སྣང་ ཤེས་དགེ
ཚན་རྩལ་རིག་པ་ཤིན་ཏུ་དར་བའི་དུས།།
མི་ཡི་རྣམ་དཔྱོད་འཕྲུལ་གྱིས་བསླུ་བའི་སྐབས།།
དུས་ཀྱི་གོམ་འགྲོས་དྲྭ་བར་སྟིམ་པ་འདི།།
ཨཡེན་སི་ཊན་གྱི་ལུང་བསྟན་མངོན་གྱུར་ཉིད།།
མ་བྱུང་བྲེལ་ལ་ཟེར་བའི་བོད་གྲོང་གི །
གྲོག་ཁྱུ་བཤར་ས་ལྟ་བུའི་སྲང་ལམ་ན།།
ལ་ཁའི་ཉི་མ་ལྟ་བུའི་རྒད་པོ་ཡིས།།
ཁ་པར་ཁ་ལ་སྦྱར་ནས་བྲེལ་ཚུབས་ཚུབས།།
རྡ་རམ་ས་ལ་ཟེར་བའི་རི་གྲོང་གི།།
འབྲོང་ཁྱུ་འདྲོགས་ས་འདྲ་བའི་ལམ་ཟུར་ན།།
བཤས་ཕག་འདྲ་བའི་ཐང་ཁྲོམ་བཤམས་མཁན་ཚོས།།
ཁ་པར་རྣ་ལ་སྦྱར་ནས་དགོད་ཚིག་ཚིག །
ཟ་ཁང་ཆེ་ཆུང་གང་དུ་ཕྱིན་ཀྱང་རུང་།།
ཟ་རོགས་འཐུང་རུང་ཅི་ཙམ་མང་ཡང་ཆོག །
ཕན་ཚུན་གཏམ་གྱི་བགྲོ་བ་མི་བྱེད་པར།།
སྐད་འཕྲིན་ཁོ་ནར་འཐོམ་པའི་ལྟད་མོ་མཐོང་།།
གྲོགས་པོས་མགྲོན་བདག་བྱས་ཏེ་ཟས་ཤིག་ཟོས།།
ཟས་ཀྱི་སྡེར་ཁ་ངེད་ཚོའི་མདུན་དུ་བཤམས།།
ཚ་ཐོག་རང་ལ་ཟོས་ན་ལོས་ཞིམ་མོད།།
སྐད་འཕྲིན་ལྟས་ངན་དེ་ཡིས་བཟར་མ་བཅུག །
ཕར་ལ་བལྟས་པས་ཕོ་མོ་ཁྱུ་གཅིག་མཐོང་།།
མདུན་དུ་སིལ་ཁུ་སྣ་ཚོགས་བསྒྲིག་ནས་འདུག །
ལག་ཏུ་ཁ་པར་རེ་རེ་བཟུང་ནས་འདུག །
ངུ་དང་དགོད་ཀྱི་རྣམ་འགྱུར་དེ་ལ་སྟོན།།
ཨ་རོགས་ཟེར་ནས་གྲོགས་ལ་བོས་ན་ཡང་།།
གྲོགས་ཀྱི་རྣམ་ཤེས་སྐད་འཕྲིན་ནང་དུ་འདུག །
ད་ནི་རང་ཉིད་གཅིག་པུར་ལྷག་ཟིན་པས།།
བཟའ་རྒྱུ་ཙམ་ལས་བྱེད་རྒྱུ་གཞན་མ་རྙེད།།
མདུན་གྱི་མྱི་ཡིས་མྱི་གོ་མི་ཆོད་ཅིང་།།
རླངས་པ་དྲོན་མོའི་དབུགས་གོ་མི་ཆོད་དེ།།
ཐག་རིང་དྲྭ་སྣེའི་ཆ་མེད་ཆོ་འཕྲུལ་དེ།།
ཟ་ཉལ་འགྲོ་འདུག་ཀུན་གྱི་ཟླ་བོར་འཛིན།།
རྡ་སའི་ཁྲོམ་ལ་མྱི་ཚོགས་ཤིན་ཏུ་མང་།།
གྲྭ་བའི་ཆས་འདི་ཀུན་ལས་མིག་ལ་གཟན།།
ཉན་སྐུད་དཀར་པོ་རྣ་བར་བཅུག་པ་འདིས།།
སུ་དང་གང་ལས་ལྷག་ཅིག་མཐོང་བར་བྱེད།།
ཕོ་སར་རྫིག་པོའི་འཇོན་ཐང་འདི་ལ་གཟད།།
སྨན་ཆུང་བུ་མོའི་མཛངས་གཤིས་འདི་ཡིས་ཟོས།།
གྲྭ་བཙུན་རྣམས་ཀྱི་ཉམས་ལེན་འདི་ཡིས་ཕྲོགས།།
འདི་ལས་ལྷག་པའི་ནད་ཅིག་ཡོད་དམ་ཅི།།
འདི་ཁོ་བོས་བསམ་བློ་ཡུན་རིང་དང་ལག་ལེན་གློ་བུར་བ་ཞིག་གི་འོག་ནས་བྲིས་པ་ཡིན་པས། བཤད་སྟངས་ཀྱི་ཆ་ནས་གོ་རིམ་འཛོལ་བ་དང་དམིགས་གཏད་ཀྱི་ཆ་ནས་གནད་དུ་མ་ཟིན་པ་སོགས་ཅིས་ཀྱང་ཡོད་ངེས་པས། འདིའི་སྐོར་ལ་དོ་སྣང་ཡོད་མཁན་ཚོས་ཁ་གསབ་གནང་རོགས།
༢༠༡༣།༠༦།༡༤ཉིན་རྡ་སའི་སྐྱིད་རོང་གྲོང་གསེབ་ཀྱི་མཐོ་སར་གནས་པའི་གྲོགས་པོའི་གཡར་ཁྱིམ་དུ་བྲིས།
དགེ་བཤེས་མཁས་པའི་མཛད་འཕྲིན་འདི་ཡིས་བཀག།
ལས་བྱེད་གླ་ཕོག་ཕྱེད་ཀ་འདི་ཡིས་མིད།།
སློབ་ཕྲུག་སྐར་གྲངས་བརྒྱ་ཆ་འདི་བཅགས།།
སྐད་འཕྲིན་ཁྱོད་ནི་གཤེད་མ་ཉིད་དུ་འཁུམས།།
རྒྱ་དམག་མཚོན་གྱིས་བོད་ཁམས་མ་ཐུལ་བར།།
རྒྱ་རྒན་སྤྱང་པོའི་འཕྲུལ་གྱིས་བོད་མི་བཏུལ།།
སྐད་འཕྲིན་ཁོ་ནར་འཐོམ་པའི་སྤྱི་ཚོགས་འདི།།
ཉལ་ཐས་བཟི་བའི་མྱི་དང་ཅིས་མི་འདྲ།།
སློབ་བུའི་ཚོགས་ཀྱི་ནང་སྦྱོང་དང།
ཉམས་ལེན་པ་ཡི་དགེ་སྦྱོར་ཚོགས།
ལས་མི་རྣམས་ཀྱི་འཆར་གཞི་ཀུན།
སྐད་འཕྲིན་འདི་ཡིས་རྡུལ་དུ་བརླགས།
མཐོན་པོ་བླ་མས་སྤྱན་ཟུང་འདི་ལ་ཅེར།།
དམའ་བོ་སྤྲང་པོས་མིག་ཟུང་འདི་ལ་གཟེར།།
སྐད་འཕྲིན་མེད་ན་ཉི་མ་མི་འཁྱོལ་བས།།
དུས་རབས་དུས་སྐབས་འདི་ནི་སུ་ཡི་འཕྲུལ།།
ཁྱོ་ག་ཆུང་མའི་དབར་ལ་དབྱེན་སྦྱོར་བཅུག །
དགེ་རྒན་སློབ་མའི་དབར་དུ་དམ་ཚིག་དཀྲུགས།།
ཡ་རབས་བཟང་སྤྱོད་རློག་པའི་ལྟས་ངན་འདི།།
ད་ལྟ་ཉིད་ལ་བརླག་ན་དགའ་བ་ལ།།
གང་ལ་མཁང་ར་བྱེད་པའི་དངོས་པོ་དེར།།
ཤི་འཐམ་རོ་འཐམ་བྱས་པ་གད་མོའི་གནས།།
རང་གི་སེམས་ལ་ཚོད་ཅིག་མ་བྱས་ན།།
སྐད་འཕྲིན་མི་དགོས་གློག་ཀླད་འདིས་ཀྱང་ཆོག།
དུག་ཆུ་ཟེར་ནས་ཨ་རག་འཐུང་བ་དང་།།
རྫས་ངན་ཟེར་ནས་ཉལ་ཐ་འཐེན་པ་སྟེ།།
སྡིག་ཅན་ཟེར་ནས་ཤ་ལ་རོལ་བ་སོགས།།
ལས་ཀྱི་སྤྱོད་འདི་རྣམས་སྲིད་པའི་འགྲོ་ལུགས་ཡིན།།
