སྣང་ཤེས།
གྲོས་ཚོགས་འཚོགས་པའི་དུས་ཚོད་འདི་བོད་མི་མང་པོ་ཞིག་གི་ཚོར་བ་དགུ་འགྱུར་གྱིས་ཇེ་རྣོར་འགྱུར་བའི་དུས་ཚོད་དེ་ཡིན་ཞིང་། དབུས་ནས་མཐའ་ལ་ཟིང་ཆ་སྣ་ཚོགས་ཁྱབ་གདལ་དུ་གཏོང་བའི་དུས་ཚོད་དེ་དབུས་ནས་ཆོལ་ཞེན་གྱི་མེ་རོ་སྤར་ཏེ་་མཐའ་ནས་ཕྱོགས་འཐེན་གྱི་དུ་བ་འཕྱུར་ཡོང་བའི་འུར་འུར་ལང་ལོང་གི་དུས་ཚོད་དེ་རེད། སྤྱིར་མེ་དུད་ཀྱི་འབྲེལ་བ་ནི་རྒྱུ་འབྲས་ཀྱི་འབྲེལ་བ་ཡིན་ན་ཡང་འདྲ་མཉམ་ཀྱི་འབྲེལ་བ་ཞིག་མ་ཡིན་པར་མེ་ཆུང་ཆུང་ལ་དུ་བ་ཆེན་པོ་དང་མེ་ཆེན་པོ་ལ་དུ་བ་ཆུང་ཆུང་ཞིག་མ་གཏོགས་ཡོང་རྒྱུ་མེད་པས་སྟོབས་ཤུགས་ཀྱི་ཆ་ནས་དག་དག་ལྡོག་ཕྱོགས་ཡིན་མོད། རང་རེའི་མེ་དུད་ཀྱི་འབྲེལ་བ་ནི་རྒྱུ་འབྲས་ཀྱི་འབྲེལ་བ་ཙམ་དུ་མ་ཟད་འདྲ་མཉམ་ཀྱི་འབྲེལ་བ་དང་གཞོག་འདེགས་ཀྱི་འབྲེལ་བ་ཞིག་ཀྱང་ཡིན་ཏེ། དབུས་གྲོས་ཚོགས་ཀྱི་མེ་ཇི་ལྟར་ཆེ་ན་མཐའ་མི་མང་གི་དུ་བའང་དེ་ལྟར་ཆེ་སྟེ། མཐའ་ཡི་དུ་བའི་སྲབ་མཐུག་ནི་དབུས་ཀྱི་མེ་ཡི་ཆེ་ཆུང་ལ་རགས་ལུས་པ་ཞིག་རེད། དེ་ལྟར་ཡིན་པའི་དབང་གིས་ཆབ་སྲིད་རྫོབ་པོ་དང་གོ་སྐབས་དམ་འཛིན་གྱི་ཚོར་བ་ཁབ་རྩེ་ལྟར་རྣོན་པོ་ཡོད་པ་འགའ་ཞིག་གིས་དབུས་ཀྱི་མེ་ནང་དུ་ཤིང་དང་སྣུམ་བླུག་ཅི་ཐུབ་བྱས་ཏེ་དུ་བ་འཕྱུར་ཐབས་ལ་ཤ་ཐང་རུས་ཐང་དུ་འབད་པར་བྱེད། སྤྱིར་ཡིན་ན་ཤིང་གི་མེ་ཙམ་ལ་དུ་བ་སྔོན་པོ་ལས་ནག་པོ་ཆེར་མི་འབྱུང་མོད། འགྱིག་དང་རླངས་སྣུམ་སོགས་རྫས་རིགས་ངན་པའི་རིགས་མེ་ནང་དུ་བསྲེས་ན་དུ་བ་ནག་པོ་འབྱུང་བ་བཞིན་ཏུ། སྐབས་འཚོལ་བ་དེ་དག་གིས་ཀྱང་དབུས་ཀྱི་མེ་ནང་དུ་སྐད་ཆའི་རྫས་ངན་སྣ་ཚོགས་བསྲེས་ཏེ་མཐའ་ནས་དུ་བ་ནག་པོ་འཕྱུར་བར་སྐོམ་པ་ཆུ་འདོད་ལྟར་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད། དེ་འདྲའི་སྐོམ་པས་གདུང་བ་ཅན་དེ་དག་ལ་རིགས་གཉིས་སུ་དབྱེ་ཆོག་པ་སྟེ། གཅིག་ནི་རྐུབ་སྟེགས་ཀྱི་ཆེད་དུ་དང་གཞན་གཅིག་ནི་ཆོལ་ཁའི་ཆེད་དུ་རེད། (ཁ་ཅིག་གིས་བོད་ཁ་བྲལ་གྱི་ལས་དོན་སྒྲུབ་མཁན་ཏེ་རྒྱ་ནག་གི་གསང་བའི་ལས་ཀ་བྱེད་མཁན་ཡང་ཡོད་ཟེར་མོད་ངས་ནི་དེ་ལྟར་བཤད་མི་སྤོབས།) དེ་གཉིས་གང་ཡིན་རུང་མཐར་གཏུགས་ན་བོད་སིལ་བུར་གཏོར་མཁན་ཏེ་དང་བླང་གིས་དགྲ་བོའི་མངོན་འདོད་སྒྲུབ་མཁན་ཡིན་པ་ནི་གཅིག་མཚུངས་རེད།
གནས་སྟངས་འདིའི་ཐོག་ནས་གནད་དོན་ཆེན་པོ་ཞིག་མཐོང་ཐུབ་པ་ནི་མང་གཙོའི་ལམ་ལུགས་དང་དེའི་ཁྱབ་ཡུལ་དམངས་ཁྲོད་ཀྱི་བློ་གྲོས་གཉིས་ཀྱི་འབྲེལ་བ་དེ་ཡིན། དེ་གཉིས་བར་གྱི་འབྲེལ་བ་ནི་ཆབ་སྲིད་ལམ་ལུགས་འདིའི་སྒུལ་ཤུགས་ལྟེ་བ་དེ་ཡིན་ཞིང་། འབྲེལ་བ་བཟང་ན་སྤྱི་བའི་ཆིག་སྒྲིལ་གྱི་ནུས་པ་ཇེ་མཐོར་འགྲོ་ཞིང་། འབྲེལ་བ་ངན་ན་སྤྱི་ཚོགས་ཁ་འཐོར་ནུས་མེད་དུ་འགྱུར་བ་ནི་བཤད་མི་དགོས་པ་ཡིན། དེས་ན་ལམ་ལུགས་འདིའི་བདག་པོ་མི་དམངས་ཡིན་པས་འབྲེལ་བ་འདིའི་རགས་ལས་ས་གཙོ་བོའང་མི་དམངས་ཡིན་ཏེ། སྲིད་སྐྱོང་དང་སྤྱི་འཐུས་སོགས་ཅི་འདྲ་ཞིག་འདེམས་ཐུབ་མིན་ནི་མི་སྒེར་རེ་རེའི་བློ་རྒྱ་དང་གོ་རྟོགས་ཁོ་ནར་རགས་ལས་པ་ཡིན། དེའི་དབང་གིས་“མང་གཙོ་ནི་སྨྱོན་པའི་ལག་གི་རལ་གྲི་ཡིན།” ཞེས་པའི་སྡོམ་ཚིག་ཅིག་ཀྱང་བྱུང་མྱོང་ཡོད་པ་རེད། སྐད་ཆ་འདི་མཐའ་གཅིག་ཏུ་ཁ་ཚོད་བཅད་དེ་བཤད་ཐུབ་པ་ཞིག་མིན་ན་ཡང་། མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་ཀྱི་དབང་གིས་སྐབས་རེར་དེ་ལྟར་འགྱུར་འགྲོ་བའི་སྐབས་ཡོད་པ་ནི་མིག་མཐོང་ལག་ཟིན་རེད།
མང་གཙོའི་སྤྱི་ཚོགས་ཁྲོད་ཀྱི་སྣེ་ཁྲིད་མཁན་དག་ནི་མང་ཚོགས་ཀྱི་ཐོན་རྫས་ཤིག་ཡིན་པས་དེའི་ལེགས་ཉེས་ཀྱི་བྱ་བ་ཡོད་ཚད་ཀྱི་འགན་མང་ཚོགས་ལ་ཡོད་ཅིང་མཐར་གཏུགས་ན་དབུ་ཁྲིད་ཆེ་གེ་མོར་འདེམས་ཤོག་འཕེན་མཁན་གྱི་མི་སྒེར་རེ་རེ་ལ་ཡོད་པ་ཡིན་ཞིང་། སྤྱི་ཚོགས་འདིའི་འཕེལ་རྒྱས་དང་ཉམས་ཉེས་ཀྱི་འགན་དབང་ཡོད་ཚད་མི་སྒེར་རེ་རེའི་ལག་ཏུ་ཡོད་པ་ཡིན་པས། དམངས་ཁྲོད་དུ་སྒེར་སེམས་ཀྱིས་མ་བསླུས་པའི་མང་གཙོའི་ལམ་ལུགས་ཀྱི་གོ་རྟོགས་ཡོད་དགོས་པ་ནི་རྩ་བའི་གནད་ཆེན་པོའི་ཀྱང་ཆེན་པོ་ལགས་སྟེ། ཆབ་སྲིད་ལམ་ལུགས་འདིའི་གྲུབ་ཚུལ་གྱི་ཆ་ནས་བཤད་ན་མཐའ་ནི་མཐའ་ཡིན་པར་མ་ཟད་དབུས་ཀྱང་མཐའ་ཡིན་པས། ལེགས་ཉེས་ཀྱི་རྩ་བ་དང་ལྟོས་ས་ཡོད་ཚད་མཐའ་ཉག་ཅིག་ཡིན་པ་ཡིད་ལ་ངེས་དགོས་པ་ཡིན་ནོ།།
མང་གཙོ་ནི་མི་སྨྱོན་པའི་ལག་ཏུ་རལ་གྲི་བཞག་པ་འདྲ་ཟེར་བ་དེ་ལ་གོ་རྒྱུ་འདུག་ལ་དེ་འདྲ་བོ་ཡང་མང་པོ་འདུག་ན་ཕྱོགས་གཏོགས་དང་འགོ་
འདྲེན་ལ་སྐྱབས་བཅོལ་ནས་མང་ཚོགས་ཀྱི་ནག་ཁུང་འོས་འཕེན་ལ་རེ་
བ་དང་བློ་བཅོལ་ཐུབ་རྒྱུ་དཀའ་མོ་རེད་འདའ།
རྩོམ་འདི་མགོ་བོ་རྫིག་མདོག་སེངྒེའི་འབག་འདྲ་ལ། མཇུག་མ་ཟླུམ་ཟླུམ་སྲིན་འབུ་པད་པའི་མཇུག་མ་འདྲ་བོ་ཞིག་འདུག །ཧ་ཧ་ཧ།
མིའི་རིགས་ཀྱི་གནས་ཡུལ་སྤྱི་ཚོགས་ནང་རིང་ལུགས་ཆེན་པོ་གསུམ་གྱི་ཆབ་སྲིད་སྐྱོང་བའི་་ནུབ་ཕྱོགས་པས་༼དམང་གཙོ་༽དར་སྤེལ་དང་འབྱོར་ལྡན་གྲལ་རིམ་དང་འབྱོར་མེད་གྲལ་རིམ་བར་གྱི་ཐོབ་་ཐང་འདྲ་མཉམས་ཀྱི་རྒྱལ་ཁབ་དེའི་སྤྱི་་འབངས་ཀྱི་ཐོབ་ཐང་རེད
་འོན་ཀྱང་ཤར་ཕྱོགས་་ཀྱི་རྒྱལ་ཁབ་བཙན་བྱོལ་བོད་མིའི་གནས་ཡུལ་རྒྱ་ཀར་ལྟ་བའུ་ཚོན་ན་རྒྱལ་ཁབ་ཀྱི་སྲིད་བྱུས་དམངས་གཙོ་ཡང་དག་སོང་ཡང་སྤྱི་ཚོགད་ནང་འབྱོར་ལྡན་གྲལ་རིམ་དང་འབྱོར་མེད་གྲལ་རིམ་གྱི་ཧས་པ་ཆེན་པོ་ཡོང་པར་གཏན་དམངས་ལ་རང་ཤུགས་ཀྱི་གནོད་ཤུག་འོག་མང་ཚོགས་རྣམད་ངམང་གཙོའི་ཐོབ་ཐང་གཞན་དབང་དུ་འགྱུར་ཡོད་ལརེ།
ེད་ན་བཙན་བྱོལ་བོད་མིའི་ཆབ་སྲིད་ལམ་ལུགདམང་གཙོ་མ་ཡིན་པའི་༼མང་གཙོ༽ཅན་གྱི་ལམ་ལུག་འོག་སྲིད་སྐྱོངས་ཕྱོགས་ཀྱི་སྲིད་དབང་དགེར་བཅོས་རིང་ལུག་ལ་ནོར་བ་འབུར་ཐོན་རེད་བསམ་པ་མི་འདུག
༄༅། ཅང་བྲོ་བ་འདྲ་མི་འདུག།
འུ་དུམ་བཙན་པོ་བསད་རྗེས་བོད་པ་འདི་ལ་བཀྲ་ཤིས་པའི་ཉི་མ་གཅིག་ཤར་མྱོང་མེད།
བོད་ཀྱི་རྒྱལ་པོ་འུ་དུམ་བཙན་པོ་འམ་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བསྣུབས་ཡོད་མེད་མི་ཤེས་ཏེ་བོད་ཀྱི་རྒྱལ་པོའི་རིང་ལུགས་ལ་
