རིག་འཛིན།
མི་ལོ་དུ་མའི་དྲན་གདུང་གི་ན་ཟུག་དེ།
རིན་བྲལ་གྱི་ཁུར་པོ་ཞིག་ལ་རྡོག་ནས།
ཁྱག་ཁྱོག་མང་བའི་དུས་རབས་ཀྱི་བཞུད་ལམ་སྟེང་།
དཀའ་ཁག་དང་ཡིད་ཐང་ཆད་ནས་མ་བསྡད་པར།
ཆེས་མྱུར་བའི་གོམ་ཁ་མདུན་སྐྱོད་ངང་།
སྤུན་ཟླ་ཚོའི་རེ་སྒུག་དྲན་ནས།
ང་ཚོ་རིང་མིན་ཡུལ་ལ་ལོག་ཡོང་གིན་ཡོད།
མི་ལོ་དུ་མའི་སྣ་ཚོགས་ཀྱི་ཉམས་མྱོང་དེ་དག
སྙིང་ཁུང་གི་ཟབ་སར་བཅུག་ནས།
བདག་གི་ཕ་ས་དེའི་ཆེད་དུ།
ལེགས་སྐྱེས་ཤིག་འབུལ་སེམས་བཅང་སྟེ།
ལྷད་མེད་ཀྱི་སེམས་པ་རྣལ་མ་ཞིག་བཟུང་ནས།
མདོ་དབུས་ཁམས་གསུམ་གྱི་སྤུན་ཟླ་ཚོ་དྲན་བཞིན།
ང་ཚོ་རིང་མིན་ཡུལ་ལ་ལོག་ཡོང་གིན་ཡོད།
མི་ལོ་དུ་མའི་མང་མོས་ཀྱིས་བསྐྲུན་པའི་ལམ་བཟང་སྟེང་།
དམ་མཐུན་གྱི་ལག་གདང་དམ་དུ་སྦྲེལ་བཞིན།
དགའ་སྤྲོའི་གླུ་དབྱངས་གྱེར་གྱིན་གྱེར་གྱིན།
ལམ་བཟང་དེ་སྟེང་དུ་ང་ཚོ་མཉམ་དུ་སྐྱོད་སེམས་བཅང་ནས།
སྤུན་ཟླ་ཚོ་དྲན་པའི་མཆི་མ་ཁོག་ལ་བཞུར་བཞིན།
ང་ཚོ་རིང་མིན་ཡུལ་ལ་ལོག་ཡོང་གིན་ཡོད།
མི་ལོ་དུ་མའི་ལེགས་བྱང་གི་སྦྱང་འབྲས་དེ་དག
བརྗེད་ངེས་ཀྱི་རྐུ་པོའི་མཆི་འོག་ནས་སྲུང་སྟེ།
ཁ་བ་ལྷུང་ལྷུང་དུ་འབབ་བཞིན་པའི་ཕ་ས་དེར།
དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་ཏེ།
མདུན་སྐྱོད་གོམ་སྟབས་ཤིག་སློབ་ཕྱིར།
ཤ་རུས་གཅིག་པའི་སྤུན་ཟླ་ཚོ་དྲན་ནས།
ང་ཚོ་རིང་མིན་ཡུལ་ལ་ལོག་ཡོང་གིན་ཡོད།
མི་ལོ་དུ་མའི་གྱེལ་བྲལ་གྱི་ཡིད་སྐྱོའི་ལེའུ་འདིར།
བཞི་ཤད་ཀྱི་རྫོགས་ཚིག་བྲིས་ཤིང་།
ཕྱི་ལྟས་དང་ཆགས་ཐོགས་ཡེ་ནས་མེད་པར།
ཀྱག་ཀྱོག་མང་བའི་རི་ལམ་བརྒྱུད་ནས།
དགའ་ངུའི་མཆི་མ་ཤམ་ཤམ་དུ་ཤོར་བཞིན།
