ཁྲིམས་ལུགས་སློབ་མ། ལྷ་འབྲུག
འདི་ནི་བཙན་བྱོལ་བོད་མི་ཡོངས་ལ་ཕུལ་བའི་སེམས་གཏིང་གི་རེ་འདུན་དང་འབོད་སྒྲ་ཞིག་ཡིན་ལ། དེ་ཡང་བོད་ནི་ཐོ་རངས་ཀྱི་ཆེས་མུན་ནག་གི་དུས་ཚིགས་དེ་ཡིན་མོད། འོད་སྣང་ལའང་ཆེས་ཁ་ཐག་ཉེ་བའི་དེ་ཡིན་པ་རེད། གནའ་ནས་ད་བར་ང་ཚོའི་མི་རིགས་ལ་གཟི་བརྗིད་དང་ཞལ་རྗེས་ཅན་གྱི་མི་སྣ་སྟོང་ཚོགས་མང་པོ་བྱུང་ཡོད་པ་དང་། ཁོང་ཚོས་རང་ཉིད་ཀྱི་ཁྲག་རྣག་དང་ལངས་འཚོ་སོགས་མི་རིགས་འདིའི་བདེ་སྡུག་དང་འཕེལ་རྒྱས་ཀྱི་ཆེད་དུ་ལེགས་སྐྱེས་སུ་ཕུལ་ཡོད་པ་དང་། བོད་ཀྱི་ལོ་རྒྱུས་དེབ་ཐེར་ཏུ་བསུབ་ཏུ་མེད་པའི་འོད་སྣང་ཞིག་གཏོད་ཡོད་པ་རེད། གཞིས་བཞུགས་བོད་མི་ཚོས་ཀྱང་རང་ཉིད་ཀྱི་མི་རིགས་འདི་ཉིད་གོ་མེད་ཐོས་མེད་དུ་མི་གྱུར་པར། རང་ཉིད་ཀྱི་ཚེ་སྲོག་ཡན་ཆད་བློས་གཏོང་གིས་མི་རིགས་འདིའི་མ་འོངས་བདེ་སྐྱིད་ཆེད་ཕྱག་ལས་གནང་བསྡད་ཡོད་པ་རེད། འདི་ནི་ང་ཚོས་ནམ་ཡང་བརྗེད་དུ་མི་རུང་པ་དང་རང་རིགས་ལོ་རྒྱུས་སུ་བརྗིད་ཉམས་ལྡན་པའི་ལའུ་ཞིག་ཀྱང་ལོས་ཡིན། ཁོང་ཚོས་ང་ཚོ་བཙན་བྱོལ་བོད་མི་དང་སྒྲིག་འཛུགས་ལ་རེ་བ་ཆེ་བཅངས་ཀྱིས་རེ་སྒུག་བྱེད་བསྡད་ཡོད་པ་རེད་ལ། ང་ཚོས་ཀྱང་ངེས་པར་ཏུ་ཁོང་ཚོའི་འདོད་འདུན་དེ་ཉིད་སྒྲུབ་ཐུབ་པའི་གདེང་ཚོད་ཀྱང་ཡོད་ངེས་རེད་མོད། འོན་ཀྱང་ང་ཚོ་བཙན་བྱོལ་བོད་མི་ནང་ལ། རིགས་ངན་བོད་པ་མང་པོས་རང་ཉིད་ཀྱི་ཆོས་ལུགས་གྲུབ་མཐའ་དང་། ལུང་ཚན་དབྱེ་འབྱེད་ཀྱིས་ཆོལ་ཁ་དང་ཆོས་ལུགས།ཆོལ་ཁ་སོ་སོའི་ནང་ལ་ལུང་ཕྲན་དང་ལུང་ཕྲན་བར་གྱི་རྩོད་རྙོག། ཆོས་ལུགས་གྲུབ་མཐའ་གཅིག་པ་ཡིན་རུང་གྲུབ་མཐའི་ཡན་ལག་གི་རྩོད་རྙོག་ཅེས་བཟོས་ཀྱིན་ཡོད་པ་རེད། དེ་ནི་ཅི་འདྲ་བའི་ངོ་གནོངས་དགོས་པ་དང་སྐྱུག་བྲོ་བ་ཞིག་མ་རེད་དམ།
ངས་བསམ་པར་ད་ལྟ་ང་ཚོར་ཁ་ཡོད་ལག་ཡོད་ཀྱི་དགོས་མཁོ་ཆེ་ཤོས་ནི་ཆིག་སྒྲིལ་རེད་བསམ། ཆིག་སྒྲིལ་ནི་སྟོབས་ཤུགས་རེད་ལ། ཆིག་སྒྲིལ་ནི་རྒྱལ་ཁ་ཞིག་ཀྱང་རེད། གལ་སྲིད་མི་རིགས་ཤིག་ལ་ཆིག་སྒྲིལ་མེད་སོང་ན། དེ་ནི་ཆེས་ཉེས་ཁ་ཞིག་ཡིན་པ་ཐེ་ཚོམ་མེད་པ་རེད། ཆིག་སྒྲིལ་ཡོད་ན་ནམ་ཞིག་ང་ཚོས་ཅིས་ཀྱང་བོད་ཀྱི་སེང་གེའི་དར་ཆེན་དེའང་པོ་ཏ་ལའི་མདུན་ཐང་དུ་བསྒྲིང་ཐུབ་རྒྱུ་རེད་ལ། ལོ་མང་རིང་ཁ་བྲལ་བའི་གཞིས་བྱེས་བོད་རིགས་སྤུན་ཟླ་དེ་ཚོའང་མཉམ་འཛོམ་ཡོང་ངེས་རེད། ཕྱི་ལོ་༡༩༥༩དང་༢༠༠༨ལོ་སོགས་བོད་ལ་བྱུང་བའི་གཞི་རྒྱ་ཆེ་བའི་བོད་མི་གྱན་ལངས་ཀྱང་ཆིག་སྒྲིལ་ལས་བྱུང་པ་ཞིག་ཡིན་པ་དང་། རྒྱུ་མཚན་དེའི་དབང་གི་འཛམ་གླིང་ནང་ས་གྲགས་རྡོ་གྲགས་ཤིག་བྱུང་ཡོད་པ་རེད། ང་ཚོ་ལ་ཆིག་སྒྲིལ་བྱུང་ན།ང་ཚོའི་རིན་ཐང་ཆེ་བའི་སྐད་ཡིག་དང་ལེགས་བྱང་། ཆོས་དང་རིག་གནས་སོགས་ཀྱང་ཆུང་བྱིས་པ་ཡན་ཆད་ནས་གཅེས་སྲུང་བྱེད་ཐུབ་ཀྱིས་ཡོད་པ་རེད་ལ། བོད་འདི་ནམ་མཁའི་མཇའ་ལྟར་ནམ་ཡང་ཡལ་རྒྱུ་མེད་པར་གྱུར་ངེས་རེད།
བཙན་བྱོལ་བོད་པའི་ནང་རྒྱལ་བཙོང་པ་དང་རིགས་ངན་པ་མང་པོ་ཡོད་པ་རེད། ཁོང་ཚོས་རང་ཉིད་ལ་དཔལ་འབྱོར་རེག་ཐབས་བྱེད་པར་བོད་དོན་ཁ་ལ་འཁྱེར་ནས་ག་རེ་ཡིན་ནའང་བྱེད་རྒྱུ་རེད་མོད། འོན་ཀྱང་ང་ཚོས་དེའི་རྗེས་སུ་འབྲངས་རྒྱུ་གཏན་ནས་མེད་ལ། ད་དུང་ཁོང་ཚོར་ཁ་གཏད་བཅག་གང་ཐུབ་བྱེད་དགོས། ང་ཚོས་ངེས་པ་དུ་ཆིག་སྒྲིལ་གྱི་ལམ་ནས་མི་རབས་རྒན་པ་ཚོའི་ཞལ་རྗེས་དང་འོད་ལམ་ལ་བསྙེད་གང་ཐུབ་བྱེད་དགོས་པ་དང་། རང་རིགས་བོད་མི་ཚོ་སོ་སོས་བསྐོས་པའི་འགོ་ཁྲིད་སུ་ཡིན་རུང་དེ་ལ་རྕི་འཇོག་བྱེད་དགོས། བོད་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་གང་ཐུབ་བྱེད་དགོས་པ་ལས། ཁོང་ལ་བསྙོན་འཛུགས་དང་མཚན་སྨོད་གཏོང་མི་རུང་། བོད་ཀྱི་ཁྲིམས་ལུགས་ཇི་བཞིན་རང་རིགས་སྒྲིག་འཛུགས་ལ་རྩི་སྲུང་དང་འགན་དབང་ཁུར་དགོས་པ་དང་བོད་ཀྱི་ཐུན་མིན་རིགས་གཞུང་ལེགས་བྱང་དང་། བོད་ཀྱི་ཁྱད་ནོར་ནང་བསྟན་ཤེས་རིག་སོགས་ལ་ལུས་སྲོག་བཞིན་གཅེས་པ་བྱེད་དགོས་གལ་ཆེ་སྙམ།
འཛིན་གྲོགས་ལྷ་འབྲུག་ལགས་་་་་ཁྱེད་རང་མ་ཐུག་པར་ཡུན་རིང་ཕྱིན་སོང་་་་་དེང་སང་ལྷོ་ཕྱོགས་མེ་སཱོར་ལ་བདེ་པོ་ཡིན་པས་་་་་ཁྱེད་རང་གིས་ཁྲིམས་ལུགས་སྦྱངས་ཀྱིན་ཡོད་པས་་་་ད་ཐོན་ལ་ཡོད་རྒྱུ་རེད་་་་་དེ་རིང་ཁྱེད་རང་གི་རྩོམ་ཡིག་མཐོང་པར་དགའ་བོ་བྱུང་་་་རྩོམ་ཡིག་ཡག་པོ་བྲིས་འདུག་་་་་་་དངོས་གནས་འདབས་ཤོགས་གཉིས་ལྡན་རེད་ཨཱ་་་་རྗེས་སུ་ཡི་རངས་ཡོད་་་་མ་འོངས་པར་མུ་མཐུད་འབྲི་བའི་རེ་བ་ཡོད་་་་་་བདེ་མོ
ཆ་ཚང་ཡག་པོ་འདུག ཡིན་ནའང་སྲིད་སྐྱོང་མ་འགྲིག་པ་བཤད་མི་ཆོག་གང་ཡིན་ནམ། ༧གོང་ས་མཆོག་གིས་ཀྱང་ནོར་འཁྲུལ་ཡོད་ན་ང་ལ་སྐྱོན་འཛུགས་ན་འགྲིག་ཅེས་པ་གོ་མྱོང་ཡོད། ང་ཚོས་སྐྱོན་འཛུགས་རྒྱུ་ལེན་མཁན་རེད། ནོར་འཁྲུལ་ཡོ་སྲང་བྱེད་མཁན་གཞུང་རེད། དཔེར་ན། མི་ཞིག་མོ་ཀྲས་བརྡབ་ནས་རྐང་པ་གློག་དཔར་རྒྱབ་འབྲས་གས་ཆགས་ཡོད་པ་བསྟན་གྱི་ཡོད། དེས་གློག་དཔར་ལ་སྙོན་འཛུགས་བྱེད་ན་ལྐུགས་པ་རེད། དེས་ན་གཞུང་གི་མི་མང་གིས་བསྟན་པས་གས་ཆགས་དེ་ཚོ་ངོས་འཛིན་ནས་སྨན་པ་བཞིན་གས་ཆགས་གསོས་ཐབས་སམ་ནོར་འཁྲུལ་ཡོ་སྲང་བྱེད་དགོས།
ཉིན་དེ་གར་ང་རང་གུང་སེངས་ཡིན་ལ་དབང་ཞུ་རུ་འགྲོ་འདོད་ཀྱི་བསམ་བློ་ཞིག་འཁོར་སོང་། འོན་ཀྱང་བསམ་བློ་ཞིབ་ཕྲ་གཏོང་དུས་དབང་ལུང་མང་པོ་ཞུས་པ་ཡིན་ན་ཡང་དབང་གི་དམ་ཚིག་དང་ཉམས་ལེན་བྱ་མི་ཐུབ་ན་བླ་སློབ་གཉིས་ཀ་དམྱལ་བར་ལྷུངས་རབས་མང་པོ་ཞིག་གོ་མྱོང་བས་དབང་ལ་འགྲོ་ཕོད་མ་བྱུང་། འོན་ཀྱང་ཉེ་འཁོར་ངོ་ཤེས་བོད་པ་དང་ཕྱི་གླིང་པ་འགའ་དབང་ཞུ་བར་ཕྱིན་འདུག་པས། གྲ་སྒྲིག་ཚོགས་ཆུང་གི་གྲ་སྒྲིག་ཏོག་ཙམ་ཡག་པོ་མ་བྱུང་བ་འདྲ། ཁང་པ་ཅུང་རྒྱ་ཆུང་དྲག་པ་དང་མི་མང་དྲག་པའི་རྐྱེན་གྱིས་དེ་ཉིན་མི་དམངས་འཚང་ཁ་ཆེན་པོ་རྒྱགས་དགོས་བྱུང་ནས་བྱིས་པ་འཁྲིད་པའི་ཕ་མ་དང་བུད་མེད་སྦྲུམ་མ་ལ་དཀའ་ངལ་ཏོག་ཙམ་འཕྲད་ཡོད་བཟོ་འདུག། སྤྱིར་ན་རྒྱ་གར་ནང་དང་བོད་ནང་ལྟ་བུ་ཡིན་ན་དབང་ལ་འཚང་ཁ་རྒྱགས་རྒྱུ་དེ་ལམ་སྲོལ་ལྟ་བུ་ཡིན་པས་འཆར་ཅན་འདྲ་ཞིག་རེད། འོན་ཀྱང་ནུབ་ཕྱོགས་སྤྱི་ཚོགས་ནང་ལམ་ལུགས་དེ་མེད་ཙང་བོད་པ་ཚོ་ད་ཨོའོ་ཙི་རེད། འོན་ཀྱང་མགོ་སེར་ཚོ་ཧ་ལས་ཧོན་འཐོར་འདྲ་བྱེད་ཀྱི་འདུག།
