ཀླུ་སྨྱོན།
ང་ཆུང་ཆུང་དུས་སུ་ཕ་ཡུལ་དུ་རྒྱ་མི་རིགས་མང་པོ་ཞིག་འདུག་ཅིང་། དེ་ཡང་ངའི་གྲོང་སྡེ་ནས་རྫོང་མཁར་ལ་འགྲོ་སའི་ལམ་ཁའི་གཡས་གཡོན་དུ་རྒྱ་གྲོང་བཞི་ཙམ་ཞིག་འདུག རྒྱ་གྲོང་གི་རྒྱ་མིའི་ཁྲོད་དུ་ཕྱེད་ཀར་བཟའ་ཚང་ཡོད་ཅིང་ཕྱེད་ཀ་ཕོ་ཧྲེང་རེད་འདུག ཁོ་ཚོར་ཞིང་ས་ཆེན་པོ་ཡོད་པ་དང་ལམ་ཁ་བཟོ་རྒྱུའི་ལས་ཀ་ཡང་སྤྲོད་བཞིན་འདུག ཁོ་ཚོའི་གདོང་པ་ནི་མཚོ་བོད་མཐོ་སྒང་དུ་གཞིས་ཆགས་པའི་རྒྱ་རིགས་ཀུན་དང་འདྲ་བར་དཀར་ལ་དམར་མདངས་ཆགས་པ་དེ་འདྲ་ཡིན་ཞིང་། དེ་ནི་བོད་མཐོ་སྒང་གི་གྲང་ངར་གྱིས་ཁོ་ཚོའི་ཤ་མདོག་ངོ་མ་དཀར་སེང་སེང་དེ་མདོག་བསྒྱུར་པ་ཙམ་ཞིག་རེད།
ད་དུང་སྐབས་དེར་རྒྱ་སྐད་དུ་ཀྲི་ཧྲི་ཆིས་ཉན་ཟེར་བ་བོད་སྐད་དུ་ན་གཞོན་ཤེས་ཡོན་ཅན་ཟེར་བ་དེ་འདྲ་མང་པོ་གྲོང་གསེབ་ཏུ་ཡོང་ནས་གཞི་རིམ་མང་ཚོགས་ཀྱི་འཚོ་བར་ཟབ་ཞུགས་བྱེད་པ་དེ་འདྲ་རྟག་པར་མཐོང་རྒྱུ་འདུག དེ་དུས་ན་གཞོན་དེ་འདྲ་མང་པོ་མཉམ་དུ་སྡོད་དུས་བཙན་གཡེམ་དང་རྡུང་རེས་བྱེད་པ་ལྟ་བུའི་སྤྱོད་ཚུལ་མི་ལེགས་པ་དེ་འདྲ་ཡང་སྐབས་རེར་མཐོང་རྒྱུ་ཐོས་རྒྱུ་འདུག་པར་ཡ་མཚན་ཅི་ཡང་མེད། མདོར་ན་ང་ཆུང་དུས་ངའི་ཕ་ཡུལ་དུ་རྒྱ་རིགས་དང་བོད་རིགས་གཉིས་ཕན་ཚུན་སྡང་སེམས་མེད་པར་མི་ཚེ་སྐྱེལ་བཞིན་འདུག
ངའི་ཕ་རྒན་ནི་ང་ཚོའི་སྡེ་བའི་ནང་གི་ཤེས་ཡོན་ཅན་དུ་བགྲང་ཆོག་པར་འདུག་སྟེ། ཁོང་ང་བརྒྱད་ཡར་སྔོན་དུ་ལོ་འགར་གྲྭ་པ་བྱས་པ་དེས་ཁོང་གིས་བོད་ཡིག་འབྲི་ཀློག་རང་སྐྱ་འཕེར་བ་ཞིག་དང་། ཁོང་རང་གི་ཐུན་མིན་གཤིས་རྒྱུད་དེས་སྒྲུང་གཏམ་སྣ་ཚོགས་ཀློག་རྒྱུར་ཧ་ཅང་དགའ་བ་ཞིག་ཀྱང་རེད་འདུག དེ་བཞིན་ཁོང་དང་འཕགས་པ་ཟེར་བའི་སྡེ་མི་ན་གཞོན་གཞན་ཞིག་ནི་སྡེ་བའི་ནང་གི་རྒྱ་མིའི་ཉལ་གོས་བེད་སྤྱོད་བྱེད་མཁན་ཆེས་ཐོག་མ་དང་། སོ་སྨན་དང་འདག་རྫས་བེད་སྤྱོད་བྱེད་མཁན་ཐོག་མ། རྒྱ་སྐད་བཤད་མཁན་ཐོག་མ་བཅས་ཀྱང་རེད་འདུག
འདིར་མ་གླེང་ཐབས་མེད་ཅིག་ནི་རྫོང་མཁར་གྱི་ནོམ་བརྒྱ་ཚོང་ཁང་དེ་ཚོའི་ནང་གི་རྒྱ་མོ་ལ་ལ་ཡིན། དེ་ཚོས་བོད་པ་ཚོས་རྒྱ་སྐད་མི་ཤེས་པ་དང་གཙང་སྦྲ་མེད་པར་བསྙད་དེ་ཅ་ལག་ཉོ་དུས་ཁ་རྡུང་གཏོང་བ་དང་ཁ་ཡ་མི་བྱེད་པའི་གནས་ཚུལ་ཞིག་ལ་རྟག་པར་འཕྲད་རྒྱུ་ཡོད། གལ་སྲིད་རྒྱ་མོ་ཞིག་གིས་བོད་པ་ཅ་ལག་ཉོ་མཁན་ཚོར་རྣམ་འགྱུར་ཡག་པོ་རེ་བསྟན་ཚེ་བོད་རིགས་ཚོས་གཅིག་ལ་གཅིག་བརྒྱུད་ཀྱིས་རྒྱ་མོ་དེ་འདྲའི་བཟང་པོ་ཞིག་ཨང་ཞེས་བསྟོད་པ་འཐེན་བཞིན་འདུག
ངའི་ཕ་རྒན་ལ་རྒྱ་མིའི་ཁྱིམ་ཚང་ངོ་ཤེས་ཤིག་འདུག་ཅིང་། ངེད་ནང་མིས་ཁོ་ཚོར་ཟོག་གི་ལྕི་བ་སྐམ་པོ་དང་གཡག་ལུག་གི་ཤ་སོགས་སྤྲོད་པ་དང་། ཁོང་ཚོས་ངེད་ཚང་ལ་སྔོ་ཚོད་འདྲ་མིན་སྤྲོད་པ་མ་ཟད། ཐེངས་ཤིག་ལ་རྒྱ་མིས་ཏ་ཡིས་ཟེར་བའི་པགས་ལྭ་ཕྱི་ཤུན་སྔོན་པོ་ཅན་ཧ་ཅང་སྙིང་རྗེ་བོ་གྱོན་ན་ལུས་པོ་ཚ་སོབ་སོབ་བཟོ་བ་དེ་འདྲ་ཞིག་ཀྱང་བཟོས་མྱོང་། ཐེངས་ཤིག་ཕ་རྒན་དང་ངེད་གཉིས་རྫོང་མཁར་དུ་ཕྱིན་ཅིང་། ཕྱིར་ཡུལ་ལ་ལོག་པར་འཕྱི་བོ་ཆགས་པས་ངེད་གཉིས་ངེད་ཚང་གི་ངོ་ཤེས་རྒྱ་མི་དེ་ཚང་ལ་བསྐྱོད་དེ་ཞག་འདུག་བྱས། རྒྱ་མི་དེ་ཚང་ཡོད་ས་ནི་རྫོང་མཁར་གྱི་ཤར་རྒྱུད་དུ་སྤྱི་ལེ་གཉིས་ཙམ་གྱི་ས་རུ་ཡོད་པའི་ཝོ་པུ་ཝན་ཟེར་བའི་རྒྱ་སྡེ་ཆུང་ཆུང་དེ་རེད་འདུག་ལ། གྲོང་གསེབ་དེར་བསླེབས་མ་ཐག་ལོ་རྩྭ་མེ་རུ་སྒྲོན་པའི་དྲི་མ་སྣ་ལམ་དུ་འཐུལ་ཡོང་ལ། རྒྱ་ཕྲུག་སྣབས་ལུག་མང་པོ་གྱང་ཐུང་ཚོར་ཞོན་ནས་རྩེད་མོ་སྣ་ཚོགས་རྩེད་བཞིན་པ་ཡང་མཐོང་རྒྱུ་འདུག
