ཉེ་བའི་དུས་ལ། མེར་བསྲེགས་ལས་འགུལ་བ་མང་པོ་ཞིག་བྱིས་པ་རེད། ཕྲུ་གུ་རེད། སློབ་མ་རེད། ཁོང་ཚོར་མཚོན་ན། ད་ལྟ་སྤྱི་ཚོགས་ཀྱི་ཤེས་བྱ་དང་ཉམས་མྱོང་ལེན་པའི་དུས་རེད། མཐོང་རྒྱ་དང་ཐོས་རྒྱ་འཚོལ་བའི་དུས་རེད། སྐབས་དེ་འདྲ་ཞིག་ལ། ཁོང་ཚོས། སྐུལ་སློང་ཇི་འདྲ་ཞིག་བླངས་ནས། རང་ལུས་མེར་བསྲེགས་པ་འདི་མཐོང་སྐབས། ཁོང་ཚོར་གོ་སྐོན་དང་སློབ་གསོ་བྱེད་པ་ནི་ང་ཚོ་རྒན་རབས་ཚོའི་ལས་འགན་རེད། ང་ཚོས་ཁོང་ཚོའི་རང་ལུས་སྲེག་པའི་སྐབས། ཁོང་ཚོའི་མཐའ་ནས་སྐོར། ངར་སློང་། ཤུ་རྒྱབ། ཀི་རྒྱབ། དོན་དངོས་ཁོང་ཚོའི་ལག་ནས་སྣུམ་དེ་མ་བླངས། ཁོང་ཚོར་འཐམ། ཞུ་བ་མ་འཐེན་པ་འདི། འཛམ་གླིང་གི་མི་དམངས་མདུན་དང་། ཁོང་ཚོའི་ཕ་མ་མིང་སྲིང་ཚོར་མཚོན་ན། ཤིན་དུ་ནས་སྙིང་རྗེ་བྲལ་ཞིང་། འཇིགས་སུ་རུང་བའི་མི་གཤིས་ཤིག་མ་ཡིན་ནམ།
འགྲོ་བ་མིའི་གཤིས་ཀར། ཕྲུ་གུས་རང་ལ་གནོད་པའི་ལས་བྱེད་སྐབས། དེ་ལ་གོ་སྐོན་བྱེད་པ་ནི་ང་ཚོའི་ལས་འགན་མ་ཡིན་ནམ། ལྷག་པར་དུ་ཁོང་ཚོས་རང་ལུས་སྲེག་སྐབས། ང་ཚོས་ལྟ་ནུས་པ་དེ་ཤིན་དུ་ནས་ང་ཚོ་གཟིགས་མོ་བ་ཚོའི་གཤིས་རྒྱུད་རྗེན་པ་ཞིག་མ་སྟོན་ནམ། ཆབ་སྲིད་ཀྱི་གནས་སྟངས་ཇི་ཡིན་ལ་མ་ལྟོས་པར། ཕྲུ་གུ་དེ་ཚོར་ལམ་གསར་པ་ཞིག་སྟོན་མ་ཐུབ་པ་འདི་ང་ཚོའི་ནོངས་པ་མ་རེད་དམ།
ཚངས་དབྱངས་ཁྱོད་ཀྱི་ཟེར་བ་ལྟར་ན་ད་བར་རང་ཡུལ་བོད་དུ་རྒྱལ་གཅེས་སེར་སྐྱ་ཕོ་མོ་བདུན་ཅུ་ལྷག་གི་གཅེས་པའི་སྐུ་ལུས་མེ་རུ་སྒྲོན་པ་དེ་དག མ་བརྟག་མ་དཔྱད་པར་བྱིས་པའི་རང་སྲོག་བཅད་པ་ལྟ་བུ་བཤད་པ་ནི་ཧ་ཅང་བློ་ཕམ་ཡོད། ཁོང་རྣམ་པའི་བོད་མི་རིགས་རིག་གཞུང་དང་བཅས་པའི་དོན་དུ་རྒྱ་ནག་དམར་པོའི་བཙན་འོག་ཏུ་འ་ཆད་འུ་ཐུག་ནས་མཐའ་མ་ལས་འགུལ་འདི་འདྲ་ཞིག་སྤེལ་དགོས་ཆགས་པ་རེད། ལས་འགུལ་འདི་རྒྱ་ནག་དམར་པོའི་གཞུང་ནས་ཀྱང་ཆབ་སྲིད་ཀྱི་རང་བཞིན་ཅན་གྱི་ལས་འགུལ་རྣོ་ངར་ལྡན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ན། རང་རིགས་རང་དབང་ལུང་པར་གནས་པ་དག་ནས་གདུང་སེམས་མཉམ་སྐྱེད་དང་བསྔགས་བརྗོད་མེད་པར། ད་དུང་ཅལ་འདྲོག་བྱིས་པའི་བྱ་བ་ཞིག་རེད་མདོག་བཤད་པ་ནི་བོད་མི་རིགས་ཀྱི་ཞབས་འདྲེན་མ་ཡིན་ནམ།
བོད་པའི་སྐྱ་སེར་འགའ་ཞིག་གིས་བོད་པའི་ཆེད་དུ་གང་བྱས་དགེ་བ་དང་། རྒྱ་ནག་གི་ཆེད་དུ་གང་བྱས་མི་དགེ་བར་བརྩིས་ཤིང་། བོད་ལ་ཤིན་ཏུ་ཆགས། རྒྱ་ལ་ཤིན་ཏུ་སྡང་། དེ་འདྲའི་ཆོས་པ་ཞིག་ཡོད་དམ། ང་རང་ཉིད་ལ་མཚོན་ན་ཕ་མ་སྤུན་མཆེད། ཆུང་མ་དང་། ཕྲུ་གུ་སོགས་ཆགས་པ་ཡོད་ཀྱང་། ང་མི་དགའ་བའི་གང་ཟག་ཚོར་དེ་འདྲའི་སྡང་བ་ཞིག་སྐྱེ་ཐུབ་ཀྱི་མི་འདུག གལ་སྲིད་ཞེ་སྡང་ཕྲན་བུ་སྐྱེ་སྲིད་ཀྱང་། དེ་ཉིད་དགེ་བར་རློམས་པ་ནི་དུས་ནམ་ཡང་མེད་དོ། །
ཁྱེད་རང་བོད་དུ་ཕེབས་ཏེ་ཕྲུ་གུ་དེ་ཚོར་གོ་སྐོན་བསླབ་བྱ་ཞིག་བྱེད་དང་་་་་་་་་་་་་་་་དེ་ལྟར་ཡོང་ཐུབ་མ་ཐུབ་ངས་བལྟས་ཆོག་་་་་་་་་་་་་་་་་་་་་ཡ་ང་བའི་གནས་སྟངས་དེ་ལས་་་་་་་་་་་་་་་་་་ང་ཚོ་བོད་མི་རིགས་སྐྱོབས་ཐབས་བྲལ་་་་་་་་་་་་་་་་་་་་་་་་བོད་མི་ཚོས་མ་བྱས་པ་ཞིག་གང་ཡང་མ་རེད་་་་་་་་་་་་་་་་་་་་་ཏན་ཏན་བྱས་ཡོད་རེད་་་་་་་་་་་་་་་་་་་་་་་་་་་་་ཡིད་ཆེས་ཡོད་་་་་་་་་་་་་་་་་འོན་ཀྱང་གནས་དེ་ལས་སྐྱོབས་ཐབས་བྲལ་སོང་བ་རེད་་་་་་་་་་་་་་་་་་་་་་་་་་་་་་དེ་འདྲའི་བོད་མིའི་དཀའ་སྡུག་བཟོད་དཀར་་་་་་་་་ཁྱོད་འདྲའི་༼ཚངས་དབྱངས༽རྩོམ་འབྲི་མཐོང་བ་ནི་སྐྱུག་རེ་བྲོ་་་་་་་་་་་་་་་་་་་་་་་་་་་་གནས་སྟངས་དེ་འདྲའི་སྐབས་ག་ཚོད་སྡུག་ཀྱང་སོ་སོའི་མི་རིགས་ལ་དམའ་འབེབས་བྱེད་པ་ནི་རྣམ་དཔྱོད་མེད་པ་ཞིག་རེད་་་་་་་་་་་་་་་་་་་་་་་་བོད་ག་ཚོད་སྡུག་ཀྱང་ང་ཚོའི་བོད་རེད་་་་་་་་་་་་་་་་་་བོད་རིགས་ག་ཚོད་སྡུག་ཀྱང་ང་ཚོ་ནི་ནམ་ཡང་བོད་རིགས་ཡིན་པ་ལས་གཞན་ཞིག་མ་ཡིན་ན་་་་་་་་་་་་་་་་་་་དེ་བས་ཕན་མ་ཐོགས་ཀྱང་གནོད་མ་བསྐྱལ་རོགས་་་་་་་་་་་་་་་་་ཐུགས་རྗེས་གཟིགས་ཚངས་དབྱངས་ལགས་་་་་་་་་་་་་་་་་་་་་་་ངོ་མ་མིའི་བསམ་བློ་ཟེར་བ་དེ་གདོན་འདྲེ་གསོན་པོ་རེད་་་་་་་་་་་་་་་་་་གཏམ་མི་ཁ་ཟེར་བ་དེ་གྲི་ལས་རྣོ་བ་ཡིན་པས་་་་་་་་་་་ངེས་པར་བོད་མི་རིགས་ལ་དཀའ་ངལ་འཕྲད་དུས་རྣམ་དཔྱོད་བེད་དཔྱད་དགོས་་་་་་་་་་་་་་་་་་་་་ཁྱེད་ཀྱིས་གསུངས་པ་དེ་དང་རྒྱ་མིས་བཤད་པ་དེ་འདྲ་པོ་ཆགས་གྲབ་བྱེད་ཀྱི་འདུག
