རྔ་བ་ཀུན་བཟང་སྒྲོལ་མ།
འདི་ལྟར།
དུས་ཀྱིས་སྐྱོ་དབྱངས་རེ་རེ་བར་ནས།
གངས་ཅན་པ་ཁྲི་ཕྲག་གིས་རུ་དཔུང་སྒྲིགས་ནས།
ཀྱག་ཀྱོག་དང་དཀའ་སྡུག་བསམ་ནས་ཡོང་གི་ཡོད།
ཨ་ཕའི་ན་ཟུག་དང་ཨ་མའི་ཟུངས་ཁྲག་དྲན་ནས་
རི་ལུང་སྟོང་ཕྲག་གི་ཕར་མཐའ་ནས་ལོག་ཡོང་གི་ཡོད།
ང་ཚོ་ཡོང་གི་ཡོད།
གངས་ཅན་པའི་ཕམ་ཉེས་རྒྱབ་ཏུ་ཁུར་ནས་ཡོང་གི་ཡོད།
དགུན་འཁྱགས་ཁ་བས་བར་ནས་ལོག་ཡོང་གི་ཡོད་
མིག་ཆུ་དང་འགྱོད་གདུང་ཁུར་ནས་ལོག་ཡོང་གི་ཡོད།
ཕངས་སེམས་དང་ཐོབ་ཐང་མེད་པའི་
མིང་སྲིང་ཚོ་དྲན་བཞིན་དྲན་བཞིན་
ང་ཚོ་ལོག་ཡོང་གི་ཡོད་
གངས་ཅན་པ་་་་་་་་ང་ཚོ་ལོག་ཡོང་གི་ཡོད།
ང་ཚོ་ཞི་བདེ་དང་དྲང་བདེན་བསུ་བཞིན་ལོག་ཡོང་གི་ཡོད།
དངོས་ཡོད་དང་ལོ་རྒྱུས་བཤད་ཞོར་ལོག་ཡོང་གི་ཡོད
གངས་ཅན་པས་བདེ་སྐྱིད་དང་རང་དབང་རྩོད་ཆེད་ཡོང་གི་ཡོད།
ཤ་རུས་ཁྲག་རྒྱུད་གཅིག་པའི་མིང་སྲིང་ཚོ་བཞུད་སོང་པའི་རྗེས་ནས་ལོག་ཡོང་གི་ཡོད་
ཚེ་སྲོག་གི་བུན་རྐང་རེ་རེ་ཆེད་དུ་
ང་ཚོ་ལོག་ཡོང་གི་ཡོད།
ཁ་བ་ཚང་་་་་་་་་སེམས་མ་ཕངས་ཨང།
ཧི་མ་ལ་ཡའི་གཞེས་ཁྱིམ་དུ།
ཁ་བ་ཚང་གི་རང་སྐད་ཀྱི་དབྱངས་སྒྲ་བསྒྲག་ནས་ཡོང་གི་ཡོད་ལ།
མི་རབས་གསར་བས་གོམ་ཆེན་སྤོ་བཞིན་སྤོ་བཞིན་
ང་ཚོ་ལོག་ནས་ཡོང་གི་ཡོད།
ཁ་སེམས་དྭངས་མའི་ཕ་སྐད་གླེང་ནས་ཡོང་གི་ཡོད།
དཔའ་བོ་དཔའ་མོ་སྙིང་སྟོབས་དྲན་ནས་ལོག་ཡོང་གི་ཡོད།
དཔའ་བོ་ཚོའི་ཁ་ཆེམས་བཟློ་བཞིན་
ང་ཚོ་ཕྱིར་ཕ་ཡུལ་ལ་ལོག་ཡོང་གི་ཡོད་
སྤུན་ཟླ་ཚོ་་་་་་་་་་་་་་་་་་་་་་སེམས་མ་སྐྱོ།
ཡོད་ཚད་ནས་ཡོད་ཚད་མུན་ནག་མིན་ལ།
བདེན་པ་དང་ལོ་རྒྱུས་ནམ་ཡང་སུབ་ཐབས་མེད་པས་
ང་ཚོས་བདེན་པའི་ལོ་རྒྱུས་དང
ཚེ་སྲོག་གི་དབང་བོ་དེའི་ཆེད་དུ་
ང་ཚོ་ལོག་ཡོང་གི་ཡོད་
༢༠༡༢ ༡༠ ༡༦ གློག་ཀླད་ཁང་དུ་བྲིས།
ལོག་ཡོང་ཡག་གི་སེམས་འཕང་ཤིན་ཏུ་མཐོ།། གཡང་ལྷ་མ།།
དྲ་གྲོགས་གསལ་འབར་ངེད་ཚང་ལ་མགྲོན་པོ་ཡོང་བར་དགའ་བསུ་ཞུ།