དམ་མཐུན་གྱི་ལ་རྒྱ་ཟབ་པའི་སྤུན་ཟླ་ཚོ་དྲན་གྱིན་དྲན་གྱིན།
ང་ཚོ་རིང་མིན་ཡུལ་ལ་ལོག་ཡོང་གིན་ཡོད།
སྤུན་ཟླ་ཚོ།
ལྡ་ལི་དང་མངར་ཟས་དབུས་ནས་
ལྟོ་བ་བུམ་པ་ལྟ་བུར་ལྡིར་ཏེ་
གོམ་འགྲོས་རུས་ལྦལ་བཞིན་སྤོས་ཀྱིན་་
ང་ཚོ་ལོག་ཡོང་གིན་ཡོད་ སྤུན་ཟླ་ཚོ
ལགས་སོ་ལེགས་པོ་འདུག
ཨ་རི་བདེ་ཆེན་ཞིང་ལ་འགྲོ་འདོད་དང་གཅིག
ཡོ་རོབ་མཁའ་སྤྱོད་ཞིང་ལ་འགྲོ་འདོད་དང་གཉིས།
སུ་སི་གཡུ་ལོ་བཀོད་པར་འགྲོ་འདོད་དང་གསུམ།
དག་ཞིང་དེ་རྣམས་ལ་འགྲོ་རྒྱུའི་གྲ་བསྒྲིག་དེ་བྱས་ནས།
ང་ཚོ་གང་མགྱོགས་ལོག་ཡོང་གིན་ཡོད་ སྤུན་ཟླ་ཚོ
།སྐྱིད་པོའི་ཕ་ས་དྲན་པའི་དྲན་གདུང་གི་མནར་ཞིང་། །གཞན་ཡུལ་སྐྱབས་སུ་བསྟེན་པའི་དམིགས་ཡུལ་འདི་མི་སྒྲུབ།
།ད་ནི་རང་ཁ་གསོ་བའི་ནུས་པ་ཡང་མི་འདུག །ང་ཚོ་ལག་སྟོང་ངང་ནས་གདོངས་པ་འདི་སྦས་ནས།
ང་ཚོ་གང་མགྱོགས་ལོག་ཡོང་གིན་ཡོད། སྤུན་ཟླ་ཚོ།
ང་ཚོ་ངོ་མས་ཡུལ་ལ་བགྲོད་རན་སོང་།
ས་མཐའི་མེད་མུག་གི་འཚོ་བའི་ཀློང་ནས།། ཕྱོགས་རིས་འཐེན་ཁྱེར་ཀྱི་རྡོག་ཁྲེས་ཁུར་ནས།། རང་བཙན་རང་སྐྱོངས་གི་རྩ་དོན་བསྐྱུར་ནས།། མགོ་འདོགས་མིན་འདོགས་ངང་ཡོངས་གི་ཡོད་ཡ།།
རང་མཐོང་ང་རྒྱལ་གྱི་མགོ་འཕང་མཐོ་ན་ཡང་།།
རང་བཙན་གཙང་མ་ཡི་རྒྱལ་ཁབ་མ་ལོན་ཐ།།
རང་དབང་དོན་གཉེར་གྱི་འདུན་པ་མ་འགྲུབ་ཐ།།
རང་ས་རང་ཡུལ་དེ་དྲན་ནས་ཡོང་གི་ཡོད།།
ར་མོ་དབྱིན་མོ་ཡི་མཛེས་འཛུམ་མ་མཐོང་ཐ།།
ར་ཤ་ཕག་ཤ་ཞིག་གསུར་ཡང་མ་ཤེས་ཐ།།
རིན་ཐང་ཆེ་བ་ཡི་ཨ་སྒོར་མ་ལོན་ཐ།།
ར་རྫི་ལུག་རྫི་མིན་རེ་བ་མ་ཡོད་ཐ།།
རི་ལུང་ཐང་གསུམ་བརྒྱུད་དེ་དྷ་སར་འབྱོར་སོང་ཡང་། །
རྒྱལ་དབང་མཆོག་ལ་མཇལ་རྒྱུ་བྱུང་བ་ཙམ་ལས། །
ཁོང་གི་གསུང་རླབས་རེ་རེ་ཡིད་ལ་མ་ཞོག་ཐལ། །