དགོངས་པ་མ་འཚོམས། ངས་མཆན་འགོད་ནོར་ཤོར་འདུག། ངའི་མཆན་འདི་ས་སྐྱ་༧གོང་མ་རིན་པོ་ཆེས་དྲག་པོ་གསུམ་སྦྲེལ་གྱི་བཀའ་དབང་གནང་བ། ཞེས་པ་དེར་བཏབས་པའི་ཁུལ་ཡིན།
ཁྲིམ་ལུགས་གནས་ལུགས་མཁས་པ་མང་པ་དང་།།
དོན་གྱིས་ཡོང་མཁན་མེད་པའི་སྤྱི་ཚོགས་དེར།།
ཁྲིམ་ལ་སྦྱང་བའི་མཁས་དབང་ཐོབ་གྱུར་རུང་།།
ཡལ་ཁ་མེད་པའི་སྡོང་རྒན་བཏབ་པ་མང་།།
དྲང་བདེན་མེད་ན། མཐུན་སྒྲིལ་དང་ཆིག་སྒྲིལ་དགོས་ལབ་ན་སྟོང་པ་རེད། དང་པོ་འདྲ་མཉམ་དང་དྲང་བདེན་ཡོད་ན། མཐུན་སྒྲིལ་རང་བཞིན་ཡོང་གི་རེད། མཐུན་སྒྲིལ་གྱི་རྒྱུ་གང་ངོས་མ་ཟིན་ཏེ། མཐུན་སྒྲིལ་དགོས་ལབ་པ་ཙམ་ཞིག་གི་ག་ལ་ཆོག
སེང་བུ་འབྲུག་ཞོན་ཁྱོད་བདེན། དྲང་བདེན་དང་འདྲ་མཉམ་གྱི་ལྟ་ཚུལ་ཡང་དག་འཛིན་པའི་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་དེ་ཚོ་མཐུན་སྒྲིལ་འདུག་ལ་དམངས་གཙོ་དང་སྨྲ་བརྗོད་རང་དབང་ལ་ལོངས་སུ་སྤྱད་དེས། དམངས་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་བརྩི་འཁུར་ཆེ་ལ། གཞུང་གིས་དམངས་ལ་དྲང་བདེན་གྱིས་བསྐྱོངས་བཞིན་པ་དེ་རེད།
མཐུན་སྒྲིལ་དང་ཆིག་སྒྲིལ་དགོས་བ་དངོས་ཡོད་འདི་ནི་ང་ཚོ་ལ་མཚོན་ན་ཆེས་མེད་དུ་མི་རུང་བའི་ཚེ་སྲོག་ལྟ་བུ་ཞིག་རེད་ཡིན་ན་ཡང་ཁས་བཤད་པ་ཙམ་དང་བྲིས་བ་ཙམ་གྱིས་ཕན་ཐོག་གང་ཡང་མེད་དེ་བས་མི་བུ་རང་ཉིད་ནས་མགོ་རྩམ་དེ་ལག་ལེན་གཉེར་དགོས་བ་གལ་ཆེའི་རང་བཞིན་གྱི་གཞི་རྩ་ཞིག་ཡིན་གྲོགས་པོ་དག་སེམས་ལ་བཟུང་སྐྱོན་བརྗོད་དང་འཁྱོག་བཤད་ནི་ང་ཚོ་ལ་གནས་སྐབས་སུ་མི་མཁོ་བས་ཚང་མའི་གཟུ་གནས་དང་དངོས་ཡོད་ལ་དགའ་མོས་བྱས་ན་ཡག་ས་རེད།
འོ་དེ་ལྟར་རེད། གསེར་འབྲུག་ལགས། ངན་པ་ལང་ཤོར་དུ་གཏོང་་བ་འམ། སྡུག་སྒོམ་རྒྱབ་སྟེ། རྫུན་མ་ལ་བདེན་ཁ་སྟེར་བ་དེ་དག མཐུན་སྒྲིལ་མིན་པ་མ་ཟད། མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་རེད།
མཐུན་སྒྲིལ་ངོ་མ་ལ་འབད་དགོས་ན་དྲང་བདེན་ལ་བརྩོན་དགོས།
ནོར་འཁྲུལ་ཡོད་པར་ཤེས་བཞིན་དུ། རྒྱའི་སོ་བ་དང་། དོལ་ཚོགས་ཀྱི་མི་སྣ་ཡིན་པར་བསྙོན་དོགས་ཀྱིས། སྐད་ཆ་བཤད་ན་ཕོད་ན། མི་དེས་སྤྱི་ཚོགས་ཀྱི་འགན་མ་ཁུར་བར་མ་ཟད། མི་དེས་སྨྲ་སྒོ་རང་ཉིད་ཀྱིས་རང་ཉིད་སྡོམ་པ་རེད།
ད་བར་ཁྲིམས་ལུགས་སློབ་མ་ཟེར་བ་ཇེ་མང་རེད། རྟོག་གེ་རིག་པ་སྨྲ་བ་ཇེ་མང་རེད། ངན་གཡོ་ལྐོག་ཇུས་འདོན་པ་ཇེ་མང་རེད། མ་འགྲིག་མ་འཐུས་ཟེར་མཁན་ཇེ་མང་རེད། དོན་དམ་པ་ཁྲིམས་ཀྱི་སྒོ་ནས་ལས་ཀ་མིག་མཐོང་ལག་ཟིན་འདྲ་ལས་མཁན་དང་བཤད་མཁན་ཉུང་བ་ལ།
ལྷ་འབྲུག་ལགས་ཀྱི་གསུང་པ་ལྟར་ཆིག་སྒྲིལ་ནི་སྟོབས་ཤུགས་དང་། ཆིག་སྒྲིལ་ནི་མེད་དུ་མི་རུང་པའི་མི་རིགས་ཀྱི་སྲོག་རྩ་ངོ་མ་རེད། ༼བཙན་བྱོལ་བོད་པའི་ནང་རྒྱལ་བཙོང་པ་དང་རིགས་ངན་པ་མང་པོ་ཡོད་པ་རེད། ཁོང་ཚོས་རང་ཉིད་ལ་དཔལ་འབྱོར་རེག་ཐབས་བྱེད་པར་བོད་དོན་ཁ་ལ་འཁྱེར་ནས་ག་རེ་ཡིན་ནའང་བྱེད་རྒྱུ་རེད་མོད། འོན་ཀྱང་ང་ཚོས་དེའི་རྗེས་སུ་འབྲངས་རྒྱུ་གཏན་ནས་མེད་ལ། ད་དུང་ཁོང་ཚོར་ཁ་གཏད་བཅག་གང་ཐུབ་བྱེད་དགོས༽ཟེར་བ་ནི་གོ་བ་གང་ལ་འགྲོ་ངེས་པ་མིན་འདུག མདོར་ན་ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་ཡིན་ཙང་བོད་ཀྱི་སྲིད་དོན་དང་འགལ་བ། བོད་མི་རིགས་ཀྱི་བདེ་དོན་ལ་མི་ཕན་པའི་བྱ་བ་དང་ལོག་བཤད། ཆིག་སྒྲིལ་ལ་གནོད་པའི་བྱ་བ་དང་ངན་ཚིག བླ་ཆེན་དང་མི་ཆེན་ལ་ངོ་དགའ་སྤྲེལ་ལད་ཀྱིས་ཕྱོགས་འཐེན་ནང་དཀྲུགས་བྱེད་པ། ཆོས་དང་ཆབ་སྲིད་མཉམ་སྲེ་བྱེད་ཅིང་ད་དུང་སྐུ་དྲག་དང་བླ་ཆེན་ཚོས་དབང་ཆ་བེད་སྤྱོད་བྱེད་རྒྱུར་དགག་བྱ་མེད་པར་དད་དུང་ཡོད་མདོག་གིས་མི་རིགས་ཀྱི་བདེ་ཐོན་ཐོས་བཤོལ་གཏོང་བ་སོགས་ནི་ནམ་ཡང་ངོས་ལེན་མ་བྱས་ན་བཟང་།
བོད་མི་ཚོར་སོ་སོའི་བསྐོས་པའི࿒མགོ་འཁྲིད་ལ་རྒྱབ་ཡང་བྱེད་དགོས། ནོར་འཁྲུལ་འདུག་ན་སྐྱོན་འརྫུལ་བྱེད་མཆོག་ལ་མཐེར་སྟོན་བྱེད་རྒྱུ་དམངས་གཙོའི་འགྲོ་རྟངས་རེད་ མགོ་འཁྲིད་སུ་ཡིན་པ་ཡིན་ནས་དལྟའི་དུས་ཁ་བཤད་ཆུ་ཡིས་བུར་བ་ལག་ལེན་གསེར་གྱི་ཐིག་པ། རང་མཐོ་སར་ཟིན་རྒྱུར་ངམ་ནས་བོད་སྤྱིའི་ལས་དོན་སྟོང་པ་ཞག་མ་ཉེན་ཨ་།།
མི་ངན་རིགས་གཅིག་གི་ནི་མ་འགྲིག་པ་དང་མ་མཐུས་སར་གང་ཡིན་ཆོས་ལུགས་དང་བླ་ཆེན་དག་གིས་དབུ་ལ་གཡོག་གང་ཐུབ་བཟོ་བཞིན་ད་དུང་སོ་སོ་དྲན་བདེན་དང་རྣམ་དཔྱོད་ཅན་ཞིག་ཡིན་རབས་དང་ཡིན་ཚུལ། མཁས་མདོག་དང་ཉམ་མྱོང་ཆེ་མདོག་དང་ཡོན་ཏན་ཆེ་མདོག་འཁྲབ་བཞིན་ངོ་ལ་ལྕག་འབག་རེ་གྱོན་ནས་སྤྱི་ཚོགས་ནང་ཐོན་བཞིན་འདི་དག་གི་དམིགས་ཡུལ་མ་འགྲུབ་བར་དུ་མཐུན་སྒྲིལ་ནི་ཁོང་ཚོས་ཁ་གཡང་ཙམ་དུ་ཟད། གལ་ཆེ་ཤོས་མི་མང་ནུང་ཁུལ་ནས་ནས་དུས་རྟག་ཏུ་ཡིད་གཟབ་དགོས་གལ་ཆེ།
རང་བཙན་པས། དབུ་མ་པ་ལ་མ་རྩོད། དེ་བཞིན། དབུ་མ་པས་རང་བཙན་པ་ལ་མ་རྩོད། གཉིས་ཀས་རྒྱ་གཞུང་ལ་བོད་དང་བོད་མིའི་ཐོབ་ཐང་རྩོད་དང་། ཆིག་སྒྲིལ་ངང་གིས་ཡོང་ངེས་རེད་དོ། །
རེད་ཡ། སེང་བུ་འབྲུག་ཞོན། དུས་རབས་ཉེར་གཅིག་པ་དམངས་གཙོ་དང་སྨྲ་བརྗོད་རང་དབང་གི་རྦ་རླབས་འཕྱུར་བཞིན་པའི་དུས་སྐབས་འདིར། མི་དམངས་རང་བཞིན་གྱི་བསམ་ཚུལ་ཡང་བརྗོད་མི་ཆོག་པ་སྟེང་གི་ལྷ་ལ་གནོད་རབས། འོག་གི་ཀླུ་ལ་གནོད་རབས། བར་གྱི་བཙན་ལ་གནོད་རབས་བཤད་ནས་མི་དམངས་རང་བཞིན་གྱི་བསམ་ཚུལ་རྨེག་མེད་དུ་འབུར་བཅོམས་བྱེད་པའི་ལམ་སྲོལ་དེས་མཐུན་སྒྲིལ་དང་ཆིག་སྒྲིལ་ཞིག་གང་ནས་ཡོང་གི་རེད། བོད་མི་རིགས་འདི་ད་དུང་ཡང་དུས་རབས་ཀྱི་རྗེས་མི་ཟིན་པ་ཞིག་ལ་གཟིགས་ཚུལ་བྱུང་ངམ།
