བོད། ལྷ་ཀླུ་གཉན་གསུམ།
ཚོང་རྫས་ལྟ་བུའི་ང་རང་
ཁྱེད་ཚང་གི་སྒོ་འགྲམ་དུ་སླེབས་པའི་སྔ་གཞུག་ལ
རིན་གོང་ག་ཚོད་ཅིག་ང་ལ་འབབ་སྲིད
རིག་དངོས་རྙིང་བ་ཞིག་དང་ཅི་ཁྱད
ངས་གང་ཡང་བྱེད་ཐུབ་ཀྱི་ཡོད
དགའ་དུས་དགོད་སྤྱད་བྱེད་ཆོག་ལ
སྡུག་དུས་ངུ་རོགས་ཀྱང་ཉན་ངེས་ཡིན
ཁྱེད་ཚང་གི་ང་ངོ་མ་ཤེས་ཀྱི་ཡོད་དམ
མི་ལོ་དུ་མ་ཞིག་གི་རིང་དུ
ང་ཁྱེད་ཚང་དུ་སྒོ་འགྲམ་གྱི་གད་སྙིགས་ཤིག་དང་འདྲ་བར
སྣང་མེད་དུ་ལུས་སོང་
ད་ནི་ང་རང་བདག་པོ་བྱེད་པའི་དུས་ཤིག་ཡོད་ན་བཟང་བར་སྙམ
འོན་ཀྱང་ མི་འགྱངས་པར་བློ་འགྱོད་བྱེད་དགོས་དུས་ཤིག་ལ
དུས་ཚོད་ནི་རམ་མདང་མེད་པའི་བྲོས་བྱོལ་བ་མ་ཡིན་ནམ
དེང་སང་མི་ཉོ་མཁན་དང་། མི་ཚོང་མཁན་ཚང་མ། ཁྲིམས་འགལ་དུ་བརྩི་བ། མ་གཏོགས་་་་་་་ ངས་་་་་་་་
འོ་ཡ། དེ་སྔོན་ཁྱེད་ཉོ་རྒྱུའི་ཆེད་སི་ཏུའི་ཐུགས་སྲས་ཨོ་རྒྱན་ཕྲིན་ལས་རྡོ་རྗེས་དངུལ་ཕོན་ཆེན་བསྡུ་རུབ་བྱས་འདུག་ཀྱང་སྟབས་མི་ལེགས་པ་ཞིག་ལ་རྒྱ་གར་གཞུང་གི་གསང་ཉུལ་བ་ཚོས་ཤེས་རྟོགས་བརྒྱུད་ནས་ཉེན་རྟོག་པ་རྣམས་ཀྱི་ལག་ཏུ་ཤོར་འདུག་པས་ད་ཅི་དྲག ད་ལྟ་ཁྲིམས་གཤེར་བྱེད་བཞིན་པའི་སྒང་རེད། མ་གཞི་རྒྱ་གར་གཞུང་གིས་བཤད་ཚུལ་ལྟར་ན། ཁྱེད་ལ་དངུལ་སྒོར་བྱེ་བ་དྲུག་གི་གོང་ཚང་རྒྱབ་འདུག་པ་འདི་ཨོ་རྒྱན་ཕྲིན་ལས་རྡོ་རྗེས་ས་སྟེང་ན་མི་ཤོང་བའི་ཁྲིམས་འགལ་གྱི་ཉེས་པ་ཆེས་ཤོག་དེ་བསགས་པ་རེད་ཟེར། གང་ལྟར་དེང་སང་གི་གསར་འགྱུར་ཡོད་ཚད་ཀྱི་ནང་གླེང་གཞི་གཙོ་བོ་ཞིག་ཆགས་ཡོད་པ་མ་ཟད། ད་དུང་ཁྱེད་ལ་གོང་ཚད་རྒྱག་སྟངས་མི་འདྲ་བ་སྣ་ཚོགས་ཤིག་གནང་འདུག་པ་ནི། རྒྱ་སྒོར་གྱི་སྟེང་ནས་ ༼Chinese Yuan 11,00,000༽འབུམ་བཅུ་གཅིག་དང་། ཨ་སྒོར་གྱི་སྟེང་ནས་ ༼U$D 6,00,000༽ འབུམ་དྲུག གཞན་ཧིན་སྒོར་གྱི་ཐོག་ནས་ ༼Rs. 30,00,000༽ འབུམ་སུམ་ཅུ་བཅས་གོང་ཚད་ཀྱི་རིམ་པ་སྣ་ཚོགས་བྱུང་འདུག མ་གཞི་ཕྱོགས་གང་ནས་བསམས་ཀྱང་ཅུང་ཟད་ཐལ་དྲག་པ་རེད། ཁྱེད་རང་གིས་ལུས་པོའི་རྒྱུ་ཆ་ཡོངས་རྫོགས་རྡོ་རྗེ་ཕ་ལམ་ལས་གྲུབ་པ་ཞིག་ཡིན་ཡང་འདི་འདྲའི་གོང་ཚད་རྒྱག་སྟངས་ཤིག་གཏན་ནས་མ་རེད་ཡ། སྤྱིར་བཏང་གོང་ཚད་ཆེ་ཆུང་གང་ལྟར་བྱས་ཀྱང་རུང་སྟེ།
ཀ་རྡོ་རབ་འབྱམས་པས་བཤད་པ་བཞིན་དེང་སང་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ན་མི་ཉོ་མཁན་དང་བཙོང་མཁན་གཉིས་ཀ་ནག་ཉེས་ཆེ་ཤོས་གསོག་མཁན་གྱི་གྲས་ཤིག་རེད།
དངུལ་རྣམས་དཀར་པོ་ཡིན་མིན་ལ་བསྙད་འདོགས་བྱེད་ན་ལས་དེ་མིན་དངུལ་ཕོན་ཆེན་པོ་གང་ཡང་མ་རེད། གཙོ་བོ་ནི་སོ་སོའི་ལུང་པ་མེད་པའི་གནས་བབ་ཐེངས་གཅིག་ར་སྤྲོད་བྱས་པ་ཙམ་ཞིག་རེད། དེ་འདྲ་སོང་ཙང་ཚང་མས་སོ་སོའི་གནས་བབ་ཤེས་རྟོགས་གནང་རོགས།
World News, News of World, Top World News, World Breaking Headlines – Times of India
http://www.timesnow.tv/articleshow/4363904.cms
གཙོ་བོ་ནི་སོ་སོའི་ལུང་པ་མེད་པའི་གནས་བབ་ཐེངས་གཅིག་ར་སྤྲོད་བྱས་པ་ཙམ་ཞིག་ཡིན་མིན་མི་ཤེས་ཏེ། ཁྲིམས་མཐུན་གྱི་ལམ་ལུགས་ཐོག་གོམས་པ་སྤོས་སྟངས་ནོར་བའི་གནས་བབས་ཤིག་ནི་ཕྱི་གསལ་ནང་གསལ་ངང་ངོ་སྤྲོད་བྱས་འདུག་པ་དེ་འདྲ་སོང་ཙང་་་་ཚང་མས་སོ་སོའི་གནས་བབ་ཤེས་རྟོགས་གནང་རོགས།