བོད་དོན་ཚེ་སྲོག་གཏོང་མཁར་ཚོར་བརྙས་བཅོས་ཚོད་མེད་རེད། ཕྱག་འཚལ་གྱིས་བཤད་པ་ལྟར་བོད་ལ་ཕེབས་ནས་གོ་བསྐོན་གནང་རོགས། འདས་པོ་དེ་ཚོའི་ཕ་མ་དང་གཉེན་ཉེ་དེ་ཚོ་རང་གི་བུ་ཕྲུག་སོགས་ལ་བརྩེ་བ་མེད་པ་ག་ནས་ཡིན། ་་་་་་
ཕྲུ་གུ་དེ་ཚོར་སྣུམ་འཚོང་མཁན་རྣམས་ཀྱིས་སེམས་ལ་ཇི་འདྲ་ཤར་རམ། མཚམས་རེ་འདྲི་བ་འདི་འདྲ་མང་པོ་ཡོང་ཀིས།
ཨོ་ཉི་ཚངས་དབྱངས་ཟུར་གནས་གསུམ། །
མིའུ་གདུང་དྲུག་བརྒྱུད་པ་རེད། །
དེ་ལས་གཞན་པའི་བོད་པ་ཚོ། །
གཟིགས་མོ་གཟིགས་མཁན་ཀླད་མེད་རེད། །བོད་རྒྱལ་ལོ།།
ཚངས་དབྱངས་ཟེར་བའི་དྲ་འབུ་དེ་དང་ཨོ་རྒྱན་ཉི་མ་ཟེར་བའི་གདོན་འདྲེ་གསོན་པོ་གཉིས་ལ་ཞུ་རྒྱུར་སྔར་བོད་ཀྱི་གཏམ་དཔེར་་་་་མ་ནི་རང་གིས་མ་དྲན་ཕྲེང་བ་གཞན་ལ་མ་སྤྲད་ཟེར་བ་ལྟར་མ་གནང་རོགས་་་་་གལ་ཏེ་མེར་བསྲེགས་ལས་འགུལ་བ་མང་པོ་ཞིག་བྱིས་པ་དང་ཕྲུ་གུ་རེད་འདུག་ན་ཁྱེད་རང་མི་རྒན་ཡིན་པར་སོང་ཁྱེད་ནས་འགན་བླངས་ན་འོས་ཞིང་ཚམས་པ་རེད་་་་་དེ་བཞིན་ཨོ་རྒྱན་ཉི་མ་ནས་ཀྱང་བོད་ལ་ཤིན་ཏུ་ཆགས། རྒྱ་ལ་ཤིན་ཏུ་མ་སྡང་བར་གཉིས་ཕན་ཀྱི་ལས་འགུལ་ཞིག་སྤེལ་ན་མི་བཟང་ངམ་།་་་་་དཔེར་ན་རྟ་བོ་ལ་རྒྱུགས་གཤེད་ཡོད་ན་བྱང་ཐང་སྟོང་པ་རེད་དོ།།།
བྱས་ན་་་ཁོང་ཚོས་རང་སྲོག་དོར་བ་རྣམས་བྱིས་པའི་རྩེད་མོ་ལ་ཆ་འཇོག་བྱེད་གི་ཡིན་པས།
ཡ་ང་མེད་རུང་སྙིང་རྗེ་ཞིག ངོ་ཚ་མེད་ཀྱང་རྒྱུ་འབྲས་ཞིག་ལོས་དགོས། མཆོད་མེ་རྐོང་གཅིག་བཞག་ནས་ཡི་རངས་གསོལ་འདེབས་མི་བྱེད་ཁར། བྱིས་པ་རེད། ཕྲུ་གུ་རེད། བསམ་མེད་རེད། ཉམས་མྱོང་མེད་པ་རེད། ཅེས་བསམ་བཞིན་མཚང་ནས་འདྲི་བ་འདི་ལྟ་བུ་ནི་ཇི་འདྲིའི་འཇིགས་སུ་རུང་བའི་བསམ་བློ་ཞིག
སྙིང་སྟོབས་ལ་ཡི་རངས་མེད་པ། བཀའ་དྲིན་ལ་བསམ་ཤེས་མེད་པ། ཤ་ཁྲག་ལ་རིགས་ཞེན་མེད་པ་ཁྱོད།
སྐད་ཆ་འདི་འདྲ་འདས་པོའི་ཚོའི་བཟའ་མིས་གོ་ན་སེམས་སྡུག་པ་དང་ཞེ་འགྱོད་སྐྱེས་རྒྱུ་ལས་མ་མཆིས། བདག་ལ་མཚོན་ན་བོད་མིའི་ཚེ་སྲོག་ཕར་ཞོག་སྒོ་ཁྱི་ཞིག་ཤི་ནའང་ཕངས་སེམས་ཡོད། བོད་ནང་དུ་རང་ལུས་མེར་བསྲེགས་བཏང་པ་འདི་ཚོས་གཅེས་བའི་ལུས་སྲོག་ཕངས་བ་མེད་པར་བོད་མིའི་བདེ་དོན་གྱི་ཆེད་དུ་ཕུལ་བ་སྟེ། ཁྱོད་ལྟ་བུའི་སྡུག་དམོད་བྱ་བའི་ཡུལ་ཞིག་མ་རེད། སྤྱིར་མེ་ལྕེ་མ་མཆེད་བར་དུ་སུ་ཞིག་གིས་ཀྱང་མཐོང་གི་མེད། དེ་དུས་ལྟ་མི་བཟོད་ཀྱང་མི་ཚེའི་རྒྱང་རིང་ལ་དམིགས་པའི་སྙིང་རྗེ་མ་གཏོགས། སྣུམ་འཕྲོག་མེ་བསད་ནས་རྒྱ་ལག་ཏུ་སྤྲོད་དགོས་པའི་རྒྱུ་རྐྱེན་ཚོལ་མཁན་ཁྱོད་མ་གཏོགས་དེ་འདྲའི་བསམ་ཤེས་ཅན་ཡོད་དཀའ་རྒྱུ་རེད། ཀི་རྒྱབ་པ་ནི་སྐུལ་སློང་དང་ངར་བསླངས་བ་མ་རེད། ཁ་ཚ་དགོས་བཏུགས་ཀྱི་ཡུལ་སྣང་ན་བྱུང་བཞིན་པའི་སྡུག་བསྔལ་གྱི་ངུ་སྒྲ་རེད། མི་སུ་ཡིན་རུང་བོད་མི་ས་ཡ་དྲུག་གི་བདེ་དོན་ཆེད་རང་ལུས་མེར་བསྲེགས་བཏང་བ་དང་། ཡང་ན་བསད་གཅར་མནར་གསུམ་གྱིས་སྐུ་གྲོངས་བའི་ཕོ་མོ་སུ་ལ་ཡང་བཟང་ངན་དང་འགྲིག་མིན་གྱི་ཁ་ཚོད་འཇོག་པའི་ཐོབ་ཐང་ང་ཚོ་སུ་ལ་ཡང་མེད། ང་ཚོས་འདི་འགལ་བསྡུ་དང་རྙོགས་འཛིང་བཟོ་དགོས་དོན་མེད། འདི་འདྲའི་གནས་སྟངས་འོག་ན་ཟུག་མ་བཟོད་པར་སྙུག་རྩེ་དང་ཚིག་མདའ་ནང་ཁུལ་སྤུན་སྲིང་བར་ལ་བསྐོར་ཏེ་སེམས་ཚོར་གྱིས་དབང་གིས་རང་ས་ནས་རང་འདོད་ཀྱི་གཏམ་བརྗོད་ན་འོས་སུ་མ་མཆིས་མོད། ང་ཚོ་རྒྱ་རིགས་སྤྱི་ལ་སྡང་སེམས་འཛིན་མཁན་དང་བོད་རིགས་ལ་མཐའ་གཅིག་ཏུ་ཆགས་སེམས་ཡོད་པ་ཞིག་ག་ལ་ཡིན། མ་ཉེས་ཁ་གཡོག་འདི་རྒྱ་ནག་གཞུང་གིས་གསར་འགྱུར་བརྒྱུད་ལམ་ནས་ཁྱབ་སྤེལ་གཏོང་གི་ཡོད་པ་མ་གཏོགས་ང་ཚོའི་ངོས་ན་མི་རིགས་བར་གྱི་འཐབ་རྩོད་བྱེད་མཁན་མེད། གུང་ཁྲན་སྲིད་གཞུང་དང་དེའི་སྲིད་ཇུས་ཨུ་ཚུགས་ཀྱི་ལག་བསྟར་བྱེད་མཁན་ཚོར་ལེགས་སོ་ཞེས་ངོ་སོ་བསྟོད་མ་ཐུབ་པ་སྟེ་དངོས་ཡོད་ཉག་གཅིག དེ་ལས་གཞན་འུར་སྒྲོགས་ཁོ་ནའོ།
