེ་འཁོར་རྐྱང་རྐྱང་རེད། གལ་སྲིད་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤི་ཡའི་རླུང་འཕྲིན་ནང་ལས་ཀ་བྱེད་འདོད་ན་ཁོང་ཚོའི་ནང་མི་དང་གཉེན་སྒྲིགས་བྱེད་དགོས། དེ་མིན་ཁྱེད་རང་ལ་ཤེས་ཡོན་གྱི་ཆུ་ཚད་མཐོ་པོ་ཡོད་རུང་གོ་སྐབས་གཏན་ནས་མེད་དོ། དེ་ནི་ཟུར་བལྟས་ལེབ་མཐོང་རེད་དོ།
ངས་བྱས་ན་ང་ཕོད་ཕྱིར་ཕུད་བཏང་དོན་འདི་རང་བཙན་དང་དབུ་མའི་འགལ་ཟླ་ལས་བྱུང་བ་ཞིག་ཡིན་ས་མ་རེད། ང་ནི་ཨེ་རླུང་ཚང་གི་ལེ་ཚན་ཉན་ལ་དྲ་ངོས་བཤེར་ནས་བོད་དོན་ལ་སེམས་ཁུར་བྱེད་མཁན་ཞིག་ཡིན། འོན་ཀྱང་ཨེ་རླུང་ཚང་ཉན་ཐེངས་རེ་དང་ཀློག་་ཐེངས་རེ་ལ་སེམས་པ་གྲང་ལྷང་ལྷང་དང་དབུགས་རིང་ནར་ནར་རང་ཤུགས་སུ་འཐེན་དགོས་ཐུག་གི་འདུག རྒྱུ་མཚན་ནི་ལེ་ཚན་གཙོ་སྐྱོང་པའི་ཡོན་ཚད་ཞན་པ་དང་དྲ་ངོས་ཡིག་ནོར་མང་བས་གོ་བརྡ་ཡག་པོ་ཞིག་འཕྲོད་དཀའ་བ་འདུག མ་གཞི་ང་ཚོ་བཙན་བྱོལ་བོད་མིའི་ཕ་སྐད་ཡོན་ཚད་སྤྱིར་དམའ་པོ་ཡིན་སྲིད་མོད། མིང་གྲགས་ཐོབ་ཆ་གང་ནས་ཀྱང་རྩེར་ཕུད་དུ་ཚུད་པའི་ རླུང་འཕྲིན་ཁང་དེ་ལ་མཁོ་བའི་མི་ཧྲག་ནི་བདམས་བདམས་གང་སྒྲུག་རེད། ཐ་ན་ང་ཚོའི་དྲ་ངོས་དེ་ཙམ་ལ་བལྟས་ཀྱང་རྩོམ་རྩལ་དང་འཇུག་པ་ནང་དོན་གང་ནས་ཀྱང་ཁྱོད་ཤོར་ང་ཤོར་རེད་འདུག དེས་ན་ང་ཕོད་ཀྱི་བུའིའཇོན་རབས་གངཡོད་ལ་ངས་བསྡོམས་ཚིག་མི་ཐུབ་མོད། ང་ཉན་པ་པོ་ཞིག་གི་ངོས་ནས་བཤད་ན་ཁོང་གི་ལས་ཀར་ལྷད་དང་སྐྱོན་ཆེན་པོ་ཡོད་པ་ནི་མིག་ལྡན་ཚང་མས་མཐོང་ཐུབ་པ་ཞིག་རེད།
ད་བྱེད་དུས་ཨེ་རླུང་ཚང་དེ་ཨ་རི་གཞུང་གིས་མ་རྩ་བཏང་། ང་ཕོད་བུ་ཡིསསྦྱིན་བདག་འདོན་ནས་ལོ་བཅུ་དྲུག་སོང་བ་རེད་འདུག་གོ ལོ་བཅུ་དྲུག་གོ་གནས་གཅིག་ལ་བསྡད་པ་དེ་ཡང་སྒེར་གཅོད་པའི་ཁྱད་ཆོས་ཅུང་ཙམ་མི་འདུག་གམ།
ད་ཡང་གཡོན་ཕྱོགས་ལ་ཤོར་འགྲོ་གི་འདུག དཀྱིལ་ལ་བསྡད་ནས་བལྟས་ན་མི་ལེགས་སམ། ང་ཕོད་གོང་ས་མཆོག་ལ་བློ་གཅིག་སེམས་གཅིག་གིས་བརྩི་བཀུར་ཞུ་མཁན་གྱི་བོད་པ་ཞིག་རེད། འདི་ལ་རྙོག་འདྲ་མེད། མ་ཟད། ཨེ་རླུང་ནང་ལ་ཉིན་ལྟར་གོང་ས་མཆོག་གི་མཛད་པ་ཤོད་ཤོད་པ་རེད། དེ་ཡང་སྐྱོན་ལ་འགྲོ་གི་མིན་འདུག
༩༣༽ བསྟན་འཛིན་ལག་སྐུ་ཉེད་ནས་ཨེ་རླུང་གསར་པ་ཞིགས་གང་མྱུར་དབུ་འཛུག་གནང་ནས་ཁྱེད་ཀྱི་ནང་མི་ག་ཚོད་ཡོད་ཀྱང་དེ་ཀར་ཉར་ན་སམ་འཆར་ནམ་ཡང་མེད་ལ་དེ་བས་དགའ་སུ་ཡོད་་ལོ་འོན་ཀྱང་ཕྲག་དོག་གི་རྒྱུད་ཀུལ་ནས་བོད་པའི་སྤྱི་ཚོགས་དཀྲུག་ན་དགའ་སུ་མི་ཞུ་
ད་ལྟ་དྲ་ངོས་ཡར་སྔོག་མར་སྔོག་མང་པོ་ཞིག་བྱས་ནས་ང་ཕོད་བུའི་སྐོར་བཙལ་བ་ཡིན། སྐད་ཆ་གསར་པ་གཅིག་གཉིས་རྙེད་བྱུང་བས་དཔྱད་གཞི་གནང་རོགས། ང་ཕོད་བུའི་ཉེ་འཁོར་གྱི་མིས་ཟེར་ན་ཁོ་པར་བསམ་ཡུལ་ལས་འདས་པའི་དཀའ་ངལ་འ྄ཕྲད་ཡོད་པ་དང་ད་བར་བཟང་བཙོན་ལྟ་བུ་ཡིན་པར་བཤད། འདིར་བཤད་པའི་བཟང་བཙོན་ནི་ཕྱིར་ཕུད་བཏང་རྗེས་ལ་མི་གོ་བར་ཕྱི་རྒྱལ་ལ་སླེབས་རྗེས་གོ་བ་ཡིན། དེའི་ཐད་ལ་ཤེས་མཁན་ཡོད་ན་ཁ་སྣོན་གནང་རོགས།