རྩ་བའི་གླུ་ཚིག་གོ་རྒྱུ་ཅན་ཞིག་འདིར་སྤེལ་བར་རྗེས་སུ་ཡི་རང་ཞུ། སྤྱིར་བཏང་གླུ་ཚིག་ཕར་བཤུ་ཚུར་བཤུ་གི་ལས་ཀ་འདི་ད་ངས་ར་འཁྱོངས་ཀི
བོད་པའི་གཞོན་སྐྱེས་བོད་པའི་སོན་རྩ་ཡིན། །
བོད་པའི་སློབ་མ་བོད་ཀྱི་རྒྱུད་འཛིན་རེད། །
བོད་པའི་བུ་ཚ་བོད་ཀྱི་བོད་པའི་རུས་རྒྱུད་ཡིན། །
བོད་པའི་བུ་མོ་བོད་ཀྱི་བདག་མོ་ཡིན། །
ཀུན་བཟང་སྒྲོལ་མ་ཀུན་གྱི་ཐུགས་བརྩེ་ཡོད། །
གང་ཞིག་བྲིས་ན་ཀུན་གྱིས་རྒྱབ་སྐྱོར་བྱེད། །
གངས་རིའི་ལས་དབང་གླེང་བའི་ཀུན་འཛོམས་མ། །
མ་འོངས་རྔ་བའི་ལ་རྒྱ་ཡིད་ལ་ཟུངས། །
བདེ་མོ་ཚིག་གིས་གཅོད་མཚམས་འདི་ལྟར་འཇོག །
བོད་པའི་བུ་མོའི་རྩེད་རོགས་རྔ་རྒྱལ་ཡིན།
བོད་པའི་བུ་མོ་འགེབས་རོགས་རྔ་རྒྱལ་ཡིན།
མ་འོང་སོང་རྩའི་བསླབ་རོགས་རྔ་རྒྱལ་ཡིན།
བོད་པའི་བུ་མོ་ཀུན་གྱི་སྒེར་བདག་ཡིན།
ཁ་བས་བུ་མོ་སེམས་ལ་སྡུག་གཏམ་མང་་།།
ཁ་བས་རྔ་རྒྱལ་ཡིད་ནས་ལན་བཟང་བྲིས།།
ཁ་སེམས་དྭངས་མས་ཚིག་ལ་ཡིད་དབང་ཤོར།།
ཁ་བ་ཅན་ལ་བདེ་སྐྱིད་ཉི་མ་ཤར།།
གཅིག་གཅིག་གཉིས་གཉིས་བདག་གིསསེམས་ཚོར་བཤད།།
མ་འོངས་བདེ་སྐྱིད་བསམ་ནས་སྙིང་སྟོབས་སློང་།།
རང་དབང་ཐོབ་ཐང་མེད་པས་སེམས་གཏམ་གླེང་།།
རྔ་རྒྱལ་ལོ་ལོ་ཁྱེད་ལ་བཀའ་དྲིན་ཆེ།།
དྲ་གྲོགས་གསལ་འབར་ཐེངས་གཉིས་པ་ངེད་ཚང་གི་གཞིས་ཁྱིམ་ལ་ཡོང་བར་བཀའ་དྲིན་ཆེ།
ཁ་རྩ་དགོས་གཏུགས་ཁོག་པའི་སྙིང་གཏམ་དག
ཁ་འབྲས་མཚར་བའི་བུ་མོར་ཕུལ་ན་ཡང།
ཁ་ཡག་གཏམ་གྱིས་བསུ་བ་མེད་པའི་ཁར།
ཁ་བརྡ་སེམས་ཀྱི་སྟག་པགས་བོང་བུས་གྱོན།
ཁ་ཕོད་རྩོད་པའི་གླེང་མོ་བདེ་མོར་བཞུགས
མི་རྒྱུད་རྔོག་འདོད་གཏམ་གྱིས་བང་ཁ་ཐལ།
མི་སེམས་བཀྲུག་འདོད་སྒྱུ་མའི་ཟུར་ཁ་མངོན།
མི་བཟང་མི་ལེགས་བརྗོད་འདོད་སེམས་རྩ་རྒྱས།
མི་འཁོས་བསམ་ན་རང་སེམས་བདེ་མོ་བྱོས།
ཁ་མཚར་ཚིག་གི་ཟུར་མདངས་རྒྱས་དྲགས་ན།
ཁོག་པའི་སྙིང་གི་སྲོག་རྩ་མི་གཅོད་དམ།
བོང་བུས་སྟག་པགས་རྒྱུུན་དུ་གྱོན་དྲགས་ན།
རྒྱ་སྟག་མདུན་དུ་འཆི་མ་མི་ཤོར་རམ།
བོད་མི་གསལ་འབར་གར་ཡོད་མ་སེས་ཐ།།
བོད་མི་གསལ་འབར་རྒྱལ་སྤྱིས་མ་རིག་ཐ།།