འགྲེལ་བཤད་རྒྱགས་སྟངས་འདི་ཏང་གིས་མེར་སྲེག་ལས་འགུལ་ལ་འཛིན་པའི་སྲིད་བྱུས་ཀྱིས་འགྲེལ་བཤད་རྒྱགས་སྟངས་འདྲ་པོ་རེད་ལ། དཔའ་བོ་དཔའ་མོ་བདུན་བཅུ་ལྷག་གི་ཚེ་སྲོག་གི་རིན་ཐང་དང་ཁོང་རྣམས་ཀྱི་མངོན་འདོད་ཀྱི་རེ་འདུན་ལ་བརྩི་མཐོང་མེད་པ་མ་ཟད་བསམ་མེད་བྱིས་པའི་བྱ་སྤྱོད་ཞིག་གི་འདུ་ཤེས་བཞག་པ་རེད། སྤྱིར་ན་ལོ་ན་བཅོ་བརྒྱད་ལས་བརྒལ་སོང་ན་གོ་ལ་ཧྲིལ་པོའི་ཡུལ་གྲུ་ཕལ་ཆེ་བས་སོ་སོས་བསམ་བློ་གཏོང་ཐུབ་པ་དང་ཐག་གཅོད་བྱེད་ཐུབ་པའི་ན་སོ་དར་ལ་སྨིན་པའི་གཞོན་རབས་ཀྱི་འདུ་ཤེས་འཛིན་པ་མ་ཟད་ཁྲིམས་ཐོག་ནས་ཀྱང་བཟང་ངན་གྱི་ཁྲིམས་འོག་ཐག་གཅོད་བྱེད་པའི་དབང་ཆ་ཆ་ཚང་ཡོད་པ་རེད། བྱས་ཙང་མེར་ནང་དུ་བཞུད་ཟིན་པའི་དཔའ་བོ་དང་དཔའ་མོ་རྣམས་ཀྱི་ནང་ནས་ལོ་ན་བཅོ་བརྒྱད་ལས་མ་བརྒལ་བ་ག་ཚོད་ཡོད་མེད་ཞིབས་བཤེར་བྱས་ནས་སྐད་ཆ་བཤད་ན་ད་གཟོད་ཁྱོད་ཀྱིས་བཤད་པར་ངོས་འཛིན་བྱ་རྒྱུ་རེད། དེ་མིན་སེམས་འཁུར་ཡོད་མདོག་གིས་སྔ་འདང་ཕྱི་འདང་མ་བརྒྱབ་པའི་སྐད་ཆ་ཞིག་བཤད་བསྡད་ན་ཕན་ལས་གནོད་ཆེ།
ཁྱོད་ཚོས་དཔའ་བོ་དང་། དཔའ་མོ་ཞེས་རེ་རེ་འབོད་དུས་བོད་ནས་བོད་མི་ལྔ་རེ་འཆི་ངེས་སོ། ། ཁྱེད་ཅག་ལ་སྡིག་པ་ཡོད་ངེས་སོ།།
དགེ་སློང་ཟམ་གདོང་བླ་མས་དགོངས་པ་།
“བོད་ནང་ ༢༠༠༩ ནས་ད་ལྟའི་བར་དུ་རྒྱལ་སྤྱིའི་བྱུང་རབས་ནང་ནམ་ཡང་བྱུང་མ་མྱོང་བའི་མི་འབོར་མང་པོ་ཞིག་གིས་རང་ལུས་མེར་བསྲེགས་བཏང་བ་རེད། ཁོང་ཚོའི་ལྷག་བསམ་དང་སྙིང་སྟོབས། ཆོད་སེམས། བློས་བཏང་། དཀའ་ཐུབ་དང་ལེན་བཅས་བསམ་ཡུལ་ལས་འདས་པའི་རླབས་ཆེན་རྨད་དུ་བྱུང་བ། ཧ་ལས་དགོས་པ་ཞིག་ཡིན་པ་དེ་བཤད་མ་དགོས་པ་རེད། ཁོང་ཚོ་ལ་རྗེས་སུ་ཡི་རངས་དང་གདུང་སེམས་མཉམ་སྐྱེད་བྱེད་རྒྱུ་དང་། ང་ཚོ་གྲྭ་རྐྱང་ཞིག་ཡིན་པའི་ཆ་ནས་སྨོན་ལམ་རྒྱག་རྒྱུ་དང་མཆོད་འབུལ་བྱ་རྒྱུ་བཅས་ཡིན་པ་ལས། སྲིད་དོན་ཀྱི་ཐད་ནས་འགྲེལ་བརྗོད་གང་ཡང་ཞུ་འདོད་མེད་ལ་ཞུ་རྒྱུ་ཡང་ཁག་པོ་རེད།”ཅེས་གསུངས་ཏེ། བོད་མི་ཚོའི་བསམ་བློའི་ནང་རེ་བ་ཞིག་དང་གདེང་ཚོད་ཅིག་ཡོད་དགོས་པ་དང་། གལ་སྲིད་མེད་ན་བསྐྲུན་དགོས་པ་ཞིག་ཡིན་པ། ཁོང་ཚོའི་རླབས་ཆེན་གྱི་བློས་གཏོང་དེར་སྔ་ཕྱི་མ་གཏོགས། བློས་གཏོང་དང་མཉམ་པའི་གྲུབ་འབྲས་ཡང་དག་པ་ཞིག་ཡོང་པའི་རེ་བ་བྱེད་དགོས་ལ། རེ་བ་དང་མཉམ་དུ་གདེང་ཚོད་ཀྱང་དགོས་པ་དང་། ཁོང་རང་ཉིད་ཀྱི་ངོས་ནས་ཁོང་རྣམ་པའི་བློས་གཏོང་ཆེན་པོ་དེ་ཆུད་ཟོས་སུ་མི་འགྲོ་བར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།
མྱིང་གསར་བ་ཞིག་གི་འོག་ནས་ཨོ་རྒྱན་ཉི་མ་ཟེར་བ་དེ་འདྲེ་སྐྱེས་བླངས་ནས་འདིར་བྲིས་ཡོད་པ་འདྲ། ཁ་ནང་ལ་གོར་མི་རེག་རྒྱུ་འདི་ཚོ་ལ་ལབ་ཡ་མང་པོ་འདུག།
ནེ་ཡོག་དུ་ཡོད་པའི་རྒན་པོ་ཚངས་དབྱངས། ཁྱོད་ཅི་འདྲའི་མི་བསམས་མེད་ཞིག། རྒན་པོ་ཁྱེད་དེ་འདྲ་བསམས་ཐུབ་ན་བཤད་ཐུབ་བམ། དྲ་གྲོགས་ཚོ་གཟབ་གཟབ་བྱེས་སེམས་ལ་བཟུང་ཚངས་དབྱངས་ཟེར་བའི་རྒན་པོ་ཁྱི་རྒན་འདི་ནེ་ཡོག་དུ་ཡོད།
ཨ་ཁོ་རེ་སྤྲུལ་ལོག། བོད་ནང་གི་དཔའ་བོ་དང་དཔའ་མོ་ཚོ་ཁྱོད་སྤྲུལ་ལོག་སྤྲུལ་མིང་གི་ཆོ་ལོ་འཁུར་ནས་དཀོར་རྫས་ལ་རྔམས་པ་བཞིན་དཔའ་བོ་དང་དཔའ་མོའི་ཆོ་ལོར་རྔམས་ནས་རང་སྲོག་བློས་བཏང་བྱས་པ་རེད་དྲན་གྱི་ཨེ་འདུག། དགེ་སྡིག་གི་ཤན་འབྱེད་ཞིག་ཡོད་ན་ཁྱོད་ལ་སྡིག་པ་མི་འབྱུང་བའི་ངེས་པ་ཅི་ཞིག་ཡོད།
ཁ་ནང་ལ་དཀོར་མི་རེག་རྒྱུ་འདི་ཚོ་ལ་ལབ་ཡ་མང་པོ་འདུག། ཡང་མིན་ན་དཀོར་སྨྱོན་ལ་ཤོར་ཡོད་པ་འདྲ།
ཁོ་རེ་སྤྲུ་རྫུན་ཨོ་རྒྱན་ཉི་མ། རང་གི་ནང་མི་ཁོ་ན་ཆེད་དུ་སྤྲུལ་སྐུ་རྫུན་མའི་འཁྱེར་ནས་མི་མང་ལ་མགོ་སྐོར་མཁན་ཁྱོད་བོད་ནང་དུ་དཔའ་པོ་དཔའ་མོ་དག་གི་ཐད་ལ་ག་རེ་བཤད་ཡ་ཡོད། ཞོགས་པ་ནས་དགོང་ཁ་ཉལ་ཡ་བར་དུ་རང་དོན་ཁོར་ན་མ་གཏོགས་གཞན་སྤྲུལ་རྫུན་ཁྱེད་གྱི་སེམས་ནང་དུ་གང་མེད། ཇོ་བོ་རིན་པོ་ཁོ་རེ་ངེད་གཉིས་ངོ་ཅིག་ཐུགས་ཐུབ་ན་ངའི་ཁྱེད་རང་དམྱལ་བའི་ཡུལ་དུ་སྐར་མ་གཅིག་གི་ནང་དུ་སྐྱེལ་ངེས་ཡིན།
མི་དེ་ཚོ་སྨྱོ་མེད་མ་བཅོལ་ཡོད་པ་ཐག་ཆོད། ཕྲུ་གུ་མང་པོའི་ཕ་ལགས་དང་ཨ་མ་ལགས་མང་པོ་དེ་ཙམ་ཙམ་རང་ལུས་མེ་སྲེག་བཏང་། དེ་ཚོ་ཚང་མ་ཕྲུ་གུ་བསམ་མེད་ཡིན་ནམ། ཕྲུ་གུའི་པ་ཕའི་པ་ཕ་སྟེ་པོ་པོ་དང་མོ་མོ་མང་པོ་དེ་ཙམ་བཏང་། དེ་ཚོ་མི་མ་རེད་དམ། ཕྲུ་གུ་རྐྱང་རྐྱང་བཏང་བ་རེད་ཟེར། ཧཧཧ མ་གཞི་ནས་ལོ་ཇི་ཙམ་བར་ཕྲུ་གུ་རེད། ཤེས་ཀྱི་ཡོད་པས།
པད་མ་ཕྲིན་ལས་ཟེར་བ་འདི་འཇིགས་སྐུལ་རིང་ལུགས་པ་ཞིག མིན ནམ།