། ལྡོང་སྲས་ཀྱི་རྩོམ་ལ་བལྟས་ན་ཁོ་རང་གིས་ཕྱིར་ཕུད་རྒྱུ་རྐྱེན་ཁ་གསལ་གཏིང་གསལ་ཤེས་ཀྱི་ཡོད་པ་མ་ཟད། ད་དུང་གནས་ཚུལ་འདི་ལ་བསྡོམསབཀོད། ཐམ་ག་སྦྱར་ཚང་མ་བྱས་ཚར་འདུག དངོས་གནས་ཁོ་པའི་རྣ་ཅོག་དེ་འཁོན་ཐོགས་མེད་པར་སའི་གོ་ལ་འཁྱིལ་དུ་སླེབས་ཐུབ་ཀྱི་ཡོད་པ་འདྲ། དེར་བལྟས་ན་ ཁོ་པ་གཅིག་པུས་གསང་བརྟོལ་ལས་ཁུངས་ཀྱི་ལས་ཀ་ཚང་མ་བྱེད་ཐུབ་པ་འདུག ཨ་རིས་གསང་བ་རྟོགས་ཕྱིར་དངུལ་མང་པོ་བཏང་བ་ལས་ལྡོང་སྲས་ཙམ་གསོས་ན་ཨ་རིའི་བུ་ལོན་ད་ལོ་རང་ལ་འཇལ་྄ཐུབ་ས་རེད། ཨ་མདོ་བའི་ཧོད་རྒྱུག་དང་ལྐུགས་རྟགས་ཚ་པོ་དེ་ད་དུང་ངང་འཐེན་མེད་པ་མཐོང་དུས་དགོད་ཤོར་ཞོར་ལ་ཡ་རེ་ང་། ཡ་ང་ཞོར་ལ་ཡང་ཡ་རེ་མཚན། ཨ་མ་མ་། ལྗིད་མེད་པའི་མི་འདི། ཨ་རོ། ལྡོང་སྲས་ལ་སྐད་ཆ་འདི་འཕྲོད་པ་བྱེད་རོགས།
དགའ་ལྡ་བློ་གྲོས་འདིས་དབུ་མ་ཁ་ལ་འཁྱེར་ནས་རྒྱ་ཡི་རྒྱུགས་ཁྱི་ཞིག་ཡིན་པ་སྔ་ས་ནས་རྟོགས་ཡོད། རྣམ་རྒྱལ་གྲྭ་ཚང་ནས་གླུ་བ་བཞིན་དབྱངས་རྟ་དབྱངས་སྦྱངས་བ་ལས་ཆབ་སྲིད་དང་ལོ་རྒྱུས། རིག་གཞན་གང་གི་ཐོག་ལའང་ཆ་རྒྱུས་མེད་མཁན་གྱི་སྐབས་འཚོལ་རིང་ལུགས་ཀྱི་སྦྱིན་བདག་དོན་གཉེར་བ་ཞིག་རེད། ཁོང་རྣམ་གྲྭ་ནས་ཡོད་དུས་སྦྱིན་བདག་འཚོལ་སྟངས་མང་དུ་སྦྱངས་ཤིང་གོམས་འདྲིས་སུ་ཡོད་མཁན་ཞིག་རེད། ཁོས་སྦྱིན་བདག་དང་དངུལ་གྱི་ཆེད་དུ་ཡོད་ཚད་བློས་བཏང་མཁན་ཞིག་རེད། མ་ཟད་ཁོང་རྐང་རྩེད་པོ་ལོ་དང་བྷོ་ལི་བོ་སྒྲི་གློག་བརྙན་སོགས་ཧ་ཅང་དོ་སྣང་དང་དགའ་མོས་བྱེད་མཁན་ཞིག་རེད།
ང་ཕོད་མི་གཅིག་ལ་འདི་འདྲའི་སེམས་ཁྲལ་བྱེད་མཁན་མང་པ་ལ། ང་ཕོད་མཐོང་མ་ཉོང་རིག་ཡང་མ་ཉོང། ཡིན་ནའང་མི་གཅིག࿒གི་ལས་ཀ་ཤོར་ན་དེ་ལ་ཧང་སང་དགོས་དོན་མི་འདུག། ད་ལྟ་བར་དུ་མཆན་འགོད་མཁན་བརྒྱ་ལ་སླེབས་ལ་ཉེ། འོན་ཀྱང་སེམས་སྐྱོ་བ་ཞིག་ལ་བོད་ནང་དུ་མཚམས་མ་ཆད་བར་བོད་མི་རིགས་དང་རྒྱལ་ཁབ་གྱི་ཆེད་དུ་རང་ལུས་མེར་རུ་བསྲེགས་ནས་རང་སྲོག་བློས་བཏང་མཁན་དེ་དག་གི་ཆེད་དུ་འདི་འདྲའི་མཆན་འགོད་མཁན་མ་བྱུང། འདིའི་ཐད་ལ་ང་ཚོའི་དངོས་པར་དུ་བསམ་བློ་ཞིག་གཏོང་དགོས་བར་འདོད། མི་གཅིག་གི་ལས་ཀ་ཤོར་ནུ་མ་གཏོགས་སྲོག་ཤོར་ཡོད་ནི་མ་རེད། བོད་ནང་དུ་བོད་མི་བདུན་བཅུ་དོན་བཞི་ཡི་བོད་མི་རིགས་དང་རྒྱལ་ཁབ་རང་གི་རིགས་གཞུང་གི་ཆེད་དུ་རང་སྲོག་ཤོར་བ་རེད། བཙན་བྱོལ་བོད་མི་ཁ་ཤས་ཀྱི་ནམ་ཡིན་ན་ཁ་ནང་ནས་སྙི་བརྫེ་ཟེར་མོད། དོན་ངོ་མ་མི་དེ་དག་གི་སེམས་ནང་ན་སྙིང་བརྫེ་ཞིག་རྩ་བ་ཉིད་ནས་མེད། དྲ་གྲོགས་ཚོས་ང་ཕོད་གི་སྐོར་ལ་བཤད་མཚམས་བཞག་ནས་བོད་ནང་གི་བོད་མིའི་བདེ་སྡུག་ལ་བསམས་བློ་གཏོང་རན་རེད་བསམས།
ང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བ་ཡིན་ན་ངས་ང་ཕོད་འཇིགས་མེད་འདི་ཐའེ་ཝན་དོན་གཅོད་སོགས་ལས་སྣེ་གལ་ཆེན་ཞིག་གི་ལས་འགན་ཁུར་རོགས་ཟེར་ས་རེད།
སྤོབས་པ་ལགས། ཁྱོད་རང་ཡང་ང་ཕོད་བུ་འཇོན་ཐང་ཇུས་དཔོན་ཞིག་ལ་མཐོང་གི་ཡོད་པ་འདྲ། སྒྲུབ་བྱེད་བཀོོད་ཤོག དེ་མིན་འདི་ནས་ཕུད། ཕ་གིར་བསྐོ་ཟེར་བར་གོ་རྒྱུ་མི་འདུག ངེད་ཚང་བོད་པར་མི་ཟད་ནི་ཐེབས་མེད།