མགོ་བོ་རྨོངས་བཞིན་ཕྱི་ལ་ཐོན་ནས་ཡོང་གིན་ཡོད། །
བཙན་བྱོལ་ནང་ན་རང་མགོ་གང་ཐོན་རྒྱུགས་པ་ལས། །
དོན་ལ་བོད་དོན་འཐབ་རྩོད་གནང་མཁན་ལོ་རེར་ཇེ་ཉུང་རེད། །
རང་བཙན་ཐོབ་སྟེ་ཕ་ཡུལ་མ་ལོའི་ཕྱོགས་ལ་ལོག་རྒྱུ་དེ། །
རྨི་ལམ་ཙམ་ལས་མེད་པས་ཕྱི་ལ་ཐོན་ནས་ཡོང་གིན་ཡོད། །
བོད་ཡིག་བོད་སྐད་རིན་ཐང་ཆུང་ས་ནས། །
ཡ་རབས་གོམས་གཤིས་དེ་ཙམ་མེད་ས་ནས། །
སྒོར་མོར་རིག་ན་སྨྱོན་པ་ཆགས་ས་ནས། །
ཉམ་ཆུང་ཕྱི་ལ་ཐོན་ནས་ཡོང་གིན་ཡོད། །
མི་ལོ་ལྔ་བཅུ་ཡིས་རྒས་གཉེར་ཁུར་ནས་་་་ཉམས་ཆུང་སྐྱབས་མེད་ལ་ཐུབ་ཚོད་གཏོང་བཞིན་་་སྐུ་ངོ་སྡོམ་ཁྲིམས་ཅན་ཚོའི་མཁས་ཉམས་དང་བཅས་་་་ང་ཚོ་རང་ཡུལ་དྲན་ནས་ལོག་ཡོང་གི་ཡོད་ཡ་་་་་་ཕ་ཡུལ་གྱི་ལ་རྒྱ་དང་སེམས་ཤུགས་བསམ་ན་་་མི་རིགས་དང་རྒྱལ་ཁབ་ཁ་ཙམ་ངང་ནས་་་་་ཆོས་ལུགས་སྐམ་པོ་ཞིག་ཁ་ལ་ཆེར་ནས་་་ང་ཚོའི་མགོ་བོ་དེ་ཀྱོག་ནས་ལོག་ཡོང་གི་ཡོད་ཡ་་་་
བོད་མིའི་ཁྲིམས་མཐུན་གྱི་གཞུང་དེ་རྒྱ་མིར་སྤྲད་ནས། །བོད་མིའི་ཡ་རབས་ཀྱི་སྤྱོད་པ་མགོ་སེར་ཚོར་བྱིན་ཏེ།
།བོད་མིའི་བོད་སྐད་དེ་བརྗེད་ནས་ར་མ་ལུག་སྐད། །བོད་མིས་ཐམས་ཅད་དེ་བསྐྱུར་ནས་བོད་དུ་ལོག་འགྲོ། ཧ་ཧ།
ཁ་བ་ཅན་ནས་རྒྱ་མིས་བཙན་གྱིས་ཕུད།
རྒྱ་གར་ཡུལ་དུ་ཚ་བའི་སྡུག་གིས་མནར།
བར་མ་དོ་རུ་མགོན་སྐྱབས་མེད་པའི་སྐབས།
ང་རང་ཨ་རིའི་ཡུལ་དུ་སྐྱེས་པར་ཤོག
རང་དབང་རང་བརྩན་འབོད་སྒྲ་དེ་འཇགས་ཐལ་
རང་སྐད་གཙང་མའི་ཀླད་པ་དེ་འགྱུར་ཐལ་
རང་ཆུས་སྲུང་བའི་ནུས་པ་དེ་བརླགས་ཐལ་
རང་ཡུལ་དབང་བའི་དུས་ཚིགས་དེ་ཡལ་ཐལ་
རང་གཞུང་ཞེས་པའི་མིང་ཙམ་ཡང་མེད་ཐལ་
རང་ས་བཞག་ནས་ས་མཐའ་འདིར་ཅི་བྱེད་