ཨོ་ཉི་ཁོ་རང་ཆོས་པའི་ཚད་དུ་ག་ཚད་འབྱོལ་ཡོད་མིན་ཁོང་གིས་བྲིས་ཤུལ་ལས་གསལ་པོར་འདུག་པས། མི་ངོ་རང་ངོ་མི་ཤེས་པའི་ཕོ་མཐའ་བདོ་མེད་ཡར་མར་གཉིས་མེད་ཀྱི་བར་དོ་བ་དེ་འདྲའི་ནད་རྟགས་མི་སྟོན་པ་ཐུགས་རྗེའི་གཟིགས། མཚོ་དང་མཚེའུ་རི་བོ་དང་སྤང་ལྗོངས་མེ་ཏོག་དཀར་དམར་ཤིང་འབྲས་སྣ་ཚོགས་ཀྱིས་སྤུད་ཅིང༌། སྐྱེ་རྒུ་ཀུན་གང་དགར་གྱི་དཔལ་ལ་རོལ་ཆོག་པའི་ཡངས་ཤིང་རྒྱ་ཆེ་བའི་གོ་ལ་འདི། རང་བཞིན་གྱི་དབང་དུ་བཏང་ན་སུས་ལའང་དབང་དང་མ་དབང་གི་ཐ་སྙད་མེད་ཀྱང་སྲོག་ཆགས་ཉམ་ཆུང་བྱ་དང་བྱིའུ་ཡིན་ཀྱང༌། རང་ས་དྲོན་མོ་འཕྲོག་མཁན་བྱུང་ཚེ་ཁོ་རང་ལས་ཉིས་འགྱུར་གྱི་ལུས་བོང་ཆེ་བ་རྣམས་ལ་རང་སྲོག་ཕངས་མེད་ཀྱིས་འགོག་རྒོལ་བྱེད་ཀྱི་ཡོད་པ་གཟིགས་དང་གསལ་པོར་རྟོགས་ཐོབ། ང་ཚོ་བོད་པས་གདོད་མའི་དུས་ནས་དབང་བའི་རང་ས་དྲོན་མོ་དང༌། རྩ་ཆེ་བའི་ཆོས་དང་རིག་གཞུང་སོགས་སྲུང་སྐྱོབ་ཆེད་རང་གཞན་གཉིས་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་སོགས་ལ་གནོད་འཚེ་གང་ཡང་མ་བཏང་པར། དངས་བླངས་ཀྱི་་སྒོ་ནས་རང་ཉིད་ཀྱི་རྩ་ཆེའི་ལུས་སྲོག་བཏང་ནས་རྒྱལ་ཁབ་དང༌། རིག་གཞུང་སྲུང་སྐྱོབ་བྱེད་པ་ནི་ཅི་འདྲའི་གཏོང་ཕོད་ཆེ་བ་ཞིག་མ་རེད། རྒྱ་མི་ལ་ཤིན་ཏུ་སྡང་ཆེ་བ་གང་ཡང་མཐོང་གི་མི་འདུག དཔའ་བོ་དཔའ་མོ་ཁོང་རྣམས་ཀྱིས་བོད་དང་ཆོས་དང་རིག་གཞུང་མ་ཟད་རྒྱ་རིགས་ཉམ་ཆུང་མང་པོ་ཞིག་རང་དབང་མེད་པར་དམར་པོའི་ཁྲིམས་ཀྱིས་དབང་སྒྱུར་བྱེད་བཞིན་པ་དེ་དག་ལའང་ཤུགས་ལ་ཕན་པ་ལས་གནོད་པ་ག་བར་ཡོད།
བོད་དོན་འཐབ་རྩོད་བྱེད་ན་གཅེས་པའི་ཚེ་སྲོག་བདེ་ཐང་ཐོག་ནས་འཐབ་རྩོད་བྱེད་ན་རྒྱལ་ཁ་ལེན་ཐུབ་ངེས་རེད། ཚེ་སྲོག་དོར་བོད་དོན་འཐབ་རྩོད་བྱ་དགོས་བསམ་ན་ཡང་དེ་ནས་རེ་བྲལ་བ་རེད། ཚེ་ཕྱི་མ་དེ་བས་ཤིན་ཏུ་དཀའ། ཚང་མས་ཡིད་གཟབ་གནང་། རྒྱལ་ཁ་ལེན། འཐབ་རྩོད་བྱོས། སེམས་ཤུག་མ་ཆགས།
ཚང་དབྱངས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་གུས་འདུད་ཞུ།། ང་ཚོ་འདི་ལྟར་མི་སེམས་རྡོ་ལ་འགྱུར་མི་རུང་།། ལོ་ན་མ་སྨིན་པའི་བྱིས་པ་དང་དར་ལ་བབས་པའི་ན་གཞོན་འདི་ཚོ་མེ་ལ་བསྲེགས་ནས་ཇི་ཞིག་འཇོན་མདོག་བྱས་ནས་ལྟད་མོར་གཡེང་།། ནམ་རྒྱུན་ཁ་མི་དལ་བར་བྱམས་པ་དང་སྙིང་རྗེ་ཞེས་བཤད་བཞིན་པ་དེ་ནི་ལྟོ་གོས་འཚོ་ཐབས་ཀྱི་ཆེད་ཙམ་ལས་ནང་སེམས་ཀྱི་གཏིང་ན་བྱམས་དང་སྙིང་རྗེའི་དྲི་མ་ཙམ་ཡང་མི་འདུག་སྙམ།། མཚང་ལ་ཕོག་ན་བཤགས་གསོལ་ཞུ།།
བོད་ཀྱི་བླ་དཔོན་མི་དཔོན་མི་དཔོན་དེ་ཚོ་ལ་གསར་འགོད་པ་ཚོས་མེར་བསྲེག་ལས་འགུལ་མཚམས་འཇོག་འོས་མིན་སྐོར་ལ་གནང་ལ་བཀལ་ནས་སྐད་ཆ་རེ་དྲི་དུས་ལན་དྲངས་ཐད་མ་བསྐྱོན་པར་ལས་འགུལ་གྱི་ངོ་བོ་ལ་འགྲེལ་བཤད་བྱེད་ཁུལ་གྱིས་གཡོལ་བའམ་ཡང་ན་དེ་ལ་བསྔག་བརྗོད་རེ་། ཟུར་ནས་ད་དུང་ལས་འགུལ་ཛ་དྲག་ཏུ་འགྲོ་སྲིད་ཅེས་རྒྱུད་སྐུལ་འདྲ་རེ་ཡང་བྱེད་གི་མི་འདུག་གམ།
བོད་དོན་གྱི་བདག་པོ་བོད་ནང་གི་མི་དམངས་ཚོ་རེད། ཁོང་ཚོས་ཐབས་ཤེས་འདྲ་མིན་བཙལ་ནས་བོད་པ་ཡོངས་ཀྱི་སྡུག་བསྔལ་བསལ་ཐབས་གནང་བ་དེ་ཤེས་ཀྱི་ཡོད། ཡིན་ནའང་། བོད་ཀྱི་བླ་ཆེན་མི་ཆེན་ཚོས། ཁོང་རྣམས་ཀྱི་མགྲིན་ཚབ་པ་བྱས་ནས། རྒྱ་ནག་གཞུང་ལ་འབྲེལ་བྱ་བྱོས་ནས། མུ་མཐུད་རྒྱ་གཞུང་ལ་བོད་པའི་གནས་བབ་ཤོད་པ་དང་། ཕྱོགས་གཅིག་ནས། སྙིང་རྗེ་དང་བྱམས་པའི་ངོ་བོ་མ་བརླག་པའི་ཐོག་ནས་བོད་པ་རྣམས་ལ་མེར་སྲེག་གི་ལས་འགུལ་དེ་ལ་བསམ་གཞིགས་སྐྱར་མ་ཞིག་བྱེད་པའི་རེ་བ་ཞིག་འདོན་ན་ལེགས་སྙམས།
རྡོག་རྡོག་འདི། རྒྱ་གཞུང་གི་བསམ་བློ་མ་འགྱུར་ན། བོད་པ་བདུན་བཅུ་མི་དགོས། ས་ཡ་བདུན་བཅུ་སྲེག་ཀྱང་འབྲས་བུ་མི་ཡོང་། དེ་ལས་ང་ཚོས་ཐབས་ཤེས་རྒྱ་ཕྲག་སྤྱད་ནས་རྒྱའི་མགོ་པ་ཚོའི་བསམ་བློ་འགྱུར་ཨེ་ཐུབ་ལྟ་རྒྱུ་དེ་རེད། དེ་འདྲའི་གནས་སྐབས་ནང་ལ་མེར་བསྲེགས་ཀྱི་ལས་འགུལ་ལས་གཞན་པའི་ཐབས་ཤེས་འདོན་རྒྱུ་ཡོད་མེད་ལྟ་དགོས།
དཔེར་ན། རྒྱ་ནག་གཞུང་ལ་ཆོས་ལུགས་ཁག་གི་བླ་མ་ཚང་མའི་ངོ་བོའི་ཐོག་ནས་སྙན་ཞུ་ཞིག་འབུལ་ན་དེ་ནུས་པ་འཐོན་སྲིད། དེ་བཞིན་ཆོས་ལུགས་ཁག་གི་བླ་མ་ཚོའི་སྐུ་ཚབ་རྒྱ་ནག་ལ་ཕེབས་ཐུབ་པའི་སྙན་ཞུ་ཞིག་གཏང་ན་ཡང་བོད་ཀྱི་ལས་འགུལ་འདི་རྒྱ་ཆེ་རུ་འགྲོ་བའི་གོ་སྐབས་རེད།
རྒྱལ་བ་རིན་པོ་ཆེས་བོད་ནང་ལ་མེར་སྲེག་མཚམས་འཇོག་ཡོང་བའི་ཞུ་སྐུལ་འབུལ་མི་ཐུབ་པ་འདི་ཤེས་ཀྱི་འདུག། རྒྱ་མིས་ལམ་གསེང་རྒྱལ་བ་རིན་པོ་ཆེ་དང་འབྲེལ་བ་འདུག་ཤོད་སྲིད། དེར་བརྟེན། བླ་ཆེན་གཞན་རྣམས་ཀྱིས་རྒྱལ་བ་རིན་པོ་ཆེར་རོགས་པ་བྱས་ནས། ཁོང་གི་ཚབ་ལ་བླ་ཆེན་ཚོས་ཞུ་སྐུལ་བྱས་ནས་ཤིན་དུ་ལེགས།
ལྟས་ངན་དེ་ཚོས་དཔའ་བོ་དཔའ་མོའི་སྙིང་སྟོབས་ལ་མཐོང་ཆུང་བྱེད་པ་ནི་ཡང་ན་སྨྱོན་པ་དང་ཡང་ན་ཁེ་སང་ཞིག་ཡོད་པ་ཐག་ཆོད། ཁོང་རྣམས་པ་སོ་སོའི་ཚེ་སྲོག་རྩ་ཆེན་པ་ཡིན་པ་མ་ཤེས་པ་དང་མེ་ཚ་པོ་ཡིན་པ་མི་ཤེས་པ་ག་ལ་ཡིན།
