འབའ་སྲས།
ཁ་སང་མེ་དཔུང་གཅིག་སྦར་སོང་།
དེ་རིང་སླར་ཡང་མེ་དཔུང་གཅིག་སྦར་སོང་།
སང་ཉིན་ད་དུང་སྦར་སྲིད།
གཅིག་རྗེས་གཉིས་མཐུད་ཀྱི་མེ་དཔུང་འོད་ཆེམ་ཆེམ་དུ་སྦར་སོང་།
ཚ་ལམ་ལམ་དུ་སྦར་སོང་།
མེ་དཔུང་དེ་དག་ལ་རྒྱའི་ངང་འབར་སོང་།
མེ་དཔུང་དེ་དག་སྤོབས་པའི་ངང་འབར་སོང་།
མེ་དཔུང་དེ་དག་གཟི་གརྗིད་ཀྱིས་འབར་སོང་།
མེ་དཔུང་དེ་དག་གིས་བོད་ཀྱི་རྒྱལ་གླུ་བླངས།
མེ་དཔུང་དེ་དག་གིས་བོད་ཀྱི་རྒྱལ་དར་བསྒྲེངས།
མེ་དཔུང་དེ་དག་གིས་བོད་པའི་བདེ་སྡུག་གླེང་།
ད་དུང་མེ་དཔུང་བརྒྱ་དང་སྟོང་ཡང་སྦར་སྲིད།
ད་དུང་འཇིག་རྟེན་བསྲེགས་པའི་མེ་དཔུང་ཞིག་ཀྱང་སྦར་སྲིད།
རྒྱུ་མཚན་ནི། མེ་དཔུང་འདི་དག་ལ་རྒྱའི་མེ་དཔུང་དང་།
སྙིང་སྟོབས་ཀྱི་མེ་དཔུང་།
གཟི་བརྗིད་ཀྱི་མེ་དཔུང་།
འཐབ་རྩོད་ཀྱི་མེ་དཔུང་།
མདོར་ན་མི་རིགས་ཤིག་གི་མེ་དཔུང་ཡིན་པས་སོ།
ཀྱེ། སྤུན་ཟླ་ལགས།
མེ་དཔུང་རེ་རེའི་རྗེས་སུ་མཆོད་མེ་རེ་བཞག་པས་ག་ལ་འགྲིག
ཚེ་སྲོག་རེའི་རྗེས་སུ་སྐད་འབོད་རེས་ག་ལ་ཆོག
ང་ཚོ་ཚང་མ་ལ་རྒྱ་རེ་རེ་ཡིན་དགོས།
ང་ཚོ་ཚང་མ་སྙིང་སྟོབས་རེ་རེ་ཡིན་དགོས།
ང་ཚོ་ཚང་མ་མེ་དཔུང་རེ་རེ་ཡིན་དགོས།
དེ་ལྟར་བགྱིས་ཚེ།
ད་གཟོད་མུན་པ་དེ་བཟློག་ཐུབ།
ད་གཟོད་འོད་སྣང་དེ་འདྲེན་ཐུབ།
རེད་ཡ་འབའ་སྲས། ང་ཚོ་ཚང་མ་མེ་དཔུང་རེ་ཡིན་དགོས་པར་མ་ཟད། ང་དང་ཁྱོད་མེད་། གཞུང་དང་སྒེར་མེད། ཆོས་བརྒྱུད་སོ་སོ་དང་གྲུབ་མཐའ་སོ་སོ་མེད། མི་རིགས་འདྲ་མིན་ དང་མི་ཆེན་མི་ཆུང་མེད། གཞིས་དང་བྱེས་ཀྱི་དབྱེ་བ་མེད། རྒྱལ་ཁབ་ཕྱི་ནང་དང་བར་ ཐག་རིང་ཐུང་ལ་འབྲེལ་བ་མེད། རིགས་གནས་ཡོད་མེད་དང་གོ་ས་མཐོ་དམན་ལ་ཁྱད་ པར་མེད་། ཕོ་མོ་གཉིས་ལ་དབྱེ་འབྱེད་མེད། གྲ་བ་དང་ཇོ་མོ་ཁྱད་པར་མེད། བླ་མ་དང་སྤྲུལ་སྐུ་ལ་ཁྱད་པར་མེད། མང་ཚོགས་དང་སློབ་གྲ་ལ་ཁྱད་པར་མེད་། ཕྱུག་པོ་དང་འབུལ་བོ་ལ་ཁྱད་པར་མེད། ཚོང་བ་དང་ཞིང་བ་ལ་ཁྱད་པར་མེད། འབྲོག་པ་དང་རོང་བ་ལ་ཁྱད་པར་མེད། ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་མེད། མདོར་ན་ད་ནི་ང་ཚོ་བོད་མི་རིགས་ཤིག་ཡིན་ཕྱིན་ཚང་མ་འདྲ་མཉམ་གྱིས་འཛམ་གླིང་ས་ སྒང་རིལ་བོ་འདིའི་སྒང་ལ་བདེན་པའི་སྒྲོན་མེ་ཡི་མེ་དཔུང་ངོ་མ་ཞིག་ཡིན་དགོས་ལ། དེ་ལ་གཡེལ་ཐབས་མེད། དེ་ལ་སུབ་ཐབས་མེད། དེ་ལ་གསང་ཐབས་མེད། དེ་ལ་ད་ནི་ང་ཚོ་ངོ་མ་སེད་རན་ལ། ལངས་ཀྱང་རན། འབར་ཡང་རན། མཆོངས་ཀྱང་རན་ ཡོད་ལ། རྒྱུགས་ཀྱང་རེན་ཡོད་། ད་ནི་བོད་མི་ཚང་མས་ལས་ལ་བརྩོན་ཞིང་འབད་བརྩོན་ ལྷོད་མེད་ཞིག་གནང་དགོས་ལ། དེ་འདྲ་གནང་རོགས་གནང་བགྱིས་ཀྱང་ཞུའོ། བོད་ རྒྱལ་ལོ། །བོད་རྒྱལ་ལོ། །བོད་རྒྱལ་ལོ། །
ང་ཚོ་ཚང་མ་མེ་དཔུང་རུ་འབར་དགོས་ཀྱང་།
མདང་ནུབ་ཨ་རིའི་ནིའུ་ཡོག་ཏུ་བོད་པ་འགས།
མཚན་མོའི་སྤྲོ་ཚོགས་གྲ་སྒྲིག་བཟོས།
བསམ་དྲན་མེད་པའི་གཞོན་ནུ་མང་པོ་ཞིག
གཞས་རའི་ཕྱོགས་སུ་ཤོར་ནས་རྒྱུགས།
དེང་དུས་ཞབས་བྲོ་འུར་ཐེང་ངེར་འཁྲབ།
བོད་དོན་སྐད་འབོད་སྐབས་ཁོ་ཚོ་མལ་སའི་ནང་ཉལ་ནས་བསྡད།
ཞི་བ་ལྷས། མེ་ཚོགས་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ཡིན་པ་ཐུབ་པས་གསུངས། །