བསྟན་འཛིན།
བཙན་བྱོལ་ནང་གི་མི་རབས་རྒན་པ་རྣམས་ཀྱིས་མཐུན་སྒྲིལ་དང་ལྷག་བསམ། སྤྱི་པའི་ལས་དོན་ལ་ལ་ཤུགས་ཆེན་པོ་བརྒྱབ་ནས། འཛམ་གླིང་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་བཙན་བྱོལ་གྱི་སྒྲིག་འཛུགས་སྤུས་དག་ཅིག་བཙུགས་ཐུབ་ཡོད། དེ་ཡང་གཙོ་བོ་༧གོང་ས་མཆོག་གི་དབུ་ཁྲིད་ཡང་དག་པ་དང། ཁོང་གི་ཕྱག་སྦྲེལ་བློན་པོ་རྣམ་པའི་ཐབས་མཁས་ཐུགས་རྗེ་དང་སྤྱི་སེམས་ཡང་དག་པའི་བཀའ་དྲིན་ཁོ་ན་ཡིན་པ་ད་ལྟ་གསལ་པོར་རྟོགས་ཐུབ།
ད་ལྟའི་བྱིས་པ་ལྟ་བུའི་དབུ་ཁྲིད་བསམ་མེད་དེ་ཚོ་དང་། རྟ་བོང་ལྟ་བུའི་ཕྱོགས་གཉིས་ཀའི་རྒྱུག་ཁྱི་ཆུ་སྣ་གང་ཁྲིད་ཀྱི་བླུན་པོ་དེ་ཚོའི་ནོར་འཁྲུལ་གྱིས་བོད་ཅེས་པའི་ཐ་སྙད་དེ་གནས་ཐུབ་མིན་ལ་ཐེ་ཚོམ་བཟའ་བའི་དུས་ཚོད་ཤར་སོང་། ད་ལྟ་གོང་ས་མཆོག་སྐུ་བཞུགས་པའི་རིང་ལ། ང་ཚོས་ཆོལ་གསུམ་ཆིག་སྒྲིལ་དང་མཉམ་སྐྱོད་ཀྱི་དམིགས་ཡུལ་བསལ་པོའི་ཐོག་སྤྱི་སེམས་དང་པོར་འཇོག་མཁན། བསམ་བློ་གུ་ཡངས་བ། གཤིས་ཀ་གཤིབ་བདེ་བ། སྤྱོད་པ་དྲང་ཚུགས་ཆེ་བ། རྣམ་དཔྱོད་རྣོ་བ། ལེགས་ཉེས་ཀྱི་རྣམ་དཔྱོད་ཟབ་པའི་བོད་པ་གཞུང་སེམས་ཆེ་བ་རྣམ་བསྐོངས་ནས་མི་མངས་ཆེ་བའི་བསམ་ཚུལ་དང་ཁེ་ཕན་བསྒྲུབ་པའི་ཚོགས་པ་ཞིག་ཅི་ནས་འཛུགས་རན།
གལ་ཏེ་ཁྱེད་ལ་འདི་ལྟར་རོགས་བྱེད་པའི་གཞུང་སེམས་ཡོད་ན། མཚན་དང་འབྲེལ་གཏུགས་གློག་འཕྲིན་གཤམ་ལ་འཇོག་རོགས། གོང་གི་བསམ་ཚུལ་དེར་བགྲོ་གླེང་གནང་འདོད་ཡོད་ན། བསམ་ཚུལ་གསུངས་རོགས།
ང་ཚོའི་དམིགས་ཡུལ་དེ་རང་བཙན་དང་དབུ་མ། ཆོལ་ཁ་དང་ཆོས་ལུགས་མིན། དམིགས་ཡུལ་གཙོ་བོ་བོད་པ་མངས་ཆེ་བའི་འདོད་དོན་གང་ཡིན་ཞིབ་འཇུག་བྱས་ནས་དེ་དག་གི་དམིགས་ཡུལ་ཆོལ་གསུམ་དང་ཆོས་ལུགས་ཀྱིས་མ་འདྲེས་པའི་མི་མངས་ཀྱི་ཚོགས་པ་ཞིག་འཛུགས་ན་བསམ་པ་ཡིན།