རྒྱ་དམར་གཞུང་གིས་བོད་མིའི་བདེ་སྡུག་སྐོར་བཤད་པ་དང་གཅིག་མཚུང་ཞིག་བཤད་འདུག།
ཚངས་དབྱངས་ཟེར་བ་དེ་རྒྱ་འདྲེ་ཞིག་རེད་འདུག དྲ་བདག་ཚོས་གཟབ་གཟབ་གནང་རོགས།
རང་ལུས་མེ་བསྲེགས་དེ་འཚམས་འཇོག་བྱེད་ན་ཡག་པོ་རེད་།མཚད་བླ་ཆེན་རྣམས་ཀྱིས་མེ་བསྲེགས་མཚམས་འཇོག་གིས་བཀའ་སློབ་གནང་དགོས་རེད་།རང་ལུས་ མེ་བསྲེགས་ལ་མ་རྒྱབ་སྐྱོར་གནང་མཁན་དེ་མི་སི་ཡིན་ཡང་་མི་ངན་སེམས་ནག་བསམ་མེད་ངན་བཀུར་ཞིག་ལ་ངོས་འཛིན་ཡོད་ ག་སྲིད་བོད་རིགས་ལ་ཤ་ཞེན་ཡོད་པ་ཞིང་ཡིན་ན་མེ་བསྲགས་མཚམས་སཇོག་གིས་འབོད་བཀུར་ཞུ་དགོས
མཆན་འདི་ཁེར་བུད་ཀྱི་རེ་འདུན་བཞིན་ངའི་མཆན་བུ་ནང་འགོད་ཀྱི་ཡོད།
སྙིང་རྗེ་གོ་ལོག་ཟེར་བ་དེ་འདི་རང་རེད། དེ་བས་རྡོ་རྗེའི་དམྱལ་ཁམས་ལྟ་བུའི་རྒྱ་ནག་གི་བཙོན་ཁང་ན་ཉིན་མཚན་མང་པོར་ཟས་བཅད་གཉིད་བཅག་ངང་མནར་གཅོད་སྣ་དགུ་བཏང་སྟེ། ཤི་འདོད་རུང་རང་ཤིའང་བརྒྱག་མི་ཐུབ་པའི་ཚད་དུ་གཏོང་གི་ཡོད། སྡུག་བསྔལ་འདི་དག་མྱོང་མཁན་དེ་བས་གྲངས་མང་། དུས་ཡུན་རིང་། བོད་དོན་ཐག་གཅོད་མ་ཟིན་བར་མཚམས་ཆད་རྒྱུ་མེད། སྙིང་རྗེ་ན་རྗེ་རྒྱུ་འདི་ལས་ཀྱང་ལྷག་པ་མང་པོ་ཡོད། ཕུར་བུ་ཚེ་རིང་དང་ཚངས་དབྱངས་ཟེར་བ་གཉིས་ལ་སྙིང་རྗེ་ཡོད་པ་ངེས་གཏན་ཡིན་ན། འདི་དག་གི་ཆེད་དུ་རང་ལུས་མེར་སྲེག་གཏོང་མི་ཐུབ་ཀྱང་ཟས་བཅད་ངོ་རྒོལ་ལྟ་བུ་དང་དུ་ལེན་རོགས་ཞུ། དེ་མིན་རང་གི་སེམས་སྟོབས་ཆུང་ངུ་དེས་གཞན་གྱི་ཚད་འཇལ་མི་རུང་། སྟག་མོ་ལུས་སྦྱིན་གྱི་རྣམ་ཐར་དག་ཁྱེད་དང་ང་གཉིས་ཀྱི་བློ་ཡུལ་དུ་མི་ཤོང་བ་རེད། དེ་བས་རང་ཚོད་བཟུང་ནས་བསྡད་ན་ཅིས་མི་ལེགས། དངོས་གནས་སྙིང་རྗེ་ཆེ་བའི་མི་དག་ནི་གཟིགས་མོར་གཡེང་ནས་བསྡད་མེད་པར། ལས་འགུལ་སྣ་ཚོགས་པ་སྤེལ་བཞིན་པ་དག་ཁྱེད་ཀྱིས་མི་མཐོང་ངམ། འདི་འདྲ་བྲིས་པ་མཐོང་བས་མི་ཁྱོད་སུ་ཞིག་ཡིན་ནམ། ལས་ཀ་ཅི་ཞིག་ཡིན་ནམ་སྙམ་དུ་དོགས་པའང་ཟ་འོང་། སྨྲ་རྗོད་རང་དབང་ཡིན་པས་ཁྱོད་ཀྱིས་རང་ཉིད་ངོ་སྤྲོད་ཅིག་བྱས་ན་འགྲིག་གམ།
ཡག་པོ་ཞེ་བྲག་བྲིས་ཤག་རྣམ་པ་བཟང་ངན་ཙམ་གྱི་བཤམ་རྒྱུགས་ཁོ་ནར་བྱེད་པ་ལས་དོན་དངོས་
ཁག་ཡོད་ལག་ཡོད་ཀྱི་དཔྱད་རྩོམ་འདྲ་བྲིས་ན་བཟང་ནེ་རེད་ད་ངས་ལྟས་ནའང་མེར་སྲེག་
མཚམས་བཞག་ན་ཡག་པོ་འདུག་ཡིན་ནའང་དྲ་འབུ་འགས་དྲ་འབུ་རེད་ཟེར་ནས་ཡོང་ཐབས་
ཡོད་ཀྱང་རུང་མེད་ཀྱང་རུང་མཐའ་གཅིག་ཏུ་ཡོང་དགོས་རེད་ཅེས་རྒོལ་བ་འདྲ་བྱེད་སྲིད་མོད།
རྒོལ་ཚིག་ཙམ་གྱིས་དྲ་འབུ་དང་ནད་འབུ་བསྒྱུར་ཀྱང་གནང་འགྱོད་བྱེད་དགོས་ཡོད་པ་མ་རེད།
དངོས་དོན་ལ་ཕམ་ཉེས་དང་ཁེ་ཁ་གཉིས་དབྱེ་ཚོད་ཟིན་ཙམ་དགོས་པ་ནི་དོན་དངོས་རེད།
བོད་ནང་གི་བོད་མི་ཕལ་ཆེར་དད་མོས་ཀྱིས་དབང་བསྒྱུར་བསྡད་པ་ཞིག་ཡིན་དུས་ དེ་ལ་
དཔག་པའི་གོ་སྐོན་མཁན་ཞིག་ཡོད་ན་ཕལ་ཆེར་མཚམས་ཡང་བཞག་ཐུབ་པ་ཐག་གིས་ཆོད་ཅེས་
ཚོད་དཔག་བྱེད་ནུས་པ་ལྟ་བུ་རེད་ཡིན་ཡང་དངོས་དཔག་ཙམ་ཡིན། ཁ་ཐེག་བྱེད་དགོས་ན་
ཡང་བྱེད་ཐུབ་ས་མ་རེད་ད། མདོར་ན་དེ་སྔོན་མི་བདུན་བཅུ་བརྒྱད་བཅུ་ཙམ་མེར་བསྲེགས་ཟིན་
པ་རེད་དེར་རྟེན་མེ་རུ་སྲེག་པའི་གྲངས་འབོར་བགྲངས་དགོས་ས་ཤིག་སླེབས་ན་ཁ་མ་གང་བ་
དང་གྲངས་མ་ཚང་བ་ཡོང་འདོད་ཁ་པོ་མ་རེད་དེ་ནས་ཡང་སྐྱར་མེ་རུ་སྲེག་འདོད་པའི་གང་
ཟག་སུ་ཡིན་ན་དེ་ནི་ཀླད་སྟོང་བརྗོད་རྒྱུ་ལས་ཀླད་རྒྱ་ཅན་ཞེས་རྩ་བ་ནས་བཤད་ཀྱིས་མིན་
གལ་སྲིད་མེར་སྲེག་གཏང་དགོས་པ་ཞིག་བྱུང་ནའང་དུས་དང་སྐབས་ལ་ལྟོས་ཏེ་རང་ཉིད་རིན་
ཆེན་སྲོག་དང་བྲལ་བ་མ་ཚད་རང་གི་ཚེ་སྲོག་མ་འོངས་བོད་མིའི་ཆེད་དུ་མེ་ལ་ཕུལ་བ་ཞིག་ཡིན་
དུས་དེའི་མཇུག་འབྲས་ཡང་གོ་ཐོས་ཙམ་མིན་པར་ཤིན་ཏུ་སྙོག་ཟིང་ཆེ་བ་ཞིག་དང་མངོན་
སུམ་དུ་འབུར་དུ་ཐོན་པ་ཞིག་དགོས་པ་ནི་རང་གཞན་ཀུན་གྱིས་མཁྱེན་གསལ་ལྟར་རེད་
དེའི་མ་ཚད་ལོ་གང་མང་རིང་ཞི་བའི་ངོ་རྒོལ་གྱིས་ཕན་ནུས་ཇི་ཙམ་བྱུང་མིན་ཡང་སྐབས་
དེར་ངེས་པར་དུ་དྲན་དགོས་པ་ཞིག་རེད། ངས་འདིར་བཤད་པ་མེར་སྲེག་གཅིག་པུའི་བསམ་
ཚུལ་ཡིན་པ་ལས་ཐམས་ཅད་གཡས་ཁག་གཡོན་སྐྲི་དོན་རྐྱེན་ཕར་ལོ་ནས་ཚུར་ཁུལ་བ་ཚུར་
རོལ་ཕར་ལེན་པ་སོགས་གང་ཡང་བྱས་མེད། བོད་ནང་ད་ལྟ་གསོན་པོར་ཡོད་པའི་མི་བུ་
རྣམས་ལ་ཐུགས་བསམ་བཞེས་རོགས་ཞེས་ཞུ་བ་ཡིན།