གཞན་ང་དང་ངའི་ནང་མི་ཚོར་ཆམ་པ་སོགས་ན་ཐེངས་རེ་རེར་ངའི་ཕ་རྒན་གྱི་ངོ་ཤེས་རྒྱ་སྨན་པ་ལིས་ཟེར་བའི་རྒྱ་རིགས་སྨན་པ་རྟ་དཀར་པོ་ཞོན་མཁན་ཞིག་ཡོང་སྟེ་ཨོང་རིལ་གྱི་སྟེང་དུ་ཆིན་མེ་སུའུ་ཟེར་བའི་རྒྱ་སྨན་སྐད་གྲགས་ཅན་དེ་རྒྱག་གི་རེད། ཁོའི་ལག་གི་སྨན་ཁབ་རྣོན་པོ་དེ་མཐོང་ཐེངས་རེ་རེར་ང་རང་ཐེ་བའི་ངའི་གཅེན་གཅུང་ཚོ་སྐྲག་ནས་གཅིན་པ་ཡང་འཆོར་གྲབ་བྱེད་ཀྱང་ངའི་ཕ་རྒན་གྱི་ལག་པ་མཁྲེགས་པོ་དེས་བཟུང་ནས་ཐར་ཐབས་ཡོད་པ་མ་རེད། ཐེངས་ཤིག་ངའི་ཕ་རྒན་གྱིས་ངའི་མགོ་ཁོའི་མཆན་ཁུང་དུ་འཛུར་ནས་ངའི་ཁ་ནང་ལ་བྱེ་རིལ་མངར་མོ་ཞིག་བཞག་རྗེས་དོར་མ་བཤུས་ཏེ་རྒྱ་སྨན་པ་དེར་སྨན་ཁབ་འཛེར་དུ་བཅུག་པ་དེ་ནམ་ཡང་བརྗེད་རྒྱུ་མི་འདུག དེ་དུས་ཀྱི་ང་རང་ནི་ཁ་ནང་དུ་བྱི་རིལ་གྱི་བྲོ་བ་མངར་མོས་ཁྱབ་ན་ཡང་རྐུབ་རིལ་གྱི་སྟེང་དུ་ལྕགས་ཁབ་འཛེར་བའི་ན་ཟུག་དེ་ཧ་ཅང་བཟོད་དཀའ་བ་ཞིག་རེད།
ང་སློབ་ཆུང་དུ་སྡོད་དུས་ལག་དངུལ་ཧ་ཅང་དཀོན་ཞིང་། གལ་སྲིད་ང་རང་རླུང་རྟ་བརྒྱུགས་ན་ཕ་རྒན་ཆང་གིས་བཟིའམ་ཡང་ན་གཉིད་དུ་ཡུར་བ་དང་བསྟུན་ནས་ཁོང་གི་སྟོད་གོས་ཀྱི་བྲང་ཁུག་ལས་སྒོར་མོ་གཅིག་གཉིས་རེ་རྐུ་རྒྱུ་རེག་པ་དང་། ཡང་ན་སྐབས་དེར་ཁྲི་ཙི་ཟེར་བའི་རས་ཉོ་སྤྱད་ཀྱི་འཛིན་ཡིག་གྲུ་བཞི་ནར་མོ་སྦྲགས་རྟགས་བཞིན་ཁབ་ཚགས་ཀྱིས་སྦྲེལ་ཡོད་པ་དེ་རྐུ་ཨེ་ཐུབ་བལྟ་རྒྱུ་རེད། ངའི་འཛིན་གྲོགས་སངས་རྒྱས་ཟེར་བ་དེང་སྐབས་ཀྱང་ཕ་ཡུལ་གྱི་དགོན་པར་ཡོད་པ་དེ་དང་ངེད་གཉིས་ཀྱིས་རང་རང་ས་ནས་ཕ་རྒན་ཚོའི་རས་ཡིག་བརྐུས་རྗེས། སློབ་གྲྭ་ནས་སྤྱི་ལེ་འགའི་ཕ་རོལ་དེར་ཡོད་པའི་རྒྱ་མི་ལམ་ལས་པ་ཚོའི་སར་བརྒྱུགས་ཏེ་རས་ཡིག་དང་སྒོར་མོ་བརྗེས་པ་ཡིན། རྒྱ་མི་དེ་ཚོར་སྒོར་མོ་ཏོག་ཙམ་འདུག་ཀྱང་རས་ཡིག་མི་འདུག་ལ་ངེད་གཉིས་ཀྱིས་རས་ཡིག་གིས་ཅ་ལག་གཞན་པ་ཅི་ཡང་ཉོ་མི་ཐུབ་པས། རས་ཡིག་དང་སྒོར་མོ་