གོང་གི་མཆན་ཨང་༩༢ བྲིས་མཁན་སྐལ་བཟང་གིས་མི་གཞན་ལ་འབྲེལ་མེད་བཤད་སོང་ཟེར་གྱིན་དུ་རང་གིས་དེ་ལས་འབྲེལ་མེད་དང་འཁྱོག་བཤད་བྱེད་ཀྱི་འདུག ངག་ཕོད་འཇིགས་མེད་ལགས་མི་སེམས་དཀར་དང་ལྷག་བསམ་རྣམ་དག་བྱེད་མཁན་ཞིག་ཡིན་པ་ནི་བརྗོད་མི་དགོས་པ་མ་གཏོགས་རྒྱ་རི་བློ་གྲོས་རྒྱལ་མཚན་ནང་བཞིན་སྲིད་དོན་དང་གཡོ་ཇུས་འཁྲབ་ཤེས་མཁན་ཞིག་རྩ་བ་ནས་མིན་པ་ནི་ལས་བྱེད་པ་སྤྱི་ཡོངས་ཀྱི་རྒྱབ་སྐྱོར་བྱེད་སྟངས་ཀྱི་ཐོག་ནས་ཤེས་ཐུབ་པ་ཞིག་རེད། གནད་དོན་གཉིས་པ་དེ། རླུང་འཕྲིན་ནང་དུ་རྒྱལ་བ་རིན་པ་ཆེའི་མཚན་མོས་མ་བཅུག་པ་དང་མཛད་འཕྲིན་བཏང་མ་བཅུག་པ་རེད་ཟེར་བ་དེ་ནི་འཁྱོག་བཤད་ཁོ་ན་ལས་བདེན་པ་རྩ་བ་ནས་་མ་རེད། ཁྱེད་རང་གིས་མི་ལ་སྐྱོན་བརྗོད་བྱེད་པ་སྔོན་ལ་མགོ་ཚོས་ནས་ཀླད་པ་འདགས་དགོས་པའི་དཔེ་ལྟར་རེད། ཡང་ཁག་ཅིག་གིས་རྒྱ་མིའི་སོ་པ་རེད་མདོག་མདོག་ཤོད་ཀྱི་འདུག དེ་ཤོད་མཁན་གྱི་གྲས་ནི་ངག་ཕོད་ངག་དབང་འཇིགས་མེད་ཀྱི་བུ་ཡིན་ཙང་པ་ཕའི་ནག་ཉེས་བུ་ལ་བཙུགས་ན་འགྲིག་གི་མ་རེད་ལ་དེ་ཤོད་མཁན་གྲས་གཅིག་ཤོས་དེ་སྐུ་དྲག་ལ་མི་དགའ་མཁན་ཁོ་ན་ཡིན་པ་ལས་སྤྱི་སེམས་བྱས་ནས་བཤད་པ་ཞིག་རྩ་བ་མ་རེད། སྐུ་དྲག་ལ་མི་དགའ་ན་སྡུག་གྱོང་རེད། སྐྱེས་ཁུངས་ལ་འདེམས་ཀ་ཡོད་ན་ཁྱེད་ཚོ་འཇིགས་མེད་ལགས་ཀྱི་སྔོན་ལ་སྐུ་དྲག་གི་ཁྱིམ་ཚང་སྐྱེས་ཡོད་ཀྱི་རེད། དེ་སྔ་ཟམ་གདོང་རིན་པ་ཆེས་སྤྱི་འཐུས་གྲོས་ཚོགས་ནང་འཇིགས་མེད་ལགས་སྐྱོན་འཛུགས་བྱས་པ་ཚང་མ་བདེན་པ་རྩ་བ་ནས་མ་རེད། མཁས་དབང་གི་མཚན་འབོད་ཡུལ་གྱི་བོད་གཞུང་གི་བཀའ་བློན་ཁྲི་པ་ཞིག་གིས་གནས་ཚུལ་དྲངས་པོ་མ་གསུང་ན་འཇིགས་མེད་ལགས་ཀྱི་གནས་བབ་གང་འདྲ་ཞིག་ཏུ་སླེབས་ཀྱི་རེད་དམ་ཚོད་དཔགས་བྱེད་ཐུབ་པ་ཞིག་རེད། ཨེ་ཤི་ཡ་རླུང་འཕྲིན་ཁང་གི་ལས་དོན་ལ་སྐྱོན་ཆ་ཡོད་ངེས་རེད་ལ་ལས་བྱེད་པ་ཁག་ཅིག་གིས་ཐལ་ཆ་ཆེ་བའི་ལས་དོན་བྱེད་དུས་ནས་འཇིགས་མེད་ལགས་ཀྱིས་རྒྱ་ཡན་དུ་བཏང་དྲག་པའམ་ཡང་ན་ལས་དོན་ལ་འཐུས་ཤོར་ཕྱིན་པའམ་ཡང་ན་འཛིན་སྐྱོང་ལས་དོན་ནང་དྲང་པོ་མ་བྱས་པའང་ཡང་ན་རླུང་འཕྲིན་གྱི་ལས་དོན་ལ་འཐུས་ཤོར་བཏང་བ། ཡང་ན་ཁྲིམས་དང་སྒྲིག་གཞི་ལས་འགལ་ནས་ནོར་འཁྲུལ་བྱུང་ཡོད་ན་དེ་ཚོ་ཚང་མ་འཇིགས་མེད་ལགས་ཀྱིས་ངོས་འཛིན་ཐུབ་པ་དགོས་ཀྱི་རེད།་འོན་ཀྱང་རྒྱ་མིའི་སོ་པ་རེད་ཟེར་བ་དང་རྒྱལ་བ་རིན་པོ་ཆེ་ལ་མི་དགའ་བ་་རེད་ཟེར་བ་དེ་ནི་མི་དཀར་པོ་ཞྭ་ནག་པོ་གཡོག་པ་ཙམ་དུ་མ་ཚད་བོད་པའི་སྤྱི་ཚོགས་ནང་གནས་མ་ཐུབ་པ་བཟོ་རྒྱུའི་ངན་ཇུས་ཤིག་རེད། འཇིགས་མེད་ལགས་ནི་རྒྱ་རི་རིན་པོ་ཆེ་ལྟར་ཕྱི་ནང་ངོ་ལྐོག་གི་ལས་ཀ་བྱེད་ཐུབ་མཁན་དཔེརན་ན། མི་དམངས་ནང་རྒྱལ་བ་རིན་པ་ཆེར་དད་པ་ཡོད་མདོག་གི་རྣམ་འགྱུར་སྟོན་ཤེས་པ་དང་ཞོར་དུ་རང་གི་ཁེ་ཕན་ཁོ་ན་འགྲུབ་ཤེས་མཁན་དེ་འདྲ་མ་རེད། འཇིགས་མེད་ལགས་ཀྱིས་རྒྱ་རི