འདི་རྒྱ་ནག་དམར་གཞུང་ལ་དགོས་པའི་སྐད་ཆ་དེ་ག་རང་རེད། བསམ་བཞིན་དུ་བོད་ཀྱི་རྩ་དོན་གླེང་ཕྱོགས་ལ་གནོད་པའི་གཏམ་འཆལ་སྤེལ་བཞྀན་པ་མིན་ན། ཁ་བཙུམས་ནས་བཞུགས་རོགས། སྐུ་མཁྱེན།
སུ་ཞིག་གིས་མཚམས་འཇོག་བྱོས་ཞུ་འི་ཡོད་ན། དེ་རྣམས་གྱིས་ཤི་བོ་བདུན་ཅུ་ལྷག་གི་རེ་འབོད་ཐང་ལ་བརྒྱབས་པས་མ་ཚད། འབྲས་བུ་སྤུ་ཙམ་ལ་ཡང་རེ་ལྟས་མེད་པར་བཟོ་བཞིན་པའི་ཁ་སྡུད་མ་འདི་ཚོ་ལ་ཉན་ཡ་དང་ཆ་འཇོག་ས་མེད་པ་ཤེས་གལ་ཆེ།
རེབ་སྐྱིད་མ། ཁ་སྐྱོལ་ཞོར་ལ་སྣ་བསྐུས་ཟེར་བ་དེ་འདྲ་མ་བྱེད་ལོ།
གལ་སྲིད་བོད་ནང་གི་བོད་མི་ལ་སྙིང་ནས་བརྩེ་བ་ཡོད་ན་ཁྱོད་ཚོས་ལོ་ཆུང་དེ་ཚོ་མེ་ལ་མ་སྲེག་རོག་གྱིས་། སྡིག་པ་ཚོང་མ་ཁྱོད་ཚོ་ཡོད་དངོས་གནས་རེད། ང་ཚོ་བོད་ནས་གསར་དུ་འབྱོར་ཉན་ཡིན་སྐད་ཆ་བདེན་པ་བཤད་ན་བོད་ནང་གི་བོད་མི་རྒྱ་ཆ་དགུ་བཅུ་ཡི་ཀུན་སློང་ག་རེ་ཡོད་གསར་པོ་ཤེས་གི་ཡོད་། འདི་ལོ་མི་མང་པོ་ཞིག་གི་མེ་སྲེག་གི་དུས་སུ་མེ་ལྕེ་ནང་ལ་རྒྱ་བ་རིན་པོ་ཆེ་མཇལ་གི་འདུག་ཟེར་གི་འདུག་ཡང་སྐྱལ་མི་ཁ་ཤེས་གི་གལ་སྲིད་མེ་སྲེག་བྱས་ཐུབ་ན་རྒྱལ་བ་རིན་པོ་ཆེ་དངོས་སུ་བསུ་མ་སླེབ་གི་ཡོད་རེད་ཟེར་གི་འདུག་། གལ་སྲིད་རྒྱལ་བ་རིན་པོ་ཆེ་ས་འདི་ལ་མ་གཞུག་ན་མི་ཅིག་གི་མེ་སྲེད་མི་བྱས་དངོས་གསལ་རེད།
བོད་ནང་ནས་ང་ཡི་གྲོག་པོ་ཞིག་གི་ཟེར་ཡ་ལ་་་་་་མེ་ལ་སྲེག་ཐུབ་ཉན་དེ་ཚོ་སངས་མ་རྒྱས་ན་སུ་སངས་རྒྱས་ཐུབ་རེད་ཟེར་གི་འདུག་་་་ཁྱོད་ཚོས་དེ་ཚོའི་བསྐོལ་ལ་བསམ་ཞིབས་བྱས་རོག།
བོད་ཀྱིས་བདེན་པ་རྩོད་ན་སྐད་ཆ་བདེན་པ་ཤོད་སྟགས་སྤྱད་ཡག་པོ་གྱིས།
གཟུར་གསན་བློ་ལྡན་ལགས། ཁྱེད་གྱི་ང་འཇིགས་སྐུལ་རིང་ལུགས་དང་མིང་གཞན་ག་རེ་དག་ཀྱང་དེ་ལ་ང་ཁྱད་པར་མེད། ཡིན་ནའང་བོད་ནང་དུ་རྒྱལ་གཅེས་དཔའ་པོ་དཔའ་མོ་ེད་དག་གི་བོད་མི་རིགས་ཀྱི་ཆེད་དུ་རང་ལུས་མེ་རེར་བསྲེག་མཁན་དེ་དག་ལ་ཟུར་ཟ་དང་མཐོང་ཆུང་གི་སྐད་ཆ་ག་རེ་བཤད་མཁན་ཚོ་ངའི་ནམ་ཡང་ཚེ་ཐར་ལ་མི་གཏོང་ཁོ་ཐག་ཡིན།
སྒོར་ཟུར་ལྔ་པ་་་་་་་སྒོར་ཟུར་ལྔ་པ་དེང་སང་བཙན་བྱོལ་སྤྱི་ཚོགས་གང་སར་སྒོར་ཟུར་ལྔ་པ་མང་ཚོད་འདུག
ཁྱི་རྒན་བཞིན་དུ་ཉིན་མཚན་རྟག་པར་རང་དོན་ལས་བསམ་རྒྱུ་མེད་པའི་མི་ཁག་ཅིག་ནས་བོད་བསྟན་སྲིད་མི་རིགས་ཀྱི་བདེ་དོན་དུ་རང་སྲོག་ཕུལ་མཁན་དག་ལ་བསམ་མེད་བྱིས་པ་སོགས་བརྗོད་ཁུལ་བྱེད་པ་ནི་ཇི་འདྲའི་ཡིད་མུག་པ་ཞིག་རེད། མི་འདི་ཚོ་ལ་སྟོ་གོས་འགྲིག་ཙམ་བྱུང་ན་གཞན་ཅི་ཡང་མི་དགོས་པ་རེད།
ཚངས་དབྱངས་ཀྱི་རྩོམ་འདིར་རྒྱུ་མཚན་མེད་པ་རེེད་མི་འདུག །དྲྭ་གྲོགས་རྣམ་པ་ཚོས་རང་བློ་ལྷོད་ལ་ཕབ་སྟེ་ཟུ་བོར་གནས་ནས་བསམ་བློ་ཞིག་ཐོངས་དང། ཉེ་འཆར་ལུས་མཆོད་མེར་སྒྲོན་པའི་སྐྱེ་བོ་རྣམས་ལས་མང་པོ་ཞིག་ལོ་༡༨ ནས་ ༢༥ ཙམ་བར་ཡིན་པ་ཤ་སྟག་རེད་འདུག་ག །དེར་བརྟེན་བྱིས་པའམ་ཕྲུག་གུ་རེད་ཅེས་བརྗོད་ན་མི་འཐད་པ་མེད་གི །མ་ཟད་ད་ལྟ་བོད་གཉན་འཕྲང་ཅན་དུ་སླེབས་སྐབས་འདིར་རང་གི་མི་རིགས། ལྷག་པར་གཞིས་ལུས་བོད་མི་སུ་ཡིན་རུང་ལུས་མེར་ཕུལ་ན་ཕལ་ཆེར་འཆི་ངེས་རེད། ད་འོ་ན་རང་རིགས་མང་པོ་ཞིག་ལུས་མེར་བསྲེགས་ཏེ་འཆི་ན་ཁྱོད་ཚོ་བློ་བདེ་མོ་ཡོང་ས་ཨེ་རེད། ངས་ལྟས་ན་ཚངས་དབྱངས་ལ་ཐེངས་འདིར་བདེན་པ་འདུག་དྲན་གྱི། མ་ཟད་ཁ་ཅིག་གིས་ཧམ་བཤད་བགྱིས་ཏེ། “ཀི་རྒྱག་པ་བསྲེགས་བསྐུལ་མ་མ་རེད། དང། སྣུམ་འཕྲོག་མེ་སད་དེ་རྒྱ་ལག་ལ་རྩིས་སྤྲོད་ཟེར་གྱི་འདུག” ཅེས་སོགས་སྨྲ་བ་ནི་ཁུངས་ལུང་གཏན་ནས་མེད་པའི་གཏམ་འཆལ་ཡིན་པས་དྲྭ་གྲོགས་ཚོས་རང་ཉིད་རི་བོང་བཅལ་སྒྲོགས་གི་དཔེ་ཟླར་མི་འགྲོ་བའི་རེ་བ་ཡོད། ཁ་གྲོ།
བོད་མི་དཀྱུས་མ་དེ་ཚོ་བུད་ཤིང་རེད་ལ་གུང་ཁྲན་དང་བྱམ་གདོང་བཅས་ནི་ཐབ་ཀ་དང་མེའི་རང་བཞིན་ལས་མ་འདས་། གོང་གི་ཚིག་དེ་ཚོ་ལ་བལྟས་ན་དངོས་ཤུག་ནས་ད་དུང་མེ་བསྲེག་མང་ཙམ་གྱིས་ལབ་པ་དང་ཆ་རེད།
བཟོད་པས་དངོས་གནས་གནད་འགག་ཅིག་བཤད་འདུག། ཚང་མ་གོ་མ་ཐོས་པ་མེད་པ་བྱེད་གལ་རེད། བོད་ལ་འདི་འདྲའི་དཀྲོགས་གཏམ་མང་པོ་ཡོང་གི་ཡོད་པ་ང་ཚོ་ཚང་མས་ཤེས། རྒྱལ་བ་རིན་པོ་ཆེ་ཟླ་བའི་ནང་ནས་མཇལ་སོང་མེ་ཏོག་ནང་མཇལ་སོང་ཟེར་བ་ལྟ་བུ་བཤད་སྲོལ་ཤིན་ཏུ་མང་བས་རྒྱལ་བའི་ཆེད་མེ་ལ་བསྲེག་པའི་དཀའ་བ་ཞིག་སྤྱད་ཐུབ་ན ་ཁོང་གིས་འདྲེན་འགྲོ་སྙམ་བའི་རེ་བ་ཆེ་ཤོས་རེད་།