བརྗེས་པ་འདིས་རྒྱ་བོད་གཉིས་ཀྱི་བར་དུ་ཚོང་ལམ་ཁྱད་པར་བ་ཞིག་ཕྱེས་པ་འདྲ། གནས་ཚུལ་འདི་སློབ་གྲོགས་གཞན་པ་ཚོར་བཤད་པས་ཁོང་ཚོས་ཀྱང་རང་རང་གི་ཕ་རྒན་མ་རྒན་ཚོའི་རས་ཡིག་བརྐུས་ནས་རྒྱ་མི་ལམ་ལས་པ་ཚོར་དངུལ་དམར་ལ་བརྗེས་ཐེངས་མང་པོ་བྱུང་།
གང་ལྟར་སྤྱི་ལོ་དགུ་བཅུ་ལོའི་བར་དུ་ངའི་ཕ་ཡུལ་དུ་རྒྱ་མི་ལས་ཀ་བ་གྲོང་སྡེ་མང་པོ་ཡོད་པ་ཚོས་བོད་རིགས་ཚོར་རྒྱ་མི་རྣམས་སྡུག་ཅག་ཡིན་པའི་བག་ཆགས་ངན་པ་གང་ཡང་བཞག་མ་སོང་། དེ་ལས་ལྡོག་སྟེ་རྒྱ་མི་རྣམས་ལས་ཀར་འཇོན་པོ་དང་བོད་རིགས་དང་བསྡུར་ན་གཙང་སྦྲ་ཡང་གང་འཚམ་ཡོད་པ། སློབ་སྦྱོང་ཅན་ལ་གདེང་འཇོག་བྱེད་མཁན་གྱི་མི་རིགས་ཤིག་ཡིན་པའི་བག་ཆགས་ཟབ་མོ་ཞིག་བཞག་སོང་། ཐ་ན་གློག་བརྙན་ནང་མཐོང་བའི་རྒྱ་རིགས་མང་པོ་འདུས་སྡོད་བྱེད་སའི་གྲོང་ཁྱེར་ཆེན་པོ་དེ་ཚོ་ཡང་ང་རང་ཐེ་བའི་བོད་རིགས་བྱིས་པ་ཚོའི་སྨོན་པ་འཆོར་སའི་དག་ཞིང་ལྟ་བུ་ཞིག་ཡིན། དེ་དུས་རྒྱ་མི་ཚོས་རླུང་འཕྲིན་ལ་ཉན་པ་དང་ཚགས་པར་ཀློག་པའི་གོམས་གཤིས་ཆེན་པོ་ཞིག་འདུག་ཀྱང་། ང་ཚོ་བོད་རིགས་སྡེ་མི་ཚོར་རླུང་འཕྲིན་ནང་གི་གླུ་གཞས་དང་སྒྲུང་སོགས་མ་གཏོགས་གསར་འགྱུར་དེ་ཚོ་ཉན་རྒྱུར་དགའ་བ་གང་ཡང་མི་འདུག་ལ། གཙོ་བོ་གསར་འགྱུར་གྱི་ཐ་སྙད་གསར་བ་དེ་ཚོའི་གོ་དོན་གང་ཡང་རྟོགས་ཐུབ་ཀྱི་ཡོད་པ་མ་རེད།
ད་བྱས་ན། རང་ཚོ་དགྱ་དགའ་མའི་ཕྱོགས་གཏོགས་ན་ཡོད་པ་འདྲ། ང་ཚོའི་ཕ་ཡུལ་ནས། དགྱ་མི་རིག་ན་མི་གྲལ་མ་དགོས་ཁྱི་གྲལ་ཡང་ལ་འཇོག་གི་མ་རེད། དགྱ་སྤང་(སྤྲང)་དང་དགྱ་ལྡོམ། དགྱ་འདྲེ། དགྱ་མི་སྦལ་བ་ཟ་མཁན། དགྱ་ཁྱི་ཤ་ཟ་མཁན་ཟེར་ནས་ཁོ་ཚོའི་ངན་ངན་ཐུ་ཐུ་དག་ལབ་ནས་འགྲོ་འི་རེད།
ད་དུང་བྱིས་བ་ཚོས་ཕ་མའི་ཁ་ལ་མ་ཉན་ན། ཕ་མས་དགྱ་གྲོང་ལ་སློབ་གྲྭར་གཏོང་གི་ཡིན་ཟེར་ནས་སྐྲག་སློང་སྤྱད་བྱེད།