བགྲོ་གླེང་གནང་རོགས།
དེ་འདྲའི་མི་རྙེད་དཀའ། ང་ཚོར་ཚོགས་པ་མང་སྐྱོན་ལས་ཉུང་སྐྱོན་མེད། ཅི་ཙམ་ཚོགས་པ་མང་ན་དེ་ཙམ་གྱིས་རྙོག་གླེང་མང་། གཙོ་བོ་ང་ཚོར་རྒྱལ་ཞེན་པ་ཉུང་དྲགས་པས་རེད།
ད་ལྟའི་དབུ་ཁྲིད་འདི་དག་བྱིས་པ་བསམ་མེད་ལྟ་བུ་རེད་ཟེར་བ་བདེན་པ་རེད། སྲིད་སྐྱོང་ལ་བལྟས་དང་། ཨ་རིའི་སྐུ་ཚབ་སྐོར་ལ་སྲིད་སྐྱོང་དང་སྲིད་ཚབ་གཉིས་ཀྱིས་དང་པོ་ནས་བཤད་མི་ནུས་པའི་གསང་བ་ཞིག་ཡོད་མདོག་མདོག་བྱས་པ་རེད། དེ་སྤྱི་འཐུས་གཅིག་གིས་གྲོས་ཚོགས་འདིའི་སྐབས་བཤད་མི་ནུས་པའི་གསང་བ་ཡོད་ན་ད་ལྟ་གསལ་པོ་བཟོ་རན་འདུག་ལབ་པར། ཁ་སང་སྲིད་སྐྱོང་གིས་སྤེན་ཚེ་གཟའ་མི་ཚང་མ་visa བཀའ་ཤག་གིས་ཞུས་པ་དང་། ད་དུང་ཡང་ཁོ་ཚོ་ཨ་རི་ན་བསྡད་ཡོད་རེད། གསང་བ་རལ་དགོས་ན་དེ་འདྲ་མང་པོ་ཡོད་རེད་ལབ་པ་རེད། འདི་ལན་འདེབས་ཡང་དག་ཞིག་རེད་འདུག་གམ། གསང་བ་ཞེ་པོ་ཞིག་ཡོད་མདོག་བྱས་དུས་སྤེན་ཚེ་ད་དུང་དོན་གཅོད་ཡིན་བཞིན་པ་རེད། སྲིད་སྐྱོང་གི་འདི་ལྟ་བུའི་འགན་མ་འཁུར་སྐད་ཆ་དང་ལས་ཀ་རྐྱང་བྱས་ཙང་ད་ལྟའི་རྙོག་གླེང་འདི་བྱུང་བ་རེད། ཡིན་ནའང་བཀའ་བློན་དང་སྤྱི་འཐུས་ཚོས་ལེན་འདེབས་ཞེ་པོ་བྱས་སོང་བསམ་གི་ཡོད་ས་རེད། རྒྱུ་མཚན་འདི་ལ་བསྟན་ནས་སྲིད་སྐྱོང་སོགས་བྱིས་པ་རེད་ཅེས་བདེན་རེད་ཟེར་བ་ཡིན།
འདིར་ངོ་མ་མྱི་བསམ་བློ་ཡོད་མཁན་ཞིག་གི་སྐད་ཆ་བཤད་འདུག
ཆོལ་ཁ་གཅིག་གི་སྤྱི་འཐུས་ཁ་ཤས་ཀྱིས་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་གི་ལས་བྱེད་དང་མཉམ་དུ་ཁ་ལག་ཟ་མྱོང་མཁན་དེ་འདྲ་ད་ལྟ་སྤྱི་འཐུས་ནང་དུ་འདུག དེ ཧ་ལས་པའི་ཚབ་ཆེན་རེད་ཟེར། དེ་ལྟར་ལབ་མཁན་ནང་ནས་ཁ་ཤས་ཀྱིས་བསམ་བཟོས་ནས་སྤྱི་འཐུས་སྒེར་དེ་ནག་པོ་བཟོ་འདོད་འདུག་ལ། གཅིག་གིས་བོད་ལ་གཉེན་འཕྲད་དུ་འགྲོ་མཁན་རྣམས་ལ་གནས་ཚུལ་ཅི་ཞིག་འབྱུང་གི་ཡོད་མེད་རྒྱུས་ལོན་གང་ཡང་མེད་པར་ཚ་བེ་ཚུ་བེ་སྒོ་ནས་ཛ་དྲག་ཞེ་པོ་ཞིག་ལ་ངོས་འཛིན་བྱས་སོང་། བར་སྐབས་ཤིག་ནས་བོད་ཀྱི་ས་ཁུལ་མང་པོ་ཞིག་ཏུ་འཐབ་ཕྱོགས་གཅིག་ཁང་གིས་བོད་ལ་གཉེན་འཕྲད་དུ་ཡོང་མཁན་རྣམས་སྐད་བཏང་ནས་ཉིན་ཁ་ཤས་རིང་སྐད་ཆ་བྲིས་ནས་འགོག་གི་ཡོད་རེད། ཉིན་ཁ་ཤས་ལ་བཀག་ན་ཁ་ལག་ཟ་དགོས་རྒྱུ་རེད་སྙམ། ༢༠༡༧ ལོ་འགོ་ཙམ་ནས་བྱ་སྤྱོད་དེ་མེད་པར་ཆགས་པ་ལྟ་བུ་འདུག གནས་ཚུལ་དེ་འདྲ་བྱུང་ཡོད་པ་ད་ལྟའི་བཙན་བྱོལ་དུ་སྐྱ་སེར་གཉིས་ཀའི་ནང་མང་པོ་ཡོད་པ་རེད། དེ་འདྲ་སྤྱི་འཐུས་ནང་སླེམས་མི་ཆོག་ན། སྤྱི་འཐུས་འོས་མིའི་འོས་ཆས་ལ་གསལ་ཁ་འདོན་དགོས་རེད་སྙམ། དེ་ལྟར་འོས་ཆས་ལ་གསལ་ཁ་བཏོན་ཚེ་བོད་དུ་གཉེན་འཕྲད་དུ་སོང་ཟིན་པ་དང་རྗེས་སུ་འགྲོ་མཁན་མང་པོ་ཞིག་ལ་སྤྱི་འཐུས་ཀྱིས་མཚོན་པའི་བོད་ཀྱི་སྲིད་ཞུ་སྒྲུབ་པའི་ལམ་ཁ་མེད་པར་འགྱུར་འགྲོ་པ་རེད། འོན་ཀྱང་བཙལ་བྱོལ་དུ་སྐྱེས་པ་ཚོར་ལམ་ཁ་དེ་ནམ་ཡང་ཡོད་པ་རེད། དེ་འཐབ་རྩོད་གཞན་ཞིག་གི་ངོ་བོར་འགྱུར་ཉན་འདུག་སྙམ།
༼མི་མངས་ཆེ་བའི་བསམ་ཚུལ་དང་ཁེ་ཕན་བསྒྲུབ་པའི་ཚོགས་པ༽་ནི། གོང་ས་མཆོག་གིས་ཕུགས་དོན་བདེ་སྐྱིད་ལ་གནང་བའི་དབུ་མིའི་སྲིད་ཇུས་རེད། དེ་ལས་གཞན་པ་ག་རེ་འདྲ་ཞིག་དགོས་མདོག་བཤད་བཞིན་ཡོད།
ཚོགས་པ་མང་པོ་ཞིག་ཡོད་ཡོད་པ་རེད། ད་ལྟ་ལ་ཕྲད་བཞིན་པའི་དཀའ་ངལ་འདི་ཚོ་ཚོགས་པ་ཞིག་གསར་དུ་བཙུགས་ན་འགྲིག་འགྲོ་བ་དེ་འདྲ་ཞིག་མ་རེད།
ང་ཚོ་ལ་ལྷག་བསམ་ཅན་གྱིས་མ་འདང་བ་དེ་འདྲ་ཡང་མ་རེད། བོད་སྟོད་སྨད་བར་གསུམ་ན་མི་བཟང་རྒྱུད་བཟང་དེ་འདྲ་གང་མང་མང་ཡོད་ཡོད་པ་རེད། རེད་དེ།