ཡག་པོ་གསུང་འདུག ཤེས་ཡོན་པ་ཟེར་རྒྱུ་དེ་འདྲ་ས་མི་འདུག
འགན་ཁུར་གང་ཡང་མི་དགོས་པའ་ཁ་སྟངས་ཚིག་སྟོང་རྐྱང་རྐྱང་ལམ་ནས་སྤྱི་ཚོགས་ཁྲག་དཀྲུགས་དཀྲུགས་བཟོ་མཁན་རེ་ཟུང་གི་ཉེར་ལེན་ལས་ནང་ཁུལ་མཐུན་སྒྲིལ་མེད་པ་བཟོ་མི་སྲིད་པ་ཡང་མིན། རེ་འགའི་སྤྱི་དོན་དང་རང་དབང་ཁ་ལ་འཁྱེར་ནས་ཁྱི་སྨྱོན་པ་གང་སར་སོ་བཏབ་བཞིན་འདུག་བ་་་་
ད་དུང་ཁྲིམས་ལུགས་སློབ་མ་འདིས་དེང་རབས་ཀྱི་ཁྲིམས་ལུགས་ལ་མི་སྦྱངས་བར་རྒྱལ་རྒྱུད་རིང་ལུགས་དང་སྐུ་དྲག་རིང་ལུགས་ཀྱི་ཁྲིམས་ལུགས་སློབ་སྦྱོང་བྱེད་ཀྱི་ཡོད་པ་འདྲ་ཞིག་འདུག། གཞུང་ལ་སྐྱོན་བརྗོད་བྱེད་མི་ཆོག་པ་དང་བོད་པ་རིགས་ངན་མང་པོ་ཡོད་པ་ལ་ངོས་འཛིན་བྱེད་ཀྱི་འདུག། བོད་པ་རྒྱལ་བཙོང་པ་ཡོད་ཐག་གཅོད་རེད། དཔེར་ན་འཇམ་གཅེས་བཞིན། ཧ་ཧ། འོན་ཀྱང་བོད་པ་རིགས་ངན་ཟེར་ན་ཅི་རེད། ཤན་པའི་རིགས་རེད། གདོལ་པའི་རིགས་རེད། སྤྲང་པོའི་རིགས་རེད། ཡང་ན་ཉ་པའི་རིགས་རེད། རིགས་རུས་དབྱེ་འབྱེད་ཀྱི་ལམ་ལུགས་ངན་པ་མཇུག་སྒྲིལ་ནས་མི་རིགས་འདྲ་མཉམ་དང་ཕོ་མོ་འདྲ་མཉམ་གྱི་དུས་རབས་འདིར་རིགས་རུས་དབྱེ་འབྱེད་བྱེད་མཁན་གྱི་ཁྲིམས་ལུགས་སློབ་མ་ཁྲིམས་དཔོན་དང་ཁྲིམ་རྩོད་པའི་གོ་གནས་རག་ན་ཉེན་ཁ་ཚ་སེའེ་རེད་ད། ཧ་ཧ།
གསེར་འབྲུག་ལགས། ང་ཚོས་ལོ་ངོ་བརྒྱ་ཕྲག་འགའ་ལ་ཆོས་ལ་རྨོངས་དད་བྱས་པའི་གོམས་གཤིས་དེ། ད་ཆ་ཆབ་སྲིད་ལའང་དེ་ལྟར་རེད། ལོ་རྒྱུས་ལ་ཕྱི་མིག་ཞིག་བལྟས་ན། ང་ཚོ་ཕམ་ཁ་དང་ཡར་ལངས་མེད་པ་བཟོ་མཁན་དེ། རང་མགོ་རང་གིས་གཅོག་བྱེད་ཀྱི་རྨོངས་དད་ཀྱི་ཐོ་ཆེན་འདི་ཡིན་པ་རྟོགས་ཐུབ།
ད་དུང་ཐོ་ཆེན་འདི་གཡུག་པར་ལོ་བཅུ་ཕྲག་འགའ་འགོར་བ་དེ། དེ་རིང་ཁ་སང་ང་ཚོའི་ངོ་གདོང་ལ་བལྟས་ན་དཔག་ནུས་སོ།།
བྱུངས་རབས་སྐྱི་ལོ་རྒྱུས་ལ་ཕྱིར་མིག་རེ་བལྟ་ནུས་ན་ད་ལྟའི་གནས་བབ་འབྱུང་ཁུང་ངོ་མ་ཤེས་སྲིད། དེ་ཡང་གཟུར་གནས་དང་དྲང་ཚུག་གང་ཡང་མེད་པར་གཡག་ཞར་ཡི་རྩ་ཟ་ཟ་བྱས་ནས་ཕྱོགས་གཅིག་ཁོ་ན་ལ་ཡོད་ཚད་གཡོག་ན་མིའི་རྣམ་དཔྱོད་ལྡན་མིན་གསལ་གསལ་ཐིང་ཐིང་རེད། དཔེར་ན་གསེར་འབྲུག་ཅན་དང་་་་གོང་གསལ་དྲ་འབུ་མངའ་རིས་འཕྲིན་ལས་དང་སེང་བུ་ཅན་སོགས་སོ་་་་་་་་
དམ་པ་དགེ་ཆོས་མཆོག་གི་རྒྱལ་རབས་དེབ་ཐེར་དཀར་པོ་ལས།
ཁྲི་སྲོང་གི་དུས་སུ། མགྲོན་སླེབས་ཚེ་གཡག་གཅིག་འཁྲིད་ནས་འོངས་པར། མགྲོན་པོ་རང་གིས་མདའ་བརྒྱབ་ནས་བསད་དེ་ཤ་འགྱེད་གཏོང་། དཔའ་བོ་རྣམས་ལ་གུས་པ་བྱེད་ཅིང་། བུས་ཕ་ལ་གུས་པ་བྱེད། མས་བུ་ལ་གུས་པ་བྱེད། ཕོ་རྣམས་གར་འགྲོ་ལ་གྲི་དང་མདའ་གཞུ་མ་བྲལ་བ་བྱེད། ལམ་དུ་འགྲོ་ཚེ་མི་གཞོན་པ་རྣམས་སྔོན་དང་། རྒན་པོ་རྣམས་རྗེས་སུ་འགྲོ། སྤྱིར་རྒན་པ་ལས་གཞོན་པ་ལ་གུས་པ་ཆེ། རང་བཞིན་གྱིས་ཤི་བ་ལ་ངན་པར་བྱེད་ཅིང་། གཡུལ་དུ་བསད་པ་ལ་བཟང་པོར་བརྩི། ཁྱིམ་གཅིག་ཏུ་མི་མང་པོ་གཡུལ་དུ་ཤི་ན། ཁྱིམ་གྱི་སྒོར་ཁྲབ་ཅིག་འཕྱང་སྟེ་ངོ་སོ་ཆེ་བར་བྱེད། དམག་བསྡུ་ཚེ་གསེར་གྱི་མདའ་ཞིག་སྔོན་དུ་རྫོངས།(དེང་སང་ཡང་དཔོན་ཁག་གཞུང་དོན་དུ་ཕྱོགས་ཐོན་སྐབས་མདའ་ཡིག་གཏོང་མུས།)དམག་ཁྲིམས་བཙན་ཞིང་གོ་མཚོན་ཤིན་ཏུ་བཟང་། དམག་མདུན་མ་ཕམ་ཚེ་རྗེས་མ་རྣམས་དགྲ་ལ་རྒྱུགས་པས་གཡུལ་ངོ་བཟློག་དཀའ་བ་ཡིན། སྡར་མ་རྣམས་ཀྱི་མགོ་ལ་ཝ་མོའི་མཇུག་མ་བཏགས་ཏེ་དམའ་འབེབས་བྱེད། དགྲ་སླེབས་ཚེ་མེ་སྦར་ནས་ཕན་ཚུན་བརྡ་གཏོང་། དམག་ཕོགས་མེད་ཀྱང་ཡུལ་བཅོམ་ནས་དམག་རྒྱགས་སྒྲུབ་པ་ཡིན། བཙན་པོ་རྗེ་བློན་རྣམས་ལོ་ལྟར་མནའ་སྐྱེལ་ཞིང་། དེ་དུས་ལུག་ཁྱི་སྤྲེའུ་གསུམ་དམར་མཆོད་དུ་འབུལ། ལོ་གསུམ་རེ་ན་མནའ་ཆེ་སྐྱེལ་ཞིང་། མཚན་གྱི་དགུང་ལ་རྟ་ཕྱུགས་བོང་བུ་རྣམས་དམར་མཆོད་བྱེད། སྲོག་ཆགས་རྣམས་ཀྱི་རྐང་ལག་བཅད་ཅིང་དོན་སྣོད་མདུན་དུ་སྤུངས་ཏེ། བན་ངྷེ་ཞིག་གིས་ཆོ་ག་གཏོང་། གནམ་ས་རི་དང་ཉི་ཟླ་སྐར་མ་རྣམས་དཔང་དུ་བཙུགས་ཏེ། ཁྱེད་ཅག་སུས་ཀྱང་རང་ཡུལ་མི་སྲུང་ཞིང་། བསམ་ངན་དང་སེམས་མ་དྲང་བ་བྱེད་ན། གནམ་སའི་ལྷ་རྣམས་ཀྱིས་ཁྱེད་ཅག་གི་བསམ་པ་ཐམས་ཅད་མཁྱེན་པས། ད་ལྟ་བསད་པའི་དུད་འགྲོ་འདི་རྣམས་བཞིན་དུ་དུམ་བུར་བྱས་ལ་སོད་ཅིག་ཅེས་མནའ་འདོར།(ལྷ་སའི་རྡོ་རིང་ལ་ཡང་དཔང་པོ་ཉི་ཟླ་གཟའ་སྐར་ལ་སོགས་པའི་དེ་རྣམས་སྨོས་ཤིང་། སྲོག་ཆགས་བསད་དེ་མནའ་ཡང་བོར་སོགས་འབྱུང་།) སྐབས་འགར་རྒྱལ་པོ་དང་མི་ཆེན་རྣམས། མཉམ་འཆི་མཉམ་གསོན་བྱེད་པའི་མནའ་འདོར། དེ་འདྲ་བ་རྣམས་རྒྱལ་པོ་གྲོངས་ཚེ་རང་ཉིད་ཀྱང་ལྕེབས་ཤིང་། དུར་ཁུང་གཅིག་ཏུ་སྦ་བ་ཡིན༑ བཙན་པོའི་རྟ་དང་། གོ་ཁྲབ་གཅེས་ནོར་རྣམས་ཀྱང་དུར་དུ་འཇུག དུར་སྟེང་དུ་རི་དེའུ་འདྲ་བ་ཞིག་བརྩིགས། དེར་ཤིང་སྡོང་འཛུགས་ཤིང་། ལོ་རེ་བཞིན་དུ་མཆོད་པ་ཡིན་ནོ།།ཞེས་གསུངས་འདུག
ངས་བསམ་ཚུལ་བྱས་ན་བོད་བཙན་པོའི་ལུགས་སྲོལ་ལྟར་དིང་གི་བོད་མི་ཚོས་ཀྱང་མནའ་ཞིག་བཞག་ན་ཕན་ཐོགས་འདྲ་མེད་འགྲོ་བསམས་ཀྱི་འདུག བཙན་པོའི་སྙིང་སྟོབས་ཉམས་སོང་བ་འདི་ཡང་སླར་གསོ་བྱེད་ན་ཡོད་པོ་ཡོང་ས་རེད་བསམས་ཀྱི་འདུག
བོད་བཙན་པོའི་རྒྱལ་ཁབ་ཀྱི་རྒྱལ་བློན་ཚོས་མནའ་འཇོག་པ་ལྟར་དིང་སང་བོད་བཙན་པོའི་མི་རིགས་ཀྱིས་རང་གི་ལུགས་སྲོལ་སྲུང་སྐྱོར་དང་སྙིང་སྟོབས་དར་སྦེལ་གཏོང་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པར་འདོད།
སྤྱིའི་ཆ་ནས་བོད་མི་རྣམས་མནའ་ལ་བརྩི་འཇོག་བྱེད་མཁན་ཞིག་རེད། རྡོག་རྩ་གཅིག་སྒྲིལ་ཡོང་བར་ཕན་ཐོགས་ཡོང་གི་རེད་འདོད།
རང་ཡུལ་གཞན་ལ་མི་བཙོང་བ་དང་གཞུང་དངུལ་ལྐོག་ཟ་མི་བྱེད་པ། དྲང་བདེན་དང་ལ་རྒྱ་ཡིས་ཐོག་ནས་བོད་རང་དབང་རང་བཙན་གྱི་འཐབ་རྩོད་ཐོག་ཏུ་རྡོག་རྩ་ཆིག་སྒྲིལ་བྱེད་ཡིན་ཞེས་མནའ་བོར་ན་ག་འདྲ་འདུག་གམ། ????????????