དགྱ་དགྱ་མོ་ལ་དྲི་མ་གཙོག་པ་ཞེ་པོ། སྣ་ལ་ཕོག་ན་ཆམ་ནད་འབྱུང་བ་དེ་འདྲ་ཡོད། ཁ་ཚོའི་ཁང་བའི་ནང་མགོ་ཙམ་བརྒྱབས་ན་ཡང་མིག་ཚ། སྣ་འགག་བ་དེ་འདྲ་ཡོད།
ཁོང་ཚོའི་གདོང་ལག་གི་ཤ་ལ་ཉི་འོད་མ་ཐེབས་པ་དང་ཤ་མདངས་ལ་སྣུམ་ཞག་གིས་མ་ཐུལ་པར་ངོ་ལྤགས་ནི་ཐལ་སྐག་སྐག་བྱེད། དགྱ་མི་ལ་ཁ་མིག་ཡར་ལྟ་བྱེད་ནི་མྱི་གཅིག་ལ་མེད།
བོད་ཀྱི་བྱིས་བ་ཞིག་ཡིན་ན། དཔའ་བོ་བྱེད་རྒྱུར་དགའ། རྒྱུ་མཚན་དེ་ཡིས། དགྱས་འཁྲབ་ཡོད་པའི་དྲག་རྩལ་ཅན་གྱི་གློག་བརྙན་ལ་ལྟ་དགའ་བ་ལས་གཞན་དེ་ཚོ་ནི་དགྲ་དགྲ་ནག་ལ་རྩིས་ནས་ཕ་མ་མགོ་ཡོད། མི་རིགས་ལ་ཤ་ཞེན་ཅན་ཞིག་ཡིན་ན་མཉམ་དུ་གཉེན་མཐུན་པ་དེ་འདྲ་དཀོན་པོ་ཡིན།
གནམ་ལགས། དགྱ་ལ་དྲི་མ་ཁ་འདུག་ཟེར་བ་རེད། ངེད་ཚང་གི་སྲོང་བཙན་གྱིས་སྣ་བསུམ་ནས་རྒྱ་བཟའ་བླངས་པ་ཡིན་འདུག ཧ་ཧ་ཧ་་་་་
་་་་་་་་་ མདོར་ན་ང་ཆུང་དུས་ངའི་ཕ་ཡུལ་དུ་རྒྱ་རིགས་དང་བོད་རིགས་གཉིས་ཕན་ཚུན་སྡང་སེམས་མེད་པར་མི་ཚེ་སྐྱེལ་བཞིན་འདུག ་་་་་་་་་
་་་་་་་་ ངའི་ཕ་རྒན་ལ་རྒྱ་མིའི་ཁྱིམ་ཚང་ངོ་ཤེས་ཤིག་འདུག་ཅིང་། ངེད་ནང་མིས་ཁོ་ཚོར་ཟོག་གི་ལྕི་བ་སྐམ་པོ་དང་གཡག་ལུག་གི་ཤ་སོགས་སྤྲོད་པ་དང་། ཁོང་ཚོས་ངེད་ཚང་ལ་སྔོ་ཚོད་འདྲ་མིན་སྤྲོད་པ་མ་ཟད། ་་་་་་
་་་་་་་ གང་ལྟར་སྤྱི་ལོ་དགུ་བཅུ་ལོའི་བར་དུ་ངའི་ཕ་ཡུལ་དུ་རྒྱ་མི་ལས་ཀ་བ་གྲོང་སྡེ་མང་པོ་ཡོད་པ་ཚོས་བོད་རིགས་ཚོར་རྒྱ་མི་རྣམས་སྡུག་ཅག་ཡིན་པའི་བག་ཆགས་ངན་པ་གང་ཡང་བཞག་མ་སོང་། ་་་་་་
་་་་་་་་ དེ་དུས་རྒྱ་མི་ཚོས་རླུང་འཕྲིན་ལ་ཉན་པ་དང་ཚགས་པར་ཀློག་པའི་གོམས་གཤིས་ཆེན་པོ་ཞིག་འདུག་ཀྱང་། ང་ཚོ་བོད་རིགས་སྡེ་མི་ཚོར་རླུང་འཕྲིན་ནང་གི་གླུ་གཞས་དང་སྒྲུང་སོགས་མ་གཏོགས་གསར་འགྱུར་དེ་ཚོ་ཉན་རྒྱུར་དགའ་བ་གང་ཡང་མི་འདུག་ལ། གཙོ་བོ་གསར་འགྱུར་གྱི་ཐ་སྙད་གསར་བ་དེ་ཚོའི་གོ་དོན་གང་ཡང་རྟོགས་ཐུབ་ཀྱི་ཡོད་པ་མ་རེད། ་་་་་་་་
