མཁོ་འདོན་པ། ཤར་མགོན་ཕྲུག
ཁ་སང་ཕྱི་ཚེས་༢༥ ཉིན་གྱི་ཕྱི་དྲོ་རྩོམ་པ་པོ་ཤར་ཕྱོགས་ཁུག་རྟའི་༼སྟག་ཤར་གཞོན་པས་བོད་རྒྱའི་དཀའ་རྙོག་གླེང་བ་༽ཞེས་པའི་དཔེ་དེབ་དབུ་འབྱེད་མཛད་སྒོ་མེག་གྷན་ཌི་རོམ་སི་ཌེ་ཁུ་ཟ་ཁང་ (Drum Stick Restaurant) དུ་འཚོགས། སྐབས་དེར་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་ཟུར་པདྨ་འབྱུང་གནས་མཆོག་དང་དམིགས་བསལ་སྐུ་མགྲོན་མདོ་སྨད་ཚོགས་གཙོ་བསྟན་པའི་དངོས་གྲུབ་མཆོག་བཅས་བཀའ་ཟུར་དང། སྤྱི་འཐུས་ཁག་ཅིག དགོན་སྡེ་ཁག་གི་ཕྱག་མཛོད། རྩོམ་པ་པོ་སེར་སྐྱ་ཕོ་མོ། མཐོ་རིམ་སློབ་གྲྭ་ཁག་གི་སློབ་མ་དང་ཉམས་ཞིབ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁ་ཤས་ཀྱི་སྐུ་ཚབ། གསར་འགོད་པ། གཞས་པ་གཞས་མ། སྙན་ངག་པ། ཧི་མ་ལ་ཡི་རི་བརྒྱུད་ཀྱི་བོད་ཀྱི་རིག་གཞུང་ཞབས་ཞུ་པ་ཁག་ཅིག མི་མང་བཅས་རིས་སུ་མ་ཆད་པའི་མི་གྲངས་༧༠ ལྷག་བརྒལ་བ་འཛོམས་སོང།
སྐབས་དེར་ན་གཞོན་སྒྱུ་རྩལ་པ་རྟ་མགྲིན་ལགས་ཀྱི་མདོ་འཛིན་འོག་སྐུ་མགྲོན་རྣམ་གཉིས་དང་ཉམས་ཞིབ་པ་ལྷ་ལུང་རྒྱལ་བཅས་ཀྱིས་གསུང་བཤད་གྲུབ་མཚམས། སྙན་ངག་གྱེར་འདོན། ཆོལ་ཁ་གསུམ་གྱི་གསུང་གཞས་བཏང་བ་སོགས་བོད་ཀྱི་ཁྱད་ནོར་ཚང་བའི་མཛད་སྒོ་སྦྱོར་དངོས་རྗེས་གསུམ་གཙང་བ་ཞིག་འཚོགས་སོང།
སྐབས་དེར་དོ་བདག་རྩོམ་པ་པོ་ཤར་ཕྱོགས་ཁུག་རྟའི་བསྒྲགས་གཏམ་སྤེལ་བའི་ནང་འཁོད་དོན་”དེབ་འདི་དཔར་བསྐྲུན་གྲུབ་ནས་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་སྤྱན་བསྟར་ཞུ་ལ་ཉེ་བའི་མཚམས་འདིར། སྐད་ཆ་ཚིག་གཉིས་ཞུ་འདོད་བྱུང།