དེང་སང་ཡང་སྒང་པ་བོད་ལ་ཤི་གསོན་མནའ་བཞག་ཟེར་བའི་གྲོགས་སྒྲིག་བྱེད་མཁན་གང་མང་ཡོད། མདོ་དོན་མནའ་ཟེར་བ་འདི་གལ་ཆེན་ཞིག་རེད། སྲིད་འཛིན་གྱིས་སྲིད་དབང་འཛིན་དུས་ཀྱང་རང་རང་གི་ཆོས་ལུགས་དང་དད་པ་ཡོད་པའི་ཡུལ་དེ་ལ་དཔང་བཙུགས་ནས་མནའ་བཞག་གི་ཡོད། ང་རང་ཚོའི་བཀའ་སྤྱི་གཉིས་ཀྱིས་ཀྱང་མནའ་སྐྱེལ་ཡོད་རེད།
ཤེས་རབ་བྲག་ལ་བརྩེག་མཁན།
དམར་པོའི་བྲག་ལ་བརྩེག་མཁན།
ཉི་མའི་པང་དུ་ཉལ་དུ།
ཕགས་རྩག་ནང་གི་ཤིག་རེད།
ལྷག་པ་ཏུ་བོད་ནང་དུ་དུས་ཚོད་འདི་འདྲ་ལ་ནང་འགོ་ཕྱིར་བཙོང་མི་བྱ་བའི་མནའ་འཇོག་ན་ག་འདྲ་ཡག་པོ། མ་གཏོགས་བོད་མི་ཞིག་གིས་བོད་མི་ཞིག་ལ་བོད་དོན་བཤད་དགོས་དུས་ཀྱང་སྐྲག་དགོས་པ་དེ་འདྲ་ཡག་པོ་མ་རེད། ང་རང་ཚོ་ཚང་མའི་དོན་དག་རེད་བ།
ལྷག་བསམ་མེ་ལྟར་འབར་བ་ཅོ་རི་ལགས། རང་མགོ་ཕྱི་ལ་མི་བསྟན་པའི་མནའ་ཞིག་བསྐྱལ་ཀྱང་དེའི་ཚད་ག་འདྲ་ཞིག་ལ་འཇོག་མགོ་རྙོགས་ཚ་པོ་ཞེ་པུ་ཡོད་རེད། དཔེར་ན་རབ་བྱུང་བས་རྒྱོ་མི་རྒྱག་ཅེས་མནའ་བསྐྱལ་མོད། སྟུ་ནང་མཇེ་མ་བཅུག་ཙམ་ལས་བུ་དང་བུ་མོ་ཚོའི་རྐུབ་བརྟོལ་བཞིན་པ་འདྲ་པོ་རེད་ད།
མེ་ཏོག་དཀར་པོ་ལགས།
བོད་ཀྱི་མཁས་དབང་མང་པོས་བོད་འདི་རྨོངས་དད་ཀྱིས་ཕོངས་སོང་གསུངས་ཀྱི་འདུག ༧རྒྱལ་བ་ཀརྨ་པས་བོད་འདི་རྙིང་ཞེན་གྱིས་ཕོངས་སོང་གསུངས། དགེ་ཆོས་མཆོག་གིས་ཀྱང་རྙིང་ཞེན་གྱིས་ཕོངས་སོང་གསུངས་ཡོད།
དེང་སང་གི་བོད་མིའི་ནང་དུ་རྨོངས་དད་ཅན་བརྒྱ་ཆ་མཐོ་པོ་ཡིན་པ་ཡང་གསལ་པོ་རེད། མནའ་ཞིག་སྐྱེལ་ན་ཕན་ཐོགས་ཏན་ཏན་ཡོད་ཀྱི་རེད་འདོད།་ཁྱེད་ཀྱིས་གསུངས་པ་ཡང་བདེན་པ་རེད། མི་ཁ་ཅིག་བཅོས་ཐུབ་པ་མི་འདུག་ག སྒོར་མོ་ཁོ་རང་གིས་སླུ་བྲིད་བྱེད་ན་མ་གཏོགས་གཞན་པ་ཐབས་ཤེས་ཟད་བསྡད་ཡོད་པ་རྣམས་ལ་ཅི་བྱ།
མནའ་བསྐྱལ་ནའང་མནའ་ལ་མི་བརྩི་མཁན་ཡོང་ངེས་རེད་འདོད། དེང་སང་ཡང་ཡོད་བཞིན་པ་རེད། ཡིན་ནའང་དེ་ཚོའི་གྲལ་དུ་ཉུང་ཤོས་ཤིག་མ་གཏོགས་ཨེ་ཡོད་ན་དྲན་གྱི་འདུག
གང་ལྟར་ཅོ་རི་ཁྱོད་ཀྱི་རང་མི་རིགས་ཀྱི་ལ་རྒྱ་ལ་གུས་འདུད་ཡོད།
ཐུགས་རྗེ་ཆེ། མེ་ཏོག་དཀར་པོ་ལགས།
དེང་སང་མི་འདི་ཚོས་སེམས་ནས་གང་དྲན་དྲ་ངོས་སུ་བཀོད་ཤག་ཤག་འདི་གོམས་གཤིས་ངན་པ་ཞིག་རེད་འདུག །སྐབས་རེ་མཆན་བུ་ཆོ་མེད་མཁན་མང་སོང་ནས་་་་་་་ཁ་ཕྱོགས་གང་ཡིན་མི་ཤེས་པ་ཆགས་ཀྱིན་འདུག་་་་་་་་་་་་མང་ཆེ་ཤོས་ནི་རང་མགོ་རང་གིས་བརྡུང་ནས་སྡོད་ཀྱིན་འདུག་་་་་་
ཕག་ཕྲུག་ཁ་བཙུམ།
རེད་ད། གནད་དོན་ལ་མི་འཇུས་པར་རྨོངས་དད་ཀྱིས་ཐོ་ཆེན་འཕྱར་རྐྱང་བྱེད་མཁན་དེ་སུ་རེད། བྱས་ཙང་རང་མགོ་རང་གིས་བརྡུང་མཁན་གྱི་མི་གཅིག་ཡོད་པ་དེ་སུ་རེད། ཧ་ཧ། བལྟོས་ཨཱ། སུ་ཡིན་མིན་ལམ་སེང་འཐོན་ཡོང་གི་རེད།
རེད་རེད་གསར་བྱུང་ཐམ་ཅད་ལྷ་ཡི་དངོས་གྲུབ་དང་། །རྙིང་སྲོལ་ཐམ་ཅད་བདུད་ཀྱི་ཆོ་འཁྲུལ་ལྟ་མཁན་བོང་རྒན་ཤོག་ཁག་གཅིག་གི་འདས་པའི་ལོ་ཤས་ནས་དྲ་ལམ་གང་སར་ཁྱི་སྨྱོན་རྒྱུག་རྒྱུག་བྱས་ནས་བསྡད་ཡོད་པ་ཤེས་ཀྱིན་ཡོད། དོན་དངོས་མི་འདི་དག་གི་བྱ་སྤྱོད་ལ་བརྟེན་ནས་མི་རིགས་ཀྱིས་བདེ་སྡུག་སེམས་སུ་བཅངས་མཁན་དང་། བོད་སྤྱི་ཡི་འགན་འཁུར་ནས་ཕྱག་ལས་གནང་མཁན་༸གོང་ས་ཡིད་བཞིན་ནོར་བུ་གཙོས་གནད་ཡོད་མི་སྣ་དག་ནས་གསུང་ཤོར་དགོས་པ་བཟོས་པ་ཡང་ཉུང་ཉུང་ག་ལ་ཡིན། ད་དུང་ལོག་བཤད་དང་ཧམ་བཤད་ཁོ་ནིའི་ལམ་ནས་བོད་མིའི་སྤྱི་ཚོགས་ཁ་ལོ་བསྒྱུར་འདོད་ཀྱི་ངན་སེམས་འདིའི་རྒྱ་ལྗོང་ག་རེ་ཡོད་མིན་དཔྱད་དགོས་པ་ལས་རྩོམ་ཡིག་དང་མཆན་བུ་གང་ཡོད་དྲ་ནང་དུ་སྤུངས་གང་ཐུབ་བྱས་ནས་བསྡད་པ་ཡིན་ན་འཇུག་འབྲས་ངན་པ་ཞིག་འོང་མི་སྲིད་པ་གཏན་ནས་མིན་པས་ངས་དྲ་བདག་སོ་སོར་ལ་ལག་ཟུང་ཐལ་མོ་སྦྱར་ནས་གསོལ་འདེབས་ཞུ་རྒྱུར།
སྤྱིར་སྨྲ་བརྗོད་རང་དབང་དང་། མང་གཙོས་རང་དབང་། ཡང་དགོས་པ་ཅན་དུ་མང་གཙོའི་ཀ་ཆེན་བཞི་པར་རུ་གྲགས་པའི་བརྒྱུད་ལམ་ནི་གལ་ཆེན་ཡིན་མིན་ངས་གསལ་དགོས་གལ་མི་འདུག །ཡིན་ཡང་ད་ལྟའི་ང་ཚོས་སྤྱི་ཚོགས་འདིའི་ནང་དུ་གོ་སྐབས་འདྲ་མིན་བརྒྱུད་ནས་ཕྱི་སྣང་ནང་འའཁྲིད་དང་་་་འཆར་སྣ་རླུང་འཁྲིད་བཟོ་མཁན་མེད་བཅས་སུ་གང་གི་ཐག་གཅོད་མི་ཐུབ། རྒྱུ་མཚན་དེའི་ཕྱིར་ཁྱེདཅག་གིས་གཉེར་བཞིན་པའི་དྲ་ལམ་དག་ནི་ཁོང་ཚོས་རང་སྣང་གང་ཤར་གྱི་ཞབས་བྲོ་འཁྲབ་སའི་སྡིང་ཆ་ཞིག་མི་འགྱུར་བ་དང་། བརྒྱུད་ལམ་འདིའི་ནང་ནས་བོད་སྤྱི་ཡི་རྩ་དོན་ལ་གནོད་གཞི་འབྱུང་ཚེ་སོ་སོ་ལ་འགན་ག་ཚོད་ཡོད་མིན་དུས་རྟག་ཏུ་སེམས་སུ་བཅངས་རོགས་བཅས་རེ་བསྐུལ་ཡིན།
ཧ་ཧ། འོའོ་ཙི། ཏང་ཕྲུག་འདིས་ཧམ་པ་རི་ཙམ་བཤད་ན་བདེན་པ་གཡག་ཙམ་རག་ཐབས་བྱེད་ཀྱི་འདུག་ག། རྒྱ་ཁྱི་ཁྱོད་ཁ་བཙུམས། དུས་རབས་འདིར་དམངས་གཙོའི་སྤྱི་ཚོགས་ནང་གཅིག་བསྡུས་རིང་ལུགས་ཀྱི་ལམ་ལུགས་འགྲོ་ཁུངས་མེད་པ་ཤེས་ཀྱི་མི་འདུག་གམ། ད་དུང་རང་དབང་ཅན་གྱི་དྲ་ལམ་ཁག་གཅིག་བསྡུས་རིང་ལུགས་ཀྱི་དྲ་ལམ་ལ་བསྒྱུར་རྩིས་བྱེད་པའི་རྨི་ལམ་སྐྱིད་པོ་མ་གཏོང་ཤིག།
དྲ་གྲོགས་ལྷན་རྒྱས། ངས་སོ་སོར་རང་ཉིད་མི་ཡག་པོ་ཡིན་པ་དང་། ངས་གང་བཤད་བདེན་གཏམ་དང་། གཞན་གྱི་གང་བཤད་སྐྱག་རྫུན་རེད་བཅས་དུས་ནམ་ཡང་བཤད་མ་མྱོང་ལ། དུས་ནམ་ཡང་བཤད་མི་སྲིད། ངས་གང་བཤད་སོ་སོ་བདེན་རྫུན་དབྱེར་འགྱེད་མི་དགོས་པ་ཁྱེད་ཚོས་གནང་བའི་རེ་བ་ཡོད། ལུང་རིག་གི་རྒྱུ་མཚན་མང་པོ་མི་དགོས་པར་ཁོང་ཚོས་བྲིས་པས་མཆན་ཉོག་རྩོམ་ཉོལ་དག་ལ་སྤྱན་གཤེར་རེ་གནང་ནས་ཐུགས་བསམ་རེ་གཞེས་དང་གསལ་གསལ་ཐིང་ཐིང་རེད་དྲན། ཁོང་ཚོས་དུས་རྟག་ཏུ་རང་གཞུང་གི་སྲིད་ཇུས་དང་། བྱས་པ་ཅན་གྱི་མི་སྣར། མཐའ་ན་༸གོང་ས་ཡིད་བཞིན་ནོ་བུ་མཆོག་ལ་ཡང་དངོས་ཤུག་ཅི་རིགས་ནས་ཟུར་ཟ་དང་ངན་སྨྲས་གང་དང་གང་བཟོ་གྱི་འདུག་མིན་གཟིགས་དང་། གཟུར་གནས་བློ་ལྡན་གྱི་སྐྱེ་བོ་རེ་འགའི་དྲང་བདེན་དང་གནས་ལུགས་ཡོད་པའི་བཀའ་མོ་རེ་གནང་བ་མཐོང་ཚེ་ཁོང་ཚོས་སྙིང་གར་གྲའི་གཙག་པ་ལྟར་ན་ཟུག་ལོངས་ཀྱི་ཡོད་པ་རེད། དེ་མིན་གཞུང་དང་༸གོང་ས་ཡིད་བཞིན་ནོ་བུའི་གཙོས་བྱས་བཀའ་དྲིན་ཅན་གྱི་མི་སྣར་སྐྱོན་འཛུགས་དང་ཟུར་ཟ་བྱེད་མཁན་ཞིག་མཐོང་ཚེ། ལམ་སེང་སྐད་སྒྲ་མཐོན་པོ་སྒོ་ནས་བསྟོད་གླུ་བཏང་བ་ཁྱེད་ཚོས་ལོས་མཁྱེན། ངས་དེ་རིང་དྲ་ནང་མཆན་འདི་འདྲ་འབྲི་དོན་དོན་དང་སྔོན་མ་གང་བྲིད་ས་དེ་དག་དཕོན་འཁོན་འཛིན་དང་། ལྷག་པར་དུ་སྒེར་ནད་དང་། ཆོས་ཆོལ་རིགས་རུས་སོགས་ཀྱི་ཕྱོགས་ཞེན་གང་ཡང་མེད་པ་དང་། མི་རེ་ཟུང་ཀྱི་འདོད་ཚུལ་འདོད་ཚུལ་ལྟར་མི་པར་བསྔོག་འདོད་གཏན་ནས་མིན་ཞེས་ལས་འབྲས་དཔང་པོར་རུ་འཇོག་ངེས་ཡིན། གང་ཞུས་དེ་དག་བོད་སྤྱི་པའི་རྩ་དོན་ལ་ཕན་འབྲས་ཡོད་མིན་ཇི་ལྟར་ཡང་བསམ་བློའི་འཁྱེར་སོོ་དང་ལྷག་བསམ་ལ་ཞེན་ཆ་དང་། མ་དག་པ་མེད་པར་རང་གིས་རང་ལ་ཡིད་ཆེས་དང་སྤོབས་པ་ཡོད།
སྐབས་རེ་དྲ་ལམ་འདིའི་ནང་དུ་ཡོང་མི་འདོད་པའི་ཚོར་སྣང་རེ་ངང་གི་ཡོང་ཀྱི་འདུག །ཡིན་ཡང་རང་གང་ཤར་གྱི་དབྱེན་དཀྲུགས་དང་གནས་ལུགས་བདེན་པའི་གནས་གང་ཡོང་ལོག་ལམ་དུ་བསྒྱུར་འདོད་ཀྱི་སྦྱོར་ངན་རེ་མཐོང་དུས་རང་གར་འདུག་ན་ལས་འབྲས་དང་། མི་རིགས་ཀྱིས་འགན་འཁུར་མི་འདོད་པའི་ཐལ་ཤལ་ཅན་གྱི་མི་བུའི་གྲས་སུ་འགྲོ་བར་དོག་ནས་མཆན་འབུ་རེ་འབྲི་བཞིན་ཡོད། མཆན་བུ་དེ་དག་གི་ནང་དུ་ཚིག་བེད་སྐྱོད་སྟངས་དང་སོགས་དྲ་བའི་སྒྲིག་གཞི་དང་འགལ་བ་ཡང་ཡོད་སྲིད་ཀྱང་། མཆན་འདེབས་ཡུལ་རྩོམ་ཉོག་དང་་མི་ངན་དག་གི་བྱ་སྤྱོད་མཐོང་དུས་སྙན་པོ་ལེགས་པོ་ཞིག་ཡོང་ཐབས་ངོ་མ་མི་འདུག །
ཨོ་ཙི་་་་གུན་ཁྲན་ཏང་གི་ཕག་ཕྲུག་འདིས་ཅི་བཤད་བསྡད་ཀྱི་ཡོད་རེད་དམ། གསེར་འབྲུག་སྡེར་ལྔ་ལགས་་ཐམས་ཅད་མཁྱེན་པ་ཡིན་ས་རེད་དོ། ཏང་ཕྲུག་འདི་ཚོས་ཅི་བཤད་ཡོང་སྔ་ནས་ཤེས་ཚར་འདུག་ག
ཨེ་་་ཕག་ཕྲུག་ལགས་་་དེང་སང་དུས་ཚོད་འདི་ལ་དྲ་རྒྱ་གཅིག་བསྡུ་རིགས་ལུགས་བཟོ་ཐུབ་ལེ་མ་རེད། དེང་རབས་༢༡པའི་དེང་རབས་འདི་དཔོན་ངན་ཚོའི་རྫུན་རྐུབ་བཏོན་པའི་དེང་རབས་རེད། རྫུན་བཤད་ས་དང་། མགོ་སྐོར་གཏོང་གྱི་ཏོག་ཙམ་ཁག་པོ་རེད་ད།
དེ་ལས་ཁྱོད་རང་ཚོའི་དམར་ཕྱོགས་སྲིད་དབང་གཅིག་བསྡུ་རིགས་ལུགས་པ་ཤི་ཇུས་བྱོས། དུས་ཚོད་བསླེབས་པ་རེད། ལྐོག་ཟ་བྱས་པར་ཐལ་དྲག་ནས་མི་སེར་ཁྱོད་ཚོ་དམར་ཕྱོགས་པ་དགའ་གི་མ་རེད། སྔ་ཕྱི་མ་གཏོགས་གཏོར་གྱི་རེད་དོ།་་ཧཧཧཧཧཧཧ
ཧ་ཧ། ད་ཡིན་ན་འུ་འཐུག་ཐབས་ཟད་ཀྱི་གནས་ལ་བགྱར་ནས་གཞན་གྱི་རྒྱབ་བརྟེན་འཚོལ་དགོས་པ་ཅི་བྱས་སོང་ངམ། དངོས་ཐོག་བདེན་འཚོལ་དང་དྲང་བདེན་ཞིག་གླེང་གི་ཡོད་ན་དེ་འདྲའི་འུ་འཐུག་དགོས་པའི་རྒྱུ་མཚན་ཅང་མེད་པ་རེད། བྱས་ཙང་དངོས་ཐོག་བདེན་འཚོལ་དང་དྲང་བདེན་མ་ཡིན་པའི་ཧམ་བཤད་རྐྱང་བྱས་ཙང་ད་ནི་འུ་འཐུག་ནས་རང་མལ་དུ་ཉལ་རྒྱུ་དེ་དྲན་སོང་བ་རེད།
དེས་ན་ཁྱོད་ཀྱིས་རང་གཞུང་གི་སྲིད་ཇུས་དང་། བྱས་པ་ཅན་གྱི་མི་སྣ། ༧གོང་ས་མཆོག་ལ་དངོས་ཤུགས་ཅི་རིགས་ནས་ཟུར་ཟ་བྱས་འདུག་ཟེར་བ་དེ་ཁྱོད་ཀྱིས་སྒྲོ་འདོགས་དང་རྟོགས་བཟོས་བསྒྲུབ་པ་ཞིག་ལས་མཛུབ་མོ་བཙུགས་ནས་སྟོན་རྒྱུ་ཡོད་པའི་དྲང་གཏམ་ཞིག་ནམ་ཡང་མ་རེད། བྱས་ཙང་ཟུར་ཟ་ཟེར་བའི་ཚིག་འདི་ཁྲིམས་ཐོག་ནས་ཁུངས་སྐྱེལ་ར་སྤྲོད་ཐུབ་པའི་སྐད་ཆ་ཞིག་མ་རེད།
མ་གཞི་ནས་སོ་སོའི་གཞུང་གི་སྲིད་ཇུས་འགྲིགས་མིན་བཤད་མི་ཆོག་པའི་ཐོབ་ཐང་སུས་ཕྲོགས་པ་རེད། བྱས་པ་ཅན་གྱི་མི་སྣ་དེ་ཚོ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་སངས་རྒྱས་ཞིག་རེད་པས། སྐྱོན་བརྗོད་བྱས་མི་ཆོག་པའི་དམངས་གཙོའི་གཞུང་ཞིག་གང་དུ་འདུག། མ་ཟད་སུས་༧གོང་ས་མཆོག་ལ་མཚན་སྨོད་ཞུ་ཡི་འདུག། གནས་དུས་གང་དུ་ག་དུས་ཞུས་འདུག། ཟུར་ཟ་ཟེར་བའི་ཚིག་འདི་ཁུངས་སྐྱེལ་ར་སྤྲོད་ཐུབ་པའི་གཏམ་ཞིག་མ་རེད། འོ་ན་༧གོང་ས་མཆོག་ལ། ཏཱ་ལའི་ལོག་སྤྱོད་ཤོག་ཁག་དང་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱེད་རྒྱུ་ཡིན་ཟེར་མཁན་དེ་ཚོ་མཚན་སྨོད་ལ་མི་འགྱུར་བར་ཁྱོད་ཀྱིས་རྗེས་སུ་ཡིད་རངས་ཀྱིས་བསྟོད་གླུ་བགྱེར་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ། ད་དུང་ཧམ་བཤད་ཀྱིས་ཁུངས་མི་འཁྱོལ་ཙང་འུ་འཐུག་དགོས་པ་ཆགས་སོང་བ་རེད་དོ།