རེག་སོང་དེ། རག་སོང་ཡིན་དགོས་སྙམ།
རས་ཡིག༽ འདིའི་དོན་གང་རེད
དེ་དུས་རས་ཡིག་དེ་མེད་པར་རས་ཉོ་མི་ཐུབ།
ཨ་ལགས་ཀླུན་སྨྱོན་་གྱིས་རས་འཛིན་རྐུ་མ་རྒྱག་ཚུལ་ལ་བལྟས་ན་རིག་གསར་སྐབས་མི་ཆེན་པོ་རེད་འདུག རྒྱ་དང་འདྲིས་ཆ་ཆེ་བ་དང་མཐོང་ཚུལ་དམིགས་བསལ་མེད་ཚུལ་ལ་བལྟས་ན་༡༩༥༨/ དང་༥༩ སོགས་ཀྱི་་སྐབས་སུ་བོད་ཆོལ་ཁ་གསུམ་གྱིས་རྒྱལ་གཅེས་བཙན་རྒོལ་བྱས་པ་གོ་མྱོང་མེད་པའི་རྒྱ་མིན་བོད་མིན་གྱི་མཐའ་མཚམས་ལུང་ཁུག་ཞིག་གི་ཡིན་པ་ཧ་གོ་ཐུབ་ཀི། དེ་མིན་རྒྱ་དང་གྲོགས་པོ། ཁྱིམ་མཚེ་འདུ་ཤེས་ཡོད་མཁན་བོད་ཆོལ་ཁ་གསུམ་ན་མེད། དཔེར་ན་ང་ཆུང་དུས་ཕ་མ་ཚོས་ཡར་རབས་སྤྱོད་བཟང་ཀྱི་བསླབ་བྱ་གནང་གིན་ཡོད་ཀྱང་རྒྱ་ཁང་ལ་རྡོ་རྒྱབ་པ། གློག་སྐུད་བཅད་པ། ཅ་ལག་རྐུ་བ་སོགས་བྱས་ན་འང་མི་ལ་གནོད་བསྐྱལ་བ་ངོས་འཛིན་གྱིན་མ་རེད།
ཕད་རི་སིའི་འཇིགས་སྐུལ་དོན་རྐྱེན་གྱི་སྔ་རྗེས།
དང་པོ། རྒྱལ་ས་ཕད་རི་སིའི་འཇིགས་སྐུལ་དོན་རྐྱེན་ཁྲོད་དུ་མི་ ༡༢༩ བསད་པ་དང་ ༣༥༢ རྨས་སྐྱོན་བཟོས་པ་དང་དེ་དག་གི་ཁྲོད་༨༠ ལྷག་ཛ་དྲག་མྱུར་སྐྱོབ་བྱེད་ཀྱི་ཡོད་འདུག གོང་གི་གྲངས་འབོར་དེ་གཞུང་འབྲེལ་ཡིན་ཡང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐེངས་འདིའི་འཇིགས་སྐུལ་དོན་རྐྱེན་ཁྲོད་དུ་མི་ག་ཚོད་ཅིག་དམར་གསོད་བྱས་པའི་གྲངས་འབོར་ཏག་ཏག་གསལ་བོ་གང་ཡང་མིི་འདུག
