བར་ཕུ་ཕུན་ཚོགས།
ང་བོད་མི་ཞིག་ཡིན་པས།
གངས་ལྗོངས་ང་ཡི་ཕ་ཡུལ་ཡིན།
གངས་ཆབ་ང་ཡི་ཟུངས་ཁྲག་ཡིན།
གངས་རི་ང་ཡི་སེམས་པ་ཡིན།
གངས་ཕྲུག་ང་ཡི་སྤུན་ཟླ་ཡིན།
ང་བོད་མི་ཞིག་ཡིན་པས།
མཐོ་ཚད་བཞི་སྟོང་དགུ་བརྒྱར་གནས།
རྒྱ་ཁྱོན་ས་ཡ་གཉིས་ལྷག་སྤྱོད།
རྒྱལ་རྒྱུད་སྲོང་བཙན་སྒམ་པོ་ཡོ
རྒྱལ་ས་བོད་ཀྱི་ལྷ་ས་ཡིན།
ང་བོད་མི་ཞིག་ཡིན་པས།
ཕ་རྒྱུད་སྤྲེའུ་རྒན་ཤེས་རབ་ཅན།
མ་རྒྱུད་བྲག་སྲིན་བྱམས་སེམས་ཅན།
བོད་སྐད་བདག་གི་ཕ་སྐད་ཡིན།
བོད་ཆས་བདག་གི་ཆས་གོས་ཡིན།
ང་བོད་མི་ཞིག་ཡིན་པས།
བོད་ཟས་སྦྲང་སྦྲང་དཀར་རྩམ་པ་ཡོ
བོད་ཡིག་དབྱངས་གསལ་སོ་བཞི་ཡོད།
བོད་རིགས་ས་ཡ་དྲུག་ཅུ་ཡོད།
བོད་ཟོག་ཞི་འཇམ་འབྲི་གཡག་ཡོད།
ང་བོད་མི་ཞིག་ཡིན་པས།
དགའ་ས་བོད་པའི་མི་རིགས་ཡིན།
སྡོད་ས་བོད་མིའི་སྤྱི་ཚོགས་ཡིན།
བརྡ་སྤྲོད་བོད་ཀྱི་སྐད་ཡིག་ཡིན།
སྦྱང་བྱ་བོད་ཀྱི་རིག་གཞུང་ཡིན།
ང་བོད་མི་ཞིག་ཡིན་པས།
མགོ་ན་དབུ་ཁྲིད་བཟང་པོ་ཡོད།
བདེ་སྡུག་གཟིགས་པའི་དཔོན་པོ་ཡོ
འོག་ན་ཆབ་འབངས་དྲང་པོ་ཡོད།
མཐུན་སྒྲིལ་སྟོབས་ཤུགས་རྒྱས་ནས་
ང་བོད་མི་ཞིག་ཡིན་པས།
དུང་སེམས་བོད་ལ་བཅངས་ནས་ཡོང་།
རེ་སྒུག་བོད་ལ་བཅོལ་གྱིན་ཡོད།
ལེགས་སྐྱེས་བོད་ལ་ཕུལ་ན་འདོད།
སྐྱིད་སྡུག་བོད་ལ་འདྲེས་ནས་ཡོད།
ང་བོད་མི་ཞིག་ཡིན་པས།
དགྲ་བོ་ཚོར་ངོ་བསྟོད་མི་ཞུ།
རྒྱ་འདྲེ་ལ་ལག་རྡང་མི་བྱེད།
རང་རིགས་ལ་གནོད་སེམས་མི་འཛིན།
དགྲ་རིགས་ལ་སྙིང་རྗེ་མི་སྟོན།
འབའ་ཕུན་གྱི་དེབ་གསར་པ་ཆེན་པོ་གཉིས་འདུག
འབའ་ཕུན་ལགས་ཀྱིས་དེབ་གསར་ཆེན་པོ་གཉིས་འདུག