རྫ་སྐྱེས་མྱུ་གུ
དེ་ཡང་འདི་ནས་ཁོ་བོའི་སེམས་གཏིང་གི་བསམ་ཚུལ་འགའ་བརྗོད་ན་འདོད་པས་ཞུ་རྒྱུ་ལ། ང་ཚོ་ལ་མི་དགོས་པའི་སྲིད་སྐྱོང་དང་སྤྱི་འཐུས་ཞེས་པ་དེ་ཡིན། སྐུ་ཉིད་ཀྱིས་ཞིབ་ཏུ་བཀླགས་ནས་བསམ་བློ་གཏོང་རོགས་ཞུ།
བོད་དང་བོད་མིའི་དབར་ཕུ་དཀྲུག་མདའ་དཀྲུག་མཁན།
ཁ་ལ་དྲང་ཚུགས་ཡོད་ཀྱང་ཁོག་ཏུ་ཞེན་ཁོག་གིས་རུལ་བའི་ཁ་ཁོག་མི་མཚུངས་པའི་མི།
དུས་དང་རྣམ་པ་ཀུན་ཏུ་ཕ་རོལ་བའི་སྐྱོན་ཆ་ཁོ་ན་འཚོལ་བ་ལས་རང་གི་ནག་ཉེས་དག་མི་ཚོར་མཁན།
བོད་ཀྱི་གཏམ་དཔེ་ལ་རང་ངོར་གཡག་ཡོད་པ་མི་ཤེས་པར་གཞན་ངོར་ཤིག་འདུག་ཅེས་འུར་མཁན།
སོ་སོའི་ཁ་ཐབས་ཅི་འདྲ་ཡིན་མིན་མི་ཤེས་པར་གཞན་པ་ཞིག་གི་ཡང་ལྗིད་འཇལ་མཁན།
བོད་ཡིག་འབྲི་ཀློག་ཙམ་ཤེས་པའི་རྒྱུ་མཚན་གྱིས་ང་རྒྱལ་རི་རབ་འདྲ་ཆེ་བའི་མི།
སྤྱི་ཚོགས་སུ་མང་མོས་ཀྱིས་མི་དགའ་ས་དང་རྩོད་གཞི་ཡོད་པའི་མི།
ཁ་རུ་བླ་མ་དང་བླ་མའི་བཀའ་ཁྱེར་ཏེ་དོན་ལ་སྒེར་དོན་ཁོ་ནར་འབོད་མི།
ངོ་ཚ་དང་ཁྲེལ་གཞུང་མེད་པར་སྤྱི་ཚོགས་སུ་སྡུག་སྐད་དག་དག་འདོན་མཁན།
རང་ཕྱོགས་ཀྱི་མི་དེ་ཡག་པོ་ཡིན་རབས་ལུང་པ་གང་བཤད་ཞོར་གཞན་ཕྱོགས་ཀྱི་མི་ནི་འཛམ་གླིང་ནང་གི་སྡུག་ཤོས་ཤིག་ཏུ་བརྩི་མཁན།
བོད་མི་རིགས་ཀྱི་འཐབ་རྩོད་ཁྲོད་བྱས་རྗེས་ཆེ་བའི་རྒྱལ་ཞེན་པ་དང་མི་རིགས་ཀྱི་སླད་དུ་མི་ལོ་མང་པོར་བཙོན་དུ་བཞུགས་མྱོང་མཁན་ལ་དམའ་འབོད་བྱེད་མཁན།
འཛམ་གླིང་ནང་གི་སྟོབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཏུ་མཚན་སྙན་གྱིས་ས་གཞི་སྒུལ་ནུས་པའི་གཙུག་ལག་སློབ་ཆེན་དག་ནས་འབུམ་རམས་པའི་མཚན་སྙན་བཞེས་མཁན་ལ་ལྐུགས་པ་རེད་ཅེས་འུར་སྒྲོག་བྱེད་མཁན།
ངོ་ཚ་ཟེར་བའི་ཡིག་འབྲི་གཉིས་དེ་སྔར་མོ་ནས་བོར་ཟིན་པའི་རང་ཉིད་མ་གཏོགས་གཞན་ལ་གུས་བཀུར་མི་ཤེས་མཁན།
ཨ་མ་མིན་པའི་ངོ་མི་ཤེས་མི།
ཚོགས་པ་དང་སྒྲིག་འཛུགས་གང་རུང་ནས་ཕྱིར་ཕུད་བཏང་ཟིན་པའི་གང་ཟག
གནད་དོན་འདི་ཚོ་འཛོམས་མཁན་གྱི་མི་བུ་ནི་སྲིད་སྐྱོང་དང་སྤྱི་བའི་འཐུས་མིར་མི་ལོ་བས་འདི་ལྟ་བུ་རྒྱུད་ལ་ཡོད་མཁན་དག་མི་དགོས།