འཇུག་བསྡོམས་རྒྱབ་པ་གསལ་པོ་རེད་འདུག་ལ་བོད་ཀྱི་སངས་རྒྱས་ཀྱི་
བསྟན་པ་བསྣུབས་མཁན་ངོ་མ་དེ་རྒྱ་མི་ཡིན་པ་འཛམ་གླིང་མི་མང་ནས་
གསལ་པ་ོམཐོང་བཞིན་པའི་དཔེ་མཚོན་ནི་གསེར་རྟ་གླ་རུང་གར་དང་ཡ་ཆེན་གར་ལ་གཟིགས་ན་མཁྱེན་ཐུབ།
གང་ལྟར་ང་ཚོ་བོད་པའི་སྤྱི་ཚོགས་ཁྲོད་དུ་མང་གཙོའི་ལག་ལུགས་འདི་དགྲ་དགའ་གཉེན་སྡུག་གི་ལག་ཆ་ཞིག་ཏུ་འགྱུར་བཞིན་པ་ནི་མིག་མཐོང་ལག་ཟིན་རེད། གནས་སྟངས་འདི་ལས་མང་གཙོའི་ལམ་ལུགས་ལག་ལེན་ཏུ་བསྟར་བ་ལ་སྤྱི་དམངས་ཁྲོད་ཤེས་ཡོན་དང་འགན་འཁྲིའི་བསམ་བློ་ངེས་ཅན་ཞིག་དགོས་པ་གསལ་པོ་མཐོང་ཐུབ།
གཅིག་ནི་རྐུབ་བཀྱགས་དང་། གཅིག་ནི་ཆོལ་ཁའི་ཆེད་ཟེར་བར་དྲི་བ་རེ་བཀོད་ན།
རྐུབ་བཀྱགས་ཀྱི་ཆེད་དུ་འབད་མཁན་གཅིག་ཀྱང་མ་བྱུང་ན་བཙན་བྱོལ་བོད་མིའི་འགོ་འཛིན་མཁན་མེད་པར་ལུས་རྒྱུ་མ་རེད་དམ།
ཆོལ་ཁའི་ཆེད་ཁོ་ན་ཡིན་ན། སློབ་བཟང་སངས་རྒྱས་ལ་སྲིད་སྐྱོང་གི་རྐུབ་བཀྱགས་ཐོབ་པ་དེ། མདོ་སྟོད་ཆོལ་ཁའི་མི་མང་དྲགས་ནས་རེད་དམ། བཙན་བྱོལ་མདོ་སྟོད་མི་མང་དང་། གདན་ས་གསུམ་སོགས་ཀྱི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གྲྭ་རྒྱུན་ཡོངས་ནས་སློབ་སངས་ལ་འོས་འཕངས་ཡོད་པར་ཆ་བཞག་ན་ཡང་། དབུས་གཙང་མི་མང་གི་ཕྱེད་ཀ་ཡང་ལོང་གི་མེད་པ་ཚང་མས་མི་ཤེས་སམ།
ཤེས་ཡོན་མེད་ན་མི་ཡི་གཡོག་པོ་རེད། ཤེས་ཡོན་མེད་ན་མི་ཡི་བྲན་གཡོག་རེད།
ཤེས་ཡོན་མེད་ན་ལེགས་ཉེས་མི་ཤེས་པ། ཤེས་ཡོན་མེད་ན་མི་ཡི་གྲལ་འཇུག་ལས།
ཤེས་ཡོན་མེད་ན་མི་ཡི་ཆེ་མཐོང་མེད། དེས་ན་ཤེས་ཡོན་སྦྱོང་དང་གངས་ཕྲུག་ཚོ།
སྙིང་རྗེ། jimme ཁོ་ག་ཤེད་གསང་སྤྱོད་དམ། སྡེར་མ་འཁྲུ་བཤལ་བྱེད་ཀྱི་ཡོད་པ་འདྲ། སེམས་མ་སྐྱོ། དཀའ་ལས་ཁག་ཙམ་མ་གཏོགས་བྲན་གཡོག་རང་མ་རེད།
གྲལ་མཇུག་ཏུ་ལུས་པའི་རྣམ་རྟོག་དེ་སྐྱུར་ལ་ཞོག ཧ་ཧ་ཧ། ་་་་་་་་་་་་