དེབ་འདི་སྡོམ་བརྒྱབ་ནས་ཞུས་ན་གུས་པ་སྐྱབས་བཅོལ་དུ་འབྱོར་ནས་དབུ་མའི་ལམ་གྱི་ཉམས་ལེན་པ་རྣལ་མ་ཞིག་ཇི་ལྟར་བྱ་རྒྱུའི་སྟ་གོན་སྐབས་མཐོང་ཐོས་མྱོང་གསུམ་ཡོངས་བསྒྲགས་བྱས་པ་རྣམས་ལྷན་སྡེབས་བྱས་པ་ཞིག་ཡིན། ༼བསྟོད་བསྔགས་མི་ལ་གཏོང་དུ་ཆུགས། རང་སྐྱོན་རང་གིས་ཤོད་༽ཅེས་པའི་བཀའ་སློབ་གནད་བསྡུས་འདི་རྩ་དོན་དུ་བཟུང་སྟེ། ང་ཚོའི་ཆོས་སྲིད་གཉིས་ཐོག་འཐུས་ཤོར་གང་ནས་ཕྱིན་མིན་དང་། འབད་བརྩོན་ཅི་ལ་མ་བྱས་པ། མདོར་ན་བོད་ཀྱི་རྩ་དོན་ལ་དོན་དམ་གྱིས་ཤ་ཞེན་ཡོད་མེད། ལོ་རྒྱུས་ཀྱིས་སྤྲད་པའི་འོས་འགན་ཏག་ཏག་བསྒྲུབ་ཡོད་མེད་བར་འཛེམས་ཟོན་སྤངས་ཏེ་དཔྱད་གླེང་བྱས་ཡོད་ཀྱང། ༼ཕན་ཐོགས། སྒུལ་ཤུགས། མིག་དཔེ། གཟུར་གནས། གསར་བརྗེ།༽ཟེར་བ་སོགས་ཀྱི་ལྟ་བའི་ཁྱབ་ཁོངས་ནས་གང་འདྲ་ཡིན་མིན་ཁྱེད་རྣམ་པ་གཙོས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་གཟིགས་རོགས།
ང་བོད་ནས་ཡོང་བ་དང། དེ་སྔའི་བོད་རྙིང་པའི་ལམ་ལུགས་དང་མདོ་སྨད་ཀྱི་གནས་སྟངས། བཙན་བྱོལ་ནང་གི་མི་ལོ་ལྔ་བཅུའི་ཀྱག་ཀྱོག་ཆེ་བའི་བྱུང་རབས་ལ་ལས་སྨོན་གྱིས་ཞ་ར་མ་ཆགས་སྟབས། ངས་བཙན་བྱོལ་བོད་མི་ཚོས་བློ་གཅིག་སེམས་གཅིག་གིས་བོད་མི་རིགས་ཀྱི་རྩ་དོན་ཐད་སློབ་སྦྱོང་དང། རང་དབང་སྒྲུབ་རྒྱུར་འབད་བརྩོན་གནང་རྒྱུའི་འབོད་སྐུལ་ཡང་ཡང་ཞུས་མྱོང་ལ། གལ་སྲིད་ད་ལྟའི་སྣང་མེད་སྒྱིད་ལུག་གི་གནས་བབ་འདི་ལྟར་སོང་ཚེ་ང་ཚོའི་མགོར་རང་ཉིད་རུལ་བ་རང་གིས་མི་ཚོར་བའི་གནས་བབ་ཐབས་རྡུག་ཅིག་ཡོང་རྒྱུའི་རྟགས་མཚན་གང་སར་མཐོང་རྒྱུ་འདུག་ཅེས་ཀྱང་ཞུས་མྱོང།
སྐད་ཆ་དེ་དག་ཨ་འཇོག་ལ་འཇུག་པོ་ཡོད་མིན་ཅི་ལྟར་ཡང། ༸གོང་ས་ཆེན་པོའི་སྐུ་ཚེ་འདིར་བོད་ཀྱི་བདེན་མཐའ་བསལ་དགོས་ན། ”དབུ་མའི་ལམ་དུ་བསྐྱོད་པ་ནི་རྒྱ་ནག་སྟོབས་ཆེན་ཡིན་པས་རེད་”ཟེར་བ་ལྟ་བུའི་དབུ་ཁྲིད་རེ་འགའི་མི་ཤེས་ཤེས་མདོག་གི་སྐད་ཅོར་རྒྱགས་བཞིན་པའི་རྗེས་སུ་མི་འབྲངས་པར། དབུ་མའི་ལམ་གྱི་ཉམས་ལེན་པ་ཚད་ལྡན་ཞིག་བྱས་ཏེ། རྒྱ་ནག་གཞུང་མང་གི་མདུན་སར་ང་ཚོའི་ཆོད་སེམས་བརྟན་པོ་ཡིན་པ་དང། ཕར་ཕྱོགས་ནས་རྣམ་འགྱུར་ཅི་ཞིག་བསྟན་ཡང་ང་ཚོས་ནམ་ཡང་བོད་རིགས་ཡོངས་ལ་འཛིན་སྐྱོང་གཅིག་གི་རང་སྐྱོང་ཐོབ་རྒྱུ་བློས་གཏོང་མི་སྲིད་པ་ལུས་ངག་ཡིད་གསུམ་གྱིས་གསལ་སྟོན་ཐུབ་དགོས་པ་རེད།