་རིན་པ་ཆེ་ལྟར་ཆབ་སྲིད་འཁྲབ་ཐུབ་མཁན་ཞིག་ཡིན་ན་རྒྱ་རི་རིན་པོ་ཆེ་ལས་ལྷག་པ་མ་བྱུང་ནའང་ཆུང་བ་རྩ་བ་ནས་ཡོང་གི་མ་རེད། དེར་བརྟེན་དྲ་བུ་ཚོས་མི་ལ་གནས་ཚུལ་འདྲ་མིན་འདྲ་བཤད་ནའང་སྨྲ་བརྗོད་རང་དབང་རེད་ལ་བཤད་ཀྱང་སྐྱོན་དེ་ཙམ་ཡོད་པ་མ་རེད། ཡིན་ནའང་མི་སྒེར་གྱི་ཁོན་འཛིན་བཅངས་པའམ་ཡང་ན་གཞན་གྱི་རྗེས་འབྲངས་ཀྱིས་བཟོད་མ་ཐུབ་པའི་སྐྱོན་འཛུགས་བྱས་ན་ལས་ལ་འགྲོ་གི་མ་རེད། མ་ཡིན་པ་ཤེས་བཞིན་དུ་མིའི་སེམས་ཁམས་ལ་བཟོད་ཐབས་བྲལ་བའི་རྫུན་གཏམ་བཤད་ན། ཤོད་མཁན་སོ་སོའི་སེམས་ནང་ལ་མི་བདེ་བའི་གནོངས་ཤིག་འཁུར་ནས་བསྡོད་དགོས་པ་ཆགས་རྒྱུ་མ་ཟད། མ་འོངས་མི་དེའི་སྐོར་གནས་ཚུལ་བདེན་རྫུན་དབྱེ་འབྱེད་ཐུབ་པའི་སྐབས་སུ་ཁྱེད་རང་གི་བཤད་པའི་སྐད་ཆ་རྦད་དེ་རྫུན་གཏམ་ཆགས་ཏེ་མ་འོངས་ཁྱེད་ཀྱི་སྐད་ཆར་ཡིད་ཆེས་མེད་པ་འགྱུར་རྒྱུ་རེད། རྒྱ་མིའི་སྲིད་བྱུས་ནང་རྒྱ་ནག་གཞུང་གིས་མི་དགའ་བའི་མི་ཞིག་མེད་པ་བཟོ་འདོད་ན་དེ་ལ་ཉེས་མེད་ཀྱི་ཆབ་སྲིད་ཀྱི་ཞྭ་མགོ་གཡོག་པམ་ཡང་ན་མི་བསྐྱལ་མཁན་རེད་ཟེར་བཤད་དེ། མི་དེ་བོད་མིའི་སྤྱི་ཚོགས་ནང་སྡང་ཟུག་བྱེད་ཡུལ་ཞིག་དང་གྲོགས་མེད་འཁྱེར་རྐྱང་དུ་འཇོག་ཐབས་བྱེད་པ་གཅིག་མཚུངས་རེད།
དངོས་གནས་སྤྱི་ཕན་གྱི་སྐྱོན་བརྗོད་བྱེད་མཁན་ཞིག་ཡིན་ན་རང་གི་མིག་མཐོང་ལག་འཛིན་བྱུང་བ་དང་ཡང་ན་དངོས་དང་མཐུན་པའི་སྒོ་ནས་བཤད་ན་སྐྱོན་བརྗོད་བྱེད་ཡུལ་ནས་ངོས་འཛིན་ཐུབ་རྒྱུ་དང་མི་འོངས་ནོར་འཁྲུལ་ཡོ་སྲང་བྱེད་པར་ཕན་ཐོག་ཡོང་ངེས་རེད། མཐར་རང་སྡོད་སར་མི་བཞག མི་སྡོད་སར་རང་བསྡད་ནས་སྐད་ཆ་ཤོད་དགོས།
གློག་འཕྲིན་ཁང་འདི་བོད་དོན་དྲིལ་བསྒྲགས་ལ་གལ་ཆེ་བའི་དབང་གིས་མི་མང་པོས་ང་ཕོད་ལ་དོ་སྣང་བྱེད་ཀྱི་ཡོད་པར་འདོད། ང་ཕོད་གལ་ཆེ་བའི་དབང་གིས་མ་ཡིན་པར་ལས་ཁུངས་འདི་གལ་ཆེ་བའི་དབང་གིས་རེད། ང་ཕོད་ཀྱི་དོན་རྐྱེན་འདི། ལས་ཁུངས་ནང་གི་དབང་ཆ་འཕྲོག་ལེན་བྱེད་པའི་གཡོ་སྒྱུའི་སྦྱོར་བ་ཞིག་གམ། ལས་ཁུངས་ཀྱི་ནུས་པ་མཐོར་འདེགས་ཆེད་ཟུང་ཁྲག་གསར་སྣོན་བྱེད་ཆེད་ཡིན་ནམ། ལམ་གཉིས་ཀྱི་ར་བརྡུང་ལས་འཚེར་བའི་མེ་སྟག་རེད་དམ། རྒྱ་ནག་གི་གསང་ཉུལ་འགས་བཙོས་པའི་ཆང་ནག་ཡིན་ནམ། ང་ཕོད་བུ་ཕ་ཡི་ངོ་ལ་བལྟས་ནས་ལས་གནས་འདིར་བཞག་པ་དང་ད་ལྟ་འཇོག་དགོས་པའི་རྒྱུ་མཚན་དེ་བོར་བ་ཡིན་ནམ་འདི་དང་འདི་ལ་སོགས་པ་ནི་དྲི་བ་རེད། ལྷང་ལ་འབུད་དགོས་པའི་གནད་དོན་འགའ་ཤས་ནི། གལ་ཏེ་སྐལ་ལྡན་བློ་གྲོས་ཀྱིས་བཙན་བྱོལ་བོད་གཞུང་ཅེས་བྲིས་པའི་གོས་འཚོང་བ་ལ་ཡང་འགོག་རྐྱེན་བཟོ་གི་ཡོད་ན་དེ་ལྟ་བུའི་བྱ་ངན་སྤེལ་དགོས་པའི་མཚང་འདོན་རྒྱུ་དེ་གལ་ཆེན་པོ་རེད། རྒྱ་དངུལ་ལེན་གྱི་འདུག་གམ། བློ་ཐག་རྒྱ་མོ་ཞིག་གིས་འཇུས་འདུག་གམ། དེ་མིན་ན་གཏམ་ཡན་འདི་ཚོ་སྐལ་ལྡན་བློ་གྲོས་སྐྱག་དོང་ནང་རྫོང་ཐབས་ཁེར་བུའི་ཆེད་དུ་བྱུང་བ་ཡིན་ནམ། ཨ་རི་ལ་མི་ཆེན་སུ་ཞིག་ལ་སྒེར་སེམས་ཅན་གྱི་བྱ་སྤྱོད་བྱུང་ཚེ་དཀར་འདོན་ནམ་ནག་འདེད་གང་ཞིག་བྱེད་ཡོང་བ་འདི་མང་གཙོའི་སྤྱི་ཚོགས་ཀྱི་ཁྱད་ཆོས་དང་། དམིགས་ཡུལ་ནི་ཁོར་ཡུག་གཙང་མ་བཟོ་བ་དང་ལས་ཀའི་ཐོན་ནུས་མཐོར་འདེགས་ཀྱི་ཆེད་དུ་ཡིན་པར་སྙམ། བོད་ཉག་ཕྲ་བའི་སྐབས་འདིར། གལ་ཆེ་བའི་ལས་གནས་འདི་ཚོར་སྙིགས་དོར་བཅུད་ལེན་མ་བྱས་ན་ཤུལ་ལུས་བོད་སྤྱི་དང་། རང་སྲོག་མི་རིགས་ཆེད་འབུལ་དང་འབུལ་བཞིན་པའི་དཔའ་བོ་དཔའ་མོ་དེ་ཚོ་སྙིང་རྗེ།
༡༠༤ལགས་སུ། ཁྲི་ཤོར་བརྒྱ་མོ་ཟེར་ན་ནང་དོན་ག་རེ་རེད། སྤྱིར་བཏང་ལ་ཁྲི་ཤོར་རྒྱལ་མོ་ཟེར་བ་དང་སྐུ་ཉིད་ཀྱིས་གསུང་འབྱོན་སྟངས་ལ་བལྟས་ན་བརྒྱ་མོ་ཞེས་འབྲི་བ་ལ་བཀའ་ལུང་འདྲ་ཡོད་ལས་ཆེ་སྙམ།
པདྨ་འཕྲིན་ལས་ཟེར་ཕ་ཁྱོ་དྲ་འབུ་རང་ཡིན་པ་རང་མདོག་པསྟན་ཡོང་གི་འདུག ང་ཕོད་མི་གཅིག་ལ་འདི་འདྲའི་སེམས་ཁྲལ་བྱེད་མཁན་མང་པ་ལ།ཟེར། འདི་ང་ཕོད་མི་གཅིག་ལ་འདི་འདྲའི་སེམས་ཁྲལ་བྱས་པ་མ་རེད། བོད་དོན་དེ་ཞི་བའི་འཐབ་རྩོད་ཀྱི་རྣམ་པའི་སྒོ་ནས་རྩོད་བཞིན་ཡོད་ལས་ཡིན་དུས། རླུང་འཕྲིན་རྒྱང་བསྒྲགས་དེ་འཐབ་ར་ཨང་དང་ཕོ་དེ་ཆགས་བསྡད་ཡོད་ཕ་རེད། དམག་དཔོན་དེ་གཡུལ་ཐབས་མདུན་མའི་གོ་སྒྲིག་པ་ཡིན་དུས།དམག་དཔོན་དེ་ལས་དབང་གིས་ཡང་ང་ཕོད་བུ་ཆགས་ཡོད་པ་རེད།ང་ཕོད་བུ་རྒྱ་གར་རྡ་རམ་ལ་ས་སོང་བའི་གྲངས་ཀ་ལས་རྒྱ་ནག་པེ་ཅིང་མཁར་ལ་སོང་པའི་གྲངས་མང་ནི་རེད། དེ་ནས་རྒྱ་མིའི་སོ་བ་ཡིན་མིན་མི་ཤེས་དེ་རླུང་འཕྲིན་ཁང་ལ་གསར་འགོད་པ་འདེམས་སྐབས་རྒྱ་སྐད་ཤེས་མཁན་ཡོད་ན་འགྲིག་པསྡད་ཡོད་ཕ་རེད།གསར་འགོད་པ་ཚོར་ཤེས་ཡོན་མེད་པས་རང་སྟེང་ནས་ལས་ཚན་སྒྲིག་ཐུབ་མཁན་ཡོད་ཕ་མ་རེད།གཉིས་ནས་ཁོས་སྟངས་འཛིན་ཡག་ཕོ་མ་བྱས་དུས། གསར་འགོད་པ་ཚོས་སྟབས་གང་བདེ་ཡིས་ཤེས་བྱ་ཡོན་ཏན་ཡོད་མཁན་རྒྱུ་མཚན་གནས་ལུགས་རྟོགས་མཁན་ལ་སྐད་ཆ་མ་དྲི་བ་དང་མི་འདྲི་བའི་སྟེང་།སོ་སོས་ལྟོ་རྒྱབ་ལས་སླ་བའི་སྒང་ནས་བོད་སྤྱི་དོན་སྟེང་ན་འགྲོ་བཞིན་ཡོད་དུས།སོ་སོ་ཨ་རི་ན་བོད་ནས་ཕེབས་པའི་བཙོན་པ་ངག་དབང་བཟང་གྲོལ་ལ་སོགས་དང་གཅིག་བསྡུར་སྐབས།རང་ཉིད་གོ་ས་དང་གནས་སྟངས་གང་ཅིའི་ཚ་ནས་མི་ལས་ལྷག་ཕ་ཡིན་ཕ་ཚོར་ནས་ང་རྒྱལ་སྐྱེས།ལས་ཀ་ཉིན་མ་ཕུད་ཐཔས་བྱས།དཔེར་ན་ཉི་སྟོང་༨ནས ཨ་རི་གཞུང་གིས་བོད་དོན་རྒྱབ་སྐྱོར་ཆེད་ཨེ་ཤ་ཡ་་རླུང་འཕྲིན་ཁང་གི་ལས་རིམ་དུས་ཡུན་རིང་དུ་བཏང་།དེར་ཨ་སྒོར་སྔར་ལས་ཉིས་ལྡབ་སྥྲད་དུས།ཨེ་རླུང་གི་འགན་འཛིན་གྲས་ཨམ་སྐད་འགན་འཛིན་དཔལ་ལྡན་རྒྱལ་གྱིས་སྔ་དྲི་དུས་ཚོད་དྲུག་པའི་ལས་རིམ་འཕར་མ་དེ་ཡང་གནས་ཚུལ་གསར་བ་བསྡུ་སྒྲིག་གིས་ལས་རིམ་གསར་བ་དང་གསར་འགྱུར་རྒྱང་བསྒྲགས་ལ་ལས་ཚགས་ཆེན་པོ་འདུག་ཞེས་བཤད་ནས་གང་ལྟར་ཉིན་གཅིག་ལ་སྒྲིག་པའི་ལས་རིམ་དེ་ཡང་སྐོར་པསྐྱར་སྐོར་གྱི་ཉིན་ཞགས་ཕྲུག་གཅིག་ལ་བཏང་ནས་བཞག་པར་སུས་ཀྱང་དེ་འདྲ་བྱས་ན་ཡག་པོ་མི་འདུག་ཟེར་མཁན་ལས་ཁུངས་དང་བོད་པའི་སྥྱི་ཚོགས་གཉིས་གའི་ནང་མ་པྱུང་ཕའི་དབང་གིས་རྗེས་ནས་ཁམས་སྐད་བདེ་ཚན་གིས་ཡང་དེ་ལྟར་བྱས་ཕ་དང་།རིམ་གྱི་དབུས་སྐད་བདེ་ཚན་གི་ཡང་ལྷོད་ཡང་ལ་ཤོར་ཡོད་པའི་སྟེང་།དཕལ་ལྡན་རྒྱལ་གྱི་བར་སྐབས་ཞིག་ལ་ཁོ་རང་གི་གཙོ་སྐྱོང་གནང་བཞིན་ཕའི་གཏམ་གླེང་ལེ་ཚན་དེ་ཡང་སྔོན་ཆད་དུས་ཚོད་སྐར་མ་ཉི་ཤུ་ཡིན་པ་དེ།སྐར་མ་༡༥དང་རྠེས་སུ་འཚམས་རེར་སྐར་མ་༡༠རུ་བཏང་ནས་སྟབས་གང་བདེར་བཏང་རྗེས་ཁོང་རང་གི་ཚོང་ལས་ལ་ཤ་ཚ་ཆེན་ཕོ་བྱས་ནས། སྐབས་རེར་ཨེ་རླུང་གི་ལས་བྱེད་ཚོར་གསོལ་ཇ་རེ་གྲངས་ནས་ངོ་སོ་བླངས་ཕས་ཚང་མས་སྐད་ཆ་ལབ་ཡ་མེད་ཕ་བཟོས་ཡོད་ཕ་རེད། ད་དུང་ཀརྨ་རྒྱ་མཚོ་ཟེར་པ་དེ་མི་རང་སྣང་དག་བསྡད་ཡོད་པ་།སོ་སོའི་བསམ་ཚུལ་རྐྱབ་ཤོད་རྒྱུ་སེམས་ནས་ཡང་དང་བསྐྱར་དུ་ཁོའི་བསམ་ཚུལ་སྟེང་ལ་མ་ལྶེབས་ན་།བཅར་འདྲིའི་བྱེད་སའི་མི་ལ་སྐྡ་ཆ་རྩ་བ་ནས་བཤད་དུ་མི་འཇུག་པ་ལས་རིམ་དེ་ལྟར་རང་གི་ལྟ་བ་བཤད་ནས་རྫོགས་དུ་འཇུག་མཁན་ཞིག་ཡིན་ཕ།་དེའི་ངན་པ་ལང་ཤོར་གྱི་ན་ཚ་ཨེ་རླུང་ཚང་གི་མི་ཚང་མར་འགོས་ནས་མས་ཤེས་ང་བླ་མ་ཟེར་བ་ནང་བཞིན་ང་མཁས་པ་ཆགས་ནས།བོད་ཀྱི་དངོས་ཡོད་གནས་སྟངས་དུས་ལྟར་རྒྱང་བསྒྲགས་དང་གོ་བསྡུར་བྱེད་རྒྱུར་བཀག་རྒྱ་བྱུང་ཡོད་ཕ་རེད།ད་དུང་ཀརྨ་རྒྱ་མཚོ་དཔོན་ཉམས་ལ་དགའ་རྐྱེན་ང་ཕོད་བུ་ཡིས་དེ་ཤེས་ནས་ནམ་རྒྱུན་ལས་ཀ་ཚུང་རེ་འཛིན་ཕྱོགས་ཐད་གྲོས་པསྡུར་ལྟ་བུ་བྱས་ཕ་ཡིན་ན།ཁོ་རང་འདོད་ཕ་ཚིམ་ནས་དགའ་བསྡད་ཡོད་སྐབས་བོད་དོན་སྐོར་གྱི་གསར་འགྱུར་རེད་དབྱིན་ཡིག་ལ་བསྒྱུར་གི་རེད།དེ་མིན་ལས་བྱེད་ཚོས་ཁོ་རང་ལ་ཀརྨ་རྒྱ་ཚོ་ཞེས་སྐད་མ་བཏང་བར་ཀརྨ་ལགས་ཞེས་སྐད་བཏང་བ་ཡིན་ན།ཁོ་རང་དེས་ཡིད་ཚིམ་ནས་རང་ཉིད་འགན་འཛིན་གཞོན་པ་ཡིན་པ་ཚང་མས་ངེས་ཟིན་གྱི་འདུག་སྙམས་ནས་ཤོག་སྦུག་རླུང་ཚང་ཡོད་པ་མ་རེད།པར་ལམ་ནས་ང་ཕོད་བུ་བསམ་བློ་ཅིཞིག་འཁོར་བ་སུས་ཤེས་ཨེ་ཤའི་ཡི་ཕྱོགས་མཐའ་ཁག་གི་གསར་འགོད་པ་ཚོའི་གསར་འགྱུར་ལ་སྟངས་འཛིན་བྱེད་ཆེད་དུ་ཀླུ་འབུམ་བཀྲ་ཤིས་ཕྱོགས་མཐའ་ཁག་གི་གསར་འགོད་པ་ཚོ།ི་གསར་འགྱུར་ལ་ལྟ་རྟོགས་བྱེད་མཁན་དུ་བསྐོ་བཞག་གིས་གསར་འགྱུར་བཏང་ཆོག་མིན་ལ་ལྟ་རྟོགས་བྱེད་མཁན་དུ་བསྐོས་ནས།ངསར་འགྱུར་གཡི་ནང་དོན་ལ་སྟངས་འཛིན་
བྱས་ནས་།གསར་འགྱུར་རང་དབང་གི་ངོ་བོར་འགྱུར་ལྡོག་འགྲོ་འགོ་བཙུགས་ནས། རྒྱ་དམར་ལྟར་གསར་འགྱུར་ཡིན་མིན་དང་ནང་དོན་འདྲི་མིན་གྱི་ཚོད་འཛིན་ཐེབས་བཞིན་ཡོད་པ་རེད།དེ་འདྲ་ཡིན་དུས་རང་་མི་གཅིག་ལ་འདི་འདྲའི་སེམས་ཁྲལ་བྱེད་མཁན་མང་པ་ལ།ཟེར་བ་དེར་ཁྱེད་རང་དྲ་འབུ་རེད་མི་བསམ་མམ།གླེང་མི་ཤེས་ན་མ་བཤད་ཁ་སུམ་ནས་མིག་བཅེར་ལ་ལྟོས་ནས་བསྡོད་དང་ཐོང་ཡོང་གིམི་འདུག་ཕས། སྟག་སྤགས་འགོ་ནས་མ་མཉེས་ན་མཉེས་ཐབས་ཡོད་པ་མ་རེད།དེའི་རྐྱེན་གྱིས་ཐེངས་འདིའི་བྱེད་ཐབས་འགྲིག་ནས་བསྡད་ཡོད་པ་རེད།ད་དུང་བོད་ལ་གཏམ་དཔེ་། བ་མ་ཤི་རྙིང་བ་འཛད་མེད་ཅེས་པ་ནང་པཞིན་ལས་བྱེད་བརྗེ་བོ་ངེས་པར་དུ་མ་བརྒྱབ་ན་ན་ཚ་རྙིང་པ་ལྷག་ནས་འདུག་གི་རེད།རྒྱ་ཡན་དུ་སོང་ཡོད་པའི་མི་དེ་དག་ངན་པ་ལངས་གོམས་ཡིན་པས་ལས་འགན་དང་ལས་ཀ་རང་སོར་བཞག་ན་ཡོང་ཡ་ཁོ་རང་ཡོད་པ་མ་རེད།བོད་དོན་འཐབ་རྩོད་རྒྱུན་འཐུད་དགོས་ན་རླུང་འཕྲིན་རྒྱང་བསྒྲགས་དེ་འཐབ་ར་ཨང་དང་ཕོ་དེ་ཆགས་བསྡད་ཡོད་སྟབས་དྲ་གྲོགས་ཚོས་དགོངས་པ་གཏིང་ཟབ་ཙམ་བཞེས་ནས་བགྲོ་གླེང་ལྷུག་ཕོར་གནང་རོགས།