མ་གཞི་ཁྱོད་དྲ་ལམ་འདི་ནས་རྒྱང་རིང་ཙམ་སོང་ན་ཡག་ཤོས་ཡིན། དམངས་དཀྱུས་རང་བཞིན་གྱི་བསམ་ཚུལ་ལྷུག་པོར་བརྗོད་སའི་གླེང་སྟེགས་འདིར་རྙིང་ཞེན་བག་ཁུམས་དང་ཀླད་རྙིང་མཁྲེགས་འཛིན་གྱིས་ཀླད་པ་ལྗང་ཁུ་ལྗང་རྐྱང་ཁྱོད་འདྲ་བ་འདི་ཚོ་དམངས་གཙོ་དང་སྨྲ་བརྗོད་རང་དབང་གི་འགག་རྡོ་ཆེ་ཤོས་ཡིན་ལ། བོད་མི་རིགས་འདིའི་བསམ་པའི་དཔལ་ཡོན་ཡར་རྒྱས་མི་འགྲོ་བ་དང་དུས་རབས་ཀྱི་རྗེས་ཟིན་མི་ཐུབ་པ་བཟོ་མཁན་ཁྱོད་འདྲ་བ་མང་སོང་བས་ལན་པ་རེད་དོ།
༸གོང་ས་མཆོག་དང་བྱས་པ་ཅན་གྱི་མི་སྣར་ངན་སྨྲས་དང་ཟུར་ཟ་གང་དང་གང་དུ་བཟོས་ཡོད་མེད་རེ་བཞིན་བཤད་ན་བཤད་ཚོད་ཡོད་པ་མ་རེད་ལ། བློ་གཟུར་བོ་གནས་པ་དང་འགྲོ་བ་མིའི་རྣམ་དཔྱོད་ལྡན་པའི་སྐྱེ་བོ་ཀུན་གྱི་ལག་འཐིལ་ལ་གཟིགས་པ་བཞིན་མཁྱེན་བཞིན་པ་ཡིན་པས་ངས་བོང་རྒན་ཁ་ཤས་དང་ལོག་སྤྱོད་ཤོག་ཁག་འམ་སྨྱོས་རྫིན་མཁན་ཁྱེད་ཚོ་ལ་དུས་ནམ་ཡང་གསལ་བཤད་མི་འདོད། ང་དྲ་ནང་འདི་ནས་འགྲོ་རོགས་བྱོས་ཞེས་ཁྱོད་ཀྱི་རེ་བ་དེ་དངོས་ཡོད་བདེན་གཏམ་གཅིག་རང་རེད། ཡིན་ཡང་ངས་ཁྱོད་ཚོས་རེ་བ་དེ་ནམ་ཡང་བསྒྲུབས་ཐུས་ས་མ་རེད། རྒྱུ་མཚན་ནི་ང་རང་ཉིད་ཀྱིས་གཤིས་ཀ་འདི་རྣག་ཐོག་གཙགས་འཁེལ་དང་ནག་ཉེས་ཐེར་འདོན་ལ་དགའ་སོང་བས་རེད་ཧི་ཧིཧི་ཧིཧ་ཧིཧ་ིཧ
ཧམ་པ་རི་ཙམ་བཤད་ན་བདེན་པ་གཡག་ཙམ་ཐོབ་ཟེར་སྲོལ་ལྟར།
གཡག་ཞར་རྩ་བཟན། ཕྱོགས་ལྷུང་ཅན་འཇམ་གཅེས་ཟེར་བ་འདིས། དུག་སྦྲང་བཞིན་མི་ཡོད་ཚད་ལ་ཚིག་ངན་གྱིས་དུག་སོ་རྒྱག་བཞིན་པ་འདི་འགེབས་ཕྱིར་དཀོན་མཆོག་དཔང་དུ་བཙུགས་པ་འདི་ལ་བལྟས་ན། ལས་འབྲས་ཁས་མི་ལེན་པའི་གཡོ་ཅན་ཏང་མི་ཡིན་པར་གསལ་འདུག ད་དུང་སྤྱི་ཚོགས་ཀྱི་འགན་ཁུར་གྱི་ཡོད་ཟེར། ཕུ་དཀྲུག་མདའ་དཀྲུག་བྱེད་མཁན་གཏེ་བོ་གཅིག་ཡིན་པ་མ་ཚད། ༧ གོང་ས་མཆོག་གི་བཀའ་ལ་མི་བརྩི་མཁན། རྒྱུ་མཚན་དང་གནད་ལུགས་ལ་དགྲ་རུ་ལྟ་མཁན་འདི་འདྲ་ཞིག་གིས་བསྟན་པ་ཆབ་སྲིད་ལ་ཕན་ཐོགས་རྒྱུ་ཞིག་རི་བོང་རྭ། མོ་ཤམ་བུའོ།།།
ཕག་ཕྲུག་འཇམ་གཅེས་ལགས། གུན་ཁྲན་ཏང་གི་ཕག་གསོའི་སྲིད་གཞུང་ཤི་རན་པའི་དུས་སྐབས་སུ་ཕག་ཕྲུག་ཁྱོད་གསོན་པོ་ལོ་ག་ཚོད་སྡོད་ཐུབ་བམ། སྙིང་རྗེ་་་ངོ་མ་ཁྱོད་ཚོ། འཛམ་གླིང་གི་དམངས་གཙོ་ཡིས་ནུས་ཤུགས་ཤེས་ཀྱི་མེད་པར་ཀྲུང་གོའི་དམར་ཕྱོགས་ལྐོག་ཟ་རིགས་ལུགས་པ་སྟོབས་ཆེན་ཡིན་སྣང་ཤར་བ་འདིས་ཁྱོད་རང་ཚོ་ཀླད་མེད་ཡིན་པར་བསྟན་པ་རེད།་ཧཧཧ
༧གོང་ས་མཆོག་སྐུ་ཕྲེང་༡༤་པ་ཆེན་པོ་དང་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་མཐར་ཕྱིན་པ་བྱེད་ཀྱི་ཡིན་ཞེས་བསྒྲགས་གཏམ་སྦེལ་དུས་དགའ་བསུ་ཞུ་མཁན་ཁྱོད་མིན་ནམ། ད་དུང་༧གོང་ས་མཆོག་ལ་དད་པ་དང་དགའ་ཞེན་ཡོད་མདོག་སྟོན་ནས་ཨེ། ང་ཚོ་ཡང་མི་རེད་ད། སྨྲ་ཤེས་དོན་གོ་གི་ཡོད་ད། ཁྱོད་ལ་༧གོང་ས་མཆོག་ལ་དགའ་ཞེན་ཡོད་མེད་དང་དད་མིན་བཤད་ཀྱི་དབང་ཆ་མེད། གསོ་ཕག་ཁྱོད་ཕར་རྒྱུགས།
མི་འདོད་སྡུག་བསྔལ་ཁྱོད་ཚོས་ཉོས་པ་དེར། །
མི་བུ་བདག་གི་ཡིད་རངས་ཞུ་ངེས་ཡིན། །
མི་ངན་གང་ཡོད་གཏམ་ངན་ལུང་པ་ཁེངས། །
མི་རུ་སྐྱེས་ཀྱང་དུ་འགྲོའི་ངང་མཚུལ་མཚར། །
ཁ་ནས་གང་བྱུང་བཤད་ནས་བདེན་པའི་དོན། །
ཁ་ནག་ཁྱོད་ཚོས་ལོག་ལམ་བསྒྱུར་འདོད་ཀྱང་། །
ཁ་བའི་ལས་དབང་སེམས་པའི་བུ་ཆུང་ངས། །
ཁ་ཁར་མི་འཇོག་དཀོན་མཆོག་དཔང་པོར་བཙུག །
ད་ནས་བཟུང་སྟེ་དྲ་བའི་འབུ་བསྲིན་ཚོ། །
ད་ལྟའི་ཀུན་སྤྱོད་ལེགས་མདོག་གཡོལ་ཁྲམ་སོགས། །
ད་ལྟ་ནང་བཞིན་ཚོད་མེད་འཁྲབ་འདོད་ན། །
ད་དུང་རིམ་བཞིན་འབུར་འཇོམས་བཟོ་ངེས་ཡིན། །
ཕ་ཆུས་གཤིག་བཞིན་ཕོར་ཆུས་དོན་དུ་བརྩོན། །
ཕ་རོ་དགྲ་བོའི་མངོན་འདོད་ཁྱོད་ཚོས་བསྒྲུབ། །
ཕ་བཟང་བུ་ལ་ནག་ཉེས་གཡོག་འདོད་མཁན། །
ཕ་མེས་ཞབས་འདྲེན་མིན་ན་གང་ཞིག་ཡིན། །
བ་གླང་ལྟ་བུའི་བསམ་དཔྱོད་མི་ཡི་གཟུགས། །
བ་རྫི་ཡིན་ཡང་ཁྱོད་ཚོ་སྟོང་ལས་ལྷག །
བ་ཕྱུགས་རང་གི་གནས་མལ་དགའ་ཞེན་ཤེས། །
བ་གླང་མི་གཟུགས་ཅན་ཚོ་ཨ་ཙ་མ། །
སེང་བུ་གསེར་འབྲུག་ཅོ་རི་མེ་དཀར་སོགས། །
རྐང་གཉིས་མིའི་གྲལ་འཇོག་ན་དུད་འགྲོའི་ཚུལ། །
དུད་འགྲོ་ཟེར་ཡང་ཁ་ཟས་རྩ་མི་ཟ། །
ཨ་ཧོ་འདྲའི་རིགས་སུ་མ་སྐྱེ་སྨོན། །
ངས་༸གོང་ས་མཆོག་དང་རང་གཞུང་གི་བྱས་པ་ཅན་མི་སྣར་སྐྱོན་བརྗོད་མི་འོས་ཚུལ་ཟུར་ཙམ་གླེང་ཡོང་དུས་ནས་ཁྱེད་ཚོའི་སྙིང་ལ་གྲི་བསྣུན་པ་བཞིན་ན་ཟུག་ལངས་དོན་གང་ཡིན་ནམ།
ཁྱེད་ཚོས་དེ་སྔར་ད་བར་དུ་རྒྱ་ནག་དམར་གཞུང་ལ་གནད་དུ་སྨིན་པའི་བརྡ་ལན་ག་རེ་སྤྲད་མྱོང་ཡོད་དམ་། གྲུབ་འབྲས་ག་རེ་སྟོན་ཡ་ཡོད། བསྟོན་དང་བུ་ཡིན། བསྟོན་རྒྱུ་འདི་ཡིན་ཞེས་གསལ་གསལ་ཐིང་ཐིང་འདུག་ན་ངས་དེ་རིང་ནས་ཁྱོད་ཚོར་ཡོད་ཚད་ཁ་ལ་འཁྱེར་མཁན་ཞེས་པའི་མིང་བྱང་དེ་ནས་ཕྱིར་འཐེན་བྱེད་ཆོག།
ཧི་ཧི་ཧི་ཧི་ཧི་ཧ་ི
མི་དགའ་བཞིན་དུ་དགའ་མདོག་བྱེད་མཁན་ཁྱོད།
མི་དད་བཞིན་དུ་དད་མདོག་བྱེད་མཁན་ཁྱོད།
མི་མགོ་སྐོར་ནས་སླུ་བྲིད་བྱེད་མཁན་ཁྱོད།