རྒྱལ་སྲིད་ཀྱི་ཐུགས་འགན་བཙན་ཐབས་ཀྱིས་རྩིས་སྤྲོད་གནང་རྗེས། གང་གི་དགོངས་གཞི་ལམ་ལྷོང་བརྟན་པོ་ཡོང་ཆེད་གཞིས་ལུས་བོད་མི་ཚོས་བྱུང་རབས་སུ་མ་གྲགས་པའི་ཆབ་སྲིད་ལས་འགུལ་དེ་འདྲའི་གཞི་རྒྱ་ཆེན་པོ་སྤེལ་ཡང། འདི་ཕྱོགས་ནས་ད་བར་གྲུབ་འབྲས་ཅུང་ཙམ་ལོན་རྒྱུ་ལྟ་ཞོག ང་ཚོའི་འཐབ་རྩོད་ཀྱི་གནས་བབ་གཟུགས་པོ་མགོ་མེད་དུ་གྱུར་ནས་འབྲེལ་མོལ་སོགས་གང་སར་དགུན་ཆུ་འཁྱག་ལ་འབྱར་བ་ལྟར། དབེན་སྟོང་ངེ་དང། ལྷིང་འཇགས་སེ་ཡོད་པ་འདི་ནི་སྐྱེ་འགྲོ་སྤྱི་དང་བྱེ་བྲག་བོད་ཀྱི་སྣོད་ཆེད་དབང་གི་ཆེད་དུ་གཏན་འབེབས་གནང་བའི་དབུ་མའི་ལམ་གྱི་དགོངས་དོན་གསལ་བོར་མ་རྟོགས་པའི་ཉེར་ལེན་གྱི་ཡིན་པ་གསལ་བོ་རེད།
ཡིན་ནའང་ཉེ་ལམ་འུ་ཐུག་ཐབས་ཟད་ལྟ་བུར་བཀུར་འོས་སྤྱི་ལྷན་ནས་བོད་ནང་སྐུ་ཚབ་ཚོགས་ཆུང་ཞིག་ཆེད་གཏོང་གནང་ཆེད་སྐུ་ཞབས་ཞི་ཅིན་ཕིན་ལ་ཕྱག་འཕྲིན་སྤྲིངས་འདུག་པར་ཡི་རངས་ཞུ་རྒྱུ་ཡིན། ང་ཚོ་དབུ་མ་པ་སྒེར་པ་དག་གིས་ཀྱང་འདི་ལྟར་ལྟ་སྐོར་ལ་འགྲོ་རྒྱུར་རང་རང་ས་ནས་ཐབས་ཤེས་བྱེད་པའི་དུས་ལ་བབས་ཡོད་པ་བཞིན། གུས་པས་རྒྱ་རིགས་གྲོགས་པོ་དབུ་མའི་ལམ་གྱི་ཉམས་ཞིབ་པ་མཁས་པ་ཚད་ལྡན་ཞིག་བརྒྱུད། དམངས་ཁྲོད་དབུ་མའི་ལམ་གྱི་རྗེས་འཇུག་པ་རྩོམ་པ་པོ་སྐོར་ཞིག་བོད་ནང་གི་སློབ་ཆེན་ཁག་ཏུ་ལྟ་སྐོར་ལ་ཡོང་འཇུག་རྒྱུའི་རེ་སྐུལ་སྙན་ཞུ་ཕུལ་ཟིན་ལ། སྙན་ཞུ་དེ་ད་ལྟ་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་མདུན་ཅོག་སྟེང་འབྱོར་འདུག་སྐད།
དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ཀྱང་བཀུར་འོས་སྤྱི་ལྷན་གྱི་འབོད་སྐུལ་དེར་རྒྱ་ནག་གཞུང་གིས་ཡ་ལན་ཚུལ་མཐུན་ཞིག་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན། དེ་ནི་བོད་རྒྱ་འབྲེལ་མོལ་གྱི་ལམ་ཁ་འདི་ང་ཚོའི་རྩ་དོན་སྒྲུབ་ཐབས་ཀྱི་སྙིང་བོ་རེད་ལ། དེ་རིང་ཡང་དམིགས་བསལ་གྱིས་ཞུ་འདོད་པ་དེ་ཙམ་ཡིན། དབུ་མའི་ལམ་རྒྱལ་ལོ། ”ཞེས་བསྒྲགས་སོང།
ང་ལ་རེ་བ་གཅིག་རང་ལས་མེད། དེ་ནི་གཞོན་ནུ་ཚོགས་པ་སོགས་རང་བཙན་རྩོད་མཁན་ཚོ་དགྲ་གུང་ཁྲན་ཏང་ལས་སྡུག་ཅིག་ཏུ་བརྩིས་མེད་པའི་སྨོན་ལམ་འདེབས་ཟེར་རྒྱུ་དེ་ཡིན།
སྔོོན་མ་ཨ་མའི་བུ་ཐེབས་རྩའི་སྦྱིན་བདག་ཉེ་སྔོན་རྒྱ་ནག་གཞུང་ཚབ་དང་ལྷན་འབྲེལ་ཡོད་པའི་རྒྱའི་རྒྱུགས་ཁྱི་དེ་ཡིན་ཐལ། ད་རེས་སྦྱིན་བདག་དེ་རང་རེད། བོད་ཀྱི་གཞུང་དང་སྲིད་སྐྱོང་ལ་ཁ་གཡོང་བའི་དེབ་ཅིག་རྒྱའི་རྒྱུགས་ཁྱི་ཞིག་གིས་སྦྱིན་བདག་དང
རྒྱའི་དར་དམར་འཁྱེར་མཁན་ཞིག་གི་དེབ་བསྐྲུན་པ་ཡ་ཾཚན་རེད། གང
ལྟར་རྡ་ས་ན་ཅི་ཡང་མེད་པའི་རྟགས་ཇེ་གསལ་རེད།
ཤར་ཕྱོགས་ཁུགས་རྟའི་དེབ་དེ་འདྲ་རྩོམ་གནང་བར་ཡག་པོ་རེད་བཀྲ་ཤིས་བདེ་ལེགས་ཞུ་འདོད་བྱུང་། རྒྱུ་མཚན་ངས་དེབ་ཀྱི་ནང་དོན་བཀླགས་མྱོང་མེད་མོད། དེབ་ཅིག་རྩོམ་ཡོད་མཁན་ཅིག་ཡིན་ན་མི་དེ་ལ་རྣམ་དཔྱོད་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་མཚོན་ཐུབ། དེབ་ཅིག་རྩོམ་ཡ་དེ་ལས་སླ་བོ་མེད་རབས་གོ་མྱོང་ཡོད། རྩོམ་པའི་མ་ཚད་པར་བསྐྲུན་བྱས། དེའི་མ་ཚད་སྤྱི་ཚོགས་སུ་སྤོབས་པ་ཆེན་པོས་འགྲེམས་སྤེལ་གནང་འདུག སེམས་གཏིང་ནས་དེབ་དེ་ལ་གུས་མཐོང་ཡོད། མ་འོངས་པར་ལག་སོན་བྱུང་ན་ཀློག་འདོད་ཡོད། མ་གཞི་ཁོ་བོ་དེབ་ཡག་སྡུག་ཚང་མ་ཀློག་རྒྱུར་དགའ་བོ་ཞེ་དྲག་ཡོད་མཁན་ཞིག་ཡིན་པས་ཡིན།