ཁྲི་ཤོར་བརྒྱ་མོ་ཟེརབ་འདི་ང་ཕོད་ཀྱི་རྒྱབ་རྩར་ལངས་ཁུལ་བྱས་འདུག་ཀྱང་།་ཆོ་ཡོད་གནད་ཕིག་གི་སྐད་ཆ་ནི་བཤད་རྒྱུ་མིན་འདུག མ་དགོས་པར་དོན་འབྲེལ་མེད་པའི་རྒྱ་རི་རིན་པོ་ཆེ་ཆམ་ལ་ཕབ་རྩིས་བྱས་བྱས་འདུག
ཅོང་རོང་ལགས་དེ་ཁྲི་ཤོར་རྒྱལ་མོ་རེད་སྣང་མེད་ཕྱིན་ཤག་ དགོངས་གལ་མེད་པ་ཞུ།
རྡོ་རྗེ་ལགས་ཁྱེད་རང་གི་ཡི་གེའི་ནང་གི་པ་ཚང་མ་ཕ་རེད་འདུག གསར་གཏོད་ཡིན་ནམ་ལག་ནོར་ཤོར་བ་ཡིན་ནམ།
འབེན་པ་སྟོབས་རྒྱལ་ཟེར་བ་དེར་རྒྱུས་མེད། ཁོང་གི་སྐོར་གོ་ཐོས་ཡོད་མཁན་འདྲ་ཨེ་ཡོད། ང་ཕོད་ཀྱི་རྐུབ་སྟེགས་ཚ་བོ་དེ་དྲོད་མ་ཡལ་བའི་གོང་ནས་བསྡད་སོང་ཟེར་བ་བདེན་ནམ།
བྱ་རུ་ཅན་ལགས ངས་ངག་ཕོད་འཇིགས་མེད་ལགས་ལ་རྒྱབ་རྩ་བྱས་པ་རྩ་ནས་མིན། ངས་བཤད་པའི་སྐད་ཆ་དེ་རྣམས་་ཁུངས་དང་ལུང་ཡོད་ལ་དཔངས་རྟགས་ཡོད་པའི་སྐད་ཆ་ཡིན་ལ་ཁྲིམས་དང་དཔོན་པོ་སུའི་མདུ་ན་སར་བཤད་དགོས་ཀྱང་ར་སྤྲོད་བྱ་རྒྱུ་པ་ཞིག་ལས་་སྣང་བ་དར་བ་དང། མ་ཡིན་པ་རེད་ཟེར་ཤོད་ཀྱི་མེད།
རྒྱ་རི་རིན་པོ་ཆེས་ད་བར་ཡོད་པ་ཐབས་བཅད་བྱས་ཚར་བ་དང་བྱེད་རྒྱུ་ཡོད་པ་དང་གསག་རྒྱུ་ཡོད་པ་ཚང་མ་བྱས་ཚར་བ་རེད། ཆམ་པ་འབབ་དགོས་ཀྱི་མ་རེད་ལ་ཆམ་ལ་འབབ་ཡ་བསྡད་ཡོད་པ་མ་རེད།
འོ་ན་ང་ཕོད་བུ་བློ་ད྄ཀར་རྣམ་དག་ཡིན་པ་དང་འཇོན་པོ་འཁྲབ་ན་རྒྱ་རིས་ལས་ཞེ་པ་ཡོད་ན། ལོ བཅུ་དྲུག་འཇོན་རབས་ངོམ་སའི་རྐུབ་སྟེགས་དེའི་ཐོག་བཞག་ཀྱང་ལས་སྤུས་ནི་ཟུར་བལྟས་ལེབ་མཐོང་རེད་འདུག ཨེརླུང་ཧྲག་མདོ་སྒྲིལ་ཐུབ་མེད་པས་གསལ་བཤད་ཐུབ། ཁོ་རང་སྒེར་གྱི་ངོས་ནས་བཤད་ཀྱང་མངོན་གསལ་དོད་པའི་མཛད་པ་གང་ཡང་མི་འདུག ཡི་གེའི་ལས་ཀ་ལོ་མང་བྱང་ཀྱང་རྩོམ་རྡོག་ངོ་དྲག་གཅིག་ཡང་མི་འདུག དེ་མིན་མང་ཡང་འདིར་རྒྱས་བཤད་བྱེད་པའི་དུས་ཁོམ་མེད། རྗེས་སུ་གླེང།
ང་ཕོད་འཇིགས་མེད་ཀྱི་དོན་རྐྱེན་འདི། ༡ལས་ཁུངས་ནང་གི་དབང་ཆ་འཕྲོག་ལེན་བྱེད་པའི་གཡོ་སྒྱུའི་སྦྱོར་བ་ཞིག་གམ། ༢ལས་ཁུངས་ཀྱི་ནུས་པ་མཐོར་འདེགས་ཆེད་ཟུང་ཁྲག་གསར་སྣོན་བྱེད་ཆེད་ཡིན་ནམ། ༣ལམ་གཉིས་ཀྱི་ར་བརྡུང་ལས་འཚེར་བའི་མེ་སྟག་རེད་དམ། ༤རྒྱ་ནག་གི་གསང་ཉུལ་འགས་བཙོས་པའི་ཆང་ནག་ཡིན་ནམ། ༥ང་ཕོད་བུ་ཕ་ཡི་ངོ་ལ་བལྟས་ནས་ལས་གནས་འདིར་བཞག་པ་དང་ད་ལྟ་འཇོག་དགོས་པའི་རྒྱུ་མཚན་དེ་བོར་བ་ཡིན་ནམ་ཅེས་ངས་གོང་གི་མཆན་ནང་དུ་དྲི་བ་ལྔ་བཞག་ཡོད་ལ། ད་ལྟ་རྙོག་དྲ་ཆེ་རུ་འགྲོ་ཚུལ་འདི་ལ་བལྟས་ན་གོང་གི་དྲི་བ་ལྔ་པོ་དེ་ཕར་འདྲེས་ཚུར་འདྲེས་བྱས་མེ་དམ་སྙམ། གཞན་ཡང་ང་ཕོད་འཇིགས་མེད་ལགས་བོད་པའི་communityནང་གསར་འགྱུར་ལས་སྤེལ་ཐོག་གྲགས་པ་ཆེན་པོ་ཡོ་རེད་ཟེར་བ་དེ་ཨེ་རླུང་ནང་གི་བོད་པའི་ཁྲོད་དུ་ཟེར་གྱི་ཡོད་པ་ཡིན་ན། མི་ཤེས།