འདི་འདྲ་བའི་ཉོག་བཤད་རྐྱང་བྱེད་མཁན་དག་ཞེན་ཁོག་དང་ཕྱོགས་རེས་མེད་ཅེས་ཇི་ཙམ་ལབ་ཀྱང་ཡོད་པར་དངོས་ཤུགས་བརྒྱུད་གསུམ་ནས་གསལ་བོ་ཡིན་པ་དང་། འདི་དག་ཐམས་ཅད་བཤད་མཁན་དང་སྒྲུབ་མཁན་ནི་ཞེན་ཁོག་གི་དབང་གིས་བྱུང་བ་ཁོ་ན་ཡིན་པས་སྲིད་སྐྱོང་དང་སྤྱི་འཐུས་ལ་མི་ལོ་བས་མི་དགོས།
དུས་ནམ་ཡང་མི་དགོས།
གཏན་དུ་མི་དགོས།
རྩོམ་པ་པོ་ཞ་ར་རང་རེད།
འབུ་ལུས་སྐྱོན་མང་བོ་བཟོ་སྲིད་པས་བཅད་དང་ན་འགྲིག་གམ།
དེ་ག་རང་རེད།
འཛྲིན་གྲྭ་གསུམ་པའི་བོད་ཡིག་སློབ་ཚན་གྱི་ཚིག་སྒྲུབ་བཟོ་སྟངས་འདྲ་པོ་འདུག
ཁྱོའི་དམིགས་ཧ་མི་གོ་རྒྱུ་མི་འདུག ཧ་ཧ་ཧ
འཛིན་རིམ་བཅུ་བའི་ཡིག་རྒྱུགས་འཕྲོད་ཡོད་པ་འདྲ། གང་ལྟར་ཁྱོད་ཀྱིས་བཤད་ན་འདོད་པ་དེ་བློ་སེང་རྩ་ཆེན་ཞིག་རེད། དེ་ལ་ཅིག་བཤད་པ་ཡིན་ན་བཀའ་སྤྱི་གཉིས་ཀྱི་འོས་མིར་རན་པོ་མི་འདུག་ཟེར་བ་འདི་རེད། དེ་ལས་རང་གིས་སློབ་སྦྱོང་ཡག་པོ་བྱོས་ལོ།
དེང་སང་ངོ་དེབ་དང་དྲ་ཚིགས་སོགས་གང་སར་ཡོད་ཚད་ཞེན་ཁོག་གི་ནད་ཀྱིས་ཟིན་འདུག་པས་རྩོམ་ཡིག་ཀློག་རིན་ཅན་ཞིག་རྦད་དེ་མི་འདུག་་་་འདི་ནའང་ནད་པ་ཚབས་ཆེན་ཞིག་འདུག་་་ཨ་ཡོ་་་ད་ཉོབ་གི་ཡ་་་་འཇིག་རྟེན་ཁམས
དྲང་པོར་ཞུས་ན་སྤྱི་ཚོགས་ཁྱོན་ཡོངས་ལ་ཕན་མི་ཐོགས་པའི་སྐད་ཆའི་རིགས་བཤད་རྒྱུ་དེ་ཙམ་དགའ་བོ་མེད་མོད། དེང་སྐབས་གནད་ཡོད་མི་སྣ་དེ་ཚོས་ཀྱང་ཞེན་ཁོག་དང་འཁྱོག་བཤད་བྱེད་ཡོང་དུས། ང་རང་འདྲ་བའི་སློབ་སྦྱོང་མེད་མཁན་དང་དང་སྤྱི་ཚོགས་ལ་གཡོ་འགུལ་ཅི་ཡང་མི་ཐུབ་མཁན་ཞིག་གིས་ལབ་ན་སྐྱོན་ཅི་ཡོད་སྙམ་གྱི་འདུག བྱས་ཙང་ད་རེས་འདི་ལྟར་བྲིས་པ་ཡིན།
ངས་བྲིས་པའི་ཡི་གེར་དག་ཆ་དང་ཚིགས་སྦྱོར་སྤུས་དག་མེད་རུང་། ཕོག་དགོས་ས་ལ་ཕོག་ན་དེ་གའི་འགྲིག་ཡོད།
མི་འདིས་བཤད་སྟངས་ལ་ལྟོས་དང་། ཕག་པའི་མིག་ལ་ཕག་ཚང་གཞལ་ཡས་ཁང་ཟེར་བ་རང་རེད་འདུག།
ཁྱོད་རང་གི་འོས་ཤོག་གཅིག་པུ་དེ་བློ་སེང་ལ་བླུགས་ན་དེ་གའི་འགྲིགས་པ་རེད། གཞན་ཚོ་ནག་པོར་བསྒྱུར་མ་བསྡད །