ཡ་མཚན་པོ་ཞིག་ལ་དེབ་དེར་སྒོ་འབྱེད་ཐེངས་གཉིས་བྱས་སོང་པ་དྲན་གྱི་འདུག ༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་སྒོ་འབྱེད་གཅིག་དང་ཁ་སང་ཕྱི་ཚེས་༢༥ ཉིན་གྱི་ཕྱི་དྲོ་སྒོ་འབྱེད་གཅིག་བྱས་གནང་འདུག དེའི་རྒྱུ་མཚན་གང་ཡིན་མ་ཤེས། ཁུགས་རྟ་ཆབ་སྲིད་པ་ཞིག་ཡིན་རབས་ཐོས་པས་ཆབ་སྲིད་པ་ཚོས་བྱས་སྟངས་དེ་སྐབས་སྐབས་སུ་ཡ་མཚན་པོ་དེ་འདྲ་ཡོང་གི་ཡོད་རབས་ཡོད། དེ་ནི་ང་རང་ལ་ཆབ་སྲིད་ཀྱི་གོ་རྟོགས་གང་ཡང་མེད་པས་ཡིན་སྲིད།
དེ་ལས་ཀྱང་ཧ་ལས་པ་ཞིག་ལ་བོད་གཞུང་སྲིད་སྐྱོང་ལ་ཁ་ཐུག་དང་ཁ་གཏོང་མཁན་གྱི་མི་ཞིག་ལ། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ངོ་ལས་ཐོགས་པ་བོད་མི་དམངས་ཀྱི་སྤྱི་ཡི་འཐུས་མི་ཞིག་གིས་མི་དེ་འདྲ་ཞིག་ལ་བསྟོད་བསྔགས་མཐོངས་ཆེན་གནང་བཞིན་ཡོད་པ་ཡང་ཐབས་རྡུགས་སོང་། མདོ་སྨད་ཀྱི་སྐུ་བསྟན་པའི་དངོས་གྲུབ་ཀྱང་ཕེབས་འདུག ང་དངོས་གནས་དགོད་ཀྱི་ཡོང་གི། སྔོན་མ་ཞིག་ལ་ཁུགས་རྟ་ཞེས་ངར་ངར་བྱེད་ཀྱི་འདུག དེངསང་མཐོངས་ཆེན་བསྟོད་བསྔགས་བྱེད་ཀྱི་འདུག ད་དངོས་གནས་མགོ་འཚོས་ཀྱི་མི་འདུག མ་གཞི་མདོ་སྨད་པ་ཁྱུ་གཅིག་དབུས་གཙང་ཟླ་བ་ཚེ་རིང་གིས་འཛུབ་མོ་གངབསྟན་ཤར་ཡིན་པ་ཡང་གོ་མྱོང་། འཕྲོ་མ་རྗེས་ནས་དགོད་་་་་་་་་་་་་་་་་་
“སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་ཟུར་པདྨ་འབྱུང་གནས་མཆོག་དང་དམིགས་བསལ་སྐུ་མགྲོན་མདོ་སྨད་ཚོགས་གཙོ་བསྟན་པའི་དངོས་གྲུབ་མཆོག་བཅས་བཀའ་ཟུར་དང། སྤྱི་འཐུས་ཁག་ཅིག དགོན་སྡེ་ཁག་གི་ཕྱག་མཛོད། རྩོམ་པ་པོ་སེར་སྐྱ་ཕོ་མོ། མཐོ་རིམ་སློབ་གྲྭ་ཁག་གི་སློབ་མ་དང་ཉམས་ཞིབ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁ་ཤས་ཀྱི་སྐུ་ཚབ། གསར་འགོད་པ། གཞས་པ་གཞས་མ། སྙན་ངག་པ། ཧི་མ་ལ་ཡི་རི་བརྒྱུད་ཀྱི་བོད་ཀྱི་རིག་གཞུང་ཞབས་ཞུ་པ་ཁག་ཅིག མི་མང་བཅས་རིས་སུ་མ་ཆད་པའི་མི་གྲངས་༧༠ ལྷག་བརྒལ་བ་འཛོམས་སོང།”
བསོད་ནམས་ལགས། ཁྱོད་རྒྱ་མའི་རྒྱུག་ཁྱུ་ཡིན་འགྲོ ཁྱོད་གུང་ཁྲན་ཏང་གི་སོ་བ་ཡིན་འགྲོ མི་ཞིག་གིས་དཀའ་ལས་འདི་འདྲ་རྒྱབ་ནས་དེབ་ཅིག་བྲིས་བ་འདི་ཁོ་རང་འཇོན་ཐང་རེད། གཟི་བརྗེད་རེད། ཁྱོས་ཁ་རྒྱག་པ་ནང་ནས་ཚིག་སྟོང་བ་མ་བཤད།
རང་སྐྱེས་ལགས། བོད་གཞུང་དང་སྲིད་སྐྱོང་ལ་ཁ་གཏོང་མཁན་གྱི་དེབ་ཞིག་ལ་དཀའ་ལས་བརྒྱབ་པར་ངོས་འཛིན་མེད། ལྷག་པར་རང་མོས་དྭངས་བླངས་ཀི་དགྲ་བོའི་དར་འཁྱེར་མཁན་ཞིག་ལ་དེ་བས་ངོ་ལེན་མེད། སྔོན་མ་ཨ་མདོ་བ་དོར་ཞི་རྒྱ་མཚོ་ཟེར་བ་ཞིག་ཐུབ་བསྟན་ལུང་རིགས་ཀྱིས་རྒྱབ་སྐྱོར་འོག་ཁྲམ་པ་བྱས་རྗེས་དེབ་ཞིག་རྩོམ་ནས་ཁྱི་རྔ་འདོགས་པ་རེད། དེང་སང་ཡང་ཐུབ་ལུང་གིས་ཤར་ཁུགཟེར་བ་འདི་དེ་བཞིན་བྱེད་བཅུག་ནས་ཁྱི་རྔ་འདོགས་རྒྱུའི་དེབ་ཞིག་སྒྲིག་ནས
བཏོན་བཅུག་པ་རེད། ང་སོ་བ་དང་ཁུག་རྟ་སོ་བ་ཡིན་མིན་བླ་མ་སཀོན་མཆོག་དང་རྒྱུ་འབྲས་བརྩིས་ན་ཤེས་ལེ་རེད། ལོ་ངོ་དྲུག་བཅུའི་བཙན་བྱོལ་ནང་དགྲའི་དར་དམར་འཁྱེར་མཁན་དང་རང་བཙན་དགྲ་རུ་འཛིན་མཁན། རྒྱའི་ངོ་འདོད་བསྒྲུབ་མཁན་འདི་འདྲའི་བོད་མི་ཞབས་འདྲེན་པ་ཞིག་ངས་མཐོང་བམེད་དོ
དེབ་ཅིབ་རྩོམ་པར་ཧ་ལས་རྒྱུ་ཅི་ཡོད། དེང་སང་ཡི་གེ་ཡག་པོ་མི་ཤེས་མཁན་ཚོས་ཀྱང་དེབ་སྟོན་བཞིན་པ་རེད། གཙོ་བོ་ནི་ནང་དོན་རེད། ངས་དེབ་འདི་ཀློག་མྱོང་མེད་ཀྱང་ཚོད་དཔག་བྱས་ན་སྲིད་སྐྱོང་ནག་པོ་བཟོ་ཐབས་ཀྱི་དེབ་ཅིག་མིན་ནམ་སྙམ། དེ་ཡིན་གད་སྙིག་ཅིག་མང་དུ་སོང་བ་ལས་ཅི་ཡང་མིན།
སེམས་ནག་ཁོ་བོས་དེབ་གཅིག་བརྩམས་པ་ལས།།
སེམས་བཟང་ང་ཡིས་མཆན་གཅིག་བྲིས་ན་དགའ།།
ལག་མར་ལག་ཆུ་འཐུང་བར་རྔམས་པ་ལས།།
ཕྱི་ཡི་སྤྲང་ཟས་བཟས་ནས་བསྡད་ན་སྤམ།།
དགྲ་བོའི་ལག་པར་མགོ་ལག་བཞག་བཞག་ནས།།
ལས་ཀྱི་རྔ་མ་འདི་ལ་བསྐྱལ་བ་རེད།
དགྲ་བོར་རེ་བ་ཞུ་བ་དོན་དོན་ནས།།