བོད་མི་གསལ་འབར་གྲངས་ག་ལོན་རན་རེད།།
བོད་མི་གསལ་འབར་རྒྱལ་སྤྱིས་ཤེས་རན་རེད།།
གསལ་འབར་སེམས་ཚོར་ངར་ཞིག་སླེབས་རན་རེད།།
གསལ་འབར་མེ་དཔང་གྲངས་ག་ལོན་རན་རེད།།
གསལ་འབར་བསམ་པ་ཚད་མེད་ལས་ལ་བརྩན།།
གསལ་འབར་ལ་རྒྱའི་མགོ་བོ་ཡར་ལ་སྟོན།།
བསལ་འབར་མཚན་བཟང་མ་གསང་བདག་ལ་གསུང་།།
གདུང་རུས་ལྕགས་ལས་སྲ་བའི་གཞི་ལུས་སྤུན་ཟླ་ཚོ།
རྒྱང་རིང་གཏམ་སྙན་དག་ལ་ཡིད་ཆེས་མ་གནང་།
ཧི་མ་ལ་ཡ་ལ་ཡི་རྒྱབ་ལོག་འདི་ན།
སྟོང་གཏམ་གྱི་འབྲུག་སྒྲ་ལྡིར་མཁན་མང་པོ་འདུག
མི་ལོ་བཅོ་ལྔ་ཙམ་གྱི་ཡར་སྔོན་དུ།
ང་ཡང་ཁྱོད་ཚོ་ནང་བཞིན།
བོད་མི་རིགས་ཀྱི་ལ་རྒྱ་འཛིན་རྒྱུར་དགའ་ཞིང་།
རྒྱ་དམར་ལ་དགྲ་ཤ་རྩོད་འདོད་ཡོད།
ཡོད་ཚད་བློས་བཏང་ནས།
རྐང་བགྲོད་ཀྱིས་བལ་ཡུལ་དུ་འབྱོར།
ད་དུང་ཡང་ངའི་སྙིང་སྟོབས་གསོན་ཡིན།
དེ་ནས་སྣུམ་འཁོར་གྱིས་གློ་སྙིང་དཀྲུགས་ཤིང་།
ནགས་རི་རྩུབ་མོ་ཞིག་གི་རྩེ་ན།
ཕྲ་ལེམ་མེ་ཆགས་པའི་རྡ་སར་དྲུད་སོང་།
སྒོ་འགྲམ་དུ་བ་ཕྱུག་དང་གཅིན་སྐྱག་གི་དྲི་མ་འཁོར་བཞིན་པའི།
དབུས་སྣེ་ལེན་ཁང་གྲགས་ཅན་དེར་སླེབས་སོང་།
ཞེད་སྣང་ཁང་ཆེན་འདིའི་ནང་དུ།
འབྲོག་པ་དང་ཞིང་པ། གྲྭ་བ་དང་ཨ་ནེ།
གྲྭ་ལོག་དང་ཇོ་ལོག སློབ་མ་དང་ཚོང་བ་སོགས།
མི་ཟོག་ཚང་མ་བསྲེས་ནས་བཅུག་འདུག
དེ་ནས་ཉི་མ་དང་ཟླ་བ་རེ་རེ་བཞིན་འདས་རྗེས།
ང་གཉིད་ཐུག་པོ་དེ་ལས་སད་དུས།
རྡ་སའི་མི་ཚོགས་ཀྱིས་གསར་འབྱོར་པ་མགོ་ཟེར་བཞིན།
ངའི་མགོ་བོ་ལ་རྡོག་བརྫིས་བཞིན་མཐོང་ཆུང་བྱེད་འདུག
ཉི་མ་དེ་ནས།
ནང་ཁུལ་གྱིས་ཕྱོགས་རེས་དང་།
བོད་རིགས་ཚོས་བརྙས་བཅོས་འདི་ལས།
རང་ཉིད་ཐར་ཐབས་ཁོ་ནར་འབད་བཞིན་ཡོད།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
རང་ཉིད་ཀྱི་མི་ཚེ་ལ་བདག་པོ་རྒྱོབས།
མ་ནི་དང་ཁ་ཏག་སྐྱ་བོ་ཚོས་ཅི་ཡང་མི་ཕན།
རྒྱལ་གཅེས་དཔའ་པོ་མིང་སྐམ་པོ་དེས།
ཁྱེད་ཀྱི་བུ་ཕྲུག་གི་ལྟོ་གོས་ལ་མི་ཕན།
་་་་་་་་་་་་་་་་་་་་་
ད་གཡུག་འཇོག