མི་ལུས་ལེན་ཀྱང་ཕག་པའི་གཟུགས་བརྙན་ཙམ།།།
ཁ་ནས་༧གོང་ས་མཆོག་ཅེས་འབོད་མཁན་ཁྱོད།
ཁོག་ནས་བོད་པ་རྒྱ་ཁུངས་བཅུག་མཁན་ཁྱོད།
ཁ་ཁོག་མཐུན་པ་མེད་པའི་ཏང་ཕྲུག་ཁྱོད།
ཁ་ཞིག་ཡོད་ཀྱང་སྐྱག་པ་ཟ་བའི་ཁ།།།
ད་ནས་བཟུང་སྟེ་ག་རེ་བྱེད་ཀྱི་ཡོད།
ད་ལྟའི་བར་དུ་ཤི་ཇུས་རོ་འཐོམ་བྱས།
ད་དུང་བོད་འདི་རྒྱ་ཁུངས་བཅུག་མ་ཐུབ།
ད་དུང་རྨི་ལམ་སྐྱིད་པོ་མ་གཏོང་ཨང་།
ཕ་ཆོས་གསེར་གྱི་ཕོ་བྲང་ཁྱོད་ཀྱིས་བཤིག
ཕ་རོལ་དགྲ་ལ་ངོ་དགའ་ཁྱོད་ཀྱིས་བྱས།
ཕ་བཟང་བུ་ལ་མཐོང་ཆུང་ཁྱོད་ཀྱིས་བྱས།
ཕ་མེས་རུས་རྐང་འདྲེན་མཁན་ཁྱོད་མིན་ནམ།།
ཕག་པ་ལྟ་བུའི་སྐྱག་ཁུ་འཐུང་མཁན་ཁྱོད།
ཕག་རྫི་ཡིན་ཀྱང་སྐྱག་ཁུ་འཐུང་མི་སྲིད།
ཕག་པས་རང་གི་ལྟོ་ལ་དགའ་ལུགས་འདི།
སེམས་ཅན་གཞན་དང་བསྡུར་ཐབས་ག་ན་ཡོད།།
སེང་བུ་གསེར་འབྲུག་ཅོ་རི་མེ་དཀར་སོགས། །
རྐང་གཉིས་མི་ཡི་གྲལ་གྱི་དོན་གོ་རེད།
དུད་འགྲོ་ཕག་པ་ཁྱོད་དང་ག་ནས་འདྲ།
སྨྲ་ཤེས་དོན་གོའི་མཚན་ཉིད་ཚང་ཡོད་དོ།།།
ཏང་གི་གསོ་ཕག་འཇམ་གཅེས་ལགས།
ཁྱོད་ཚོས་བསམས་པར་གུན་ཁྲན་ཏང་དམར་ཕྱོགས་ཚོགས་དེ་སྟོབས་ཆེན་ཞིག་ལ་ངོས་འཛིན་བྱས་ཀྱི་ཡོད་རེད། སྐུ་ཚབ་བློ་བཟང་སྙན་གྲགས་ལགས་ཀྱིས་ཀྱང་ཨ་རིའི་རླུང་འཕྲིན་ནང་དུ་གསུངས་སོང་། ཏང་གི་ཚོགས་མི་མང་རེར་འགྲོ་གི་ཡོད་པས་དམར་ཕྱོགས་པ་མི་ལོ་ལྔ་བརྒྱ་ལྷག་གནས་མི་སྲིད་པ་མ་རེད་ཅེས་ཤོད་སོང་ང་་ཧཧཧཧ
སྐད་ཆ་བཤད་སྟངས་འདི་དག་ལ་བལྟས་ན་རྒྱ་ནག་གུན་ཁྲན་དང་འོག་གི་མི་སེར་ལ་རྒྱུས་མངའ་མེད་པའི་སྐད་ཆ་རེད། ཕྱོགས་གཞན་ཞིག་ནས་འཛམ་བུ་གླིང་གི་ཆབ་སྲིད་ཀྱི་འཁོར་ཕྱོགས་ཤེས་ཀྱི་མེད་པའི་རྟགས་རེད་འདོད། གུན་ཁྲན་དམར་ཕྱོགས་ཚོགས་པའི་ཚོགས་མི་མང་རེར་འགྲོ་གི་ཡོད་པ་འདི་ནི་སྐབས་འཚོལ་ལྟོ་འཚོལ་བ་ཚོས་དམར་ཕྱོགས་པའི་སྒེར་གཅོད་སྲིད་དབང་བེད་སྤྱོད་ནས་སྤྱི་རྒྱུ་ཟ་ཐུབ་ཆེད་དུ་མ་རེད་མ་གཏོགས་དམར་ཕྱོགས་པའི་སྲོག་རྩ་བརྟན་དུ་འགྲོ་ཆེད་དུ་མ་རེད། ཚོགས་མི་དེ་དག་གིས་ཀྲུང་གོའི་མི་དམངས་ལ་སྒེར་གཅོད་བྱེད་རེད་ལ་སྤྱི་རྒྱུ་ལྐོག་ཟ་བྱ་ཆེད་དུ་ལས་ངན་སྣ་ཚོགས་བྱེད་ཀྱི་རེད། དེ་བརྟེན་འབངས་གྱེན་ལོག་གི་ལས་འགན་སླེབས་རན་བསྡད་ཡོད་རེད། དེར་ཤེས་བྱོས། ཁྱོད་ལྟ་བུའི་རྨོངས་མགོ་ཚོ་ལ་ཏོག་ཙམ་ཕན་ན་བསམས་པས་འདི་ཤོད་པ་ཡིན་ནོ།།
ཨོ་རེད་་་་་ཏང་ཕྲུག་འཇམ་གཅེས་ཁྱོད་ཀྱིས་རང་གཞུང་དང་རང་གཞུང་གྱི་བྱས་པ་ཅན་སོགས་མང་པོ་ལབ་སོང་། རང་གཞུང་ཞེས་གང་ལབ་ཀྱི་ཡོད་དམ། གུན་ཁྲན་སྲིད་གཞུང་ལ་ལབ་པ་དང་ཡིན་གྱི་མ་རེད་བ། གཅིག་གསུང་དང་། རང་གཞུང་ཟེར་ན་གང་ལ་ཟེར་གྱི་ཡོད་དམ།།།།་ཧཧཧཧཧཧ
རེད་རེད་་་་ངས་རང་གཞུང་ཟེར་དུས་་་ཁྱོད་རང་སྙིང་རླུང་འཕར་སའི་གཞུང་དེར་ཟེར་གྱིན་ཡོད། ངས་བྱས་པ་ཅན་གྱི་མི་སྣར་ཟེར་དུས་ཁྱོད་རང་གིས་དུས་རྟག་ཏུ་སྡུག་སྐད་འདོན་ཡུལ་གྱི་མི་སྣ་དེ་ཚོར་ཟེར་གྱིན་ཡོད། ཧ་ཧ་ཧ་ཧ་ཧ་་་་རེད་རེད་ཁྱོད་ཀྱིས་ཆབ་སྲི་དང་འཛམ་གླིང་གི་འགྱུར་འགྲོས་ཤེས་ཀྱི་ཡོད་ན་་་་་་དེ་ལ་དཔག་པའི་ལས་ཀ་ཞིག་བྱོས་དང་་་་སྐུ་ཚབ་བློ་བཟང་སྙན་གྲགས་ལས་ཁྱོད་རང་མཁས་རྒྱ་ཡོན་ཏན་ཆེ་བ་དང་སྤྱང་གྲུང་དོད་པོ་ཡིན་ན་་་་་་མི་གཡོག་རྒྱུག་མཚམས་བཞགས་ནས་སོ་སོས་བདག་དབང་ཞིག་བྱོས་དང་་་་་་དེ་ནས་ངས་ཁྱོད་རང་ལ་བདེན་ཁ་ཅུང་ཟད་སྤྲོད་ཆོག་་་་་་་་་་་
དྲ་གྲོགས་ཅོ་རི་ལགས།
ཏང་ཕྲུག་སྐྱག་ཟན་འདི་དང་ཁ་བརྡ་བྱེད་པ་ནི་སྨད་ཚོང་མ་དང་ཁ་བརྡ་བྱེད་པ་དང་གཅིག་པ་རེད། གནས་ལུགས་རྒྱུ་མཚན་དྲངས་ཤོག་ཟེར་དུས་ཅི་ཡང་དྲངས་རྒྱུ་མེད་པར་འབྲེལ་མེད་དོན་གཞན་གྱི་ཉོག་གཏམ་ཁོ་ནས་དུས་འདའ་བ་བྱེད་ཀྱི་འདུག། གཟིགས་དང་ཁོ་པའི་མཆན་ཡོད་ཚད་ལ་ཞིབ་འཇུག་ཞིག་བགྱིས་གནང་དང་། ཁྱི་སྨྱོན་ནང་བཞིན་གང་བྱུང་མང་བྱུང་སོ་རྒྱགས་རྒྱུ་ལས་གཞན་གནས་ལུགས་རྒྱུ་མཚན་ལྡན་པའི་གཏམ་ཞིག་ག་པར་ག་པར། བརྡ་དག་གང་ལ་ཡང་བལྟ་བཟོ་གཏད་བཟོ་མེད་པའི་མཆན་ག་ས་ག་ལ་སྙང་མ་ཛར་ཛར་གྱིས་ད་དུང་ཁ་ནས་༧གོང་ས་མཆོག་དང་རང་གཞུང་། བྱས་པ་ཅན་གྱི་མི་སྣ་ཡིན་ན་གཅིག། གཟིགས་དང་རང་མདོག་རང་གིས་བསྟོན་ནས། ༧གོང་ས་མཆོག་དང་རང་གཞུང་བྱས་པ་ཅན་གྱི་མི་སྣ་ལ་གློ་སྙིང་བྲང་གསུམ་གཏད་མཁན་ཞིག་ཡིན་ན་ངུ་འབོད་དང་མུག་ཤི་དྲངས་རྒྱུ་། དམོད་ཚིག་དང་འཐབ་འཛིང་བྱེད་རྒྱུ་ཁོ་ན་ལས་མེད་པ་དེས་ཁོ་པའི་མི་གཞི་ཐང་ལ་བུད་ཚར་བ་རེད། མ་གཞི་གུང་ཁྲན་གྱིས་བསམ་བློའི་སློབ་གསོ་དང་གཅེས་ཕྲུག་ལ་ཉར་མྱོང་བའི་མི་རིགས་ཀྱི་བླ་བཙོང་བ་ཞིག་ལ་འདི་འདྲ་མ་གཏོག་ག་ནས་ཡོད། བློ་་བཟང་རྒྱལ་མཚན་དང་། རྒྱལ་མཚན་ནོར་བུ། བྱམས་པ་ཕུན་ཚོགས། ཨ་ཕོ་རག་སྡིས། པདྨ་འཕྲིན་ལས་ཀྱི་མཇེ་འཇིབ་རྒྱུ་དང་། ཚེ་བརྟན་སྒྲོལ་མའི་སྟུ་བལྡགས་ནས་ཏང་ལ་བསྟོད་གླུ་ལེན་རྒྱུ་ནི་ཁོ་་པའི་ཁྱད་ཆོས་ཡོད་ན་མེད་ན་དེ་རེད་དོ། ཧ་ཧ་ཧ་ཧ་ཧ་ཧ་ཧ། ཧི་ཧི་ཧི་ཧི་ཧི་ཧི།