གཉིས་པ། འཇིགས་སྐུལ་རུ་ཁག་གསུམ་སྒྲིག་ཏེ་ས་གནས་ཁག་དྲུག་ལ་འཇིགས་སྐུལ་དམར་གསོད་བྱས་ཡོད་ཅིང་། ཕ་རི་སིའི་ཉེན་རྟོག་པས་འཇིགས་སྐུལ་ལ་རྒོལ་རྡུང་བྱས་པའི་ཁྲོད་འཇིགས་སྐུལ་པ་གཅིག་བསད་ཡོད་པ་དང་། གཞན་ཚང་མས་་རང་སྟེང་གི་འབར་རྫས་གས་རང་སྲོག་བཅད་ཡོད་འདུག མདང་ནུབ་ཧྥ་རན་སིའི་ནང་རྒྱལ་ཡོངས་ཛ་དྲག་གི་བཀའ་ཁྱབ་བསྒྲགས་པ་དང་མཉམ་དུ་རྒྱལ་སྤྱིའི་གནམ་གྲུ་དང་མེ་འཁོར་མ་གཏོགས་རྒྱལ་སའི་འགྲིམ་འགྲུལ་དང་ས་མཚམས་ཁག་བཀག་སྡོམ་དང་། གཞན།རྒྱལ་སར་དམག་མི་ ༡༥༠༠ ལྷག་བཏང་ཡོད་འདུག
གསུམ་པ། ད་ལྟའི་ཆར་འཇིགས་སྐུལ་པའི་དོན་རྐྱེན་ཁྲོད་ཨེ་ཇིབ་དང་སེ་རི་ཡའི་ཕྱི་སྐྱོད་ལག་འཁྱེར་གཉིས་ཐོན་པ་དང་། སེ་རི་ཡའི་ཕྱི་སྐྱོད་ལག་འཁྱེར་དེ་ད་ལོའི་ཟླ་༡༠ཚེས་ ༣་ཉིན་གྷི་རི་སིའི་བརྒྱུད་ནས་ཡུ་རོབ་ནང་འཛུལ་ཡོད་པ་དང་། ཉེན་རྟོག་པས་འཇིགས་སྐུལ་པོའི་ལུས་ཕུང་ཞིབ་འཇུག་བྱས་ཏེ་གང་མགྱོགས་འཇིགས་སྐུལ་པ་སུ་དང་སུ་ཡིན་དང་གང་ནས་ཡོང་སྐོར་གྱི་གསལ་བསྒྲགས་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག
བཞི་པ། ཧྥ་རན་སིའི་ནང་སྲིད་བློན་ཆེན་ལགས་ཀྱིས་ཧྥ་རན་སིའི་ས་གནས་ཉེན་རྟོག་པས་ས་གནས་སུ་ཛ་དྲག་བཀག་སྡོམ་བྱེད་ཆོག་པའི་ཆོག་མཆན་སྤྲད་འདུག
ལྔ་པ། ཁ་ཆེ་རྒྱལ་ཁབ་འཇིགས་སྐུལ་དྲག་སྤྱོད་ཚོགས་པས་ཧྤ་རན་སི་དང་ཁ་ཆེ་སྐད་ཡིག་གཉིས་ནང་རྒྱལ་ས་ཕད་རི་སེ་འཇིགས་སྐུལ་དོན་རྐྱེན་དེ་ཁོ་ཚོས་འཇིགས་སྐུལ་པ་བརྒྱད་ཀྱིས་རང་སྲོག་འབར་གས་དང་མེ་མདའ་བཟུང་སྟེ་འཇིགས་སྐུལ་གྱིས་དམར་གསོད་བྱས་ཡོད་སྐོར་ཁོ་ཚོའི་དྲ་ཚིགས་སུ་སྤེལ་ཡོད་འདུག
དྲུག་པ། ད་ལྟའི་ཆར་ཧྥ་རན་སིའི་ཉེན་རྟོག་པས་འཇིགས་སྐུལ་པས་སྐོར་ཡོང་བའི་རླངས་འཁོར་ནག་པོ་དེ་རྙེད་ཡོད་པ་དང་། རླངས་འཁོར་དེ་སྦེལ་ཇེམ་གྱི་ཡིན་པ་དང་སྤེལ་ཇེམ་རྒྱལ་སའི་ཉེན་རྟོག་པས་དོགས་ཡོད་འཇིགས་སྐུལ་པ་འགའ་བཟུང་འདུག