ཏ་ལྟའི་མི་ངན་གཏེ་བོ་དེ་ཚོའི་རྐུབ་ལ་གཡུག་པ་སྤྲད་ན། ཆོས་དང་བཟང་སྤྱོད་ལ་མི་མཐུན་པར་དགོངས་ནས་སྡུག་པར་མིག་ཙུམ་རྒྱག་ཡ་མང་དྲག་སོང་བའི་རྐྱོན་ཤར་བ་རེད།
དེ་དག་རྒྱ་ཕྱི་གང་རུང་གི་ཁྲིམས་ལ་སྦྱར་བའི་ཉིན་མོ་ནས། གནས་ཚུལ་ཚང་མ་ལྷིང་འཇགས་རེད།
ངན་པ་སུ་ཡིན་རྩེད་རྫོགས་བྱེད་པ་ལ་འབད་ན། ཆོལ་གསུམ་གོང་བུ་གཅིག་མདུད་ཡིན་ཡིན་པ་རེད། ཚོགས་པ་དང་ཚོགས་པ་བཙུགས་པས་ཅི་གང་བྲོ་ལེ་མ་རེད། དགའ་དགའ།
མི་ངན་དེ་ཚོ་སུ་ཡིན་མི་ཤེས་ན།
ཁྲམ་པའི་ཁ་ན་གནས་ལུགས་ཡ་མ་བརླ།
རླུང་འཁྲུག་བླུན་པོ་སྒྲ་མཐོ་ཁོག་ངན་ཅན།
ཉུང་ལ་ཉེས་བའི་གླེང་ཞྭ་འགེབ་པའི་ཚོགས།།
ཕམ་པར་བྱུང་ན་གང་སྐྱིད་སྐྱིད་པའི་ཡུལ།།
མི་རེའི་ཁ་ན་བསམ་ཚུལ་རེ།།
དེ་ཡི་བརྒྱབ་ན་སྲིད་དོན་རེ།།
རང་དཀར་གཞན་ནག་ཐབས་ཇུས་རེ།།
བླུན་པོ་སྨྲ་བ་ཉུང་ན་མཛེས།།
རྡ་སར་ཡོད་པའི་བཙན་བྱོལ་སྲིད་གཞུང་དེ།།
རྒྱལ་བས་གཙུགས་པའི་ཆིག་སྒྲིག་ཚོགས་པ་རེད།།
བློ་བཟང་སྤེན་ཚེའི་རྗེས་འཆི་ཁའི་འཕག་འཚག་གིས།།
བོད་མིའི་ཆིག་སྒྲིལ་ནམ་ཡང་གཏོར་མི་ཐུབ།།
རྗེས
ལེན་དང་ལན་གཉིས་ཀྱི་སྒྲ་གཉིས་པོ་དང་། འདང་དང་ལྡང་དོན་མི་འདྲ་བ་ཡོད་པ། སྔོན་གྱི་མཁས་པ་རྣམས་ཀྱིས་་ལག་པས་བྲིས་པའི་དཔེ་ཆ་དག་ལ་ཚད་མར་དགོས་པ་མ་ཡིན་ནམ།
བོད་ཀྱི་མཁས་པ་དགེ་འདུན་ཆོས་འཕེལ་མཆོག་ཀྱང་དབུ་འཐོམས་ནས། དག་ཡིག་ཟ་ཏོག་དང་། ངག་གི་སྒྲོན་མ་ལས་ཡོལ་ནས། འདང་། ཞེས་བྲིས་ཡོད་ན། བདག་ལྟ་བུ་དག་གི་ནོར་བ་ཡ་མཚན་མི་དགོས་ཀྱང་། དག་ཡིག་གཉིས་པོ་ནན་ཏན་གྱིས་བྲིས་ཤིང་། རྒྱལ་རབས་འབྲི་བ་པོ་ དགེ་ཆོས་དེའི་དུས་བློ་རྣལ་དུ་གནས་མེད་པར་མངོན་ནོ།
“ང་ཚོ་ལ་ལྷག་བསམ་ཅན་གྱིས་མ་འདང་བ་དེ་འདྲ་ཡང་མ་རེད།”
མཁས་པ་གནམ་ལེགས་ལ་གོང་གསལ། བརྗོད་པ་དེ་དག་སྐྱེས་སུ་འབུལ།
རྒན་ལ་དྭགས་པ་ལགས།
ཁྱེད་ཀྱི་གསུང་ལ་མངོན་པར་བསྟོད་དོ།