བློ་གཟུ་བོར་བལྟས་ནས་ཀློག་ན་རྩོམ་འདི་ལ་སྙིང་པོ་ཅང་མིན་འདུག རྒྱུ་མཚན་ནི་ཆིག་སྒྲིལ་གལ་ཆེན་པོ་རེད། ཆིག་སྒྲིལ་བྱེད་ཟེར། ད་འདི་ལ་སྙིང་པོ་གང་འདུག ཆིག་སྒྲིལ་གལ་ཆེན་པོ་ཡིན་པ་ཤེས་ཤེས་པ་རེད། མི་སོ་སོས་ག་ཚོད་ཐུབ་ཐུབ་བྱེད་ཀྱི་འདུག དགེ་བཤེས་ལ་ཀ་ཁ་སློབ་པ་ཟེར་བའི་གཏམ་དཔེ་འདི་དྲན་བྱུང་།
ངོ་མ་ཁྲིམས་ལུགས་སློབ་སྦྱོང་ཡོད་མཁན་ཞིག་ཡིན་ན། ཆིག་སྒྲིལ་མི་ཡོང་བའི་རྒྱུ་གང་རེད་འདུག དེ་དག་སེལ་བར་ཐབས་གང་འདུག་ལྟ་དགོས།
ངས་བལྟས་ན་ང་ཚོར་ཆིག་སྒྲིལ་མེད་པ་འདིར་རྒྱུ་མང་པོ་འདུག དང་པོ་ཆོལ་ཁ་གསུམ་ལ་སྤྱི་སྐད་ཤིག་མེད། རྒྱ་སྐད་དེ་བོད་དང་ལ་སྤྱི་སྐད་ལ་འགྱུར་བཞིན་འདུག
ཆོས་ལུགས་མི་འདྲ་བ་ཚང་མས་རང་གི་ཆོས་འདི་དྭངས་མ་ཞིག་དང་གཞན་དེ་བག་བཙོག་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག ཆིག་སྒྲིལ་མེད་པ་གཅིག་འདི་ལ་ཐུག་ཡོད། དཔེར་ན་སྙིང་མ་བ་ཚོས་དགེ་ལུགས་པ་འདྲེ་བསྟེན་མཁན་རེད་ཟེར་ནས་རྟག་ཏུ་ཕྱ་སྨོད་བྱེད་ཀྱི་འདུག དགེ་ལུགས་པས་སྙིང་མའི་ལྟ་བ་དེ་ལ་རྒྱ་ནག་ཧ་ཤང་གི་ལྟ་བ་ཞུགས་འདུག་ཟེར། ཞ་དམར་བའི་བཀའ་བརྒྱུད་ཀྱི་རྗེས་བྲངས་པ་ཚོས་སི་ཏུ་དང་ཁོང་གི་རྗེས་བྲངས་པ་ཚོ་རྒྱ་མིའི་ཕོག་ཟ་མཁན་རེད་ཟེར། ཀརྨ་པ་འདི་སི་ཏུས་བརྫུན་དང་ཁྲེལ་ལ་བརྟེན་ནས་ཁྲི་ལ་བཀལ་སོང་ཟེར། ཆིག་སྒྲིལ་ག་པར་འདུག རྙོག་ཁྲ་འདི་ཚོ་མ་སེལ་བར་ཆིག་སྒྲིལ་ཇི་ལྟར་བཙུགས་ཀྱི་ཡིན།
ཁྱེད་ཀྱི་རྩོམ་ནང་ཆིག་སྒྲིལ་མེད་པའི་སྐོར་བཤད་མིན་འདུག
འོ་ད་ལྟོ་གོས་ཆེད་ཕོར་བ་དཀྲུ་རྒྱུ་ཏོག་ཙམ་ལྷག་ཡོད། མུ་མཐུད་འབྲི་རྒྱུ།
བསམ་ཤེས་ཁྱོད་ལྟར་ན། ཡོངས་རྫོགས་རིལ་རིལ་གཅིག་གི་བདག་ཉིད་ཏང་ལྟ་བུ་ཞིག་དགོས་རེད་དམ།
མེ་དཀར། ངས་སྤྱི་ཚོགས་ལ་ཆིག་སྒྲིལ་དགོས་ན། ཆིག་སྒྲིལ་མི་ཡོང་བའི་རྒྱུ་དེ་བརྩད་ནས་དེ་ལ་གདོང་ལེན་བྱེད་དགོས་ཟེར། ཁ་ནས་སྣའི་དབར་ལ་ལོག་རྟོག་དེ་འདྲ་ཡོང་དུས། གཅིག་གི་ཁ་ནས་གཞན་གྱི་རྣའི་དབར་ལ་ཁྱད་པར་ག་ཚོད་ཤོར་མིན་ཤེས་དཀའ་བ་རེད།
བཅུ་དྲུག་ན་གསོ་དར་ལ་བབ་པ་ནས།
བདུན་དྲུག་མས་གསོ་ཕྱི་ལ་མ་འབུད་དབར།
ཉིན་མཚན་བོད་དོན་གྲུབ་པའི་བླ་རྒན་ཁྱེད།
བསམ་བཞིན་བསམས་ན་བོད་པའི་མགོན་དཔུང་ཉིད།
ཞོགས་པ་ཕྱི་ཉལ་དགོངས་མོ་ཕྱི་ཉལ་ང་།
ལྟོ་ཐེངས་གསུམ་གྱི་བར་གསེང་ཁ་བརྡར་སྐྱེལ།
ཡི་གེ་ཤེས་ཀྱང་རང་རིགས་ཞབས་འདེགས་མེད།
སེམས་པ་ཡོད་ཀྱང་ལྷག་བསམ་མེད་པས་སྐྱོ།
འགྲོ་དྲུག་ཡར་ལ་འདྲེན་པའི་འོ་མའི་ཕྱག །
རྒྱ་ལ་དུང་པའི་འབྲས་སྤྲུངས་བླ་རྒན་དང་།།
ཉ་ཉོག་སྲེས་ལ་བྲེལ་བའི་འདྲེ་མིང་ཅན། །
ཁྱོད་ཀྱི་སེམས་ལ་གདོན་འདྲེ་ཞུགས་སོང་ངམ།།
གཟུར་གནས་སྐྱེས་ཆེན་ཀུན་གྱི་ཡིད་རངས་གནས། །
བླུན་རྨོངས་བོང་རྒན་ཀུན་གྱི་ཕྲག་དོག་གནས། །
འཛམ་གླིང་མཁས་དབང་ཀུན་གྱི་བསྔགས་པའི་གནས། །
གནས་ལྔ་རིགས་པའི་དཔའ་བོ་ཁྱེད་ཉིད་རྒྱལ། །
༸སྐྱབས་གནས་ཀུན་འདུས་བླ་མའི་དཀའ་དགོངས་ལ། །
རིན་ཆེན་སྲོགས་ལས་གཅེས་པར་འཛིན་བཞིན་དུ། །
ཆ་ཤས་ཙམ་ཡང་མི་འདའ་སྒྲུབས་མཛད་མཁན། །
མི་མཆོག་ཁྱེད་ཉིད་ཁྲི་ལོར་བརྟན་གྱུར་གཅིག །
གཟུར་གནས་གང་ཤེས་ཟུར་གནས་ཁ་ཤས་ཀྱི།།
སྐྱབས་དང་མགོན་དང་དཔུང་གཉེན་གཅིག་པུ་སྟེ།།
ད་ནི་དབང་ཐོབ་གོ་སའི་བཀྲག་ཤོར་ནས།།
རྡ་སའི་ཁུག་ན་གཅིག་པུར་ལུས་འདུག་ཟེར།།
མི་ཤེས་རྨོངས་པའི་མུན་པ་ཀུན་ནས་འཐུལ། །
མི་རུང་ངན་རྒུ་གོམས་པའི་ལོག་སྤྱོད་མཁན། །
མི་གཞི་ས་ལ་ཟགས་པ་མི་ཤེས་པར། །
མི་སྔོན་ལོག་པར་བཤད་འདིར་ཀྱེ་མ་ཧོ། །
རང་གཤིས་དྲི་གཙང་ལྷ་ཡི་ཁང་བཟང་འཛིན། །
གཞན་གཤིས་མི་གཙང་སྐྱག་དོང་བཞིན་དུ་འཛིན། །
མཐོ་ལ་ཕྲོག་དོག་འདྲ་མཉམ་འཁོན་དུ་འཛིན། །
དམན་ལ་མཐོང་ཆུང་གསར་རློམ་གཙིས་སུ་འཛིན། །
མི་ངན་གང་གནས་གཏམ་ངན་རྫོགས་མཐའ་མེད། །
མི་བཟང་གང་གནས་ལེགས་བཤད་རྫོགས་མཐའ་མེད། །
མི་བུ་ཀུན་གྱི་ཐལ་ཤལ་རང་མཐོང་ཅན། །
མི་རིགས་འདི་ལ་ཡོད་པར་རྒུད་པའི་རྒྱུར། །
རང་གི་ངོ་གདོང་ཙམ་ཡང་མི་མངོན་པར། །
རང་རིགས་ལ་རྒྱལ་འཛིན་ཁུལ་ཁྲམ་ཚོགས་འདི། །
རང་རིགས་ཕུངས་ལ་སྦྱར་འདོད་བསམ་སྦྱོར་ལས། །
རང་གི་རིགས་ལ་ལྷག་བསམ་ཉིན་སྐར་ཟླ། །
ལེགས་བཤད་གང་ཡིན་ཉེས་བཤད་གནས་སུ་བསྒྱུར། །
ཉེས་བཤད་གང་ཡིན་ལེགས་བཤད་ཡིན་ཞེས་འགྲེལ། །
སྔོན་ཚེ་སྨོན་ལམ་ལོག་པའི་དམ་སྲི་སམ། །
གདོན་བགེགས་འབྱུང་པོ་ཁྱོད་ལས་གཞན་གང་། །
མདོར་ན་དངོས་ཤུགས་རྒྱུད་གསུམ་ཐམ་ཅད་དུ། །
རང་རིགས་སྡང་སེམས་བཅངས་ཏེ་ཁ་གཡང་འོག །
མི་རིགས་བདེ་སྡུག་དར་ཆ་ཁར་འཁྱེར་སྟེ། །
ནང་ཁུལ་དཀྲུགས་འདོད་བསམ་ངན་སེམས་ཁོང་བཅུག །
རིགས་མཐུན་གཅིག་ལས་སྐྱེས་ཀྱང་རིགས་ཞེན་མེད། །
འདས་དོན་ལོ་རྒྱུས་གཅིག་རུང་དཔྱོད་ཤེས་མེད། །
ད་ལྟའི་གནས་བབ་གཅིག་རུང་བསམ་ཤེས་མེད། །
མ་འོངས་ལམ་བུ་གཅིག་རུང་ཕུག་བསམ་མེད། །
མེད་པ་མཐའ་དག་འཛོམས་པའི་མི་བུ་དག །
ས་ཕྱོགས་ཡུལ་གྲུལ་རིགས་རུས་གང་ཡིན་ཀྱང་། །
སྔོན་ཐོན་སྟོང་གི་བཀག་རྡོ་དངོས་ཡིན་པས། །
རིགས་མཐུན་གྲོགས་ཚོས་རྟག་ཏུ་བག་ཡོད་བྱོས། །
ང་ཚོ་ལ་ཆིག་སྒྲིལ་དགོས། ་་་་་་་་་་????????????????