དང་པོ། བོད་པ་ཚང་ལ་སྡུག་བསྔལ་གསུམ། །སྤྲུལ་ལོག་དམ་ལོག་མང་མང་ནས། །ཕ་ཆོས་གསེར་གྱི་ཉིང་ཁུ་འདིར། །ཕོར་ཆུས་དོན་དུ་བརྗེ་བའི་སྡུག །གཉིང་པ། ཕྱི་དགྲ་མི་རྒོལ་ཕུ་ནུར་རྒོལ། །རང་རིགས་ལ་རྒྱལ་ཅན་ལ་སྨོད། །ཆོ་ཁ་ཆོས་ལུགས་གཏིང་ནད་དེའི། །དམ་ཚིག་འོ་མཚོ་ཕྲག་དམར་བསྒྱུར། །གསུམ་པར། ཆབ་དཔལ་རིགས་གསུམ་བདག་དབང་ཆེད། །གཅེས་པའི་ལུས་སྲོག་མེར་ལ་སྦར། །བསྔགས་བརྗོད་གྲུབ་འབྲས་མངོན་འདོད་ཀྱིས། །འདོད་དོན་ལས་ལྡོག་ལོག་འགྲེལ་མང་། །ཨུ་ཧུ་ཧུ་་་་་་་་་་་ཕྱི་ནང་གིས་དགྲ་བགེགས་འདི་དག་མ་ར་ཡ་ཕཊ་་་་་་་་་་་་་་་་་་་་་་་་་
ངོ་མ་མི་བསམ་མེད་འགའ་སླེབས་འདུག ཁོང་ཚོས་གང་གི་ཆེད་དུ་རང་ལུས་མེར་བསྲེགས་བཏང་བ་རེད། འདི་ལ་བསམ་བློ་བཏང་དགོས། དེ་མིན་ཅི་གང་མི་ཤེས་པར་སེམས་ཁུར་ཡོད་མདོག་བྱེད་པ་ལས་ཁ་བཙུམ་ནས་སྡད་ན་དགའ་ངེས་རེད། བོད་བསྟན་སྲིད་མི་རིགས་དང་བཅས་པ་འཆི་གསོན་གྱི་འགག་རྩར་ཐུག་པའི་དུས་འདི་འདྲ་ལ། རང་ཉིད་ཀྱིས་ཅི་ཡང་མི་ནུས་པར་འདིའི་དོན་དུ་ཡོད་ཚད་བློས་གཏོང་གནང་མཁན་རྣམས་ལ་ཡི་རང་ཞུ་རྒྱུའི་ཚབ་ཏུ་དགག་པ་འདྲ་ཞིག་བྱེད་ཁུལ་བྱེད་པ་ནི་བསམ་མེད་ཀྱི་ལས་ཀ་ལས་ཅི་ཡང་མ་རེད།
བོད་ནང་རང་ལུས་མེ་སྲེག་གཏོང་དགོས་པ་ནི། བོད་ཚོ་མི་ལོ་༥༠ལྷག་གི་རིང་ལ་རྒྱ་གཞུང་གི་སྡུབ་རྩུབ་དང་དྲག་གནོན་འོག་མི་བཟོད་པར་བྱུང་བ་ཞིག་ཡིན་ཞིང། དེ་ལ་འཚམས་འཇོག་ཟེར་ན་འཇོག་ཆོག་ཆོག་ཞིག་ཡོད་པ་མ་རེད། རང་དབང་ལུང་པར་བསྡོད་མཁན་ཚོས་སོ་སོའི་ལུས་དང་སེམས་ལ་སྡུག་ངལ་དང་དྲག་གནོན་དངོས་སུ་མ་མྱོང་ཙང་དེ་བྱེད་དང་དེ་མ་བྱེད་ཟེར་ཁ་བདེ་པོ་བཤད་ཐུབ་ཀྱི་རེད། ཁོ་ཚོ་ནི་ཁྱིམ་ཚང་དང་བཟའ་མིབུ་ཕྲུག་ཡོད་པ་ཤེས་བཞིན་དུ་རང་སྲོག་བཅད་པ་ནི་སེམས་ལ་ན་ཟུག་གི་བརྟན་པར་བྱས་པ་ཞིག་རེད།
དཔེར་ན། རང་གི་ཁྱིམ་དུ་རྒྱུས་མེད་ཀྱི་མི་ཞིག་གིས་བཙན་འཛུལ་བྱས་ཏེ་ལོ་ངོ་མང་པོའི་རིང་ཁྱིམ་ཚང་གི་ནང་མི་ཚོར་དབང་ཡོད་བཤད་པ་དང་སྡུག་པོ་བཏང་བ། ཟ་ཡ་བཟས། བཏུང་ཡ་བཏུང། བཙན་པོ་དབང་ཡོད་བཤད་དྲག་ན་ཁྱེད་རང་སྡུག་རུས་བྱེད་ཐུབ་བསམ། སྐབས་དེ་དུས་རང་གི་སེམས་ལ་སྡུག་བསྔལ་གྱི་ཁྲག་ཆུ་འཁྱིལ་ནས་སེམས་ནང་ཁོན་འཛིན་མ་གཏོགས་དྲན་རྒྱུ་མེད་པར་འགྱུར་ཏེ། རང་གི་མི་དེ་མེད་པ་བཟོ་རྒྱུ་ཡིན་ནའང་རང་ལ་ནུས་པ་མེད་པ་མི་དེར་ཁ་གཏད་བཅོག་མ་ཐུབ་ན། རང་གི་སེམས་ལ་སྡུག་བསྔལ་དེ་འཁྱེར་ནས་ག་ཚོད་བར་བསྡོད་ཐུབ་ཀྱི་རེད་དམ། བོད་ནང་དུ་རྒྱ་གཞུང་གི་དྲག་གནོན་འོག་ལ་བསྡོད་མ་ཐུབ་པར་འུ་ཐུག་པ་ཞིག་རེད། བརྟེན་ཕྱི་ལོག་ཏུ་ཡོད་མཁན་ཚོས་ཁ་བདེ་པོ་རྐྱང་བཤད་ནས་མ་སྡོད་པར་མཐའ་ན་བོད་ནང་གི་གནས་སྟངས་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་ཀྱི་ལས་དོན་ཆེན་པོ་བྱེད་མ་ཐུབ་ཀྱང།་སོ་སོའི་ལས་ཀ་བྱེད་སའི་ལས་བྱེད་པ་དང།་ མི་འདུ་འཛོམས་བྱེད་ཡུལ། མོ་ཊ་དང། རི་ལིའི་འབབ་ཚུགས།
སྤྲོ་སྐྱིད་གཏོང་ས་ལ་སོགས་པར་ཉིན་གཅིག་གི་ལས་གསེང་ཞུས་ཏེ། ཡིག་ཆ་འགྲེམས་སྤེལ་བྱས་ན་ཁ་སྟོང་པ་བཤད་པ་ལས་ཕན་གྱི་རེད།་བོད་ནང་གི་ཛ་དྲག་གི་གནས་སྟངས་དྲིལ་བསྒྲགས་བྱེད་ས་འཚལ་ནས་འགྲོ་དགོས་པ་རེད་མ་གཏོགས་ཚུར་འཚོལ་བར་ཡོང་གི་མ་རེད།
ངས་བལྟས་ན། ངས་མཐོང་བར། ངས་བརྟག་པ་མང་པོ་བྱས་པའི་མྱོང་བར། རྒྱལ་བ་རིན་པོ་ཆེའི་ཐུགས་ལ་མེར་བསྲེགས་ཀྱི་ལས་འགུལ་འདི་མགྱོགས་ཙམ་མཚམས་འཇོག་བྱས་ན་ཅི་མ་རུང་སྙམ་གྱི་ཡོད་པ་ཤིན་དུ་གསལ་པོ་རེད། ཁོང་བྱམས་སྙིང་རྗེའི་བདག་ཉིད་ཡིན་པ་ཐེ་འཚོམ་མེད།
འོན་ཀྱང་། གལ་ཏེ་ཁོང་གིས་འདི་མཚམས་འཇོགབྱེད་དགོས་གསུངས་པ་ཡིན་ན་གཤམ་གྱི་རྙོག་འདྲ་ཁག་ཡོང་གི་ཡོད། དེ་རྒྱལ་བ་རིན་པོ་ཆེས་མཁྱེན་སྟབས་གསུང་ཤེས་ཀྱི་མེད། ད་ངོ་ཚོས་རྒྱལ་བ་རིན་པོ་ཆེ་འཐོན་མ་དགོས་པར། བོད་པ་ཚང་མས་འགན་འཁུར་ནས་ལས་འགུལ་འདི་མཚམས་འཇོག་དང་ལས་འགུལ་གསར་པ་ཞིག་སྤེལ་བར་སྐུལ་མ་བྱས་ན། བླ་མ་དང་འབངས་ཚང་མ་སྤྲོ་བར་བྱེད་པའི་བྱ་བ་བཟང་པོ་ཞིག་རེད།
༡༽ རྒྱལ་བ་རིན་པོ་ཆེ་ཆབ་སྲིད་ཀྱི་འགན་འཁུར་རྣམས་མི་དམངས་ལ་སྤྲོད་ཟིན་པ་ཡིན་ཞེས་གསུངས། དེ་ལྟར་བཞིན། ཁོང་ནས་མི་དམངས་ཀྱིས་བདམས་པའི་སྲིད་སྐྱོང་ལ་དབང་ཆ་ཚང་མ་སྤྲོད་ཟིན་སྟབས། ཡང་བསྐྱར། བོད་ནང་གི་ཆབ་སྲིད་ཀྱི་ལས་འགུལ་ལ་བཀའ་གཏོང་གནང་བ་ཡིན་ན། དེ་སྔོན་མའི་དགོངས་པ་དང་འགལ་བ་རེད། རྒྱ་མིས་ཀྱང་། དོན་དངོས་བོད་ཀྱི་ཆབ་སྲིད་དབང་ཆ་རྒྱལ་བ་རིན་པོ་ཆེའི་ལག་ལ་ཡོད་པར་སྙོན་འཛུགས་དང་། དེ་བཞིན་གསུང་འཕྲིན་དེ་འདྲ་ཞིག་དམངས་གཙོའི་ལམ་ལུགས་དང་ཡང་འགལ་བ་རེད།