ཨེ་རླུང་ཁང་གི་ལས་བྱེད་པ་ཚོ་གནས་ཚུལ་གོ་ཚོད་ལ་མ་ཚོད་བྱས་ཏེ་ངག་ཕོད་འཇིགས་མེད་ལ་རྒྱབ་སྐྱོར་ཁུལ་བྱས་ཏེ་ཨ་རིའི་གྲོས་ཚོགས་ལ་གང་བྱུང་མ་བྱུང་ཁུངས་ལུང་མེད་པའི་གནས་ཚུལ་ཞུས་ནས་གནས་ཚུལ་དེ་ཨེ་རླུང་ཁང་དུ་སྨྲ་རྗོད་རད་དབང་མེད་འདུག་ཟེར་ནས་རྒྱ་མའི་ལག་ཆར་འགྱུར་རྒྱུ་རེད་འདུག འཇམ་དབྱངས་ནོར་བུའི་སྐོར་དེ་གསར་འགོད་ཁྱེད་རང་ཚོ་དང་གསར་འགྱུར་ཉན་མཁན།་དོ་སྣང་ཅན་ཚོས་ཤེས་ངེས་རེད། འཇམ་དབྱང་ནོར་བུས་བོད་གཞུང་དང་༧གོང་ས་མཆོག་་ལ་སྐྱོན་བཙུགས་ཀྱི་རྩོམ་སྤེལ་བ་ཚང་མ་རྒྱ་གཞུང་གིས་བེད་སྤྱོད་བཏང་བའི་ལག་ཆ་ཞིག་ཆགས་ཡོད་པ་ཤེས་མ་བྱུང་ངམ། རྒྱ་གཞུང་གི་དམིགས་ཡུལ་ནི་༧གོང་ས་མཆོག་དང་བོད་གཞུང་མེད་པ་བཟོ་རྒྱུ་ཡིན་སྟབས་འཇམ་དབྱང་ནོར་བུའི་གཏམ་དང་རྩོམ་ཡིག་རྒྱ་ནག་གཞུང་གི་ལག་ཆ་ཡག་པོ་ཞིག་ཆགས་པ་ནི་ཨ་རིའི་གྲོས་ཚོགས་འཐུས་མི་ཁོང་ནས་ཤེས་ཡོད་དམ།
འཇམ་དབྱང་ནོར་བུས་བོད་གཞུང་དང་བཙན་བྱོལ་གྱི་མང་གཙོར་་སྐྱོན་བརྗོད་བྱས་པའི་རྩོམ་ཡིག་རྒྱ་ནག་གཞུང་གིས་ལག་ཆ་བྱས་པ་ཁྱོད་ཚོས་མཐོང་ཡོད་ཤག་རེད། འཇམ་དབྱང་ནོར་བུའི་སྐོར་ལ་རླུང་འཕྲིན་ཉན་མཁན་མང་པོའི་བསམ་འཆར་ཡོད་པ་རེད་། འཛམ་གླིང་རྒྱལ་ཁབ་མང་པོའི་ནང་དམངས་གཙོ་ཡིན་ཟེར་གི་འདུག་ནའང་གསར་འགྱུར་དང་བརྙན་འཕྲིན།་དུས་དེབ་སོགས་ནང་སྲིད་དོན་ཚོགས་པ་སོ་སོའི་ལྟ་བ་བཤད་པ་མ་ཚད། བརྙན་འཕྲིན་ནང་སོ་སོའི་བལྟ་བ་མཐུན་པ་སྐད་བཏང་ནས་འགྲོ་གླེང་བྱས་པ་མ་གཏོགས་བསམ་ཚུལ་འདྲ་མིན་གླེང་ས་མིན་འདུག་ག དབྱངས་ནོར་བུའི་ལས་རིམ་དེ་བཙན་བྱོལ་ནང་རྙོག་ཁྲ་ཡོད་པ་མ་ཚད། གཞིས་ལུས་བོད་མིའི་སེམས་ཤུགས་ལ་གནོད་གི་ཡོད་པ་ཀླེང་མཁན་མང་པོ་འདུག་ག་ཁྱེད་རང་ཚོས་ཤེས་དགོས་པ་རེད།
རོག་ར་དཔའ་ཆེན་འདི་ནམ་རྒྱུན་རྒྱ་ནག་ལ་མཁྲེགས་པོ་བྱེད་མཁན་ཞིག་ཡོད། དགའ་པོ་ཡོད། དེ་རིང་ང་ཕོད་འཇིགས་མེད་ཀྱི་དོན་རྐྱེན་འདིའི་ཐད་སྲིད་སྐྱོང་གྱད་མི་བློ་བཟང་སེང་གེ་དང་བསམ་ཚུལ་བརྗེ་ལེན་བྱས་པའི་རྗེས་སུ་རྒྱ་མོ་ལི་པི་རླིད་ལ་ཡིག་གེ་དེ་བཏང་བའམ་ཨེ་རླུང་ཚང་གི་ས་ཡིག་དེ་ཚོ་ཁོ་ནས་འབུད་རྒྱག་ཐེབས་པ་རེད། སྔོན་མ་སྲིད་སྐྱོང་གཉིས་ཀྱིས་ཨེ་རླུང་ཚང་གི་འགོ་ཁྲིད་ལས་ཀའི་ཐོག་བསམ་ཚུལ་འདོན་མྱོང་བ་ཙམ་གྱིས་ད་ལྟ་ཡང་ཆབ་སྲིད་དང་འབྲེལ་བ་ཡོད་པ་ཡིན་ནམ། རྒྱུས་ཡོད་ཚོས་གསལ་བཤད་ཅིག་གནང་རོགས།
དྲ་གྲོགས་རྣམས་པ་ལྷན་རྒྱས་མཆོག་ལ་ཆེད་ཞུ་གོང་དུ་ང་ཕོད་འཇིགས་མེད་ལ་གང་ཐུབ་ཅི་ཐུབ་ཀྱིས་རྒྱབ་རྩ་གནང་མཁན་ཁྲི་ཤོར་བརྒྱལ་མོ་ཟེར་བ་དེ་སུ་ཡིན་ངས་གསལ་པོ་ཤེས་སོང་ཁོང་ནི་ང་ཕོད་འཇིགས་མེད་ཀྱི་སྐྱེ་དམན་གྱི་གཅུང་པོ་རེད་འདུག་བྱས་གཙང་ཁོང་ནས་ང་ཕོད་ལ་རྒྱབ་རྩ་གནང་དང་གནང་ཧ་ཧ་ཧ་ཧ་
་་་་་ཁྲི་ཤོར་བརྒྱལ་མོ་ཟེར་བ་དེ་སུ་ཡིན་ངས་གསལ་པོ་ཤེས་སོང་ཁོང་ནི་ང་ཕོད་འཇིགས་མེད་ཀྱི་སྐྱེ་དམན་གྱི་གཅུང་པོ་རེད་འདུག་་་་་ ཟེར།