སྲོང་བཙན་བུ།
མདང་དགོང་བོད་ལ་ཁ་པར་ཞིག་བཏང་བ་ཡིན། སེམས་མི་སྐྱིད་པ་ཞིག་བྱུང་། སྙིང་རླུང་སྟོད་ལ་འཚང་བ་ཞིག་བྱུང་། ཁ་པར་ནང་ནས་ཐོས་པའི་སྐད་ཆ་ནི་གཤམ་གྱི་འདི་ཡིན། ཁ་སྐད་རང་དུ་བྱས་ཡོད།
“ང་བརྒྱད་ལོ་མིག་ལ་འཁོར་ཡོང་གི་འདུག ཉིས་སྟོང་བརྒྱད་ལོར་མུན་ནག་གི་ནམ་མཁའ་ལངས་པར་བསམ་ཡོད། ད་དེ་ཡང་གནའ་སྔ་མོ་འདྲ་ཞིག་རེད། ད་ལོ་འདི་འཇིགས་སྐྲག་གི་ལོ་ཞིག་རེད། ངར་བ་ཚང་མ་འབར་ནས་བུད་ཐལ། ཤུ་རེ་ཁོ། ཕ་ཨ་ཁུ་ཤེས་རྒྱ་ཅན་པོ་ཚང་མ་ང་བརྒྱད་ལོར་ར་ལུག་འདེད་འདེད་བྱས་ནས་ཅིག་ལ་དེད་སོང་ནི་རེད། ཕྱིར་འོང་མེད་ས་ཞིག་ལ་དེད་སོང་ནི་རེད། ཁ་སང་དེ་རིང་ད། སྒར་ཁྲ་ཁྲ་གན་ཡང་མྱིག་ལ་མི་ཡག་གི སྒར་མཐའི་མཇལ་བ་རིག་ན་སྙིང་རྗེ་གི སྒར་ནང་གི་བླ་མ་དྲན་ན་སྙིང་རྗེ་གི ཡང་ཉི་མ་དམར་པོ་ཞིག་ཤར་རྒྱུ་རེད་བསམ་ན་སྐྲག་ནི་ཟིག་རེད།
རྒྱ་འདི་བ་ཚང་ལ་རློམ་རྒྱུ་ཞིག་མེད། སྐྱེ་རྒུ་མདོ་ནས་བླ་མ་གྲྭ་པ་ཚང་མས་སེན་མགོ་ཁྲག་དང་སེན་རྟིང་རྣག་བྱས་ནས། ས་འོག་གི་གསོན་པོ་ཚོའི་སྲོག་མཐུད་ནི་རེད། མཐའ་མ་རྔ་མ་དེར་རྒྱ་དམག་གིས་མེ་མདའ་ཚད་ནས་ལ་འདེད་ལུང་འདེད་བཏང་ནི་རེད། བོད་ཁ་བ་ཅན་པོ། གོས་གོང་བ་ཅན་པོ། ལག་ཕྲེང་བ་ཅན་པོར། རང་གིས་རང་ལ་རོགས་རམ་འདེགས་བྱེད་དབང་ཡང་མེད་ཀི ཤ་ཚ་མཁན་གྱི་རྒྱལ་ཁབ་ཟེར་བ་དེ་ར་མེད་ཀི སྙིང་ཉེ་བའི་ལྷ་རང་འབབ་ཡེད་ནི་ཟིག་གང་ན་ཡོད་ནིས། རྒྱ་འདི་བ་ཚང་གིས། བོད་རིག་མི་ཉན་ནོ་ང་བརྒྱད་ལོ་ནས་ད་བར་དུ་གཅིག་རེད། ང་བརྒྱད་ལོ་ཡང་བསྐྱར་མྱིག་སྔུན་ལ་འཆར་བ་འདི་ཅི་ཡིན་ནམ།”
“ད་ང་མི་ལོ་བདུན་ཅུ་དོན་བཞིར་བུད་ཡོད། རྒན་པ་ང་ཚོའི་མྱིག་མ་བཙུམ་སྔོན་ལ། ད་དུང་ཅི་ཞིག་རིག་རྒྱུ་ཡིན་ཧ་གོ་གི་མི་འདུག ཨ་ཤུ་རེ་ཁོ། བོད་ཕྱི་རབས་པའི་མགོ་ལ་ང་བརྒྱད་ལོ་འདི་ཡར་བསྐྱར་ཤར་ན་ཐང་གི ད་ཅི་བྱེད། མྱི་ངར་བ་ཚོ་འབར་ནས་བུད་ཐ། ད་ཅི་བྱེད”