མྱི་རབས་གཉིས་ཀྱི་མྱི་ཚེ་མཐུད་པ་རེད།
གོ་བ་མེད་པའི་ཁ་ནག་ཁུག་རྟ་འདིས།
ས་ཡ་དྲུག་གི་སེམས་ཁམས་མི་ཤེས་བར།།
ཡར་ཡར་མར་མར་དཀྲུག་པའི་ཁ་འདི་ཡིས།།
དགྲ་ཤ་སུ་ལ་ལེན་པའི་ཁུལ་ཡིན་ནམ།།
དར་དམར་འོག་ནས་གཟུགས་པོ་མགོ་མེད་རེད།
གངས་སེང་འོག་ལ་དེ་འདྲ་སྲིད་པ་མེད།
དམངས་གཙོའི་མགོ་བོ་དེ་ཚོ་མཐོ་སེར་ཡོད།
འབངས་མི་དཔའ་ང་ཚོ་ངར་སེར་ཡོད།
དུས་དང་སྐབས་ཀྱི་སྐལ་བ་ཐོན་དང་ན།
བོད་ཡུལ་གངས་ལྗོང་སྐྱིད་པའི་གཡང་ཁྱིམ་ལ།།
སྐྱེ་སྐྱེ་སྟག་ལ་སྐྱེས་བའི་སྟག་ཕྲུག་ཚོས།།
སྐྱེས་བ་སྔ་འཕྱི་མི་རྩོད་བདེན་དོན་རྩོད།
གནས་ཡོང་དགྲ་པོ་སོ་སོའི་ཕྱོགས་སུ་ཕུད།
ཕྱི་ནང་ཁྲམ་པ་ཁྲིམས་ཀྱི་ཁུག་མར་བསྡུ།
རྒྱལ་སྲིད་ཆོས་སྲིད་དར་རྒྱས་གླིང་དུ་བསུ།།
བོད་ཡུལ་སྐྱིད་པའི་ཉི་མ་གཞུག་ནས་ཤར།།
དེ་ཡི་བར་དུ་ཁྱི་ཁ་བཙུམ་ནས་སོང་།
རང་དོན་ཁུག་མ་རྒྱབ་ལ་ཁུར་ནས་སོང་།།
སྡུད་རྒན་མོ་ལ་ཕྱག་མཆོད་བྱེད་དུ་སོང་།།
སོང་སོང་ད་སོང་ཨ་ཞང་ཚང་ལ་སོང་།།
ངས་བལྟས་ན་བོད་ཀྱི་འཐབ་རྩོད་འདི་མགོ་ཡོད་གཟུགས་མེད་རེད། གཟུགས་པོ་ཆུང་ཆུང་ཞིག་ཡོད་པ་དེ་ཡང་ནང་ཁུལ་ནས་མེད་པ་བཟོ་བཞིན་འདུག ཁ་གཏད་དགོས་ས་རྒྱ་དམར་ལ་མི་གཏོད་པར་གཏོད་མི་དགོས་ས་རང་བཙན་རྩོད་ལེན་པ་ཚོར་གཏོད་པ་དེ་ལས་ཐབས་སྡུག་ཅིག་གང་ན་ཡོད། མགོ་དམངས་གཙོ་རེད། མཇུག་རང་དབང་རེད། དེའི་མཐུན་རྐྱེན་མཐུན་སྒྲིལ་དང་གུས་བརྩི་རེད། འདི་ལ་ཞིབ་མོར་སོམས་དང་། མགོ་མེད་དང་གཟུགས་མེད་གང་ཡིན་གསལ་པོ་གྱུར་འདུག
མགོ་དམངས་གཙོ་མཇུག་རང་དབང་བདེན་བདེ་འདྲ་ཞིག་འདུག། མགོ་བཙན་བྱོལ་ལ་ཡོད་པ་རེད་གཟུགས་གཞིས་ལ་ཡོད་པ་རེད། འོན་ཀྱང་མགོས་འབྲས་སྐྲན་གྱིས་ཟིན་ཀྱང་གྱོན་པ་བཟང་བའི་གཟུགས་གཞན་ཞིག་ལ་འབྱར་འགྲོ་བ་དེ་རེད།
འཕེན་ས་བརླ་ཡི་བར་རེད། ཁེལ་ས་སྣ་ཁུང་ནང་རེད། ཚིག་འདིའི་གོ་བ་ལོན་ན། རྩོད་རྒྱུ་གཞན་ཞིག་མི་འདུག