རང་ཅག་ཚང་མ་མགོ་བོ་དེ་སྒུར་ནས་
རང་གི་ཡུལ་ལ་དེ་རིང་རང་ལོག་འགྲོ
ལོག་ཡོང་གི་ཡིན་ ལོག་ཡོང་གི་མིན་
ལོག་ཡོང་གི་ཡིན་ གཞིས་བྱེས་བོད་མིའི་འདོད་དོན་གྲུབ་རྗེས་ལོག་ཡོང་གི་ཡིན་།
ལོག་ཡོང་གི་ཡིན་ ༧གོང་ས་ཆེན་པོ་གདན་འབྲེལ་ཞུས་ནས་ལོག་ཡོང་གི་ཡིན་།
ལོག་ཡོང་གི་ཡིན་ མཆོལ་གསུམ་བོད་ལ་རང་དབང་ལེན་ནས་ལོག་ཡོང་གི་ཡིན་།
ལོག་ཡོང་གི་མིན་ གཞིས་ལུས་སྤུན་ཟླའི་རེ་བ་མ་འགྲུབ་བར་ལོག་ཡོང་གི་མིན་།
ལོག་ཡོང་གི་མིན་ ༧ ཡིད་བཞིན་ནོར་བུ་ལྷན་དུ་མེད་པར་ལོག་ཡོང་གི་མིན་།
ལོག་ཡོང་གི་མིན་ རྩ་དོན་མ་གྲུབ་པར་ལག་པ་སྟོང་པར་ལོག་ཡོང་གི་མིན་།
ང་ཚོ་མགོ་བོ་སྒུར་ནས་ཡོང་ཀིན་ཡོད་་་་་་་ཕ་ཡུལ་གྱི་ཡུལ་མི་སྤུན་ཟླ་ཚོ་་་་ཐག་རིང་གི་རྡ་སར་རེ་བ་མ་རྒྱག་ལོ་་་་ས་ཆ་འདིར་བོད་སྐད་དང་བོག་ཡིག་ལ་མཐོང་ཆུང་བྱེད་ལ་་་་ཕྲེང་བ་དང་བོད་ཆས་ལ་འཕྱ་སྨོད་བྱེད་ཡ་་་་ང་ཚོ་མགོ་བོ་སྒུར་ནས་ཡོང་ཀིན་ཡོད་་་ས་ཆ་འདིར་བླ་མ་དང་གྲྭ་བ་ཚོས་སྡོམ་ཁྲིམས་ལས་སྒོར་མོར་འདང་ཆེ་ལ་་་་་ཕོ་སར་ཚོས་རང་མོ་ལས་གཞན་མོ་བཙལ་ལ་་དཔོན་པོ་ཚོས་རང་ལུགས་ལས་གཞན་ལུགས་རིན་ཆེ་ལ་་་་མདོར་ན་ཡོད་ཚད་ཤོར་བ་དང་སྤྲད་ནས་ང་ཚོ་ལོག་ཡོང་ཀིན་ཡོད་་་་་ཕ་ཡུལ་གྱི་ཡུལ་མི་སྤུན་ཟླ་ཚོ་་་་་དགོངས་འགལ་མེད་པར་ཞུ་
དྲ་གྲོགས་ཚོ་རང་རང་གི་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ།
ཁྱེད་རང་ཚོ་ནམ་ལོག་ནའང་ལོག
ང་ནི་ཟླ་བའི་འཇིག་རྟེན་སྟེང་ཚར་གཅིག་མ་སླེབས་བར་དུ་གཏན་ནས་ལོག་གི་མིན།
གཞན་ཡུལ་འདི་ནས་ང་ཚོའི་རང་བཙན་ནས་དབུ་མ་། དབུ་མ་ནས་རང་སྐྱོང་། རང་སྐྱོང་ནས་སྒྲིག་འཛུགས་ཞིག་ལ་གོམ་ཁ་ཡུན་ཀྱིས་སྤོས་ནས་ལོག་ཡོངས་གི་ཡོད།