སྟག་སྨྱོན། ངོ་མ་ཁྱོད་ཀྱིས་བཤད་པ་བདེན། ཧེ་མ་ལ་ཡའི་རྒྱབ་ཀྱི་རི་ཁུག་འདི་ན་རང་ཉིད་གང་ཡང་འགུལ་མི་ནུས་པར་སྟོང་གཏམ་གྱི་ས་གཞི་ཁེངས། འུར་སྒྲོག་གི་ནམ་མཁའ་ཁེངས། དོན་དངོས་ཐོག་ཁྱེད་རྣམས་ཚོང་རྫས་སུ་བྱས་ཏེ་ལག་གཉིས་མི་གཞན་ལ་བཟེད་ནས་སྐྱིད་ཉལ་རྒྱབ་སྟེ་བསྡད་འདུག།
སྟག་སྨྱོན་རང་མཚང་བརྟོལ་བས།
སེམས་ལ་སྡུག་རྒྱུ་ཡོང་གི།
ལ་རྒྱ་རྫུན་མ་ཞིག་གིས།
རང་དགས་རང་མགོ་གཡོག་འདུག།
ནང་ལ་རི་མོ་མེད་ཀི།
དོན་ལ་བོད་སེམས་མེད་ཀི།
སེམས་ལ་ཕུགས་རྒྱང་མེད་ཀི།
ཕུགས་ལ་མདོ་རྩ་མེད་ཀི།
བོད་གཅེས་མེད་པའི་རྒྱལ་གཅེས།།
རྒྱལ་གཅེས་རྫུན་མ་འདི་ཚོ།།
མྱིག་གིས་རིག་རྒྱུ་མ་དགོས།།
རྣ་འིས་གོ་རྒྱུ་མེད་ཤོག།
མི་བུ་འདི་དག་གི་ཤ་གསེང་རུས་གསེང་ན་ཡབ་མེས་ཞིག་གི་ཟུངས་ཁྲག་བཞུར་གིན་ཡོད་ལ། མི་བུ་འདི་དག་གི་ཁ་སེམས་གཉི་ཀ་དུས་ནམ་ཡིན་ཡང་ཕ་སྐད་གཙང་མ་དང་ཕ་ཡུལ་ཁ་ལྗོངས་ལ་འཁོར་ཡོད་པའི་ན།
ཁོང་ཚོ་ཁ་ནས་ཚིག་ཐོན་པ་ཐམས་ཅན་མྱི་སྐད་ཡིན་ལ། ཁོང་ཚོ་ཅི་བྱས་ཀྱང་རང་མི་རིགས་འདིས་ཆེད་དུ་ཡིན་པས་ན། ཕ་ཡུལ་ཀྱི་ཕུ་ནུ་མིང་སྲིང་འདི་དག་ལ་གུས་འདུད་ཡོད།
མེ་རུ་སྒྲོན་ཐེངས་རེ
གླུ་ཞིག་ལེན་ཐེངས་རེ
ཁྱོད་ཚོ་ཡོད་པས་རི་ཁ་བ་ཅན་གི་ཚེ་སྲོག་གི་དབུགས་རྒྱུན་འགག་མེད་ལ
ཁྱོད་ཚོ་ཡོད་པས་སྒང་བ་བོད་པ་ཚང་གི་མིང་བྱང་འདི་ཡང་ས་གོ་ལའི་ཕྱི་ནང་གཉི་ཀ་ན་ལྷིང་ལྷིང་ཏུ་གྲགས་བཞིན
ཁྱོད་ཚོ་ནི་སྐྱེས་བ་རླབས་ཆེ་ཞིང་་་་་་་་་འཆི་བ་ཡང་བརྗིད་ཀྱིས་ཁེངས་བའི་གང་ཅན་པའི་མི་བུ་གསོན་པོ་ཁྱུ་གཅིག་གོ
བཙན་བྱོལ་བོད་སྐད་ཤོད་མཁན་གསར་འབྱོར་རེད། །
བཙན་བྱོལ་བོད་ཡིག་སྤྱོད་མཁན་གསར་འབྱོར་རེད། །
བཙན་བྱོལ་གཞུང་ཤིང་ངོ་མ་གསར་འབྱོར་རེད། །
གསར་འབྱོར་བ་ཡི་རླུང་རྟ་དར་བར་ཤོག །
ངའི་རྨི་ལམ་གྱི་ཞིང་ཁམས་ནས།། བོད་པ་ཚང་རང་དབང་ཐོབས་སོང་།།
ངའི་རྨི་ལམ་གྱི་ཞིང་ཁམས་ནས།། བོད་གཞི་བྱས་མཉམ་འཛོམས་བྱུང་སོང་།།
ངའི་མིག་ལམ་ནས་བོད་ཁམས་ཀུན་འཚིག
ངའི་རྣ་ལམ་ནས་ལས་དབང་ཁག་བཀལ།