༢༽ རྒྱ་མིས་ཁྱོན་ཡོངས་ནས་བོད་ནང་གི་ཆབ་སྲིད་གནས་ཚུལ་ཚང་མ་ཕྱི་རྒྱལ་ནས་རྒྱལ་བ་རིན་པོ་ཆེས་ཐོག་མཐའ་བར་གསུམ་ལ་ངན་སྐུལ་བྱས་པའི་འབྲས་བུ་ལས། བོད་མིའི་མངོན་འདོད་མིན་ཚུལ་ཤོད་བཞིན་མུས་ལ། རྒྱལ་བ་རིན་པོ་ཆེས་ཐད་ཀར་རང་ལུས་མེར་བསྲེགས་པ་ཚོར་ལས་འགུལ་འདི་མཚམས་འཇོག་དགོས་པའི་བཀའ་གནང་ན། ལས་འགུལ་དེ་དང་རྒྱལ་བ་རིན་པོ་ཆེ་གཉིས་དཔོན་འབངས་ཀྱི་འབྲེལ་བ་ཡོད་པ་མཚོན་སྟབས། ཁོང་ནས་བོད་ནང་གི་གནས་ཚུལ་འདི་བོད་མིའི་ལས་འགུལ་ལས་ཁོང་གིས་ངན་སྐུལ་མིན་གསུངས་སྟབས། བཀའ་དེ་ལྟར་ཡོང་ཐབས་བྲལ།
༣༽ གལ་ཏེ། མ་མཐར་ཡང་འགྲོ་བ་མིའི་སྙིང་རྗེ་དང་བྱམས་སེམས་ཀྱི་ལྟ་བའི་རྒྱུད་ལས་བཀའ་འདི་འདྲ་ཞིག་ཕེབས་དགོས་ཀྱི་ཡོད་ཚེ། སྔོན་ལ་རྒྱ་ཕྱོགས་ནས་བོད་མིའི་རེ་སྐུལ་རྣམས་ལ་བརྩི་བཀུར་དང་ཁས་ལེན་དགོས། དེ་རྒྱ་ཕྱོགས་ནས་བྱེད་འདོད་མེད་སྟབས། རྒྱལ་བ་རིན་པོ་ཆེ་ཐེངས་འདིའི་ལས་འགུལ་དང་ཐག་རིང་ཙམ་ཞུགས་པ་ལས་གཞན་ཅི་མ་འཚལ།
དེར་བརྟེན། ད་ང་ཚོས་ཐབས་ཤེས་གཞན་གང་ཡོད་མེད་ལ་ལྟ་དགོས།
བོད་མི་ཚོ་མེ་སྲེག་མ་བཏང་རོག་་་རེ་བ་རི་འོང་གི་ར་དང་འདྲ་་་་
ངོ་མ་ཅན་གི་མེ་བསྲེག་གཏང་མི་ཉན་གི་ཡ།་་་་་་་་ཨ་གནམ་རྒན་མ།།།།།།།།།།།།།།།
ཁྱེད་རྣམ་པས་བསམ་ཚུལ་འདིར་བཀོད་གནང་བར་ཐུགས་རྗེ་ཆེ།
༄༅། །ཀ་བཤད་སྙིང་གི་རེ་བ།།
ཀ་ཁ་ག་ང་དབྱངས་གསལ་ཡི་གེ་ཡི་ཕྲེང་བ།།
ཁ་བའི་མི་རིགས་ཡོངས་ཀྱི་བླ་སྲོག་གི་དྭངས་མ།།
ག་ལེར་མ་བཞུགས་བོད་ཀྱི་སྐད་ཡིག་དེ་སྦྱོངས་དང་།།
ང་ཚོའི་རིག་གཞུང་རྩ་བ་བརླག་ཉེན་དུ་འདུག་གོ།
ཅ་ག་ཆེན་པོས་མེས་པོའི་རིག་གཞུང་དེ་སྲུངས་ཕྱིར།།
ཆ་འཇོག་འོས་པའི་ཕ་སྐད་གཙང་མ་དེ་སྐྱོན་རོགས།།
ཇ་ཆང་བཟའ་བཏུང་ཁོ་ནར་མགོ་བོ་རང་འཁོར་ནས།།
ཉ་རེ་ཉོ་རེ་མ་གནང་ཕ་སྐད་དེ་སྦྱོངས་རོགས།།
ཏཱ་ལའི་བླ་མས་སྐུ་ངལ་སྐྱོན་ཚུལ་ལ་གཟིགས་ཏེ།།
ཐ་མལ་རང་དོན་གཅིག་པུའི་བློ་ངན་དེ་དོར་རོགས།།
ད་ལྟའི་སྐབས་ལ་བསམ་ནས་རྟོག་དཔྱོད་ཞིག་གྱིས་ནས།།
ན་ཚོད་གཞོན་པའི་དུས་སུ་སྐད་ཡིག་ལ་བརྩོན་དང་།།
པ་ཕ་ཨ་མ་ཆགས་ནས་སྐད་ཡིག་ལ་བརྩོན་ཀྱང་།།
ཕ་སྐད་གཙང་མ་སྦྱོང་རྒྱུའི་དུས་ཚོད་དེ་ཕྱིས་སོང་།།
བ་ལང་དུད་འགྲོ་ཡིན་ན་ཐུགས་ཁག་དེ་མེད་ཀྱང་།།
མ་ལས་སྐྱེས་པ་སྨྲ་ཤེས་དོན་གོ་ནི་རེད་འདུག །
རྩམ་ཟན་ཆོལ་གསུམ་སྤུན་ཟླས་ད་ལྟ་ཡི་དུས་འདིར།།
ཚ་ཚ་འུར་འུར་ངང་ནས་ཆམས་མཐུན་ལ་འབད་དང་།།
ཛ་དྲག་ཆེ་བའི་དུས་འདིར་ནང་འཁྲུགས་རང་མ་གནང་།།
ཝ་མོ་ལྟ་བུའི་ངན་སྤྱོད་དཀྲུགས་ཤིང་དེ་སྤངས་ནས།།
ཞ་སེར་ངུར་སྨྲིག་འཛིན་པ་དགེ་འདུན་གྱི་སྡེ་དང་།།
ཟ་ཚོ་ཁྱིམ་ན་གནས་པ་འཇིག་རྟེན་གྱི་སྐྱ་བོ།།
འ་ཅག་གཅིག་གིས་གཅིག་ལ་སྐྱོན་བརྗོད་དེ་དོར་ནས།།
ཡ་རབས་མི་ཡི་ལུགས་ལྟར་བརྩི་བཀུར་ལ་གཞོལ་རོགས།།
ར་བ་གངས་རིའི་ལྗོངས་ཀྱི་རིག་གཞུང་གི་ཆེད་དུ།།
ལ་རྒྱ་ཆེ་བའི་བོད་རིགས་དཔའ་བོ་དང་དཔའ་མོས།།
ཤ་ཚ་ཆེ་རང་དྲགས་ནས་དལ་འབྱོར་གྱི་མི་ལུས།།
ས་རྡོ་བཞིན་དུ་ཕངས་མེད་བསྲེགས་པ་ལ་སོམས་ནས།།
ཧ་ལོ་ཧ་ལོ་མ་ཟེར་ཕ་སྐད་རང་སྐྱོན་རོགས།།
ཨ་ཅ་ཨ་ཅ་མ་ཟེར་ཕ་སྐད་རང་སྐྱོན་རོགས།།
ཧ་ཧ་ཧ་ཧ་དགོད་བཞིན་བོད་དོན་དེ་མ་བསྐྱུར།།
ཨ་ལ་ལ་ཧོ་ཟེར་ནས་གླུ་དབྱངས་ལ་མ་བརྩོན།།
ཧ་གཉིད་གོ་ནས་སྨྲས་པའི་སེམས་ཁོང་གི་སྙིང་གཏམ།།
ཧ་ཅང་གོ་དཀའ་མངོན་བརྗོད་ཚིག་གིས་ནི་མ་རྒྱན།།
ཨ་ནུ་བྱིས་པ་ཡིན་ཡང་ཐལ་ལེ་ནི་གོ་ཐུབ།།
ཨ་མའི་བུ་ཚོས་འདི་ཉིད་ལན་ཅིག་རང་ཀློགས་རོགས།།
ཞེས་པ་འདི་ནི་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་པའི་གྲལ་མཐར་གནས་པ། ལ་སྟོད་དིང་རི་བ་ངག་དབང་སྙན་གྲགས་སུ་འབོད་པ་དེས་ཤར་མར་བྲིས་ཏེ་གངས་ཅན་པ་ཡོངས་ཀྱི་སྙན་ལམ་དུ་ཕུལ་བའོ།། །།
གང་ལྟར་རྡ་ས་སྒྲིགས་འཛུགས་གིས་་་་་་་་་་དེང་སང་བོད་ནང་ཡོད་པའི་དཔའ་འོ་དང་དཔའ་མོ་རྣམས་ལ་་་་་ངོ་ལོགས་པ་རེད་མ་ཟེར་ན་ཨང་དང་པོ་རེད་་་་་་་སྔར་༡༩༥༩ སྐབས་གྱིས་དཔའ་འོ་དང་དཔའ་མོ་རྣམས་དེང་སང་ག་འདྲ་ཆགས་འདུག་་་་་་་་་་༡༩༥༩ སྐབས་གྱིས་དཔའ་འོ་རེད་ཟེར་བཅས་་་་དེང་སང་དམིགས་གསལ་གང་ཡང་མི་འདུག་པ་བཞིན་་་་་་་་་བོད་ནང་ཡོད་པའི་རང་ལུས་སྲེད་མཁན་རྣམས་ཉིན་ཞིག་ངོ་ལོག་་པ་རེད་ཟེར་བ་བཤད་མི་དགོས་པ་རེད་་་་་་་་་མཁྱེན་པ་གནང་དགོས་་་་་