ཨ་མྱེས་ཁྱོད། སེམས་པ་མ་ཕམ། སེམས་ཤུགས་མ་ཆགས། བཙན་པོའི་བུ་བརྒྱུད་འདི་ལ་འཛམ་གླིང་སུ་གང་གི་འགྲན་ཟླ་བྲལ་བའི་དཔའ་དང་བློ་ཁོག་ཡོད། ཤེར་བརྩོན་སྙིང་རྗེ་ཡང་ཡོད། ད་ནི་ང་ཚོས་རྒྱ་མི་དམར་པོ་མཐའ་བུད་གཏང་བའི་དུས་ལ་སླེབས་ཡོད། སྤུན་ཟླ་ཚོ་ལག་གདངས་སྒྲིལ་། མཉམ་རུབ་བྱོས། ཆིག་སྒྲིལ་བགྱིས། ཀི་ཧི་ཧི་་་་་་་་
འདི་ད་དངོས་གནས་བོད་ནང་གི་འབྲོག་པ་རྒན་པ་ཚོའི་ཁ་བརྡ་རེད་ཡ། གོ་རྒྱུ་ཅན་ལབ་ན་དེ་རང་རེད།
རྒྱལ་བ་རིན་པོ་ཆེ་གཙོའི་བོད་ཕྱིི་རོལ་ན་ཡོད་པའི་བོད་རིགས་མིང་ཅན་དང་མི་དམངས་དཀྱུས་མ་སོགས་ཡོད་དོ་ཅོག་༢༠༡༣་ལོའི་སུམ་བཅུའི་དུས་དྲན་ཉིན་འགོ་བཟུང་བོད་ལ་ལོག་འགྲོ་བའི་ལས་འགུལ་སྤེལ་ན་ད་གཟོད་ལྟ་རྒྱུ་ཞིག་དང་ལག་ཟིན་ཡོད་པའི་འབྲས་བུ་ཞིག་ཡོང་གི་རེད་བསམ། ལས་འགུལ་དེ་བོད་སྐྱབས་བཅོལ་སྒྲིག་འཛུག་ནས་འགོ་འཛུག་རོགས་ཞུ། བདག་ཡང་ཉི་མ་དེ་ལ་རྒྱ་གར་ལ་འབྱོར་བ་བྱས་ནས་ལས་འགུལ་ལ་ཞུགས་ཡོང་།
ངས་ཀྱང་ཁ་པར་དང་དྲ་རྒྱ་བསྐྱར་དུ་སྒོ་ཕྱེས་རྗེས་ཡུལ་མི་ལ་ཁ་བརྡ་བྱས་པ་ཡི་། འཇིགས་སྣང་གི་བཤད་སྟངས་དེ་རང་རེད། ཡིན་ནའང་ཁོང་ཚོས་བཤད་རྒྱུར། སྔ་མོར་བུ་རྒོད་པོ་དང་ཕ་དཔའ་བོ་མང་ཡང་་ཁ་འཐོར་དགུ་འཐོར་རེད། དེ་རིང་ནངས་ཁ་དེ་ལྟ་བུ་མ་རེད། དེང་སང་གི་གཞོན་སྐྱེས་ཚོ་གནས་ལུགས་བཤད་རྒྱུའི་སྤོབས་པ་ཡོད་གི དཔུང་པ་མཉམ་རུབ་བྱེད་ཐུབ་གི གནས་ཚུལ་གང་བྱུང་སྐར་མ་ཆ་རེས་ནང་བོད་མདོ་དབུས་ཁམས་གསུམ་ལབ་བརྡ་འཕྲིན་དང་ཁ་པར་བརྒྱུད་ནས་་ཁྱབ་ཐུབ་གི། འདི་ང་ཚོའི་སྐབས་ན་མེད་པའི་སྙིང་སྟོབས་ཞིག་རེད་ལབ་སོང་།