བདུན་པ། ཐེངས་འདིར་འཇིགས་སྐུལ་པས་རྒྱལ་ས་ཕད་རེ་སིའི་ནང་འཇིགས་སྐུལ་བྱེད་དགོས་གཙོ་བོ། ཉེ་ལམ་ཧྥ་རན་སིས་ཨ་རིའི་དཔུང་རོགས་བྱས་ཏེ་ཨི་རག་དང་སེ་རི་ཡའི་ནང་ཡོད་པའི་ཁ་ཆེ་རྒྱལ་ཁབ་ཟེར་བའི་ཁ་ཆེ་དྲག་སྤྱོད་རྩ་འཛུགས་ (ISIS/ IS) ལ་མཁའ་ཐོག་ནས་འཇབ་རྒོལ་བྱས་པའི་རྐྱེན་ཡིན་སྐོར་འཇིགས་སྐུལ་པས་བརྗོད་འདུག ཧྥ་རན་སིའི་སྲིད་འཛིན་ཧོད་ལན་ཌི་ལགས་ཀྱིས་ཧྥ་རན་སིའི་གཞུང་ངོས་ནས་རྒྱལ་ནང་དང་རྒྱལ་སྤྱིའི་ནང་འཇིགས་སྐུལ་པ་རྩ་མེད་པར་སྙིང་རྗེ་གང་མེད་ཅེས་བརྗོད་འདུག ཐེངས་འདིའི་ནང་རྐྱེན་ལ་ཡུ་རོབ་རྒྱལ་ཁབ་ཁག་གཙོས་ཨ་རི། དབྱིན་ཡུལ།ཨུ་རུ་སུ། ཁེ་ཎ་ཌ་ལ་སོགས་ཀྱི་སྲིད་འཛིན་དང་སྲིད་བློན་རྣམ་པས་འཇིགས་སྐུལ་པའི་བྱ་སྤྱོད་ལ་ངོ་རྒོལ་དང་ཧྥ་རན་སིའི་ནང་སེམས་གསོ་འཚམས་འཕྲིན་སོགས་བཏང་ཡོད་འདུག
དེང་སྐབས་ཡུ་རོབ་ནང་ཁུལ་དུ་སྐྱབས་བཅོལ་འབོར་ཆེན་བསླེབས་དང་སླེབ་བཞིན་ཡོད་པ་དང་ཁ་སང་དོན་རྐྱེན་འཇིགས་སྐུལ་དོན་རྐྱེན་བྱུང་སྟབས། ཡུ་རོབ་ནང་ཁུལ་ཕན་ཚུན་འགྲུལ་སྐྱོད་བྱེད་སྐབས་ངེས་པར་དུ་རང་ཉིད་ཀྱི་ཐོབ་ཐང་ལག་འཁྱེར་གལ་ཆེན་ཡིན་པ་དང་། ཡུ་རོབ་རྒྱལ་ཁབ་སོ་སོའི་ནང་འཇིགས་སྐུལ་པའི་དོགས་ཟོན་ཤུགས་ཆེན་བྱེད་ཀྱི་འདུག
ཧཧཧཧཧ་་་་་་ཕར་དགྲ་བཟོས་ན་ཚུར་ལ་འཁོན་ལན་སློག་དགོས་ཀྱང་། ང་ཚོའི་བོད་པ་ནང་བཞིན་བྱམས་སེམས་ཅན་དེ་འདྲ་མ་རེད་གདའ། གང་ལྟར་ཨ་རི་ཁ་ལ་ཉན་ན་འོང་རྒྱུ་འབྲས་བུ་དེ་རེད་གདའ།
་་་་་་་་་ ཐེངས་འདིར་འཇིགས་སྐུལ་པས་རྒྱལ་ས་ཕད་རེ་སིའི་ནང་འཇིགས་སྐུལ་བྱེད་དགོས་གཙོ་བོ། ཉེ་ལམ་ཧྥ་རན་སིས་ཨ་རིའི་དཔུང་རོགས་བྱས་ཏེ་ཨི་རག་དང་སེ་རི་ཡའི་ནང་ཡོད་པའི་ཁ་ཆེ་རྒྱལ་ཁབ་ཟེར་བའི་ཁ་ཆེ་དྲག་སྤྱོད་རྩ་འཛུགས་ (ISIS/ IS) ལ་མཁའ་ཐོག་ནས་འཇབ་རྒོལ་བྱས་པའི་རྐྱེན་ཡིན་སྐོར་འཇིགས་སྐུལ་པས་བརྗོད་འདུག ་་་་་་་་་་་་་