ཡང་ཤར་ཕྱོགས་འུག་པས་ལྟས་ངན་ཞིག་སྟོན་ཡོད་པ་ཐག་གིས་ཆོད། དབུ་མའི་ལམ་དང་དབུ་མའི་ལམ་ཟེར་བ་དེ་ཁག་མི་འདུག་ཁོ་ཚོས་དབང་སྒྱུར་ལ་རྫོགས་རྟགས་བཀོད་ཟིན་རུང་ད་དུང་དབུ་མ་ཟེར་བའི་ཚིག་རོ་དེ་མི་མང་གི་སེམས་སུ་འཇག་ཐབས་ཤིག་ལས་འདི་ཆབ་སྲིད་ཀྱི་ལམ་ཕྱོགས་དང་ཆབ་སྲིད་ཀྱི་མིང་ཚིག་རྩ་བ་ནས་མ་རེད། མདོར་ན་ཁོ་ཚོ་དབུ་མ་པའི་གྲིབ་གཟུགས་དེ་སྲུང་སྐྱོབས་བྱེད་ཀྱི་ཡོད་པ་ཚང་མས་ཤེས་དགོས།
ཡང་ཤར་ཕྱོགས་འུག་པས་ལྟས་ངན་ཞིག་སྟོན་ཡོད་པ་ཐག་གིས་ཆོད། དབུ་མའི་ལམ་དང་དབུ་མའི་ལམ་ཟེར་བ་དེ་ཁག་མི་འདུག་ཁོ་ཚོས་དབང་སྒྱུར་ལ་རྫོགས་རྟགས་བཀོད་ཟིན་རུང་ད་དུང་དབུ་མ་ཟེར་བའི་ཚིག་རོ་དེ་མི་མང་གི་སེམས་སུ་འཇག་ཐབས་ཤིག་ལས་འདི་ཆབ་སྲིད་ཀྱི་ལམ་ཕྱོགས་དང་ཆབ་སྲིད་ཀྱི་མིང་ཚིག་རྩ་བ་ནས་མ་རེད། མདོར་ན་ཁོ་ཚོ་དབུ་མ་པའི་གྲིབ་གཟུགས་དེ་སྲུང་སྐྱོབས་བྱེད་ཀྱི་ཡོད་པ་ཚང་མས་ཤེས་དགོས། ཁུག་རྟ་སོགས་ཅོལ་ཆུང་ཀླད་མེད་ཁ་ཤས་ཤིག་མདུན་ལ་མངོན་ཐུབ་པའི་འདྲ་རིས་རྐྱང་པ་རེད།
བོད་ལ་རེ་བ་ཅན་གྱི་ཕུགས་རེ་ཡོད་པའི་ཆབ་སྲིད་རྩོམ་པ་པོ་དང་། ཆེད་ལས་པ་ཞིག་ཡོད་པ་ནི་ཤར་ཕྱོགས་ཁུག་རྟ་རེད། ཁོས་དུས་ཚོད་ཅི་འདྲ་རིང་པོའི་རིང་ལ་གཡོ་གཟོལ་མེད་པར་ཆབ་སྲིད་རིག་པར་ཉམས་ལེན་ཤར་མ་ཞིག་གནང་སྟེ། དེ་རིང་འབྲས་རྟགས་འཛམ་གླིང་དུ་བཞག་སོང་། གོ་རིམ་དང་། ལས་འབྲས་མེད་པའི་སྤྱི་ཚོགས་འདིར་དྲང་བདེན་རྒྱབ་སྐྱུར་གྱི་གནད་དོན་ས་གཞི་ཁེངས་ཡོད། རང་ངོས་ནས་དོན་སྙིང་ལྡན་པའི་རྩོམ་ཡིག་ཚད་ལྡན་ཞིག་འབྲི་མི་ཐུབ་ཁར། གཞན་ལ་མཐོ་དམན་གྱི་གཟུར་དཔང་བྱ་འདོད་པ་ནི་ཐོབ་ཐང་མེད་པའི་སྐྱག་སྐད་ཁོ་ན་ལས་མ་འདས་སོ།། །།
ཕན་པའི་འབྲས་བུ་བདེ་བ་ཡིན།།
གནོད་པའི་འབྲས་བུ་སྡུག་བསྔལ་ཡིན།།
རང་གི་ལུས་ལ་དཔེ་ལོངས་ལ།།
གཞན་ལ་གནོད་པ་མ་བྱེས་ཅིག།