ཚན་རྩལ་བཅུད་ཀྱི་སྙིང་པོའི་བདུད་རྩིའི་འཁྲུལ་རིག་འདི། །
མཁས་དབང་གོང་མས་ཀྱིས་ཀྱང་མ་གཟིགས་ཡ་མཚན་ཅན། །
ཡ་རབས་དམ་པ་རྣམས་ལ་ལག་རྩལ་རྒྱན་གྱི་མཆོག །
འདི་དང་ཁ་བྲལ་འདོད་པ་བླུན་པོའི་བླུན་རྟགས་རེད། །
༨༽ ཀརྡོ་གཉེར་ཕྱག་པ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༦ གི་ཆུ་ཚོད་ ༣ སྐར་མ་ ༠༢
ཚན་རྩལ་བཅུད་ཀྱི་སྙིང་པོའི་བདུད་རྩིའི་འཁྲུལ་རིག་འདི། །
མཁས་དབང་གོང་མས་ཀྱིས་ཀྱང་མ་གཟིགས་ཡ་མཚན་ཅན། །
ཡ་རབས་དམ་པ་རྣམས་ལ་ལག་རྩལ་རྒྱན་གྱི་མཆོག །
འདི་དང་ཁ་བྲལ་འདོད་པ་བླུན་པོའི་བླུན་རྟགས་རེད། །ཅེས་པར།
རྩེད་མཚར་ཚུལ་དུ་འདི་འདྲ་ཞིག་འབྲི་སྙིང་འདོད།
“བཅུད་ཀྱི་སྙིང་པོའི་བདུད་རྩིའི་”འབྲེལ་སྒྲ་གསུམ་བསྒྲིགས་དང་།།
“གོང་མས་ཀྱིས་ཀྱང་”བྱེད་སྒྲ་དགོས་མེད་ཡ་མཚན་ཅན།།
ཡ་རབས་རྣམས་ལ་ནོངས་པ་ཁས་བླངས་རྒྱན་གྱི་མཆོག།
འདི་ཙམ་ཁས་ལེན་མི་ཕོད་བླུན་པོའི་བླུན་རྟགས་རེད།། ལགས། གང་འདྲ་འདུག

སློབ་སྦྱོང་གི་དུས་ཚོད་ཡོད་ཚད་བསྐྱལ་ས། we chat
ཉེ་འཁྲིད་ཡོངས་དང་འབྲེལ་བ་གཅོད་བྱེད། we chat
བཟང་བཙོན་ནང་ལ་འཇུག་བྱེད། we chat
ཁ་ལག་དུས་ཐོག་མ་རག་པ་བཟོ་བྱེད། we chat
མཚན་མོ་གཉིད་སྐྱིད་པོ་ཁུག་ཏུ་མ་འཇུག་བྱེད། we chat
དགོས་ལ་མ་དགོས་ལ་ཚང་མ་ཤེས་ས། we chat
རྒྱུས་མེད་ཡུལ་ནས་དོན་མེད་མཛའ་བཤེས་འཚོལ་ས། we chat
ཨམ་ཕྲག་ཏག་ཏག་བཟོ་བྱེད། we chat
གཏམ་འཆལ་སྣ་ཚོགས་སྤེལ་ས། we chat …………………………………………………………………………..
རོགས་པ་ཚོས་ད་དུང་འབྲི་རོགས་གནང་དང་།
“བཅུད་ཀྱི་སྙིང་པོའི་བདུད་རྩིའི་”འབྲེལ་སྒྲ་གསུམ་བསྒྲིགས་དང་།།
“གོང་མས་ཀྱིས་ཀྱང་”བྱེད་སྒྲ་དགོས་མེད་ཡ་མཚན་ཅན།།
ཡ་རབས་རྣམས་ལ་ནོངས་པ་ཁས་བླངས་རྒྱན་གྱི་མཆོག།
འདི་ཙམ་ཁས་ལེན་མི་ཕོད་བླུན་པོའི་བླུན་རྟགས་རེད།། ལགས། གང་འདྲ་འདུག ་་་་་་ཟེར།